CLOSE WINDOW

Ng52.100: 'phags pa dzam+b+ha la'i lug nad thams cad rab tu zhi bar byed pa'i gzungs
Wyliee-texts produced with BDRC’s OCR application

གཡུལ་ལས་རྒྱལ།། རྒྱལ་ཐབས་དབང་ཕྱུག་གནོད་སྤྲིན་མཆོག། ཨོཾ་མ་མ་ཀི་ལཾ་མཾ་ཛ་ཡཱ་སྭཱ་ཧཱ། ལོངས་སྤྱོད ་སྦྱིན་པ་ནོར་ཕྱུགས་སྤེལ།། འགྲོ་བ་དབང་པོ་མཆོག་ཏུ་བསྲུང་།། ཨོཾ་པྲ་ཏི་ན་དྷན་བྷ་ཀི་ཏ་པ་རི་ཤ་ར་བྷ་ཤྲི་ཏ་ཡེ་སྭཱ་ཧཱ། སྨོན་ལམ་ལོངས་སྤྱོད་ཐམས ་ཅད་ཀུན།། བདག་གི་འདོད་པ་མྱུར་དུ་བསྒྲུབས།། ཁྲོ་རྒྱལ་འདོད་པའི་རྒྱལ་པོས་བསྲུངས།། རྐང་འགྲོར་ལུག་ནོར་རྣམས་ལ།། དགེགས་དང་། ་གནོད་པ་འཚེ་བའི་གདོན།། མ་རུངས་སེམས་དང་ལྡན་པ་རྣམས།། དེ་དག་ཐམས་ཅད་ཞི་བར་བྱེད།། ཞི་བ་ཞི་བྱེད་གཟུངས་སྔགས་མཆོག ་ཨོཾ་བཛྲ་ཀྲོ་ཏ་དུ་ཧེ་ར་ཛཱ་བྷཻ་ཧཱུཾ་ཕཊ། ཁྲོ་རྒྱལ་འདོད་པའི་རྒྱལ་པོ་ཡི།། རྐང་འགྲོ་ར་ལུག་ལོངས་སྤྱོད་གཏེར།། ཕྱོགས་དུས་གཞན་རྒྱུ་ཆོམ་རྐུན ་དང་།། སྤྱང་གི་སྲིན་མོ་སྟེགས་གཟིག་དོམ།། ཏྲེ་མ་བུ་ཀ་ཏི་མུར་ཏ།། མ་རུངས་རྣམས་ནི་གསལ་དུ་གསོལ།། ཨོཾ་ཨ་པ་ར་ཙི་ཏ་རང་ན་ཨ ་ཡུར་དྷི་ཤི་ཏ་སྭཱ་ཧཱ། ལོངས་སྤྱོད་རྐང་འགྲོར་ལུག་དང་།། ནོར་བཟངས་མཛོད་དབང་མི་ཕྱུགས་བདག། གང་དང་གང་གིས་འདོད་པ་རྣམས། ་ངག་ཐམས་ཅད་མྱུར་འགྲུབ་ཤོག། གནོད་སྦྱིན་རྒྱལ་པོ་ཀུན་དབང་ཕྱུག། མ་རུངས་ཆེར་གཅོད་གཡུལ་ལས་རྒྱལ།། རྐང་འགྲོ་ཀུན་སྤེལ་ནོར་གྱི་ལྔ།། གངྒ་ལྷ་མོ་བདེ་བའི་ཡུམ། ་ཚངས་པ་ཀུན་སྤྱོད་གཏེར་གྱི་བདག། རིན་ཆེན་གསེར་འོད་ནེ་བུ་ལེའི་མཛོད།། ཨ་པ་ར་ཙི་ཏ་ལ་ཕྱག་འཚལ།། བདག་གིས་རེ་བའི་དོན་རྣམས་ཀུན།། ཁྱོད་ཀྱིས་སྐད་ཅིག་ཐོགས་མེད ་ཤོག། གནོད་སྦྱིན་ཨ་པ་ར་ཙི་ཏ་རྐང་འགྲོ་འཕེལ་ཞིང་ལུག་ནད་ཞི་བར་བྱེད་པའི་གཟུངས་ལེའུ་བཅོ་བརྒྱད་པ་རྫོགས་སོ།། མངྒ་ལཾ།། ་རྒྱ་གར་སྐད་དུ། ཨ་རུ་ཛམྦྷ་ལ། བོད་སྐད་དུ། འཕགས་པཛ་མྦྷ་ལའི་ལུག་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས། འདི་ལྟ་སྟེ། ཨོཾ་བཛྲ་ཏྲོ་ཏན་ཡཱ་སཿ། ་ལུག་རྣམས་ལ་སྲུངས་ཅིག། སངས་རྒྱས་ཤཱཀྱ་ཐུབ་པས་ལུག་ནད་ཐམས་ཅད་ཞི་བར་མཛོད་ཅིག། གློ་ནད་རྟ་བ་འབྲུམ་པ་ལས་སོགས་པའི་ལུག་ནད་ཐམས་ཅད་ཞི་བར་བྱེད་པའི་གཟུངས ་ནི་འདི་ལྟ་སྟེ། ཨོཾ་བཛྲ་ཛམྦྷ་ལ~ཾ། མྲྀ་གན་ཏྲ་ཧྲ་སཱངྒ། ཨོཾ་བཛྲ་ན་མོ་རད་ན་ཏྲ་ཡཱ་ཡ་སྭཱཧཱ། ཨོཾ་བཛྲ་ས་མ་ཡ་སྭཱཧཱ། ཨོཾ་བཛྲ་ཏདྱ་ཐཱས་ཧཱ། ཨོཾ་ཧ་ལ་ཧ་ལ། ཛུ་ལུ་ཛུ་ལུ་སྭཧཱ། ་ལུག་འདི་རྣམས་ལ་སྲུངས་ཤིག། ལུག་ནད་ཐམས་ཅད་ཞི་བར་མཛོད་ཅིག། ནོར་གྱི་དངོས་གྲུབ་རྣམས་བདག་ལ་སྩོལ། འཕགས་པ་ཛམྦྷ་ལའི་ལུག་ནད་ཐམས་ཅད་ཞི་བར་བྱེད་པའི ་གཟུངས་རྫོགས་སོ།། དག། སརྦ་མངྒ་ལཾ།། ་