CLOSE WINDOW

Ng5.17: tshe 'pho ba ji ltar 'gyur ba zhus pa'i mdo
Wyliee-texts produced with BDRC’s OCR application

སྤུན་ནམ། བུ་ལས་སྩོགས་པ་སྔོན་ཆེམ་འཕོས་པའི་དུས་ན་གཏམ་བྱས་པ་ལས་སྩོགས་པ་སྨྲ་བ་དང་། གཟུགས་བྱང་དག་སྟོན་ཏེ། མཐོང་བ་དང་ཐོས་པ་ཡོད་ཅེས་འཇིག་རྟེན་པ་དག་མཆིན། དེ་ལྟར་ལགས་སམ། དེ་སྐད ་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་རྒྱལ་པོ་ཆེན་པོ་ཤིའི་ཕོས་ནས་ལྷར་སྐྱེ་བ་སས་སྩོགས་པ་གསུང་བ་ལྟར་མ་ལགས་ཏེ། ལྷ་རྣམས་ཆེ་འཕོས་པ་ཡང་ལྔར་སྐྱེས་ནས། ་འགྲོ་བའི་རིས་གཞན་རྣམས་སུ་མྱི་སྐྱེ་བ་ལགས་པ་ནས། དེ་བཞིན་དུ་མྱི་ལས་སྩོགས་པ་འགྲོ་བ་གཞན་རྣམས་ཀྱང་ཚེ་འཕོས་ནས། འགྲོ་བ་གཞན་དང་གཞན་དུ་མྱི་སྐྱེ་བར་རང་རང་གི་སྔ་མ་འརིས་རྣམས་སུ་སྐྱེ་བ་ལགས་ན།། ་ཀྱེ་རྒྱལ་པོ་ཆེན་པོ་མྱ་རྣམས་དང་པོ་ལྔ་ལས་གྱུར་པ་ལགས། ངན་སོང་གསུམ་པོ་རྣམས་ནི་མྱ་རྣམས་ཀྱིས་མྱི་དགེ་བའི་སྤྱད་པ་ལས་གྱུར་པའི་ལེགས་པའི་ཕྱིར་གང་ལྷ་ལས་སྩོགས་པ་ཚེ་འཕོ་བ་དེ་འགྲོ་བ་རིས་གཞན་དང ་གཞན་རྣམས་སུ་སྐྱེ་བ་ལགས་སོ།། ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་རྒྱལ་པོ་ཆེན་པོས་གསུངས་པ་ལྔར་ལགས་ནཱ། ད་ལྟར་གྱི་འགྲོ་བ་རིས་དུ་ག་པོ་རྣམས་མང་བ་དང་ཉུང་བ་རྣམས་ཇི་ལྟར་ཡོད་པ་བཞིན་དུ་དུས ་ཐམས་ཅད་དུ་དེ་ལྟར་འགྱུར་བའི་རིགས་ན་ལས་མྱི་དགེ་བ་སྤྱད་པ་མང་བའི་རྒྱུས་ངན་སོང་གསུམ་པོ་རྣམས་ཕྱིར་མང་བ་ལ་གཟིགས། ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་ད་ལྟར་དགྲ་བཅོམ་པ་འདི་དག་ནི་མྱི ་ལས་གྱུརྡ་པ་ལགས་ན་འགྲོ་བ་རིས་ས་སར་མ་འདྲེས་པ་འམ། རས་ས་སར་སྐྱེ་ན་མྱི་རིགས་སོ།། དགྲ་བཅོམ་པའི་འབྲས་བུ་ཐོབ་པརཡང་མྱི་རིགས་སོ།། ཀྱེ་རྒྱལ་པོ་དེའི་ཕྱིར་ན་ལས་དགེ་བའི་དབང ་གིས་མཐོ་རིས་དང་དྲན་སོང་ལས་སྩོགས་པར་རིས་ཐ་དད་པར་སྐྱེ་བར་འགྱུར་རོ།། ཀྱེ་རྒྱལ་པོ་ཆེན་པོས་ལྷ་རྣམས་ཆེ་འཕོས་ནས་མྱི་ལས་སྩོགས་པ་གཞན་རྣམས་སུ་སྐྱེ་འམ་ཞེས་བྱ་བ་ལས་སྩོགས་པ་དྲིས་པ་ནི་དེ་བཞིན་ཏེ་རེ ་ལྟར་ལགས་སོ།། ཀྱེ་རྒྱལ་པོ་ཆེན་པོས་སེམས་ཅན་ཐམས་ཅད་ཆེ་འཕོས་ནས་ཡེ་མྱེད་པར་གྱུར་ཏེ། མྱེ་ཤི་བའི་ཐལ་བ་བཞིན་དུ་སྐྱེ་བ་ཡེ་ཨ་མཆིས་སམ་ཞེས་གསུངས་པ་ནི་དེ་ལྟར་མ་ལགས་ཏེ། ཀྱེ་རྒྱལ་པོ་ཆེན་པོ་དཔེར ་མས་ཁོན་ཡོད་མ་འབྲས་བུ་འབྱུང་ཏེ། ཚེ་འདིས་བོན་ལ་བུ་ལས་ཚེ་ཕྱི་མ་འབྲས་སུ་ལ་སུ་ཡོད་དོ།། ཀྱེ་རྒྱལ་པོ་ཆེན་པོ་ཉི་མ་འམནས་ཁང་གིས་ནུབ་སྟེ་སག་དུ་གྱུར་བ་ལས་ཡང་དང་པར་འཆར་བ་བཞིན་དུ། ཚེ་འདི་འཚེས ་ནས་ཡང་སྐྱེ་བ་ཕྱི་མ་ལེན་ཏོ།། ཀྱེ་རྒྱལ་པོ་ཆེན་པོ་ཆེ་འཕོས་ནས་ཕྱི་མར་སྐྱེ་བ་མ་མཆིས་ན། འགྲོ་བ་རྣམས་ཟད་པའི་རིགས་སོ།། ཀྱེ་རྒྱལ་པོ་ཆེན་པོ་ཕྱི་རོལ་གྱི་རྩེ་རང་ཤིང་རྣམས་ཀྱང་དུས་ཀྱི་དབང་གིས་སྐམས་པ་དེ་ཡང་ཕྱིར་སྐྱེན ་དེ་བཞིན་དུ་སེམས་ཅན་རྣམས་ལས་དང་ཉོན་མོངས་པ་ནུས་འགྱུར་བ་དང་འདྲ་བ་ལ་དབང་གིས་སྐྱེ་བ་དང་འཆི་བར་འགྱུར་རོ།། དེའི་ཕྱིར་ན། རྒྱལ་པོ་ཆེན་པོ་ཆེ་ཕྱི་མའི་ངེས་པར་ཡོད་པར་མཛོད་ཅིག། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོས་སེམས ་ཅན་ཐམས་ཅད་འདི་ནས་ཆེ་འཕོས་ནས། པ་དང་མེས་པོ་དང་། ཡང་མྱེས་ལས་སྩོགས་པ་ཐེག་མ་བྱེད་པ་ནས་བཟུང་བའི་བར་དུ། གཅིག་ནས་གཅིག་ཏུ་རྒྱུད་པའི་རིགས་མཐུན་པ་རྣམས་འཇིག་རྟེན་ཕ་རོལ་ན་སྐྱེ་བ་མྱི་ལེན་པར་འདི ་ན་ཅི་སྤྱོད་པ་བཞིན་འགྲོགས་ཏེ་གནས་སོ་ཞེས་འཇིག་རྟེན་པ་དག་མཆིན་དེ་ལྟར་མ་ལགས་སོ་ཞེས་གསུང་བ་ནི།། ཀྱེ་རྒྱལ་པོ་ཆེན་པོ་འདིན་པ་དང་བུ་ལས་སྲོ་གས་པ་གཅིག་ལ་ཅིག་སྣང་བ་ནི། གཟུགས་དངོས་ཅན་གཅིག་ལ་ཅིག ་སྣང་གི། སེམས་གཅིག་གིས་གཅིག་མཐོང་བ་ནི་མེ་ཡིན་ཏེ། གཟུ་གས་ཀྱི་ཕུང་པོ་འདིར་ཞིག་སྟེ། མྱེད་ན་ཕ་རོལ་ན་སེམས་གཅིག་ལ་ཀ། ཅིག་ཇི་ལྟ་སྟེ་འགྲོགས། ཚེ་འཕོས་པའི་ཕ་དང་མྱེས་པོ་དང་། ཡང ་མྱེས་ལས་སྩོགས་པ་ད་ལྟར་ཚེ་མ་འཕོས་པའི་བུ་ཚ་གཟུགས་ཡོད་པ་ས་ཀྱང་མྱི་མཐོང་ན། ཕ་རོལ་ན་ཚེ་འཕོས་པའི་ལུས་མྱེད་པས། པ་དང་། མྱོས་པོ་དང་། ཡང་མྱེད་ལས་སྩོགས་པ་གཟུགས་མྱེད་པ་ཇི་ལྟར་མཐོང ་ནས་འགྲོགས།། ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་འདི་ནི་ཕ་དང་བུ་དང་། སྤུན་མང་པོ་འགྲོགས་པའི་དུས་ན་ཡང་། གཟུགས་ས་སར་སྣང་བ་ལས་མ་རྟོགས་པ་རང་གི་སེམས་ཀྱང་རང་གིས་མྱི་མཐོང་ན། སྤད་དང་སྤུན་གི་སེམས ་གཅིག་ག་སེམས་གཅིག་གིས་ལྟ་ག་ལ་མཐོང་ན། ཚེ་འཕོས་ནས་ཅི་ལྟར་མཐོང་སྟེ། ཕ་རོལ་ན་སྤང་དང་སྤུན་དང་། མེས་པོ་དང་ཡང་མྱས་ལས་སྩོགས་པ་ཅི་ལྟར་སྣང་ནས་འགྲོགས། ཀྱེ་རྒྱལ་པོ་ཆེན་པོ་ཐོག་མ་མྱེད་པའི་དུས ་ན། དེ་བས་སྔ་བ་མྱེད་པའི་མྱོས་པོ་དང་། ད་ལྷའི་བུ་ཚ་རྣམས་ཕ་རོལ་ན་འགྲོགས་ན། ད་ལྟ་མྱིའི་རུས་དང་རིགས་དང་། ཕྱོགས་དང་རིགས་མྱི་གཅིག་པ་ཐ་དད་པ་མང་པོ་ཇི་སྙེད་པ་རྣམས་ས་སར་དགྲར་གྱུར་ད་པ་རྣམས་དང ་གནས་གང་ན་འདུག་པ་དང་། རུས་རིགས་གཅིག་པ་དང་སྐད་དང་ཆ་ལུགས་མ་ཐོས་པ་དང་། མ་མཐོང་བ་དག་ཀྱང་ཐོག་མ་མྱེས་པོ་གཅིག་ལ་གྱེས་པ་ཡིན་ན། ད་ལྟར་སྤང་དང་སྤུན་དང་མྱེས་པོ་ལས་སྩོགས་པ ་འགྲོགས་མྱི་འགྲོགས་ཀྱི་མཚམས་སྤུན་སྤང་ག་པ་ལ་གཟུང་། དང་པོ་མྱོས་པོ་ནས་བཟུང་སྟེ། ད་ལྟར་སྤུན་དང་སྤད་ཀྱི་བར་བུ་བརྒྱུད་པ་རྣམས་ཀྱང་། ད་ལྟར་གྱི་སྤད་དང་སྤུན་འདྲ་བར་ས་ས་ན་བརྩེ་ཞིང་གདུང་བར་འདྲ་ན། གང་གར་ནི་འགྲོགས ་གང་གང་ནི་མྱི་འགྲོགས། ད་ལྟར་གྱི་མྱི་རྣམས་སོ་སོ་ནས་བདག་གི་མེས་པོ་འདི་ཡིན་ནོ་ཞེས་ཕྱོགས་དང་རིས་བཟུང་སྟེ། བདག་ཅག་འདི་དང་གཅིག་གི་བུའོ་ཞེས་ཕྱོགས་དང་རིས་སུ་བཅད་ན། དེ་དག་གིསེམེས་པོ་ཞེས་སོ་སོར་བཟུང་བ་དེ ་ཀུན་གྱི་ཡང་། ཕ་དང་མེས་པོ་དང་ཡང་མྱེས་དང་། ཞེ་མེས་ནས་དང་པོའི་མེས་པོ་ལ་ཐུག་གི་བར་དུ་བརྒྱུད་པ་ནི། ད་ལྟར་སོ་སོ་ན་བདག་གི་མྱེས་པོ་ཞེས་པ་ཟུང་བ་ཡིན་ན། འཇིག་རྟེན་པ་དག་སྨྲ་བ་ལྟར་འདི་ནས་ཚེ་འཕོས་ནས། སྐྱེ ་བ་མྱི་ལེན་པར་ཕ་རོལ་ན་སྤང་དང་སྤུན་དང་འགྲོགས་ན། ད་ལྟར་རུས་རིགས་དང་། ཕྱོགས་མྱི་གཅིག་པ་དང་། དགྲར་གྱུར་པ་ཀུན་ཀྱང་ཕྱོག། ས་གཅིག་ན་འགྲོགས་དགོས་སོ།། ཀྱེ་རྒྱལ་པོ་ཆེན་པོ་ད་ལྟའི་ཚེ་འང། ་གཟུགས་ཅན་དངོས་པོར་སྣང་བ་ཡང་། མུན་པ་དང་ཕག་མ་འདུག་པ་དང་། གཅིག་གིས་གཅིག་མྱི་མཐོང་ན། ཚེ་འཕོས་པའི་སེམས་གཟུ་གས་མྱེད་ཀྱིས་གཅིག་གིས་གཅིག་ཇི་ལྟར་མཐོང་ནས་འགྲོགས་པར ་འགྱུར།། ཀྱེ་རྒྱལ་པོ་ཆེན་པོ་ད་ལྟར་གྱི་སེམས་ཅན་གཟུགས་དང་ལྡན་པས་ཀྱང་མྱི་མཐོང་བའི་གནས་ཡུལ་མྱི་གཅིག་པ་དང་། གནས་ཐ་དད་པ་དག་ལ་རང་གི་གཟུགས་སྣང་བར་སྟོན་མྱི་ནུས་ན། ཚེ་འཕོས་ནས་ཇི་ལྟར་གཟུགས་སྣང ་བར་སྟོན་ནུས།། ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན་པ་ཁ་ཅིག་གིས་གྲགས་པ་དང་རྙེད་པ་དག་བཙལ་བའི་ཕྱིར་སྐུའི་བའི་གཏམ་གྱིས་གཞན་སླུ་བར་བྱེད་པ་ལ་གསན་པ་མྱི་རིགས་སོ།། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོས་འདི་ནི་ཕྱུག་དྲེགས ་རྒྱགས་པ་རྣམས། ཕ་རོལ་ཏུ་ཡང་ཕྱུག་དྲེགས་རྒྱགས་པར་འགྱུར་རམ། འདི་ནི་དབུལ་རྒུང་ཉམས་ཆུང་བ་རྣམས་ཕ་རོལ་ཏུ་ཡང་དབུལ་རྒུང་ཉམས་ཆུང་བར་འགྱུར་རམ། འོན་ཏེ་དེ་གཉིས་མྱི་འདྲ་བར་ཕན་ཚུན་སྣོལ་བར་འགྱུར ་ཞེས་གསུངས་པ་གང་ཡིན་པ་དེ་ནི།། ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་རྣམས་ཆེ་མ་འཕོས་པའི་སྐྱེ་བ་འདི་ལ་ཡང་། ལ་ལ་སྐྱེས་མ་ཐག་ཏུ་ཕྱུག་དྲེགས་པར་འགྱུར་བ་ལས། སོ་ལྔ་བཅུ་དང་དྲུག་བཅུ་ནས་འཁོགས་པའི་བར་དུ་དབུལ་ཆུད ་ཉམས་ཆུང་བ་ཡང་ཡོད། ལ་ལ་སྐྱེས་ནས་གཞོན་དང་བའི་ཚེ་ལ་དབུལ་ཆུད་པ་ལས། ལོ་ལྔ་བཅུ་དང་དྲུག་བཅུ་འཁོགས་པའི་བར་དུ་ཕྱུག་དྲེགས་རྒྱགས་པ་དག་ཡོད་ན། ཆེ་འཕོས་ནས་ཕྱག་དབུལ་མྱི་རྟག་པ་ལྟ་ཅི་སྨོས།། ཀྱེ་རྒྱལ་པོ ་ཆེན་པོ་དཔེར་ན་འཇིག་རྟེན་ན་ནཱ་དང་ཤིང་ལས་སྩོགས་པ་དྲོ་བ་དང་། རླན་པའི་རྐྱེན་ཚོགས་པའི་ཚེ་ནི་ལོ་མ་དང་འདབ་མ་རྒྱས་པར་འགྱུར་ལ། གྲང་ཞིང་རླན་མྱེད་པའི་རྐྱེན་ཀྱིས་སྐམས་པར་འགྱུར་བ་བཞིན་དུ། སྦྱིན་པ་ལས་སྩོགས། ་པའི་རྐྱེན་གྱིས་ནི་ཕྱུག་དྲེགས་རྒྱགས་པར་འགྱུར།། རྐུ་འབྲོག་དང་སེར་སཱའི་དབང་གིས་ནི་དབུལ་ཆུད་པར་འགྱུར་རོ།། ཀྱེ་རྒྱལ་པོ་ཆེན་པོ་སྦྱིན་རྒྱན་མ་ཆད་པས་ཚེ་རབས་སུ་ཕྱག་དྲེགས་པ་ཡང་ཡོད་དོ།། ཕྱོགས ་དང་བྱིན་པ་ལ་འགྱོད་པ་བྱས་པས་ཚེ་འགའ་དང་། ཚེ་སྟོང་སྨད་ལ། དབུལ་རྒུང་པ་ཡང་ཡོད། དུས་ཐམས་ཅད་དུ་རྐུ་འཕྲོག་དང་སེར་སྣ། ལ་གནས་པས་ཚེ་རབས་ནས་ཚེ་རབས་སུ་དབུལ་རྒུད་པ་ཡང་ཡོད ་ཆུ་འཕྲོག་དང་སེར་སྣལ་འགྱོད་པ་བྱས་པས། མེའི་གལ་འམསྣོད་སྦྱར་ཐུག་དྲེགས་པ་ཡང་ཡོད།། ཀྱེ་རྒྱལ་པོ་ཆེན་པོ་སྦྱིན་པའི་ཀྱིས་དབུལ་རྒུད་པ་ཡང་མྱི་འབྱུང་ངོ་།། སེར་སྣའི་དབང་གིས་བྱུ ་དྲེགས་པ་ཡང་མྱ་འབྱུང་ངོ་།། ཕྱག་དྲེགས་པ་དང་དབུལ་རྒུད་པ་འདི་གཉིས་ཆེ་སྡུ་ཕྱི་ལ་རྗེ་བ་ཡང་མ་ལགས་སོ།། ཀྱེ་རྒྱལ་པོ་ཆེན་པོས་འདི་ན་རྟ་དང་། གླང་པོ་ཆེ་ལས་སྔོགས་པ་ཞོན་པ་དང་། འདི་ན་ཀོས་གྱོན་པ་དང་། རྒྱ ་ཐོགས་པ་དང་། འདི་ན་ཟས་ཟ་བ་དང་། བཏུང་བ་དང་། ལྡན་པ་རྣམས་ཚེ་འཕོས་ནས་ཕ་རོལ་ན་ཡང་དེ་བཞིན་དུ་ཞོན་པ་དང་། གྱོན་པ་དང་། བ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆིན་དེ་ལྟར་ལགས་སམ ་ཞེས་གསུངས་པ་ནི། ཀྱེ་རྒྱལ་པོ་ཆེན་པོ་མྱ་རྣམས་ཚེ་འཕོས་པའི་ཚེ། ལས་དགེ་སྡིག་ཀང་སྤྱད་པ་བཞིན་མཐོ་རིས་དང་ངན་སོང་གང་དུ་སྐྱེ་བ་ལེན་ཏེ། རྒྱལ་པོ་ཆེན་པོ་འདི་དག་མཆི་བ་ལྟར་མ་ལགས་སོ།། ཚེ་འཕོས ་པ་འདིའི་ཚེ་ལུགས་ལྟར་སྣང་བ་ནི། བར་སྣང་གི་ཁམས་འདི་ན་དྲི་ཟ་འཇིག་རྟེན་གྱི་ཁམས་དཔག་ཏུ་མྱེད་བསམ་གྱིས་མྱི་ཁྱབ་པ་མཐའ་ཐུག་པ་མྱེད་པ་ཡང་ཡོད་དེ། དྲི་ཟ་འཆི་ཀའི་སེམས་ལ་ཉེ་བར་འཇུག་པ། ་ཞེས་བྱ་བའི་རིགས་ཡོད་དེ། དེར་དྲིའོ་ཟས་འཚལ་བའི་ཕྱིར། ཚེ་འཕོས་པའི་ལུས་དང་། གོས་དང་རྒྱན་དང་། ཆ་ལུགས་ལྟ་བུ་དག་སྤྲུལ་པ་བྱེད་དེ། ཚེ་འཕོས་པ་དེའི་ཆ་ལུགས་དང་གཏམ་དག་བྱེད་ཅིང་། སྤྲུལ་པ་སྟོན་པ ་ཡང་ཡོད་དོ།། ཀྱེ་རྒྱལ་པོ་ཆེན་པོ་འདི་ལ་གཞན་ཡང་ཡོད་དོ།། དྲི་ཟ་ལ་མ་གཏོགས་པ་གཞན་གནོད་སྦྱིན་དང་། ཤ་ཟ་དང་། འབྱུང་པོ་ལས་སྩོགས་པས་ཚེ་འཕོས་པའི་ཕ་འམ། བུ་འམ་སྤུན་ལས་སྩོགས་པ་བསྐུའ་བའི་ཕྱིར ་མ་ཡིན་པ་དེའི་འཇིག་རྟེན་པའི་རྫུ་འཕྲུལ་གྱིས་འཚེ་འཕོས་ནིནཏན་ཚིགས་དང་། ས་མལ་དང་། ལོ་རྒྱུས་དག་ཤེས་པར་བྱས་ནས། མྱི་མ་ཡིན་པ་དེའི་བྱིན་ཀྱིས་ཕ་མ་ལས་སྩོགས་པས་མཐོང་བ་དང་། རྨྱི་ལམ་དུ་འབྱུང ་བ་ཡང་ཡོད་དོ།། ཀྱེ་རྒྱལ་པོ་ཆེན་པོ་འདི་ལ་གཞན་ཡང་ཡོད་དོ།། སྤང་དང་སྤུན་ལས་སྩོགས་པ་ཡུན་རིང་པོར་ལྷན་ཅིག་པའི་བག་ཆགས་རྟས་པས་མཐོང་བ་དང་རྨྱི་ལམ་དུ་སྣང་བ་ཡང་ཡོད་དེ། དཔེར་ན ་མྱ་ཞིག་གིསེ་ད་ལྟར་ཚེ་མ་འཕོས་པའི་རང་ཀི་ཕ་མ་འམ། སྤུན་ཟླ་འམ་བྲན་ཞོལ་འམ། གཞན་སུ་ཡང་རུང་བ་དག་དང་འགྲོགས་པ་དང་། ལོངས་སྤྱོད་ཀྱི་བདེ་བ་འམ་དགྲ་རྐུན་དང་། འཐབ་རྩོད ་ལས་སྩོགས་པ་བདེ་བ་དང་། སྡུག་བསྔལ་གང་ཡང་རུང་བ་དག་རྨྱིས་ན། མྱ་དེས་རྒྱས་པའི་ཕ་མ་འམ། སྤུན་ཟླ་འམ་བྲན་ཁོལ་འམ། གཞན་སུ་ཡང་རུང་བའི་མྱ་དེས་ཚོར་བ་ཡོན་ནི། རྒྱས་པ་དེ་བདེན་པ་ཡཱ་ན་ནི་དེ་རྨྱི་ས་བཱི་པ་འམ། སྨན་ཟླ་འམ། ་བྲན་ཁོལ་ལམ། གཞན་སུ་ཡང་རུང་བའི་རྨྱི་ལམ་ན་སྣང་བ་དེ་བདེན་པར་ཅི་ལྟར་བཟུང་། ཀྱེ་རྒྱལ་པོ་ཆེན་པོ་ཚེ་མ་འཕོས་པ་ཡང་གཅིག་གིས་གཅིག་མྱི་ཚོར་ན། འཕོས་པ་རྒྱས་པ་ཚེ་འཕོས་པ་དེ་ཡིན་པར་ག་ལ་འགྱུར། ་ཏེ། བག་ཆགས་རྟས་པ་ཡིན་ནོ།། ཀྱེ་རྒྱལ་པོ་ཆེན་པོ་བག་ཆགས་ལགས་པའི་དཔེ་ནི་གཞན་ཡང་མཆིས་ཏེ། མྱི་ཞིག་སྔོན་ཚེ་སྟོད་ལ་མཆིས་པའི་འཁར་དང་། ཞང་པ་དང་། གྲོང་གང་ཡིན་པ་ཞིག་བོར་ཏེ། ཡུལ ་གཞན་ཞིག་ཏུ་ཚེ་སྨད་ལ་འདུག་པ་ལ་སྔོན་གྱི་གྲོང་དེ་ཡང་ཞིག་སྟེ། སྔོན་གྱི་འདྲ་བ་ལས། མྱི་དེས་སྔོན་གྱི་ཞང་པའི་དབྱིབས་དང་། རྒྱུ་ནི་འདྲ་བ་མ་ཞིག་པ་མ་འདྲམས་པ་རྨྱིས་ན། གྲོང་དང་འང་པ་དེ་ལ་སེམས་ཡོད་ན་འམ ་པ་དེའི་སེམས་སྣང་དུ་རུར་ན། རྐང་པ་དང་གྲོང་དེས་ས་བེམས་པོ་ཡིན་ན། མྱི་དེས་རྒྱས་པ་དེ་ཅིའི་ཕྱིར་བག་ཆགས་རྒྱས་པ་མ་ཡིན། དེ་བཞིན་དུ་ཚེ་འཕོས་པའི་དུན་རྟགས་དང་བཅས་པ་རྒྱས་པ་ཡང་འང་པ་མ་ཞིག་པ་རྒྱས ་པ་དང་འདྲ་སྟེ། ཚེ་འཕོས་པའི་སེམས་ཀྱང་གར་མཐུན་པར་སྐྱེ་བ་བླངས་ཟིན་ན་དེ་སྡུང་དུ་བཏུབ་བམ།། ཀྱེ་རྒྱལ་པོ་ཆེན་པོ་དེའི་ཕྱིར་བག་ཆགས་མཐུ་རྟག་པའི་དབང་གིས། ཚེ་འཕོས་པའི་གཏན་ཚིགས་དང་། ཆ་སུགས། ་མཐོང་བ་དང་རྨྱི་བ་ཡིན་ནོ།། དེ་བཞིན་དུ་རལ་གྱི་ལས་སྩོགས་པའི་གོ་མཚོན་ཐོགས་པ་དང་། གོས་དང་རྒྱན་ལས་སྩོགས་པ་གྱོན་པ་དང་རྟ་དང་གླང་པོ་ཆེ་ལས་སྩོགས་པཞོན་པར་སྣང་བ་དང་། མྱི་ལམ ་འབྱུང་བ་ཡང་བག་ཆགས་སྣང་བ་ཡིན། ཁང་པའི་དཔེ་བཞིན་དུ། རིག་པར་བྱ་སྟེ། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོས་འདི་ནས་ཤི་འཕོས་པ་ལ་ཕ་མ་འམ། སྤུན་ནམ་བུ་ལས་སོགས་པ་ཉེ་རིགས་རྣམས ་ཀྱིས་བཟའ་བ་དང་བཏུང་བ་ཉུང་ངུ་ཉུང་ངུར་གཏད་པ་དང་བསྔོས་པ་ཡང་བསྐལ་པ་མང་པོའི་བར་དུ་ཟད་པར་མྱི་འགྱུར་བར་ཟ་ཞིང་འཐུང་ངོ་ངོ།། ཞེས་འཇིག་རྟེན་པ་དག་མཆི་ན་དེ་ལྟར་ལགས་སམ་མ་ལགས་ཞེས ་གསུང་བ་ནི། ཀྱེ་རྒྱལ་པོ་ཆེན་པོ་གླང་བཞི་པ་ནས་སྟོང་གི་འཇིག་རྟེན་དང་། སྟོང་གཉིས་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་འ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དཔག་ཏུ་མྱེད་པ་བསམ་གྱིས་མྱི་ཁྱབ་པ་ཐམས་ཅད ་ན་བཟའ་བ་དང་བཏུང་བ་ཉུང་ངུ་ཉུང་ངུས་དུས་ཐམས་ཅད་དང་། བསྐལ་པ་མང་པོར་ཟ་བའི་སེམས་ཅན་གཟིགས་སམ། གསན་ནམ། ཀྱེ་རྒྱལ་པོ་ཆེན་པོ་ཡང་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ཅི་བསམས་པའི་འདོད་པ་འབྱུང ་བ་འཁོར་ལོ་སྒྱུར་བའི་རྒྱལ་པོ་ལ་ཡོད་པ་ཡང་སྔོན་པ་སྐལ་པ་མང་པོར་བསོད་ནམས་ཀྱི་ཚོགས་ཚད་མྱེད་པ་བསགས་པ་ལས་བྱུང་བ་ཡིན་ཏེ། གནམ་བབས་དང་གློ་བུར་དུ་བྱུང་བ་ནི་མ་ཡིན་ན། བཟའ་བ་དང་། བཏུང་བ ་ཉུ་དུ་དེ་བསྐུལ་པ་མཐའི་བར་དུ་མི་ཟད་པ་དེ་རིགས་ལགས་སམ། ཀྱེ་རྒྱལ་པོ་ཆེན་པོ་ཆེམ་འཐོས་པའི་སླད་དང་། སུན་གཅིན་ལ་གཅིག་པན་འཛིན་པ་ལྡན་པར་འདོད་པ་རྣམས། ད་ལྟ་མ་ཤི་ག་ལུས་དང་ལྡན། ་བ་ཡང་གཅིག་ཡུལ་གཞན་དུ་སོང་ན། དེ་ལ་ཕ་མ་འམ་བུ་འམ། སྤུན་གང་ཡང་རུང་བས། ཟས་སྐོམ་མང་པོར་སྦྱིན་ནོ་གསོལ་ལོ་ཞེས་བསྔོས་པ་ཡང་ཡུལ་གང་དུ་སོང་བའི་རྨྱི་ལམ་དུ་ཡང་མྱི་འབྱུང་ན། དངོས་པོར་ཟ་ཞིང་འཐུང་བ་ལྟ ་ཀ་ལ་ཡོད་ན་ཆེ་འཕོས་ནས་ལུས་དང་བྲལ་བ་ལ་སྔོ་ཤིང་གཏད་ལ་བ་ཞིང་འཐུང་བ་ཝཱ་གཱ་ལ་ཡོད། ཀྱེ་རྒྱལ་པོ་ཆེན་པོ་ཆེ་འཕོས་ནས་སེམས་དང་ལུས་བྲལ་བ་དེས། བུ་དང་སྤུན་ལས་སྩོགས་པས་གཏད་པའི་ཟས་དང་སྐོམ་དངོས་པོ་ཙམ ་འདི་དག་སེམས་དངོས་པོ་མྱེད་པ་ཅན་སེམས་གཟུགས་མྱེད་པས་ཅི་སྟེར་བ་དག་པོ་མྱེད་པར་འགྱུར།། དེ་ཅིའི་ཕྱིར་ཞེན། བཟའ་བ་དང་བཅའ་བ་ནི་ལུས་ཡོད་པའི་ཡན་ལག་གི་སྩོལ་བ་ལ་རག་སུས་མ། སེམས་ལ་ལུས་ཀྱི་ལམ ་ལ་ཀ་དེའི་རྩོལ་བ་ཡོད་དམ། རྒྱལ་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ལགས་ན་ཚེ་འཕོས་པ་ལ་འཛིན་པན་འདོག་ས་པའི་བཟའ་བཏུང་དང་། གཞོན་པ་དང་། ཀོས་དང་རྒྱན་གཏོད་པ ་འདི་དག་ལ་དོན་མ་མཆིས་པ་མ་ལགས་སམ། བཅོམ་ལྡན་འང་ས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཆེ་འཕོས་པ་དེས་ལས་ག་ང་སྤྱད་པའི་རྣམ་པར་སྨིན་པས་འགྲོ་བ་རིགས་ཐ་དད་པ་གང་དུ་སྐྱེ་བ ་ལེན་པ་དེ་ལ། མྱི་དགེ་བ་དང་མ་འབྲེལ་པའི་བསོད་ནམས་སུ་འགྱུར་བའི་ལས་དགེ་བ་སྣ་ཚོགས་པས་བསྟངས་ནས། མཐོ་རིས་དང་ཐར་པར་ཡང་སྐྱེ་ལ། གལ་ཏེ་སྐྱེ་བ་བླངས་པ་ཞིག་ལ་བསོན་ནམས་སུ་འགྱུར་བའི་ལས་དགེ ་པ་ཞིག་བསྟངས་ན། སྐྱེ་བ་བླངས་པ་དེར་ནོར་རྙེད་པ་དང་། ལོ་ལེགས་པ་དང་། འདོད་པའི་ལོངས་སྤྱོད་འཕེལ་བ་དང་། འགྲོ་བ་གཞན་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་བར་འགྱུར་བའི་ཕན་པ་ཡོད་ཀྱི། ཚེ་འཕོས་པ་སྐྱེ་བ ་མྱི་ལེན་པར་གཤིན་རྗེའི་འཇིག་རྟེན་ཡོད་ནས། བཟའ་བཏུང་དང་། གཞོན་པ་དང་། གོས་དང་རྒྱན་དག་བདག་པོ་བྱེད་པ་ནི་མ་ཡིན་ནོ།། ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན་པ་དག་གང་གིས་མཐོང་བ་དང་། ཕ་མ་ལས་སྩོགས ་པས་རྨྱི་ལམ་དུ་རྒྱས་ཏེ། ཚེ་འཕོས་པ་ལས་བསྔོས་པས། གཤིན་དེ་བཟའ་བཏུང་གིས་མགུའོ་ཞོན་པ་ཞོན་ནོ།། ཀོས་གྱོན་ནོ།། རྒྱན་ཐོགས་སོ་ཞེས་སྨྲ་ཞིང་དེ་ལྟར་སྣང་བ་དེ་ཡང་བཟའ་བཏུང་གིས་མ་མགུའོ།། ཞོན་པ་མྱེད་དོ།། གོས ་མྱ་གྱོན་ནོ།། རྒྱན་མྱི་ཐོགས་སོ་ཞེས་སྨྲ་ཞིང་དེ་ལྟར་སྣང་བ་དག། དྲི་ཟའི་འཆི་ཀའི་སེམས་ལ་ཉེ་བར་འཇུག་པ་དང་། མྱི་མ་ཡིན་པ་དག་གིས་དེ་ལྟར་སྣང་བར་བྱེད་པ་ཡོད་དོ།། ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་སེམས་ཅན་དག་འདི་ནས་ཚེ ་འཕོས་ཀ་ན་ཕ་མ་འམ་སྤུན་ནམ། བུ་ལས་སྩོགས་པ་ལ་གཏམ་བྱས་པ་དང་། ཚིག་ཅི་སྨྲས་པ་དང་གཟུགས་ནི་འདྲ་བ་དག། དེ་ཚེ་འཕོས་ནས་ཕྱིས་ཕ་ཨ་དང་། སྤུན་ནས་བུ་ཚ་ལས་སྩོགས་པ་ལ། དེ་སྔོན་ཆེ་མ་འཕོས་པའི་དུས་ན་གཏམ ་བྱས་པ་ལས་སོགས་པ་སྨྲ་བ་དང་། གཟུགས་བྱང་སྟོན་ཏེ། དེ་ལྟ་བུ་མཐོང་བ་དང་། སྟོན་པ་ཡོད་ཅེས་འཇིག་རྟེན་པ་དག་མཆིན།། དེ་ལྟར་ལགས་སམ་མ་ལཿ། ས་ཞེས་གསུང་བ་ནི། ཀྱེ་རྒྱལ་པོ་ཆེན་པོ་སྨྲ་བ་ནི་ལུས་ཡོད་པའི་ཁ་ལྕེ་ལ ་རྟེན་ནས་སྨྲ་བ་ལགས་ན། ཆེ་འཕོས་པའི་ལུས་ཚེ་འདིར་བཞག་ནས་སེམས་གཟུགས་མྱེད་པ་དེ་ཅི་ལྷུར་སྨྲ། དེ་སྟེ་ཤི་བ་དེ་ལ་ལུས་ཡོད་དོ།། ཞེས་ཟེར་བ་ནི་སྐྱེ་བ་བླངས་པ་ཡིན་ཏེ། དེ་ཕ་མ་དགོས་པས་གཤིན་ག ་འཇིག་རྟེན་ཡང་མྱེད་དོ།། ཀྱེ་རྒྱལ་པོ་ཆེན་པོ་དེ་ལྟ་བུའི་ཚེ་མ་འཕོས་པ་མཚན་མ་དང་། ངན་རྟགས་འཇིག་རྟེན་པ་གང་སྨྲ་བ་ནི་དྲི་ཟེ་ཁྱབ་བྱེད་ཅེས་བྱ་བའི་རིགས་ཡོད་པས་བྱེད་དེ།། དཔེར་མདུང་ཆེན་པོས་ཟང་དང་ཀླུང ་ཡངས་པ་དག་དུས་གཅིག་ཏུ་རླུང་ལྡང་བ་བཞིན་དུ། འཆི་འཕོ་ཐམས་ཅད་ཀྱི་སེམས་ལ་ཁྱད་པར་བྱེད་པའི་རིགས་དྲ་ཟ་པི་ཙ་ན་ཞེས་བྱ་བ་དང་། གནོད་སྦྱིན་སྨྲ་འདོད་ཀྱི་རིགས་དང་། འབྱུང་པོ་བ་ར་ཧི་ན་ཏི་ཀུན་ཏུ་རྟོགས་འདོད་ཅེས་བྱ་བ ་དག། མྱི་དག་གིས་བསྒྲུབས་ནས་མྱི་མ་ཡིན་པ་དེ་དག་གིས་ཤི་བ་དེས་སྔོན་གཏམ་བྱས་པ་དང་། ཆ་ལུགས་ཀྱི་ངན་རྟགས་དག་འཇིག་རྟེན་པ་དག་བསླུ་བའི་ཕྱིར་སྟོན་ཅིང་སྨྲ་བ་དག་ཡིན་ནོ།། དེའི་ཚེ་ལྷ་སྦྱིན་དེ་ན་འདུག་པས། ་བཅོམ་ལྡན་འདས་ཀྱིས་དེ་སྐད་གསུང་བ་དེ་ལ་ཡིད་མཆེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། འགེའུ་ཏ་མ་སེམས་ཅན་ཚེ་འཕོས་ནས་ཅིར་འགྱུར་བའི་དོན་རྟགས་ཕ་རོལ་ན་ཡོད་པ་དང་། མྱེད་པ་བཀའ་སྩ་ལྔ ་པ་དེ། འཀེའུ་ཏ་མས་ཐོག་མ་སུ་ལ་གསན། དུས་ནམ་གྱི་ཚེ་མཁྱེན་པར་མཛད། གསན་པ་དང་མཁྱེན་པར་མཛད་པའི་གྲོགས་པོ་སུ་ལགས།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་ལྷས་སྦྱན་ངས་ན་རང་གི་ལུས་བཏང་བ་ལས་སྩོགས་པ་དཀའ་བ་མང་པོ་དག་བསྐལ་པ་གྲངས་མྱེད་པར་སྤྱད་དེ། སྒྲིབ་པ་ཐམས་ཅད་ནི་སྦྱངས། ཚོགས་ཆེན་པོ་ཡང་དག་པར་བསགས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་སྟེ ་འདས་པའི་དུས་ན་སྔོན་བྱུང་བ་དང་། ད་ལྟར་གྱ་དུས་ན་ཕྱོགས་བཅུ་མཐའ་ཡས་པ་ན་ཤེས་བྱ་གང་དག་ཅི་ཡོད་པ་དང་། མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་ཤེས་བྱ་ཐམས་ཅད་ལ་མྱི་མཁྱེན་པར་གྱུར་པ་གང་ཡང་མྱེད་དེ། ་དཔེར་ན་འཛམ་བུ་གླིང་འདིར་ཉི་མ་ཤར་པ་དེ། ཁང་དང་རིམས་ཀྱིས་ཤར་པ་མ་ཡིན། དུས་གཅིག་ཏུ་གསལ་བར་ཤར་པ་བཞིན། ཤེས་བྱ་ཐ་མས་ཅད་སྐད་ཅིག་མ་གཅིག་ལ་མཁྱེན་པའི་ཕྱིར་ནི་རྣམ་པ་ཐམས་ཅད་མཁྱེན ་པའི་ཡེ་ཤེས་མངའ་བ་ཞེས་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་ལ། ཡང་ལྷ་སྦྱིན་ཡིད་མ་ཆེས་ནས་ཐམས་ཅད་མཁྱེན་པ་མངའ་བ་དེ་ཚད་མྱེ་ད་པའི་ཕྱིར། འཛམ་བུ་གླིང་འདི་ན་ཤིང་གི་རིགས་ཙན་དྲན་དང་། ཀླག་ཤ ་དང་། སེང་ལྡེང་ལས་སྩོགས་པ་ཤིང་ཐ་དད་པ་བརྒྱ་སྟོང་བྱེ་བ་དག་བཅ་ད་དེ། སོ་སོར་བསྲེགས་ནས་ཐལ་བའི་ཕུར་མ་བྱས་ནས། རང་གིས་མྱི་ནོར་བར་བྱ་བའི་ཕྱིར། ཐལ་བ་ལ་ཤིང་གང་གང་ག་མྱང་ཡི་གེར་བཏགས་ཏེ ་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཁྱོད་ལ་ཐམས་ཅད་མཞེནད་པའི་ཡེ་ཤེས་མངའ་མ། འདི་ཤིང་གང་གི་ཐེལ་བ་ལགས་ཤེས་མཐར་ཆགས་སུ་ཐལ་བའི ་ཕུར་མ་ཐམས་ཅད་བསྟན་པ་ལས། བཅོམ་ལྡན་འདས་ཀྱིས་ཤིང་གང་གི་ས་ཐལ་བ་ཡིན་པ་མ་ནོར་བར། འདི་ནི་ཅིན་དན་གྱི་ཐལ་བའོ།། འདི་ན་ཀླག་ཤའི་ཐལ་བའོ།། འདི་ནི་སེང་ལྡེ་པགི་ཐེལ་བའོ་ཞེས་ཐལ་བའི་ཕུར་མ་ཐམས་ཅད ་མ་ནོར་བར་བཤད་པ་ལས། ལྷ་སྦྱིན་བཅོམ་ལྡན་འདས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བར་ཡིད་ཆེས་པར་འགྱུར་ཏེ། ཚེ་འཕོས་པ་ཅིར་འགྱུར་བ་གསུངས་པ་བདེན་པར་བསམས་ནས། བཅོམ་ལྡན་འདས་ལ་འདི། ་སྐད་ཅེས་སྟོང་དོ།། བཅོམ་ལྡན་འདས་ནི་ཀུན་མཁྱེན་ལགས།། ཤིང་ངམ་ཐལ་བའི་བྱེ་བྲག་རྣམས།། མ་གཟིགས་མ་ཀས་ན་ངེས་པར་མཁྱེན།། ཚེ་འཕོས་ཅིར་འགྱུར་གསུངས་པ་ངེས་ཞེས་སྟོན་ནས་སྤོབས་པ་མྱེད་པར་གྱུར་ཏོ།། དེའི ་ཆེཤཱག་ཀྱང་མྱིང་ཆེན་དེ་ན་འདུག་པས་ཚེ་འཕོས་པ་ཅིར་འགྱུར་བ་བཀའ་སྩལ་པ་ལ་ཡིད་མཆེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཚེ་འཕོས་པའི་སེམས་ཅན་རྣམས་ཅིར་འགྱུར་བ་གསུངས ་པ་དེ་མངོན་གསུམ་དུ་གཟིགས་སམ། འོན་ཏེ་གཞན་ཞིག་ལ་གསན་པ་ལགས། དེ་སྐད་ཅེས་གསོལྡ་པ་དང་། བཅོམ་ལྡན་འདས་ཀྱི་བཀའ་སྩ་ལད་པ། མྱིང་ཆེན་པོ་ངའི་སངས་རྒྱས་ཀྱི་སྤྱན་གྱིས་མྱི་གཟིགས་པ་ནི་འཇིག་རྟེན་ན་མྱེད་དེ། སྐུ ་རུར་རློན་པ་ལག་མཐིལ་དུ་བཞག་ན་ལག་པའི་བྱེ་བྲག་ཐམས་ཅད་གསལ་བ་དེ་བཞིན། དུས་གསུམ་ཀཽ་ཤེས་བྱ་ལ་ངས་མ་གཟིགས་པ་ཅི་ཡང་མྱི་མངའ་སྟེ། ཐོས་པ་ལ་བརྟེན་པ་ནི་མེ་ཡིན་ནོ།། དེ་སྐད་ཅེས་བཀའ་སྩ་ལད་པ་དང་། ་ཤག་ཀྱང་མྱིང་ཆེན་ཀྱིས་ཐམས་ཅད་གཟིགས་པ་དེ་བདེན་བརྫུན་ཉ། མས་ཚད་པའི་ཕྱིར། སེར་སྐྱའི་གྲོང་ཁྱེར་ཆེན་པོར་སོང་སྟེ།། ཁྱིམ་རྫི་སྙེད་ཡོད་པ་ལ་འབྲས་ཀྱི་ཕུར་མ་རེ་རེ་བླངས་ཏེ། རང་གིས་འབྲས་ཀྱི་ཕུར ་མ་མྱི་གང་ལས་བླངས་པ་མྱི་ནོར་བར་བྱ་བའི་ཕྱིར། ཤཀ་ཀྱ་ག་ལ་བླངས་པའི་མྱིང་རྣཾས་ཟས་ཏེ་འབྲས་ཕུར་མའི་ནང་དུ་བཅུག་ནས། འབྲས་ཀྱིཕུར་མ་གླང་པོ་ཆེའི་ཁལ་ལངས་པ་གཅིག་དང་། བཅོམ་ལྡན་འདས་ཀྱི ་སྤྱན་སྔར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱི་སངས་རྒྱས་ཀྱི་སྤྱན་གིས་ཐམས་ཅད་གཟིགས་ན། འབྲས་ཀྱི་བུར་མ་འདི་དག་མྱི་འབྱེ་བར་ཤག་ཀྱི་གང་གང་ག ་འབྲས་ཀྱང་གང་ལགས་པ་གཟིགས་པར་མཛོད་ཅིག་ཅེས་གསོལ་ནས། གླང་པོ་ཆེའི་ཞལ་གྱི་ཕུར་མ་རྣམས་དྲུང་དུ་བཞག་པ་ལས། བཅོམ་ལྡན་འདས་ཀྱི་འབྲས་ཀྱི་ཕུར་མ་རེ་རེ་བླངས་ཤིང་། འདི་ཤིག་ཀྱང་གྲ་བྱེད་ཀྱིའོ།། འདི་ནི་ཤཀ་ཀྱ ་ཀཱ་ཡའི་འོ།། འདི་ནི་ཤིག་ཀྱི་འདོད་སྲིད་ཀྱིའོ་ཞེས་བྱ་བ་ལས་སོགས་པ་འབྲས་ཕུར་མ་རེ་རེ་ལ་ཤག་ཀྱ་འདིའོ་ཞེས་མ་ནོར་པར་རྫོགས་པར་གསུངས་པ་ལས། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་པ་ལ། ཤཀ་ཀྱང ་ན་མྱང་ཆེན་ལས་སྩོགས་པ་ཐམས་ཅད་ཡིད་ཆེས་དེ། བཅོམ་ལྡན་འདས་ཀྱིས་ཚེ་འཕོས་པ་ཅིར་འགྱུར་བ་བཤད་པ་དེ་ནི་ངེས་སོ་སྙམ་ནས། བཅོམ་ལྡན་འདས་ལ་བསྟོད་པ། སངས་རྒྱས་སྤྱན་ཀྱིས་ཐམས་ཅད་གཟིགས ་འཇིག་རྟེན་པ་ལྟར་བརྫུན་མྱི་མངའ།། ཤག་ཀྱའི་གྲོང་ཁྱེར་ཅི་སྙེད་པའི།། འབྲས་ཀྱི་ཕུར་མ་མ་ནོར་མཁྱེན།། སེམས་ཅན་ཚེ་འཕོས་ཕ་རོལ་ན།། འདི་ལྟར་ཡོད་ཟེར་འཇིག་རྟེན་བརྫུན།། བཅོམ་ལྡན་འདས་ཀྱིས་གསུངས་པ་མང་།། ཀུན ་གཟིགས་ཁྱོད་ལ་ཕྱག་འཚལ་བསྟོད།། ཞེས་བསྟོད་ནས་སྤོབས་པ་མྱེད་དེ། རྩི་སྨྲ་བར་འདུག་གོ།། དེ་ནས་ཡང་རྒྱལ་པོ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་གང་དག་གིས། མཚམས་མྱེད་པ་ལས་སྩོགས ་པའི་ལས་ཀྱི་དགེ་བ་དག་བགྱིས་པས། དེའི་རྣམ་པར་སྦྱིན་པ་མྱི་ཟད་པ་མྱི་ཟད་པ་མྱོང་བར་འགྱུར་བ་དག་གིས་ཅི་ལྟར་བགྱིས་ནས། བདེ་བ་ཐོབ་པར་འ་གྱུར་པ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལ་པ། རྒྱལ ་པོ་ཆེན་པོ་སེམས་ཅན་གང་དག་གིས་མཚམས་མྱེད་པ་ལས་སྩོགས་པ། འི་ལས་མྱི་དགེ་བ་བྱས་པ་དག་གིས་སྒྱུ་མྱེད་པའི་སེམས་དང་རྣམ་པར། སྦྱིན་པ་ལ་ཡིད་ཆེས་པར་བྱས་ཏེ། སེམས་ཐག་པ་ནས་བཤགས་ན། ་བྱང་བར་འགྱུར་རོ།། འཆི་བའི་ཚེ་མྱི་དགེ་བ་སྔར་བྱས་པ་དག་ལ་འགྱོད་པ་བསྐྱེད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འ་ཚལ་ཞིང་སྐྱབས་སུ་གསོལ་ན། སྡིག་པ་བྱང་བར་འགྱུར་རོ།། མཐོ་རས ་སུ་ཡང་སྐྱེ་བར་འགྱུར་རོ།། ཚེ་ཕྱི་མ་མྱེད་པའི་འདུ་ཤེས་པར་མྱི་བྱའོ།། སྐྱེ་བ་ལེན་པ་ནི་དབང་ཕྱུག་དང་འོད་རྒྱལ་དང་། གྱི་ན་ལས་སྩོགས་པ་དག་གས་བྱེད་པར་མྱི་ལྟའོ།། འཇིག་རྟེན་གྱི་བདེ་བ་དང་། འཁོར་བ་ཐམས་ཅད་ལ་ཆགས ་པར་མྱི་བྱའོ།། ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནས་ཕ་རོལ་དུ་འཕོ་སྟེ། སྐྱེ་བ་ལེན་པ་ནི་རྟག་པ་འཕོ་བ་ཡང་མ་ཡིན་ནོ།། ཆད་པ་འགགས་ཏེ་མྱེད་པ་ཡང་མ་ཡིན་ནོ།། རྒྱུ་མྱེད་པ་ཡང་མ་ཡིན་ནོ།། མྱེད་པ་ལས་བྱུང་བ་ཡང་མ་ཡིན་ནོ།། ་བྱེད་པ་པོས་བྱས་པ་ཡང་མ་ཡིན་ཏེ། ལས་དང་ཉོན་མོངས་པ་རྒྱུ་རྐྱེན་ཚོགས་པ་ལས་སྩོགས་པ་ལས་སྐྱེ་བར་ལྟའོ།། རྒྱལ་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་རྣམས་ཚེ་འཕོས་ནས་སྐྱེ་བ་ལེན་པ་དེ། དེ་ལྟར་རྟག ་པར་ཡང་མྱི་འཕོ། ཆད་པ་པད་མ་ལགས། རྒྱུ་མྱེད་པ་ཡང་མ་ལགས། བྱེད་པ་པོས་ཀྱང་མ་བྱས། འཇིག་རྟེན་ཕ་རོལ་དུ་སྐྱེ་བ་ཡང་གྲུབ་པ་དེ་རྟོགས་པར་དཀའ་ན། འདི་ལ་མཐུན་པའི་དཔེ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀྲ། ་སྩལ་ད་པ། ཀྱེ་རྒྱལ་པོ་ཆེན་པོ་འདི་ལ་མཐུན་པའི་དཔེ་བརྒྱད་ཡོད་དེ། བླ་མས་ཁ་ཏོན་བརྗོད་པ་སློབ་མས་ཤེས་པའི་དཔེ་དང་། མར་མེ་ལས་མར་མེ་འབྱུང་བའི་དཔེ་དང་། མེ་ལོང་ལ་གཟུགས་བརྙན་འབྱུང་བའི་དཔེ་དང་། རྒྱ་ལས་རྒྱའི། ་འབུར་དང་རི་མོ་འབྱུང་བའི་རཔེ་དང་། མྱེ་ཤེལ་ལས་མྱེ་འབྱུང་བའི་དཔེ་དང་། ས་བོན་ལས་མྱུ་ཀུ་འབྱུང་བའི་དཔེ་དང་། སྦྱར་ཞེས་བརྗོད་པས་འགྲམ་ཆུ་ལྡང་བའི་སེམས་ཟག་ཆའི་སྒྲ་རྣམས་ཀྱི་དཔེས་རྟོགས་པར་བྱ་སྟེ། ཀྱེ་རྒྱལ་པོ་ཆེན ་པོ་དཔེ་བརྒྱད་པོ་འདི་དག་གི། སྔ་མ་སྔ་མ་ནི་ཕྱེ་མ་ཕྱི་མ་རྣམས་འབྱུང་བ་ཡང་ཡོད་པ་མི་རྟག་པ་འཕོ་བ་མ་ཡིན་པའི་དཔེའོ།། ཕྱི་མ་ཕྱི་མ་ན་སྔ་མ་རྣམས་བྱུང་བས། རྒྱུ་མྱེད་པ་ལས་འབྱུང་བའི་དཔེ་དང་། ཆད་པ་འགག་པ། ་མ་ཡིན་པའི་དཔེའོ།། ཀྱེ་རྒྱལ་པོ་ཆེན་པོ་གཞན་དཔེ་འདི་དག་ནི་རྩེན་གསུམ་འཚོགས་པ་ལས་འབྱུང་སྟེ། ཟླ་དང་སློབ་མ་དེ་གཉིས་དབང་པོ།། མས་ཚང་བ་ལས་ཁ་ཏོན་འབྱུང་ཞིང་སྨྲ་ཤེས་པའོ།། མར་དང་སྡོང་བུ་དང ་སྔོན་ཚོགས་པ་ལས་མར་མེ་འབྱུང་ངོ་།། ནམ་མཁའ་དང་བ་དང་གདོང་དང་མེ་ལོང་ཚོགས་པ་ལས་གཟུགས་བརྙན་འབྱུང་ངོ་།། རྒྱ་དང་འཇིམ་པའི་གོང་བུ་དང་སྐྱེས་བུའི་ལག་པའི་རྩོལ་བ་རྣམས་འཚོགས་པ་ལས་འབུར། ་དང་རི་མོ་འབྱུང་ངོ་།། ཤེལ་དང་ཉི་མའི་འོད་དང་རྩཝ་ཤིང་ཚོགས་པ་ལས་མྱེ་འབྱུང་ངོ་།། ས་བོན་དཔས་གཞི་དང་རླན་པ་རྣམས་འཚོགས་པ་ལས་མྱུ་གུ་འབྱུང་ངོ་།། ཚྭ་དང་ཚྭ་འཐུངད་མྱོང་བ་དང་སྐྱུར་ཞེས་བརྗོད་པ་འཚོགས་པ་ལས་འགྲམ་ཆུ ་ལྡང་ངོ་།། མྱིས་བརྗོད་པའི་སྒྲ་དང་། སྒྲ་དྲག་པོ་གཞན་མྱེད་པ་དང་། རི་བྲེག་རྣམས་ཚོགས་པ་ལས་བྲག་ཆ་འབྱུང་སྟེ། འདི་དག་ནི་སེམས་ཅན་སྐྱེ་བ་ནི་བྱེད་པ་པོས་མ་བྱས་ཏེ། ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ཀྱིས་བསྐྱེད་པའི་དཔེའོ།། ཀྱེ ་རྒྱལ་པོ་ཆེན་པོ་གཞན་ཡང་བླ་ན་ཚེ་འདིའི་དཔེའོ།། སློབ་མ་ནི་ཚེ་ཕ་རོལ་གྱི་དཔེའོ།། ཁ་དོན་ནི་རྣམ་པར་ཤེས་པ་ཉིང་མཚམས་སྦྱོར་བའི་དཔེའོ།། མར་མེ་སྔ་མ་ནི་ཚེ་འདིའི་དཔེའོ།། ཕྱི་མ་ནི་ཕ་རོལ་གྱི་དཔེའོ།། མར་མེ་སྔ་མ་ལས་ཕྱི་མ ་བྱུང་བ་ཡང་སྔ་མ་ཡོད་པ་ནི་རྟག་པ་འཕོ་བ་མ་ཡིན་པའི་དཔེའོ།། ཕྱི་མ་དེ་སྔ་མ་ལས་བྱུང་བ་རྒྱུ་མྱེད་པ་ལས་མ་བྱུང་བའི་དཔེའོ།། མེ་ལོང་ནི་ཚེ་འདི་ཡོད་པའི་སྒོ་ནས་ཕྱི་མ་ཡང་ཡོད་ལ། དངོས་པོར་མྱི་འཕོ་ཞིང་ཕ་རོལ་ཡང་ཡོ། ་ངེས་པའི་དཔེའོ།། རྒྱ་ནི་འདིརེ་ལས་ཅི་སྤྱད་པ་མཐུན་པར་ཕ་རོལ་དུ་ཡང་སྐྱེ་བ་ལེན་པའི་དཔེའོ།། མྱེ་ཤེལ་ནི་འགྲོ་བ་རིས་མྱི་འདྲ་བ་ནས་མྱི་འདྲ་བར་སྐྱེ་བའི་དཔེའོ།། ས་བོན་ནི་འགགས་ནས་མྱེད་པར་མྱི་འགྱུར་བའི་དཔེའོ།། སྐྱུར་ནི་མྱོང་བའི་ལས། ་ཀྱིས་སྐྱེ་བ་ལེན་པའི་དཔེའོ།། སྨ་ནི་རྒྱུ་རྐྱེན་ཚོགས་ནས་གནོད་པའི་རྐྱེན་གཞན་མྱེད་ན་སྐྱེ་བ་ལེན་ཏེ། གཅིག་པ་དང་ཐ་དད་པ་མ་ཡིན་པའི་དཔེའོ།། ཀྱེ་རྒྱལ་པོ་ཆེན་པོ་དཔེ་བརྒྱད་པོ་འདི་ཚོང་བར་མ་སྨོས་ཏེ། འགའ་ཞིག་བསྟན་མ་དབང་ཕྱུག ་དང་། འདོད་རྒྱལ་དང་། ཀྱི་ནི་དང་རྒྱུ་མྱེད་པར་སྨྲ་བ་དག་གིས། དགེ་སློང་འགེའུ་ཏ་མའི་དཔེ་འདི་དག་ཁ་དོན་གྱི་དཔེས་ནི་འདི་ཕུང་པོ་དང་། རྣམ་པར་ཤེས་པ་གཉིས་མ་བྲལ་བར་ཕ་རོལ་དུ་རྣམ་པར་ཤེས་པ་འཕོ་བར་འགྱུར་ཞེས་སྨྲ་བ་དག་འགག ་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། མར་མེའི་དཔེས་ནི་འདི་དེ་ང་ཕ་རོལ་གཉི་གར་ཕུང་པོ་དུས་ཅིག་ཡོད་དོ་ཟེར་བ་དག་འགག་པའི་ཕྱིར་ད་དཔེ་ལྷག་མ་རྣམས་བསྟན་ཏོ།། མེ་ལོང་གི་དཔེས་ནི་འདྲ་བའི་དཔེ་ཡན ་བས། གྲུབ་བོ་ལས་གྲུབ་མོ་སྐྱེས། དཀར་པོ་ལས་དཀར་པོར་སྐྱེའོ། ཞེས་བྱ་བ་དག་འགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ད་ཏོ།། བརྒྱའི་དཔེས་ནི་ལྷར་འཕོས་པ་ལྷར་སྐྱེ། མྱི་འཕོས་པ་མྱི་རེ་སྐྱེ་བ་ལས་སྩོགས་པ ་ངེས་པ་ཞེས་ཟེར་བ་དག་འགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། མྱེ་ཤེས་གྱི་དཔེས་ནི་མྱི་འདྲ་བའི་དཔེ་ཡིན་པས། དགེ་བས་ངན་སོང་དང་། མྱི་དགེ་བས་མཐོ་རས་འགྲུབ་པོ་ཞེས་ཟེར་བ་འགག་པའི་ཕྱིར་དཔེ་ལྷག་མ་རྣམས ་བསྟནད་ཏོ།། ས་བོན་གྱི་དཔེས་ནི་ཤེས་པ་གཅིག་ལས་མང་པར་འཕེལ་བའི་དཔེའོ་ཞེས་ཟེར་བ་དག་འགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། སྐྱུར་གྱི་དཔེས་ནི་མྱོང་བའི་དཔེ་ཡིན་པས་ལྷའི་ལོ་རྒྱུས་དག་དགེ་བའི་བསོད་ནམས ་མ་བྱས་ཀྱང་ལྷར་སྐྱེའོ།། ངན་སོང་གྱི་ལོ་རྒྱུས་ཡོད་པ་དག་མྱི་དགེ་བ་མ་བྱས་ཀྱང་ངན་སོང་དུ་སྐྱེའོ།། ཞེས་ཟེར་བ་དག་འགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། སྒྲའི་དཔེས་ནི་བྱེད་པ་པོ་ལ་དཔེ་ཡིན་པས་རྒྱུ་རྐྱེན་ལས་མ་བྱུང་ངོ་ཞེས ་ཟེར་བ་དག་འགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།། དེའི་ཕྱིར་དཔེ་བརྒྱད་བསྟན་ཏོ།། ཀྱེ་རྒྱལ་པོ་ཆེན་པོ་ཆེ་ཞིག་སྟེ་ཕ་རོལ་ཏུ་སྐྱེ་བ་མྱེད་དེ་ཆད་པ་དང་འགག་པ་ཡང་མ་ཡིན་ནོ།། ཚེ་འདི་དངོས་པོ་རྟག་པ་མ་ཉམས་པར་ཕ་རོལ་ཏུ་འཕོ་བ ་ཡང་མ་ཡིན་ནོ།། ཚེ་འདི་ལ་མ་རྟེན་པར་ཕ་རོལ་དུ་སྐྱེ་བ་ལེན་པ་ཡང་མ་ཡིན། བདག་གིས་སྐྱེ་བ་འདི་བླངས་སོ་ཞེས་བྱ་སེམས་པས་ཀྱང་སྐྱེ་བ་མྱི་ལེན་ནོ།། བདག་གིས་དབང་ཕྱུག་ཆེན་པོ་ལས་སྩོགས་པ་ལ་རྟེན་ཏེ་མཐོ་རས་སུ་སྐྱེ་བར་བྱའོ་སྙམ ་བས་ཀྱང་མ་ཡིན་ནོ།། བདག་མཐོ་རས་དང་ངན་སོང་གར་འདོད་པར་སྐྱེ་བར་བྱའོ་སྙམ་པས་ཀྱང་མ་ཡིན་ནོ།། ཅི་ཡང་མ་བྱས་ཏེ་རྒྱུ་རྐྱེན་ལ་རྟེན་མྱི་དགོས་སྐྱེའོ་སྙམ་པས་ཀྱང་མ་ཡིན་ནོ།། ཕུང་པོ་འདི་ཞིག་སྟེ། ཤ་ནས་ཅི་ཡང་མྱེད་དོ་ཞེས་སྨྲ་བ་མ་ཡིན། ་ནོ།། འདིར་ཚེ་འཕོས་ནས་ཕ་རོལ་ན་གཤིན་གི་ཁམས་སུ་མུ་ཆགས་སུ་མཆིས་པས་འདི་ན་ཅི་སྤྱོད་པ་བྱེད་དེ། སྐྱེ་བ་མྱི་ལེན་ཞེས་ཟེར་བ་ཡང་མ་ཡི་ན་ནོ།། ཚེ་འདིའི་རྣམ་པར་ཤེས་པ་ལ་འགགས་པར་རྣམ་པར་ཤེས་པས་སྐྱེ་བ ་ལེན་ཞེས་ཟེར་བ་ཡང་མ་ཡིན་ནོ།། འདི་དང་ཕ་རོལ་གཉི་གར་ཕུང་། པོ་དུས་གཅིག་ཡོད་ཅེས་ཟེར་བ་ཡང་མ་ཡིན་ནོ།། གྲུབ་པོ་ལས་གྲུབ་པོར་སྐྱེ། དཀར་པོ་ལས་དཀར་པོར་སྐྱེ་ཞེས་བྱ་བ་ལས་སྩོགས་པ་ཡང་མ་ཡིན ་ནོ།། ལྷ་ཚེ་འཕོས་པ་ཡང་ལྷར་སྐྱེའོ།། མྱི་ཆེ་འཕོས་པ་ཡང་མྱིར་སྐྱེའོ་ཞེས་བྱ་བ་མ་ཡིན་ནོ།། དགེ་བས་ངན་སོང་དང་མྱི་དགེ་བས་མཐོ་རིས་འགྲུབཟེར་བ་ཡང་མ་ཡིན་ནོ།། ཤེས་པ་གཅིག་ལས་མང་པོར་འཕེལ་བ་ཡང་མ་ཡིན ་ནོ།། དགེ་བ་མ་བྱས་ཀྱང་ལྷར་སྐྱེ་བ་དང་། མྱི་དགེ་བ་མ་བྱས་ཀྱང་ངན་སོང་དུ་སྐྱེ་བ་ཡང་མ་ཡིན་ནོ།། སྐྱེ་བ་ནི་བྱེད་པ་པོས་བྱས་པ་ཡང་མ་ཡིན་ནོ།། དེ་དག་ཅིའི་ཕྱིར་མ་ཡིན་ཞེ་ན། འ་དོན་གྱི་དཔེ་ལ་གང་དག་གིས་རྣམ་པར་ཤེས་པ་འདི་མ ་འགགས་པར་ཕ་རོལ་དུ་སྐྱེ་བ་ལེམ་ནོ་ཞེས་ཟེར་བའི་སྐྱོན་བསལ་བའི་ཕྱིར།། ས་བོན་གྱི་དཔེ་བསྟན་ཏེ། ས་བོན་དེ་མ་རུལ་བར་མྱུ་གུ་སྐྱེ་ན་ནི་བདག་ཏུ་སྨྲ་བ་དག་བདེན་མ། ས་བོན་དེ་རུལ་ནས་སྔ་མ་ལས་གྱུརྡ་ཏེ་མྱི་འདྲ་བར་འགྱུར་ད་བ་ལ། ་མྱུ་གུ་སྐྱེའོ།། མེ་མར་གྱི་དཔེ་ལས་གང་གིས་མར་མེ་གཅིག་ལས་གཅིག་སྤར་ན། གཉི་ག་ཡོད་པས་འདི་དང་ཕ་རོལ་གཉི་ག་བཕུང་པོར་ཡོད་དོ་ཞེས་ཟེར་བའི་སྐྱོན་བསལ་བའི་ཕྱིར་སྒྲའི་དཔེ་བསྟན་ཏེ། བྲག་ཆ་ནི་མྱོས་མ་བརྗོད་པར་སྨ་རྩི ་གྲག་སྟེ། དུས་གཅིག་ཏུ་མྱི་འབྱུང་བས་ཕུང་པོ་ཡང་དུས་གཅིག་མྱི་འབྱུང་ངོ་།། མེ་ལོང་གི་དཔེ་ལ་འདྲ་བའི་ཕྱིར་གྲུམ་པོ་ལས་གྲུམ་པོར་སྐྱེ་བ་དག་དགག་པའི་ཕྱིར་མེ་ཤེལ་གི་དཔེ་བསྟན་ཏེ། མེ་ཤེལ་ལས་དེ་མྱི་འདྲ་བའི་མེ་འབྱུང་བའི ་ཕྱིར་རོ།། རྒྱའི་དཔེ་ནི་ལྷ་ཚེ་འཕོས་པ་ལྷར་སྐྱེ། མྱི་ཚེ་འཕོས་པ་མྱིར་སྐྱེའོ་ཞེས་བྱ་བ་བསལ་བའི་ཕྱིར་ཁ་ཏོན་གྱི་དཔེ་བསྟན་ཏེ། འདིའི་དཔེ་ནི་བླ་མ་ཡིན་ལ། ཕ་རོལ་གྱི་དཔེ་ནི་སློབ་མ་ཡིན་ཏེ། ཐ་དད་པས་བླ་མ་ཡང་སློབ་མ་ཡིན ་སློབ་མ་ཡང་བླ་མ་ཡིན་པའི་ཕྱིར་རོ།། མྱེ་ཤེལ་གྱི་དཔེ་ལ་མྱི་འདྲ་བའི་དཔེ་ཡིན་ཏེ། དགེ་བས་ངན་སོང་། མྱི་དགེ་བས་མཐོ་རས་སོ་ཞེས་ཟེར་བ་བསལ་བའི་ཕྱིར། མར་མེ་ལས་མར་མེ་མྱི་འདྲ་བ་མ་བྱུང་གི། མར་མེ་ལས་མར་མེ་འབྱུང་བ ་བཞིན། དགེ་བས་མཐོ་རསི། མྱི་དགེ་བས་ངན་སོང་ནི་རིགས་པའོ།། ས་བོན་གྱི་དཔེ་ལ་ཤེས་པ་འཕེལ་ཞེས་ཟེར་བ་དཀག་པའི་ཕྱིར་རྒྱའི་དཔེ་བསྟན་ཏེ། རྒྱའི་རི་མོ་ན་འདྲ་བ་དེ་ལས་འཇིམ་པའི་གོང་བུ་ལ་ཡང་རི་མོ་གཞན་མྱི་འབྱུང་བའི ་ཕྱིར་རོ།། སྦྱར་གྱི་དཔེ་ལས་གང་དག་གིསེ་ལྷའི་ལོ་རྒྱུས་མྱོང་ན། ད་གེ་བ་མ་ལུས་ཀྱང་སྐྱེ་བ་ཐམས་ཅད་དུ་ལྷར་སྐྱེ། ངན་སོང་གི་སྡུག་བསྔལ་མྱོང་བ་དག་མྱི་དགེ་བ་མ་བྱས་ཀྱང་སྐྱེ་བ་ཐམས་ཅད་དུ་ངན་སོང་དུ་སྐྱེའོ་ཞེས ་ཟེར་བ་དག་དགག་པའི་ཕྱིར། མེ་ལོང་གི་དཔེ་བསྟན་ཏེ། མེ་ལོང་ལ་བ་ཞིན་ནི་འདྲ་བ་སྣང་བ་བཞིན་དུ། དགེ་བ་དང་མྱི་དགེ་བའི་འབྲས་བུ་འདྲ་བ། སྩོལ་ནས། མྱི་འདྲ་བར་སྦྱོར་བ་འགལ་བའི་ཕྱིར།། སྒྲའི་དཔེ་ལ་ནི་བྱེད ་པ་པོས་བྱས་པ་ཡིན་ཏེ། མྱ་སྐད་མ་བསྒྲགས་པར་བྲག་ཆ་མྱི་འབྱུང་བ་བཞིན་དུ། བྱེད་པ་པོས་མ་བྱས་པར་སེམས་ཅན་རྣམས་མྱི་སྐྱེའོ།། ཞེས་ཟེར་བ་དེ་བསལ་བའི་ཕྱིར་སྐྱུར་ཀྱི་དཔེ་བསྟན་ཏེ། སྔར་འཐུངས་པ་དང་ཟ་མྱོང་བས་ཕྱིས་བརྗོད ་སས་འགྲམ་ཆུ་ལྡང་བ་བཞིན་དུ། ལས་དང་ཉོན་མོངས་པ་སྔར་སྤྱོད་པའི་དབང་གིས་ཕྱིས་སྐྱེ་བ་ལེན་ཏོ།། ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་སྐྱེ་བ་དང་འཇིག་པ་དང་། འདི་དང་ཕ་རོལ་དུ་འཕོ་བ་དང་། ཇི་ལྟར་འགྱུར་བ་དག་ནི་དེ་ལྟར་མཁྱེན ་པར་མཛོད་ཅིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། འཁོར་འདུས་པ་ཐམས་ཅད་ཡིད་རངས་ཏེ་མངོན་པར་བསྟོད་དོ།། ཚེ་འཕོ་བ་ཅི་ལྟར་འགྱུར་བ་བསྟན་པའི་མདོའོ།། རྫོགས་སྷོ།། ། ་།། ། རྒྱ་ག་སྐད་དུ། ཨ་རྱ་ཤྲི་མ་ཏཱི་བཱི་མཱ་ཎཱི་པ་རི་པྲོ་དེ་ནཱ་ནཱ་མ་མ་ཧཱ་སཱ་ནཱ་སུ་ཏཱ།། བོད་སྐད་དུ། འཕགས་པ་བྲམ་ཟེ་དཔལ་ལྡན་མས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོལ།། སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་པ་ཡན་སི་ན་དྲང་སྲོང་ལྷུ་བ་རི་དགས་ཀྱི་ནགས་ན། དགེ་སློང་བདུན་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ། ཆོས་གོས་དང་ཤམ་ཐབས་བནབས་ཏེ་སྤུང་ཟེར་བསྣམས་ནས། ཕྱི་བཞིན་འབྲང་བའི་དགེ་སློང་ཚེ་དང་ལྡན ་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་དང་ཐབས་ཅི་ག་དུ་གྲོང་ཁྱེར་བ་ར་ན་སིར་བསོད་སྙོམས་ཀྱི་ཕྱིར་གཤེགས་སོ།། དེ་ནས་བཅོ་མ་ལྡན་འདས་གྲོ་ཁྱེར་བ་ར་ན་སིར་མཐར་ཆགས་སུ་བསོད་སྙོམས་སྤྱོད ་ཅིང་། བྲམ་ཟེ་མོ་དཔལ་ལྡན་མའི་ཁྱིམ་ག་ལ་བ་དེར་གཤེགས་ཏེ། བྱོན་ནས་བསོད་སྙོམས་ཀྱི་ཕྱིར་ཕྱོགས་གཅིག་ཏུ་བཞུགས་པ་དང་། པྲ་མ་ཟེ་མོ་དཔལ་ལྡན་མས་བཅོམ་ལྡན་འདས་མཛེས་པ་དང་། དད་པར ་བྱ་བ་དབང་པོ་ཞི་བ། ཐུགས་ཞི་བ་དུལ་བ་དང་ཞི་གནས་ཀྱི་ཕ་རོལ་དུ་བྱོན་པ་ཞི་གནས་མཆོག་གི་ཕ་རོལ་དུ་བྱོན་པ་ཞི་བ་དུལ་བ་གསུངས་པ།། སྔ་ག་པ་མྱེད་པ། དབང་པོ་ཐུལ་བ་ལ་དོག་བཟང་པོ་རྒྱས་པ། མཆོག་དང ་ལྡན་པ་མཚོ་ལྟར་དང་ཞིང་གསལ་ལ་རྙོག་པ་མྱེད་པ། གསེར་གྱི་མཆོད་སྡོང་ལྟར་མངོན་པར་འཕགས་པ་མྱི་བསྐྱོད་པ། མྱི་གཡོ་བ་བརྙེས་པ།། དཔལ་གྱིས་འབར་བ་ལྷ་མེ་པ། ལྷ་ནེ་ལྷ་དེ་ཞིང་གཤེགས་པ་རྒྱང་རིང་པོ་ཉིད་ནས་མཐོང ་།། མཐོང་ནས་ཀྱང་དེ་སེམས་དང་བར་གྱུར་ད་ཏེ། དེ་སེམས་དཔབས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པའི་རྐེང་པ་ལ། ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀ་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལེགས་པར་བྱོན་ཏོ།། བཅོམ་ལྡན་འདས་བ་དན་བཤམས་པ་འདི་ལ ་བཞུགས་སུ་གསོལ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་སེ་སོ་ན་རིགས་པར་བཞུགས་སོ།། དེ་ནས་བྲམ་ཟེ་མོ་དཔལ་ལྡན་མོས། བཅོམ་ལྡན ་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་བདེ་བར་བཞུགས་པར་རིག་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་གྲོང་ཁྱེར་བ་ར་ན་སེར་གྲང་སོང་ལྷུང་བ་རི་དགས་ཀྱི་གས་འདིར། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་བདག་གིས་ཐོས་ནས། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གང་བསྐོར ་བའི་ཆོས་དེ་ལྟ་བུ་ཞིག་ལགས།། དེ་སྐད་ཅེས་གསོལྡ་པ་དང་། བཅོམ་ལྡན་འདས་ཀྱིས། བྲམ་ཟེ་མོ་དཔལ་ལྡན་འམ་ལ་འདི་སྐད་ཅེས་བཀའ་སྩལ་དྲ་ཏོ།། དཔལ་ལྡན་མ་མ་རིག་པའི་རྐྱེན་ཀྱིས་འདུ་བྱེད་རྣམས། འདུ་བྱེད ་ཀྱི་རྐྱེན་ཀྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་ཀྱིས་མྱིང་དང་། གཟུགས། མྱིང་དང་གཟུགས་ཀྱི་རྐྱེན་ཀྱིས་སྐྱེ་མཆེད་དྲུག། སྐྱེ་མཆེ། ད་དྲུག་གི་རྐྱེན་ཀྱིས་རེག་པ། རེག་པའི་རྐྱེན་ཀྱིས་ཚོར་བ། ཚོར་བའི ་རྐྱེན་ཀྱིས་སྲེད་པ། སྲེད་པའི་རྐྱེན་ཀྱིས་ལེན་པ། ལེན་པའི་རྐྱེན་ཀྱིས་སྲེད་པ། སྲིད་པའི་རྐྱེན་ཀྱིས་སྐྱེ་བ། སྐྱེ་བའི་རྐྱེན་ཀྱིས་རྒ་ཤི་དང་མྱ་དང་ན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མྱི་བདེ་བ ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འབྱུང་བར་འགྱུར་རོ།། མ་རིག་པ་འགག་པས། འདུ་བྱེད་འགག། འདུ་བྱེད་འགག་པས་རྣམ་པར་ཤེས་པ་འགག། རྣམ ་པར་ཤེས་པ་འགག་པས། མྱིང་དང་གཟུགས་འགག། མྱིང་དང་གཟུགས་འགག་པས་སྐྱེ་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགག་པས་རེག་པ་འགག། རེག་པ་འགག་པས་ཚོར་བ་འགག། ཚོར་བ་འགག་པས་སྲེད་པ ་འགག། སྲེད་པ་འགག་པས་ལེན་པ་འགག། ལེན་པ་འགག་པས་སྲིད་པ་འགག། སྲིད་པ་འགག་པས་སྐྱེ་བ་འགག། སྐྱེ་བ་འགག་པས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མྱི་བདེ་བ ་