CLOSE WINDOW

Ng5.9: 'phags pa nye bar 'khor gyis zhus pa zhes bya ba'i mdo
Wyliee-texts produced with BDRC’s OCR application

བའི་བློ་གྲོས་ཀྱིས་བསྐུར།། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་མ། བཅོམ་ལྡན་འདས་ཀཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་པད་མ་རྒྱས་པའི་གཙུག་ལག་ཁངན ་བཞུགས་ཏེ། དེ་ནས་དགེ་སློང་གི་དགེ་འདུན་འཁོར་སྟོང་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་གཅིག་གོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱེ་འཁོར་འདུས་པ་དེའི་ནང་ནས། འཕགས་པ་ཉེ་བར་འཁོར་ཞེས་བྱ། ་བ་དབང་པོ་དུལ་བ་འོས་པ་དང་ཤེས་རབ་ཐོབ་པ། བཅོམ་ལྡན་འདས་ཀྱིས་ལེགས་པ་གསུངས་པའི་ཆོས་འདུལ་བ་ལ་ལྷག་པར་མོས་ཤིང་། མཆོག་ཏུ་འཛིན་པ་རང་གི་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ།། ་པུས་མོ་གཡས་པའི་སྤངས་ལ་བཙུགས་ནས། ལག་པ་གཉིས་ཀྱི་ཐས་མོ་སྙིང་ཀར་སྦྱར་བ་བྱས་ཏེ། མཛུམ་པའི་བཞིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལྡ་ཏོ།། འཁོར་བའི་འདམ་ལས་པད་མ ་ལྟར་བྱུང་བའི།། སྐྱོབ་མཛད་རི་བོ་ལྟ་བུར་མྱི་སྤྱོད་ཐུབ་པའི་སྐུ། དཔེའ་བྱང་རྒྱན་གྱིས་རྒྱན་ཅིང་མཚན་དང་མེ་ཏོག་མཛེས།། ལྟ་བས་མྱི་ངོམས་པར་ཁྱོད་མཆོག་ལ་ཕྱག་འཚལ་ལོ།། ཁྱོད་ཀྱིས་བདག་ཅག་འདིར་འདུས ་འདི་དག་ལ་དགེ་སློང་འབའ་ཞིག་གནས་པ་དགེ་སློང་གི།། ངོ་བོ་དབྱེ་དང་སྒྲ་འཇུག་ཆེད་བྱ་བ། བཞི་པོ་འདི་དག་ཐུབ་པས་བསྟན་དུ་གསོལ།། དེ་ནས་བཅོམ་ལྡན་འདས་བདེ་གཤེགས་རབ་དགེས་ནས།། ཉེ་བར་འཁོར་ལ། ་སྤྱན་གཟིགས་འདི་སྐད་གསུངས།། ལེགས་པར་ཉོན་ཅིག་པུ་ཁྱོད་ཉེ་བར་འཁོར།། ངས་མི་ཁྱོད་ཀྱི་སེམས་རངས་བྱ་ཕྱིར་དང་།། དགེ་སློང་རྣམས་ལ་ཕན་ཕྱིར་འདི་བཤད་དོ།། དགེ་སློང་ཞེས་བྱ་ཆོས་ཀྱི་རྒྱལ་མཚན་ཏེ། དགེ་སློང་ཞེས་བྱ་འོ། ་རྗེ་སྲོག་ཤིང་ཡིན།། དགེ་སློང་ཞེས་བྱ་སྡུག་བསྔལ་སྤངས་པ་སྟེ། དགེ་སློང་ཞེས་བྱ་རྒྱལ་བའི་སྲས་པོ་ཡིན།། དགེ་སློང་ཞེས་བྱ་ཐ་རད་པའི་ཚལ་འགྲོ་བའོ།། དགེ་སློང་རང་གི་ངོ་བོ་བསྡམས་པ་སྟེ།། ། རྩ་བ་བཞི་བསྩོགས་ཉིས་བརྒྱ་ལྔ ་བཅུ་པ་ཆེད་དུ་བྱ་བ་རྣམ་དག་ཚུལ་ཁྲིམས་ཡིན།། དབྱེ་བ་མྱིང་གི་དགེ་སློང་གང་ཡིན་དང་། རྟགས་ཙམ་འཛིན་དང་ཡང་དག་དགེ་སློང་སྟེ། སྒྲ་འཇུག་རྣམ་པར་ཟད་ཕྱིར་དང་། དགེ་སློང་ཞེས་དང་ཟས་སློང་དང་། ཞི་བར་གནས་དང ་ལམ་ཞུགས་པའོ།། ལེགས་པར་འཚོ་དང་ཆགས་པ་སྤངས། ཡིད་འོ།། དཕྱིར་ན་དགེ་སློང་ངོ་།། དགེ་སློང་ཞེས་བྱ་བ་བརྒྱན་པ་སྟེ།། རྒྱན་སྤངས་རྒྱན་ཀྱིས་ལེགས་པར་བརྒྱན།། ཆགས་སྤངས་ཆགས་པ་ཆེན་པོ ་སྱད། བྱུག་པ་ཁྲུས་དང་ཟ་བ་དང་། རྒྱན་དང་གོས་དཔའ་དོག་དང་། རྟ་བགླང་པོ་ཁྱོགས་ཕྱོགས་ཀྱི། ཞོན་པ་ལ་མྱེད་དེ་ཡང་ཞོན། དེ་དག་འབྱོར་ད་པ་དགེ་སློང་སྟེ། དེ་དག་མྱི་འབྱོར་དེ་དགེ་སློང་བྱིན།། དེ་ནས་ཉེ ་འཁོར་དེ་ཡིས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཅི་བདེ་བར་གཤེགས་པའིས།། སྐད་དབྱིངས་རྟོགས་པར་དཀའ་བར་གསུངས།། དེ་ཉིད་བདེ་བར་གཤེགས་པ་འིས།། ཚིག་གི་མུན་པ་ཚིག་གིས་ནི།། མར་མེ་གསལ་བར་མཛད། ་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསེར་ལས་བསྩོགས་པའི་འཇིག་རྟེན་རྒྱན།། རབ་ཏུ་སྤངས་པའི་སྙིང་རྗེའི།། རྒྱན་གྱི་མཆོག་གིས་རྒྱན་པར་བྱ། འཇིག་རྟེན་མ་ཡིན་བསླབ་པའི་ས།། ཀོས་གྱོན་ཀོས་མཆོག་བཟང་པོ ་ག་ཕུར་ལ་བསྩོགས་མ་ཡིན་པའི།། ཚུལ་ཁྲིམས་བྱུག་པ་མཆོག་གིས་བྱུག། དཀར་དམར་ལ་སྩོགས་མ་ཡིན་པའི།། དེ་པའི་ཁ་དོག་རྣམ་པར་མཛེས།། འཇིག་རྟེན་མ་ཡིན་བརྩོན་འགྲུས་ཀྱི།། ཞོན་པ་བླ་མྱེད་མགྱོགས་པའི་མཆོག། བ ་གཏན་ཆོས་མཆོག་ཟས་མཆོག་ནི།། འབྲས་ཆན་པས་ནི་རོ་མཆོག་ལྡན། དགེ་འདུན་ཚོགས་ཀྱི་གཞལ་ཡས་ཁང་།། ཞི་གནས་སྟན་ས་རབ་ཏུ་སྤྱོད།། དེ་དག་ལྡན་ཞིང་ཕྱིར་མྱི་ལྡོག། དེ་ནི་ཡང་དག་དགེ་སློང་ཡིན། གཙོ་བོ་གསུམ་དང ་འཁོར་ལྔ་ལྡན།། དྲང་སྲོང་སྣོད་བཅས་ཞར་བསིལ་ལྡན།། ལུས་ངག་ཡིད་གསུམ་རྣམ་པར་བསྡམས།། རང་གི་སྤྱོད་པ་རྟུལ་ཞུགས་བརྟན།། དེ་ཡང་ཡང་དག་དགེ་སློང་ཡིན།། དེ་གཉིས་ཐར་ད་པ་འི་གྲོང་ཁྱེར་ལ།། བསྙེན་པས་ཐ་རད་པ་བདེ ་བའི་མཆོག། ཡང་དག་མ་ཡིན་ཅིག་ཤོས་ནི། ལྷུང་བཟེད་ལ་སོགས་རབ་འབར་བའི།། དམྱལ་བའི་ཁྲོ་ཆུ་ལྟ་བུར་ནི།། བསྐལ་པ་སྟོང་ཕྲག་བཞི་རུ་འཚེད།། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། ལ་ལ་ཚུལ་ཁྲིམས་སྡུག་བསྔལ་རྒྱུ།། ཚུལ ་ཁྲིམས་ལྡམ་པའི་བདེ་བའི་མཆོག། ཚུལ་ཁྲིམས་འཆལ་པ་སྡུག་བསྔལ་སྲིན།། ཤི་ནང་ཏུ་ལེགས་པ་ཚུལ་ཁྲིམས་གང་། བསྡམས་པས་ཀྱི་དེ་མཛེས་པ་ཡིན།། འདུལ་བ་ལ་ནི་ཉེ་བར་གནས།། ཚུལ་ཁྲིམས་སླབ་པའི་རང་ཡིད་ཆེས། ་ཀྱི་ཉིས་གཅིག་ལ་ཡང་།། བསོད་དཔས་ཕུང་པོ་དཔག་མྱེད་པ། ལོག་ཅིང་སངས་རྒྱས་འབྲས་ཟུར་བསྐྲུན།། རབ་གིས་རངས་སྲས་འདི། ཟས་ཅིང་། ཟབ་པ་དགས་མྱི་གནས་ཤིང་། བདེ་བར་གཤེགས ་པའི་རྒྱལ་མཚན་འཛིན། གཟུགས་ཙམ་ལ་ནི་རྟེན་ནས་སུ།། ང་ནི་སྤོང་ཡིན་ཟེར་བ། གླང་སྟོན་སྔ་ལ་རལ་བཏགས་པའམ། སྦྲུམ་སྦྱར་གྱི་ཆུ་ངས་པ་ལྟར།། ཕྱི་དེ་ཉི་མ་གཅིག་ལ་ཡང་། སྡིག་པ་འི་ས་བོར་དཔག ་མྱེད་དང་། རབ་ལ་གནོད་པ་སྣ་ཚོགས་པ། བྱེད་པར་འགྱུར་བ་ཁོ་ན་ཡིན། གང་ཞིག་སླབ་ལ་གྱི་གནས་ཤིང་།། བདེ་བར་གཤེགས་པོའི་རྒྱལ་མཚན་འཛིན། སླབ་པའི་བྱི་གནས་སྐད་ཅིག་ལ།། གཟུགས་བོར་ཁྱིམ་པར་གནས་པ་བཟང་།། ་ཁམག་ཀྱི་གནས་ལ་རྟགས་འཛིན་པ། འཇིག་རྟེན་པ་ནི་སེམས་ཅད་གྱི། སྙིང་དུ་སྡུག་པར་མྱི་འགྱུར་ཞིང་།། ཀུན་གྱི་ཚིག་ག་ངན་སྡོད་ས། དཔེར་ན་སྡོང་པོ་བཟང་པོ་ལ་ཡུན་རིང་ས་ལས་ཀ་འཐུངས་པ་བཞིན།། གྱི་དེ་ནགས་ཙམ་འཛིན་པའི། ་ཡརམ་མོའི་གཏམ་འཕེལ་བ་དང་། སྡིག་པའི་ལས་རྣམས་འཕེལ་བར་བཤད་།། ཚུས་ཁྲིམས་འདི་ནི་ཐ་རང་བའི་སམ། ཚུལ་ཁྲིམས་འདི་ནི་ཡོན་ཏན་ཞིང་།། ཆུས་ཐོམས་འདིན་སངས་རྒྱས་རྒྱུ།། ཆུས་ཁྲིམས་འཛིན་པ ་ཡིམ་པས།། མྱིག་གི་འབྲས་བུ་བཞིན་དུ་སྲུངས།། སྲོགས་བབ་ཀྱང་ཚུལ་ཁྲིམས་ནི།། གཏོང་བ་གྱི་མཁས་ཐུན་པོ་ཡིམ། སྲོག་ཆད་ཕྱི་མར་སྐྱེ་བ་སྟེ།། ཚུལ་ཁྲིམས་ཕྱི་མར་དེ་ས་མྱིན། དེ་བས་ཉེ་བར་འཁོར་སྩོགས་ཀྱིས།། དེ་ཉིད་ལ་མ ་བརྟན་པར་བཟུང་།། དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལར་ནས།། ཉེ་བར་འཁོར་ལ་བསྡོགས་པ་དགེ་སློང་དེ་དག་ཡིད་རངས་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ།། ། འཕགས་པ་ཉེ་བར་འཁོར ་གྱིས་ཞུས་པ་ཞེས་བྱ་བའི་མདོ་རྫོགས་སོ།། ། #།། རྒྱ་གར་སྐད་དུ། ཨརྱ་མེ་ཏྲི་པ་རི་པྲད་ཏ་ན་མ་མ་ཧ་ཡ་ན་སུ་ཏྲ། བོད་སྐད་དུ་འཕགས་པ་བྱམས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ ་