| Wylie | e-texts produced with BDRC’s OCR application |
དབང་ཕྱུག་དང་། ལག་ན་རྡོ་རྗེ་ལ་བཀའ་བསྐུལ་པ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཁྱོད་སོང་ལ། མི་འཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་དང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན ་དག་ན། ཁྱོད་ཀྱིས་འདུལ་བར་འགྱུར་བའི་སེམས་ཅན་བསྙིགས་མའི་རང་བཞིན་ཅན་མ་དད་པ་སྡིག་པ་སྤྱོད་པ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་གིས་སྒྲིབས་པ་མར་མི་ཤེས་པ། པར་མི་ཤེས་པ། ད ་སྤྱོད་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ། དཀོན་མཆོག་གསུམ་ལ་མངོན་པར་མ་དད་པ་དེ་དག་ཐམས་ཅད་ལག་ན་རྡོ་རྗེ་དང་གཉིས་ཀྱིས། རྫུ་འཕྲུལ་ཆེན་པོ་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱི ་ཤུགས་ཀྱིས། འཁོར་གྱི་དཀྱིལ་འཁོར་འདིར་བསྡུ་ཤིག་དེ་ནས་བྱང་ཆུབ་སེམས་དཔལ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས། ་བཞིན་གཤེགས་པ་ལས་ཚིག་འདི་ཐོས་ནས་སེམས་ཅན་ཐོས་ཅད་ལ་བལྟ་བ་དང་། ཡང་དག་པར་སྐུལ་བར་འགྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེའི་མཐུས་ས ་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཡང་དག་པར་རབ་ཏུ་གཡོས་སོ།། དེ་ནས་ལུས་ལས་འོད་ཟེར་བརྒྱ་སྟོང་དུ་མ་བྱུང་ངོ་།། བྱུང་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི། ་ཀུན་དུ་སྣང་བར་བྱས་ཏེ། ཚངས་པའི་འཇིག་རྟེན་མན་ཆད་གཟུགས་ཡོད་པ་དང་། གཟུགས་ཀྱིས་ཁྱབ་པ་མན་ཆད་དུ་སྣང་བར་བྱས་ཏེ། འོད་གཟེར་དེ་དག་ལས་ཀྱང་། ཡང་དག་པར་སྐུལ་བའི་ཚིགས་སུ ་གེར་འདྲིར་འཇུག་པ་དང་། ཀློག་པ་ལྟ་ཅི་སྨོས་ཏེ། ཀུན་ཏུ་དཔའ་བ་དེ་ནི། བསོད་ནམས་ཀྱི་ཕུང་པོ་རབ་ཏུ་མང་པོ་བསྐྱེད་པར་འགྱུར་རོ།། ཀུན་ཏུ་དཔའ་སེམས་དཔའ་དང་། གང་ཞིག། ་ཟུང་གི་མདོ་ལ་སྙིང་ཐག་པ་ནས་ཕྱག་འཚལ་བ་དེ་ནི། བསྐལ་པ་དགུ་བཅུ་རྩ་ལྔར་ཚེ་རབས་དྲན་པར་འགྱུར་རོ།། བསྐལ་པ་དྲུག་བཅུའི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ།། ཚེ་འདི་ལ་ཡང ་ཐམས་ཅད་དགའ་བར་འགྱུར་ཏེ། ཀུན་ཏུ་དཔའ་བ་དེ་ནི་མཚོན་གྱིས་འཆི་བའི་དུས་བྱེད་པར་མི་འགྱུར།། དུག་གིས་འཆི་བའི་དུས་བྱེད་པར་མི་འགྱུར། དེ་ལ་བྱད་ཀྱིས་ཚུགས་པར་མི་འགྱུར་རོ།། ་འཆི་ཁར་ཡང་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་མངོན་སུམ་དུ་མཐོང་བར་འགྱུར་ཏེ། ཀུན་ཏུ་དཔའ་བ་སངས་རྒྱསབཅོམ་ལྡན་འདས་དེ་དག་གིས་ཀྱང་དེ་ལ། སྐྱེས་བུ་དག་དམ་པ ་ཁྱོད་ཀྱིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ལེགས་པར་བཤད་པ་ཐོས་པས། བསོད་ནམས་ཀྱི་ཕུང་པོ་སྐྱེ་སྟེ། སངས་རྒྱས་བཅོམ་ལྡན་འདས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་པོ་དེ་དག་གིས་ཀྱང ་འཇིག་རྟེན་གྱི་ཁམས་སོ་སོ་ལུང་སྟོན་པར་འགྱུར་ན། ཀུན་ཏུ་དཔའ་བ་གང་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་འདི་མཐའ་དག་རྫོགས་པར་རྒྱ་ཆེར་ཐོས་པ་ལྟ་ཅི་སྨོས་ཀྱིས། མ་འཇིགས་ཤིག ་ཅེས་དབུགས་འབྱིན་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཀྱང་ཟུང་གི་མངོན ་ཆོས་ཀྱི་རྣམ་གྲངས་ཆེན་པོ་མཉན་པར་བགྱིད་ན། བཅོམ་ལྡན་འདས་བདག་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཞིག་བྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་བསྐུལ་པ། ཀུན་ཏུ་དཔའ་བ་སངས་རྒྱས ་བཅོམ་ལྡན་འདས་གང་གའི་ཀླུང་གི་བྱེ་མ་དང་མཉམ་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པར་སེམས་ཅན་དེ་ཡང་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་དུ་བསྐྱེད་པར་འགྱུར་རོ།། གསོལ་པ་བཅོམ་ལྡན ་འདས་ནམ་བདག་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ཉན་པ་དེ་ན། བཅོམ་ལྡན་འདས་ངོམས་མ་འཚལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྐུལ་པ། ཀུན་ཏུ་དཔའ་བ་ཁྱོད་ཆོས་རྣམས་ཀྱིས་ངོམས་མི ་ཤེས་པ་ནི་ལེགས་སོ་ལེགས་སོ།། ཀུན་ཏུ་དཔའ་བ་ང་ཡང་། ཆོས་རྣམས་ཀྱིས་ངོམས་མི་ཤེས་ན། ཀུན་ཏུ་དཔའ་བ།། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ངོམས་མི་མྱོང་བར་བྱ་བ་ལྟ་ཅི་སྨོས། ་ཀུན་ཏུ་དཔའ་བ་རིགས་ཀྱི་བུ་འམ། རགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཐེག་པ་ཆེན་པོ་ལ་ངད་པ་སྐྱེས་པ་དེ་བསྐལ་པ་སྟེང་དུ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར། ་བསྐལ་པ་ལྔ་སྟོང་དུ་དུད་འགྲོར་སྐྱེ་བར་མི་འགྱུར། བསྐལ་པ་ཁྲི་ཉིས་སྟོང་དུ་བློ་ངན་པར་མི་འགྱུར། བསྐལ་པ་ཁྲི་བརྒྱད་སྟོང་དུ་མཐའ་ཁོབ་ཀྱི་སྐྱེ་བོའི་ནང་དུ་སྐྱེ་བར་མི་འགྱུར། བསྐལ་པ་ཉི་ཁྲི། ་རབ་ཏུ་སྦྱིན་པ་ལ་དཔའ་བར་འགྱུར།། བསྐལ་པ་ཉི་ཁྲི་ལྔ་སྟོང་དུ་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར། བསྐལ་པ་སུམ་ཁྲི་ལྔ་སྟོང་དུ་ཚངས་པར་སྤྱད་པ་སྤྱོད་པར་འགྱུར་རོ།། དེ་བསྐལ་པ་བཞི་ཁྲིར་ཁྱིམ ་གྱིས་གནས་ནས་འབྱུང་བར་འགྱུར།། བསྐལ་པ་ལྔ་ཁྲིར་ཆོས་འཛིན་པར་འགྱུར། བསྐལ་པ་དྲུག་ཁྲིར་ལྔ་སྟོང་དུ་འཆི་བ་རྗེས་སུ་དྲན་པ་སྒོམ་པར་འགྱུར་རོ།། ཀུན་དུ་དཔའ་བ་རིགས་ཀྱི་བུ་འམ། ་རིགས་ཀྱི་བུ་མེ་དེ་ལ་སྡིགས་པའི་ལས་ཅུང་ཟད་ཀྱང་འབྱུང་བར་མི་འགྱུར་རོ།། དེ་ལ་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མི་འགྱུར་རོ།། ནམ་དུ་ཡང་མའི་མངལ་དུ་སྐྱེ་གནས་མི་འགྱུར་རོ།། ཀུན་དུ་དཔའ་བ་གང་ཆོས་ཀྱི་རྣམ ་གྲངས་འདི་ཐོས་པ་དེ་དག་ནི་གང་དང་གང་དུ་སྐྱེ་ཡང་བསྐལ་པ་གྲངས་མེད་པ་དགུ་བཅུ་རྩ་ལྔར་ལོག་པར་ལྟུང་བར་མི་འགྱུར་རོ།། བསྐལ་པ་བརྒྱད་ཁྲིར་ཐོས་པ་འཛིན་པར་འགྱུར་བསྐལ་པ་སྟོང་དུ་སྲོག ་གཅོད་པ་སྤོང་བར་འགྱུར། བསྐལ་པ་དགུ་ཁྲི་དགུ་སྟོང་དུ་བརྫུན་དུ་སྨྲ་བར་སྤོང་བར་འགྱུར། བསྐལ་པ་ཁྲི་སུམ་སྟོང་དུ་ཕྲ་མའི་ཚིག། སྤོང་བར་འགྱུར་ཏེ། ཀུན་དུ་དཔའ་བ་ཆོས་ཀྱི་རྣམ ་གྲངས་འདི་ཐོས་པའི་སེམས་ཅན་དེ་དག་ནི་སྙེང་པར་བཀའ་བའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལེགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདས་པ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་གང་དག་ཆོས་ཀྱི་རྣམ་གྲངས་འདི་སྤོང་བ་དག་སྡིག་པའི་ལས་ཀྱི་ཕུང་པོ་ཇི་ཙམ་ཞིག་བསྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། ཀུན་དུ་དཔའ་བ་མང་ངོ་།། གསོལ་པ། བཅོམ ་ལྡན་འདས་སེམས་ཅན་དེ་དག་སྡིག་པའི་ལས་ཀྱི་ཕུང་པོ་ཅི་ཙམ་ཞིག་བསྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀུན་དུ་དཔའ་བ་ཁ་རོག་ཁ་རོག། ངལ་སྡིག་པའི་ལས་ཀྱི་ཕུང་པོ་ཀུན་མ་དྲིས་ཤིག། ཀུན ་དུ་དཔའ་བ་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་ལ་གནོད་སེམས་བསྐྱེད་པ་བས་ན་གང་ཟུང་གི་མདོ་ལ་སྤོང་བ་དེ། དེ་བས་མི་དགེ་བའི ་ཕུང་པོ་ཆེས་མང་དུ་བསྐྱེད་དོ།། ཀུན་དུ་དཔའ་བས་གང་དག་ཐེག་པ་ཆེན་པོ་ལ་གནོད་སེམས་སྐྱེས་པ་དེ་དག་ཀྱང་དེ་བས་མི་དགེ་བའི་ཕུང་པོ་ཆེས་མ་དུ་བསྐྱེད་པར་འགྱུར་ཏེ། ཀུན་དུ་དཔའ་བ་སེམས་ཅན་དེ ་དག་ནི་ཚིག་པའི།། ཚིག་པ་ཉིད་དོ།། ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་དེ་དག་ཐར་པར་བགྱི་མི་ནུས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀུན ་དུ་དཔའ་བ་དེ་བཞིན་ཏེ་ཐར་པར་བྱ་མི་ནུས་སོ།། ཀུན་དུ་དཔའ་བ་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་གིས་མགོ་བཅད་ལ། དེ་ལ་དེས་སྨན་སྦྲང་རྩིའམ་ཁ་ར་འམ། བུ་རམ་འམ། མར་རམ། ཏིལ ་མར་རམ། སྲུ་བའི་སྨན་གང་ཡང་རུང་བ་ཞིག་གིས་མགོ་ལ་བསླུས་ན། ཀུན་དུ་དཔའ་བ་འདི་ཇི་སྙམ་དུ་སེམས། སེམས་ཅན་དེ་སླར་ལྡང་ནུས་སམ། ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདྲས ་ཀྱིས་བཀའ་བསྩལ་པ། ཀུན་དུ་དཔའ་བ་གཞན་ཡང་མི་གཞན་ཞིག་ཀྱང་ཡོད་པར་གྱུར་ལ་དེས་སེམས་ཅན་གཞན་ལ་མཚོན་ནོན་པོས་བཏབ་ན། མཚོན་ཐང་ཅིག་བཏབ་པས་སྲེག་གཅོད་མ་ནུས་ཀྱང་། ་བསྔལ་གྱིས།། བྱིས་པ་རྟག་ཏུ་སྡུག་བསྔལ་ལོ།། ཡང་དག་སངས་རྒྱས་མཆོག་དྲན་པ། མཁས་པ་རྣམས་ནི་བདེ་བ་ཡིན།། ཐེག་པ་ཆེ་ལ་དང་པ་ཡང་།། དེ་དག་ངན་འགྲོ་འགྲོ་མི་འགྱུར།། ཀུན ་དུ་དཔའ་བ་དེ་བཞིན་དུ།། སྔོན་གྱི་ལས་ཀྱིས་རབ་བསྐལ་ནས།། ལས་ནི་ཆུང་ངུ་བྱས་པ་ཡང་།། འབྲས་བུ་མཐའ་ཡས་སྤྱོད་པར་འགྱུར།། སངས་རྒྱས་ཞིང་གི་ཞིང་མཆོག་ཏུ།། ས་བོན་བཏབ་ན་འབྲས་བུ་ཆེ།། ཇི་ལྟར། ་ས་བོན་ཉུང་བཏབ་པས།། འབྲས་བུ་མང་པོར་སྤྱོད་པ་ཡིན། རྒྱལ་བའི་བསྟན་པ་དགའ་བྱེད་པ།། མཁས་པ་རྣམས་ནི་བདེ་བར་འགྱུར།། སྡིག་པ་དག་ནི་རྣམ་པར་སྤོང་།། དགེ་བ་དག་ཀྱང་མང་དུ་བྱེད།། གང་དག་ངའི་བསྟན ་པ་ལ།། སྦྱིན་པ་སྤུ་ཙམ་བྱིན་པ་ནི།། བསྐལ་པ་སྟོང་དྲག་རྣང་བཅུ་རུ།། ལོངས་སྤྱོད་ཆེ་ཞིང་ནོར་མང་ཡང་།། གང་དང་གང་དུ་སྐྱེས་པར་ཡང་།། དེ་དག་རྟག་ཏུ་སྦྱིན་པ་དྲན།། དེ་ལྟར་སངས་རྒྱས་སྦྱིན་པའི་གནས། ་ཟ་བ་མོ་དེ་ནི་འབྲས་བུ་ཆེ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་འདས་ཀྱིས ་བསྟན་པའི་ཆོས་འཚལ་བར་བགྱི། བཅོམ་ལྡན་འདས་ཇི་ལྟར་ན། ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཐོས་ནས་དགེ་བའི་རྩ་བ་ཡོངས་སུ་འཛིན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀུན་དུ་དཔའ་བ ་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཀའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སེང་དག་ལ།། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་ལྟར། གང་གིས་ཟུང ་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ཉན་པའི་བསོད་ནམས་ཀྱི་ཕུང་པོ་ཡང་དེ་བཞིན་ཤེས་པར་བྱའོ།། བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་དགེ་བའི་རྩ་བ་ཡོངས་སུ་རྫོགས ་པར་བགྱི་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།། གང་དགེ་བའི་རྩ་དེ་ནི་དེ་བཞིན་གཤེགས་པ ་དང་མཚུངས་པར་ཤེས་པར་བྱའོ།། དགེ་བའི་རྩབ་དེ་བཞིན་གཤེགས་པ་དང་མཚུང་བྲལ་ལ་ལྔ་བགྱི་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀུན་དུ་དཔའ་བ་ཆོས་སྨྲ། ་པ་ནི། དེ་བཞིན་གཤེགས་པ་དང་མཚུངས་པར་ཤེས་པར་བྱའོ། ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་ཆོས་སྨྲ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསུལ ་པ། གང་ཟུང་གི་མདོ་སྒྲོགས་པ་དེ་ནི། ཆོས་སྨྲ་བའོ།། ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་གང་ཟུང་གི་མདོའི་ཆོས་རྣམ་གྲངས་ཐོས་པ་དེ་དག་ཀྱང་འདི་ལྟ་བུའི་བསོད་ནམས་ཀྱི་ཕུང་པོ་སྐྱེ་བར། ་གྱུར་ན། གང་དག་ཡི་གེར་འདྲི་བ་དང་། ཀློག་པ་ལྟ་ཅི་སྨོས་ཏེ། དེ་དག་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཞིག་བསྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀུན་དུ་དཔའ་བ་ཉོན་ཅིག། འདི ་ལ་སྟེ་དཔེར་ན་ཕྱོགས་བཞིའི་ཕྱོགས་རེ་རེར་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གི་ཀླུང་གི་བྱེ་མ་སྙེད་དག་ན་བསྐལ་པ་བཅུ་གཉིས་ཀྱི་བར་དུ་ཞུགས་ཤིང་ཆོས་སྟོན་ཏེ། ་ཟུང་གི་མདོ་འདི་ཡི་གེར་འབྲི་བ་དེའི་བསོད་ནམས་ཀྱི་ཕུང་པོ་བརྗོད་ཀྱང་དེའི་བསོད་ནམས་ཀྱི་ཕུང་པོ་མཐའ་རྟོགས་པར་རམ། ཚིག་གིས་བརྗོད་པར་མི་ནུས་སོ།། སངས་རྒྱས་བཅོམ་ལྡན་འདས ་གང་གའི་ཀླུང་བཞི་བཅུ་རྩ་བརྒྱད་ཀྱི་བྱེ་མ་སྙེད་ཀྱིས་ཀྱང་། ཡི་གེར་འབྲི་བའི་བསོད་ནམས་ཀྱི་ཕུང་པོ་དེ་བརྗོད་པར་མི་ནུས་ན། གང་ཡི་གེར་འབྲི་བ་དང་སེམས་དཔའ་དང་། ཀློག་པ་དེ་དག་ཆོས་ཀྱི་གཏེར་དུ་འགྱུར ་བལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ་བས་གསོལ་པ། ཀློག་པའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་དུ་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་བསྔལ ་ཚིགས་བཞི་ཆགས་སུ་བཅད་པ་ཙམ།། བླག་པ་རྣམས་ཀྱིས་དག་པ་གང་།། གང་ག་བརྒྱ་བཅུ་རྩ་བཞི་ཡི།། བྱིན་སྙེད་ཀྱི་རྒྱ་བ་ཡིས།། འདི་ན་ཟུང་གི་མདོ་ཀླགས་པ།། དེ་དག་བསོད་ནམས ་གང་ཡོད་པ།། རྒྱུན་མི་འཆད་པར་བརྗོད་གྱུར་ཀྱང་།། བསོད་ནམས་དེ་ནི་ཟང་མི་འགྱུར།། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ།། རྙེད་པར་དཀའ་ཞིང་མཐའ་ཡས་སོ།། ཡང་དེའི་ཚེ་དེའི་དུས་ན།། ་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་གང་གི་སླད་དུ་ཆོས་ཀྱི་གཏེར་འདི་ལྟ་བུ། བཅོམ་ལྡན་འདས་ཀྱིས་འཛམ་བུའི་གླིང་འདིར་བཞག་པ་ནི་ལེགས་སོ་ལེགས་སོ།། གཞན་གཅེར་བུ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅོ་བརྒྱད་བཅོམ་ལྡན་འདས ་གལ་བ་དེར་ལྷགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་དགེ་སྦྱོང་ཀེའུ་ཏྲ་མ་ལ་རྒྱལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྲེལ་པ། དེ་བཞིན་གཤེགས་པ་ནི་རྟག་དུ་རྒྱའོ།། ཀྱེ་མུ་སག་ཅན ་གཅེར་བུ་ཅན་དག། མ་ངྒེས་ཅ་བྱེད་ནས་པ། རྒྱལ་བར་འགྱུར།། དེ་དག་གིས་སྨྲས་པ་རྒྱལ་བར་མཛད། དེ་དགེ་སྦྱོང་ཀེའུ་ཏུ་མ་རྒྱལ་བར་མཛོད། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ངས་ཁྱེད་རྣམས་ལ་བ་མ ་མཐོང་ངོ་།། ཁྱེད་ནི་ཕྱིན་ཅི་ལོག་གནས་ན། ཇི་ལྟར་བུར་ནི་རྒྱལ་བར་འགྱུར། གཅེར་བུ་ཁྱེད་རྣམས་ཉོན་ཅིག་དང་།། ཁྱེད་ལ་ཕན་པ་བརྗོད་པར་བྱ།། བྱིས་པའི་བློ་ལ་བ་བ་མེད།། ཁྱེད་ཅག ་རྒྱལ་བར་ག་ལ་འགྱུར།། ངས་ནི་སངས་རྒྱས་སྤྱན་གྱིས་སུ།། ཟབ་མོའི་ལམ་ཡང་བསྟན་པར་བྱ།། དེ་ནས་གཅེར་བུར་པ་དེ་དག། བཅོམ་ལྡན་འདས་ལ་ཁྲོས་ནས།། མ་དད་པའི་སེམས་བསྐྱེད ་དོ།། དེའི་ཚེ་དེའི་དུས་ན་ལྷའི་དབང་པོ་བརྒྱ་བྱིན་རྡོ་རྗེ་གསོར་བ་དང་། དེ་ལས་གཅེར་བུ་པ་བྱེ་བ་ཕྲག་བཅོ་བརྒྱད་པོ་དེ་དག་སྔངས་སྐྲག་ནས། སྡུག་བསྔལ་ཆེན་པོས་ཉམས་ཐག་སྟེ་ངུ་ཞིང་མཆི་མ་ཟག་པ་དང་། དེ་བཞིན ་གཤེགས་པས་ཀྱང་སྐུ་མ་སྣང་བར་མཛད་དོ།། དེ་ནས་གཅེར་བུ་པ་དེ་དག་དུ་ཞིང་གདོང་མཆི་མས་གང་བས། བཅོམ་ལྡན་འདས་མ་མཐོང་ནས། ཚིགས་སུ་བཅད་པ་འདི་ད་ལྡག་ག་ས་ཉེན་དུ་ཡང་མེད།། དེ་བཞིན་པ་མེ་དམ་པ ་མེད་དུ་འབྲོག་དགོན་བཞིན་དུ་རབ་ཏུ་མཐོང་།། ཁང་པ་སྟོང་པྲ་ག་ནཱ་མེདོ།། འདི་ན་ཆུ་ཡང་ཡོད་མིན་སྟེ།། ཤིང་ཡང་མེད་ཅིང་བྱ་ཡང་མེད།། འདིར་ནི་སྐྱེ་བོ་མ་མཐོང་སྟེ།། འགོན་མེད་སྡུག་བསྔལ་ཚོར་བ་ནི།། དེ་བཞིན་གཤེགས་པ་ལ་མཐོང་བ།། མི་བཟང་ཆེན་པོ་མེང་འ་གྱུར།། ཡང་དག་ཚེ་ན་གཙེ་བུ་དབྱེ་བ་ཕྲག་བཅོ་བརྒྱང་པ་དག་བསྟན་ལ་ལ་ཏེ། པུས་མོ་གཉིས་ལ་བཅུག་ནཱ། སྦ་འབྱིན་ཅིང་བྱང་སྡིག་པ་བྱེད།། དེ་བཞིན། ་གཤེགས་པ་ཐུགས་རྗེ་ཅན།། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག། བདག་ཅག་རྣམས་ལ་ཕན་པ་མཛོད།། འགྲོ་བ་ཉམ་ཐག་བསྐྱབ་ཏུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་མཛུམ་པ་མཛད་ནས། ་བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ་བ་ལ་བཀའ་བསྩལ་པ། ཀུན་དུ་དཔའ་བ་སོང་ལ་གཞན་མུ་སྟེགས་ཅན་གཅེར་བུ་པ་རྣམས་ལ་ཆོས་ཤོད་ཅིག། འདི་སྐད་ཅེས་བཀའ་བསྩལ་པ་དང་། བཅོམ་ལྡན་འདས་ལ་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རི་ནག་པོ་ནི་རི་རབ་རིའི་རྒྱལ་པོ་ལ་གོར་མ་བཀུམ་པར་རྩེ་མོ་འདུད་ན། དེ་བཞིན་གཤེགས ་བ་བཞུགས་བཞིན་དུ་བདག་གིས་ཇི་ལྟར་བསྟན་པར། བགྱི།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཁ་རོག་རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ ་མང་གིས། ཀུན་དུ་དཔའ་བ་སོང་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ལྟོས་ཏེ། དེ་བཞིན་གཤེགས་པ་ག་ལ་སྣང་བ་དང་། དེ་བཞིན་གཤེགས་པའི་གདན་གང་དུ་ཏིང་བ་ལ་ལྟོས་ཤིག་དང་། ་ཀུན་དུ་དཔའ་བ་ང་ཉིད་ཀྱིས་གཞན་མུ་སྲེགས་ཅན་གཅེར་བུ་པ་རྣམས་ལ་ཆོས་བསྟན་པར་བྱའོ།། བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་རང་གི་རྫུ་འཕྲུལ་གྱིས་སམ། འོན ་ཏེ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་མཐུས་སམ། སུའི་རྫུ་འཕྲུལ་གྱི་མཐུས་མཆིས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀུན་དུ་དཔའ་བ་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱི་བྱིན་གྱི། ་བརླབས་ཀྱིས་སོང་ཤིག། ཀུན་དུ་དཔའ་བ་དེ་བཞིན་གཤེགས་པའི་མཐུས་ནི་ཕྱིར་ཤོག་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ་བ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་བསྐོར་བ་བྱས་ཏེ། ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གཞན་མུ་སྟེགས་ཅན་དེ་དག་ལ་ཆོས་བསྟན་པ་གྲོགས་པོ་དག་སྐྱེ་བར་ནི་སྡུག་བསྔལ་བ་ཡིན་ཏེ། སྐྱེ་བ་ཉིད་ཀྱང་སྡུག་བསྔལ་བའོ།། སྐྱེས་ནས ་སྡུག་བསྔལ་གྱི་འཇིགས་པ་མང་དུ་འབྱུང་ངོ་།། སྐྱེས་ནས་ནད་ཀྱི་འཇིགས་པ་མང་དུ་འབྱུང་ངོ་།། སྐྱེས་ནས་ནད་ཀྱི་འཇིགས་པ་རྣམས་འབྱུང་ངོ་།། ནང་ལས་རྒས་པའི་འཇིགས་པ་འབྱུང་ངོ་།། རྒས ་པས་འཆི་བའི་འཇིགས་པ་རྣམས་འབྱུང་ངོ་།། བཅོམ་། ལྡན་འདས་སྐྱེས་པ་ལས་སྐྱེ་བའི་འཇིགས་པ་སྐྱེ་བར་འགྱུར་ཞེས་བགྱི་བ་གང་ལགས།། མིར་སྐྱེས་ནས་འཇིགས་པ་མང་དུ་འབྱུང་སྟེ། རྒྱལ ་པོའི་འཇིགས་པ་འབྱུང་ངོ་།། རྐུན་པོའི་འཇིགས་པ་འབྱུང་ངོ་།། མེའི་འཇིགས་པ་འབྱུང་།། དུག་གི་འཇིགས་པ་འབྱུང་ངོ་།། ཆུའི་འཇིགས་པ་འབྱུང་ངོ་།། རླུང་གི་འཇིགས་པ་འབྱུང་ངོ་།། གློང ་འཁྱིལ་བའི་འཇིགས་པ་འབྱུང་ངོ་།། རང་གི་བྱས་པའི་ལས་རྣམས་ཀྱི་འཇིགས་པ་འབྱུང་ངོ་།། བཅོམ་ལྡན་འདས་ཀྱིས་སྐྱེ་བའི་གླེང་བཞི་དེ་ལྟ་བུ་རྣམ་པ་མང་པོས་ཆོས་བསྟན་པ་དང་། དེའི་ཚེ་དེའི་དུས་ན་གཞན ་མུ་སྟེགས་ཅན་གཅེར་བུ་པ་དེ་དག་རབ་ཏུ་སྐྲག་པར་གྱུར་ནས། བདག་ཅག་ནི་ཕྱི་ཆང་སྐྱེས་པ་ལ་ནམ་ཡང་མི་མོས་སོ་ཞེས་དེ་སྐད་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི ་བཤད་པ་ན་གཞན་མུ་སྟེགས་ཅན་གཅེར་བུ་པ་བྱེ་བ་ཕྲག་བཅོ་བརྒྱད་པོ་དེ་དག། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་གྱུར་ཏོ།། རང་གི་འཁོར་ལས་ཀྱང ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅོ་བརྒྱད་ས་བཅུ་ལ་གནས་པར་གྱུར་ནས། ཐམས་ཅད་ཀྱིས་ཀྱང་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པ་འདི་ལྟ་སྟེ། རྟའི་གཟུགས་དང་། གླང་པོ་ཆེའི་གཟུགས་དང་། ་སྟག་གི་གཟུགས་དང་། ནམ་མཁའ་ལྡིང་གི་གཟུགས་དང་། རི་རབ་ཀྱི་གཟུགས་དང་། གཡུང་དྲུང་རིས་ལྟ་བའི་གཟུགས་དང་། ལ་ལ་དག། ནི་ཤིང་ལྗོན་པའི་གཟུགས་སུ་སྟོན་ཅིང་ཐམས་ཅད ་ཀྱང་པད་མའི་ཁྲི་ལ་དཀྱིལ་མོ་དཀྲུང་དུ་འཁོད་དོ།། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་དགུ་ནི་བཅོམ་ལྡན་འདས་ཀྱི་གཡས་རོལ་ན། འཁོད། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག ་དགུ་ནི། བཅོམ་ལྡན་འདས་ཀྱི་གཡོན་རོལ་ན་འཁོད་ཅིང་། དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་བཞག་སྟེ། ཐབས་མཁས་པས་ཆོས་སྟོན་པར་སྣང་ངོ་།། ཞག་བདུན་པའི་ཉིན་མོ།། ་དེ་བཞིན་གཤེགས་པའི་ཕྱག་གི་འཐིལ་བརྐྱང་སྟེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ་པད་མའི་བླ་མའི་འཇིག་རྟེན་གྱི་ཁམས་ནས་འདིར་འོང་བར ་མཁྱེན་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ། ནམ་འགྲོ་བ་དེ་ན་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱི་བྱིན་གྱི་བརླབས་ཀྱིས་པད་མ་བླ་མའི་འཇིག་རྟེན་གྱི་ཁམས་དེར་ཉིན་ཞག་བདུན་གྱིས ་བྱིན་ཏོ།། རྣམ་བཅོམ་ལྡན་འདས་ཀྱིས་ཕྱག་བརྐྱང་བའི་ཆེ། བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ་བ་བཅོམ་ལྡན་འདས་ཀྱི་སྤྱན་སྣར་འདུག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན ་འདས་ལ་སེམས་དང་ཞིང་། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཕྱོགས་བཅུའི་འཇིག་རྟེན་གྱི ་ཁམས་ཐམས་ཅད་མཆིས་ན། བཅོམ་ལྡན་འདས་བདག་གིས་རྫུ་འཕྲུལ་ཅིག་གིས་ནི་སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང་། རྫུ་འཕྲུལ་གཉིས་ཀྱིས་ནི། བཅོམ་ལྡན་འདས་བྱེ་བ ་སྟེང་མཐོང་སྟེ། གདུགས་བདུན་པ་ལ་པད་མ་བླ་མའི་འཇིག་རྟེན་གྱི་ཁམས་སུ་ཕྱིན་ནས་དེའི་བར་ནས། སངས་རྒྱས་ཀྱི་ཞིང་མི་འཁྲུག་པ་བྱེ་བ་བརྒྱ་སྟོང་དག་ཀྱང་མཐོང་སྟེ། བཅོམ ་ལྡན་འདས་དེ་ནས་གདོད་སངས་རྒྱས་བཅོམ་ལྡན་འདྲ་རྣམས་ཀྱི་རྫུ་འཕྲུལ་དང་། སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་གཉིས་དག་ན་དེ་བཞིན་གཤེགས་པ་ཆོས་སྟོན་པ་དང་། དེ་ཉིད ་ཀྱི་གདུགས་ལ་སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་བརྒྱ་བཅུ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་སྟོང་ཕྲག་བརྒྱ་བཅུ་འཇིག་རྟེན་དུ་འབྱུང་བ་མཐོང་སྟེ། དེ་ཞིནན ་གཤེགས་པ་དེ་དག་ཐམས་ཅད་ལ་ཕྱག་བགྱི་བར་སླར་མཆིས་སོ།། བཅོམ་ལྡན་འདས་དེ་ཉིད་ཀྱི་གདུགས་ལ་སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་སུམ་བཅུ་རྩ་དགུ་འདས་ནས། སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག ་སུམ་བཅུ་རྩ་དགུ་པོ་དེ་དག་ཐམས་ཅད་ན་ཡང་། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་སུམ་བཅུ་རྩ་དགུ་སྟེ། དེ་ཉིད་ཀྱི་གདུགས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན ་པར་རྫོགས་པར་སངས་རྒྱས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ལན་གསུམ་བསྐོར་བ་བགྱིས་པ་དང་། རྫུ་འཕྲུལ་གྱིས་མི་འདའ་བར ་གྱུར་ཏོ།། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུ་དྲུག་རྣམས་སུ་ཡང་། སངས་རྒྱས་བཅོམ་ལྡན་འདས་དག་མཐོང་སྟེ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་དེ་དག་དང་། ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བདག་གིས། ཕྱག་བགྱིས་ནས། བདག་ཐལ་འབྱུང་མཆིས་སོ།། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་གཞན་བྱེ་བ་བརྒྱ་དག་ན་ཡང་དེ་བཞིན ་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་པ་རྣམས་མཐོང་སྟེ། བདག་གིས་དེ་བཞིན་གཤེགས་པ་དེ་དག་ལ་ཡང་ཕྱག་བགྱིས་ནས་ཐལ་བྱུང་མཆིས་སོ།། བཅོམ་ལྡན་འདས་གཞན ་ཡང་བདག་གིས་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་དགུ་བཅུ་རྩ་ལྔ་དག་ན། དམ་པའི་ཆོས་ནུབ་པ་མཐོང་ནས། བཅོམ་ལྡན་འདས་དེ་ལ་བདག་བསམ་པ་སྐྱེས་པ་དང་། མཆི་མ་ཤོར་ཏོ།། གཞན་ཡང་ལྷ་དང་། ་ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འདོད་པའི་གཟུགས་ཅན་མང་པོ་དག་ངུ་ཞིང་མྱ་ངན་གྱི་ཟུག་རྔུ་ཆེན་པོས་ཟུག་པ་ཡང་མཐོང་སྟེ། དེ་བཞིན་དུ་བཅོམ་ལྡན་འདས་གཞན་ཡང་སངས་རྒྱས་ཀྱི་ཞིང་རྒྱ་མཚོ ་དང་བཅས་པ། རི་རབ་དང་བཅས་པ། ས་ཕྱོགས་དང་བཅས་པ། མ་ལུས་པ་ཐམས་ཅད་ཚིག་པ་དེ་ལ་ཡང་ཕྱག་བགྱིས་ནས། རེག་ཟག་ཆད་པར་གྱུར་ཏེ་མཆིས་སོ།། བཅོམ་ལྡན་འདས་བདག་པད་མ་བླ་མའི ་འཇིག་རྟེན་གྱི་ཁམས་སུ་མ་བྱིན་གྱི་བར་དེར། བཅོམ་ལྡན་འདས་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་ཕྲག་ལྔ་ཨེ་ཕྱོགས་ན་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་དང་། བྱང་ཕྱོགས་ན་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་དང་། ཤར་ཕྱོགས ་ན་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་དང་། ནུབ་ཕྱོགས་ན་ཁྲི་བ་ཤམས་པ་བྱེ་བ་བརྒྱ་སྟོང་དང་། སྟེང་གི་ཕྱོགས་ན་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་མཐོང་སྟེ། བཅོམ་ལྡན་འདས་ཁྲི་བཤམས་པ་དེ་དག ་ཀྱང་རིན་པོ་ཆེ་སྣ་བདུན་ལས་བགྱིས་པ་ཤ་སྟག་སྟེ། ཁྲི་དེ་དག་ཐམས་ཅད་ལ་ཡང་དེ་བཞིན་གཤེགས་པ་བཞུགས་ཤིང་ཆོས་སྟོན་ཏེ། བཅོམ་ལྡན་འདས་དེ་ལ་ངོ་མཚར་དུ་གྱུར་ནས་དེ་བཞིན ་གཤེགས་པ་དེ་དག་ལ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་འདི་མིང་ཅི་ཞེ་ཞུས་པ་དང་། དེ་བཞིན་གཤེགས་པ་དེ་དག་གིས་བཀའ་བསྩལ་པ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁས ་འདི་ནི་པད་མ་བླ་མ་ཞེས་བྱའོ།། བཅོམ་ལྡན་འདས་དེ་ནས་བདག་གིས་དེ་བཞིན་གཤེགས་པ་དེ་དག་ལ་བསྐོར་བ་བགྱིས་ནས། སངས་རྒྱས་ཀྱི་ཞིང་འདིའི་དེ་བཞིན་གཤེགས་པའི་མཚན་ཅི་ཞེས་ཞུས་པ་དང་། ་དེ་དག་གིས་བཀའ་བསྩལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་སྙིང་པོ་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཞིང་འདི་ན་སངས་རྒྱས་ཀྱི་ཞིང་འདི་ན་སངས ་རྒྱས་ཀྱི་བྱ་བ་བྱེད་དོ།། དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་བྱེ་བ་བརྒྱ་སྟོང་མང་པོ་ཞིག་ཀྱང་གདའ་ན། པད་མའི་སྙིང་པོ་ཞེས་བགྱི་བ་དེའི་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་མ་འཚལ་ན་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་པད་མའི་སྙིང་པོ་ཞེས་བྱ་བ་དེ། ངས་ཁྱོད་ལ་བསྟན་ཏོ།། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སྐུ་ནི་མི་གདའ་བར་གྱུར་གྱི། བྱང་ཆུབ་སེམས་དཔའི་གཟུགས་ཤེ་དག་ཏུ་གདའ་སྟེ། དེ་བཞིན་གཤེགས ་པ་གཅིག་པུ་ཞིག་གདའ་ནས། བདག་གིས་དེ་བཞིན་གཤེགས་པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། དེར་མཆིས་པ་དང་། ཁྲི་ཡང་བྱུང་ད་བར་གྱུར་ནས། ཁྲི་དེ་ལ་མཆིས་པ་དང་། བཅོམ ་ལྡན་འདས་དེའི་ཁྲི་དུ་མ་ཞིག་བྱུང་ནས། ཁྲི་དེ་དག་ལ་སུ་ཡང་མཆི་བར་མ་མཐོང་ནས། བདག་གིས་དེ་བཞིན་གཤེགས་པ་དེ་ལ། བཅོམ་ལྡན་འདས་ཁྲི་འདི་དག་ལ་སེམས་ཅན་འགའ་ཡང ་མཆིས་པར་མ་མཐོང་ངོ་།། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་ཁྲི་འདི་དག་ལ་འདུག་པའི་མཐུ་མེད་དོ།། གསོལ་པ་བཅོམ་ལྡན ་འདས་དགེ་བའི་རྩ་བ་ཅི་ཞིག་བསྐྲུན་ན། ཁྲོ་དག་ལ་མཆིས་པར་འགྱུར། བཅོམ་ལྡན་འདས་ངེས་བཀའ་བསྩལ་པ། རིགས་ཀྱི་བུ་ཉོན་ཅིག། སེམས་ཅན་གང་དག་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས ་ཐོས་པ་དེ་དག་དགེ་བའི་རྩ་བ་དེས་ཁྲ་དེ་དག་ལ་འདུག་པར་འགྱུར་ཏེ། གང་དག་ཡི་གེར་འབྲི་བ་དང་། ཀློག་པ་ལྟ་ཅི་སྨོས། ཀུན་དུ་དཔའ་བ་ཁྱོད་ཀྱིས་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་པས། ཁྱོད་ཁྲི་འདི་ལ་འདུག ་པར་གྱུར་གྱི། དེ་ལྟ་མ་ཡིན་ན། ཁྱོད་སངས་རྒྱས་ཀྱི་ཞིང་འདིའི་ནང་དུ་ཆུད་པར་གྲལ་འགྱུར། བཅོམ་ལྡན་འདས་དེས་དེ་སྐད་ཅེས་བཀའ་བསྩལ་པ་དང་། བཅོམ་ལྡན་འདས་ལ་བདག་གིས་འདི་སྐད་ཅེས ་གསོལ་ཏོ། བཅོམ་ལྡན་འདས་གང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ། བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཞིག་བསྐྱེད་པར་འགྱུར། དེ་ནས་བཅོམ་ལྡན་འདས་པད་མའི་སྙིང་པོ་དེ་བཞིན ་གཤེགས་པ་འཛུམ་པ་མཛད་པ་དང་། བཅོམ་ལྡན་འདས་དེ་ཅིའི་སླད་དུ་འཛུམ་པ་མཛད་པ། བདག་གིས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་རྒྱུ་གང་དང་། ཅི་ཞིག ་གི་སྲད་དུ་དེ་བཞིན་གཤེགས་པ་འཛུམ་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ་མཐུ་ཆེན་པོ་ཐོབ་པ་ཉོན ་ཅིག། འདི་ལྟ་སྟེ་དཔེར་ན། ལ་ལ་ཞིག་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ། དེས་གླིང་བཞིའི་ཞིང་རྣམས་ལ་ཏིལ་བཏབ་ན། ཀུན་དུ་དཔའ་བ་འདི་ཇི་སྙམ་དུ་སེམས་དེའི་ས་བོན ་མང་དུ་སྐྱེ་བ་ཡིན་ནམ། ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ།། བདེ་བར་གཤེགས་པ་མང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀུན་དུ་དཔའ་བ་དེ་ལས ་སེམས་ཅན་ལ་ལ་ཞིག་གིས་ཏིལ་གྱི་འབྲུ་དེ་དག་ཕུང་པོ་གཅིག་ཏུ་བྱས་ལ། མི་གཞན་ཞིག་གིས། ཏིལ་འབྲུའི་ཕུང་པོ་དེ་ལས་ཏིལ་གྱི་འབྲུ་རེ་རེ་ནས་བླངས་ཏེ་ཕྱོགས་གཞན་དུ་འཇོག་ན། ཀུན ་དུ་དཔའ་བ་འདི་སྙམ་དུ་སེམས་སེམས་ཅན་དེས་ཏིལ་འབྲུ་དེ་དག་བགྲང་བའི་དཔེ་བྱ་ནུས་སམ། བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ།། བདེ་བར་གཤེགས ་པ་དྲི་མ་ལགས་སོ།། ཏིལ་གྱི་འབྲུ་དེ་དགྲ་བགྲང་བ་འམ། དཔེའ་བགྱི་བར་རྔོ་མི་ཐོག་གོ། ཀུན་དུ་དཔའ་བ་དེ་བཞིན་དུ་ཟུང་གི་ཆོས་ཀྱི་རྣམ་གྲངས་ཀྱི་བསོད་ནམས་ཀྱི་ཕུང་པོ། དེ་བཞིན ་གཤེགས་པ་མ་གཏོགས་པར་གཞན་གྱི་དཔེའ་བྱ་བར། མི་ནུས་སོ།། ཀུན་དུ་དཔའ་བ་འདི་ལྟ་སྟེ་དཔེར་ན། ཏིལ་གྱི་འབྲུ་དེ་དག་ཇི་སྙེད་ཀྱི།། དེ་བཞིན་གཤེགས་པར་གྱུར་ལ། དེ་དག་ཐམས ་ཅད་ཀྱིས་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་པའི་དགེ་བའི་རྩ་བའི་བསོད་ནམས་ཡོངས་སུ་བརྗོད་ཀྱང་། དཔེས་ཀྱང་བསོད་ནམས་ཟད་པར་མི་འགྱུར་ན། གང་ཡི་གེར་འབྲི་བ་དང་། ཀློག་པ་དང་། ་འབྲིར་འཇུག་པ་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་ཡི་གེར་འབྲི་བས་བསོད་ནམས་ཇི་ཙམ་ཞིག་བསྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་བསྔལ ་པ། རིགས་ཀྱི་ཉོན་ཅིག། གང་སྟེང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྩ་འམ་ཤིང་དེ་དག་ཐམས་ཅད་སོར་ཅིག་ཙམ་དུ་གཏུབས་པ་དང་། ཀུན་དུ་དཔའ་བ་དཔེར་བྱ་བ་གཉིས་ཀྱང་ཉོན་ཅིག། སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡོའམ། གཡངས་འམ་ས་འམ་རྡུལ་ཕྲ་རབ་ཇི་སྙེད་པ་དེ་དག་ཐམས་ཅད་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས། དེ་དག་གི་བསོད ་ནམས་དེ་དཔེར་བྱར་ནུས་སམ། ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ།། གཞན་དུ་ན་དེ་བཞིན་གཤེགས་པ་ནི་མ་གཏོགས་སོ།། ཀུན་དུ་དཔའ་བ་དེ་བཞིན་དུ་ཟུང་གི་མདོའི་ཆོས ་ཀྱི་རྣམ་གྲངས་ཡི་གེར་འབྲི་བའི་བསོད་ནམས་ཀྱི་ཕུང་པོ་ཡང་དཔའ་བྱ་བར་མི་ནུས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་སྙེད་པ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་བས་ནི་གང་ཆོས་ཀྱི་རྣམ་གྲངས ་འདི་ལ། ཐ་ན་ཡི་གེར་འབྲུ་གཅིག་ཙམ་བྲིས་ཏེ། འཇོག་པ་དེ་བསོད་ནམས་རབ་ཏུ་མང་གི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དག་ནི་དེ། ལྷ་མ་ཡིན་ནོ།། ཀུན་དུ་དཔའ་བ་དེ་བཞིན་དུ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོའི་དམ་པའི་ཆོས་འཛིན་ཅིང་སྒྲུབ་པ་ལ་གནས་པའི་བསོད་ནམས་དེ་ལ་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཟིལ་གྱིས་གནོན་མི་ནུས་སོ།། དེ ་བཞིན་དུ་ཟུང་གི་ཆོས་ཀྱི་རྣམ་གྲངས་ཡི་གེར་འབྲི་བ་དེའི་བསོད་ནམས་ཀྱི་ཕུང་པོ་དེ་ལ་ཡང་དཔེར་བྱ་མི་ནུས་སོ།། ཀུན་དུ་དཔའ་བཟུང་གི་མདྲོ་འདི་ནི་བསོད་ནམས་ཀྱི་གཏེར་སྟོན་པའོ།། དེ་ནི་ཉོན་མོངས་པ་ཐམས ་ཅད་ཞི་བར་བྱེད་པའོ།། ཆོས་ཐམས་ཅད་ཀྱི་སྒྲོན་མ་འབར་བར་བྱེད་པའོ།། བདུད་སྡིག་ཅན་ཐམས་ཅད་ཕམ་པར་བྱེད་པའོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས་རྣམས་འབར་བར་བྱེད་པའོ།། ཆོས ་ཐམས་ཅད་མངོན་པར་བསྒྲུབ་པ་མངོན་པར་བསྒྲུབ་པའོ།། དེ་སྐད་ཅེས་བཀའ་བསྔལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བས་འདི ་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལ་ཚངས་པར་སྤྱོད་པ་ནི་རབ་ཏུ་དཀའ་བ་སྤྱོད་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྱོད་པ་ནི་དཀོན་པ་ལག་ཏེ། དེ་བཞིན་དུ་ཚངས ་པར་སྤྱོད་པ་ཡང་དཀོན་པ་ལག་སོ།། གང་གི་ཚེ་ཚངས་པར་སྤྱོད་པ་སྤྱོད་པ་དེའི་ཚེ། དེ་བཞིན་གཤེགས་པ་མངོན་དུ་མཐོང་བར་འགྱུར་ཏེ། ཉིན་མཚན་དུ་དེ་བཞིན་གཤེགས་པ་མཐོང་བར་འགྱུརརོ།། གང་གི་ཚེ་དེ ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་ཞིང་ཉིན་མཚན།། དུ་དེ་བཞིན་གཤེགས་པ་ལ་ལྟ་བར་འགྱུར་བ་དེ་ནི་སངས་རྒྱས་ཀྱི་ཞིང་མཐོང་ངོ་།། ནམ། སངས་རྒྱས་ཀྱི་ཞིང་མཐོང་བ་དེ་ན་གཏེར་ཐམས་ཅད ་མཐོང་ངོ་།། དེ་འགུམ་པའི་དུས་ཀྱི་ཚེ། སྐྲག་པ་སྐྱེ་བར་མི་འགྱུར། ནམ་དུ་ཡང་མའི་མངལ་དུ་སྐྱེ་བར་མི་འགྱུར་དེ་ནམ་དུ་ཡང་མྱ་ངན་ཅན་དུ་མི་འགྱུར། སྲེད་པའི་ཞགས་པས་བཅིངས་པར་མི་འགྱུར་རོ།། དེ་སྐད ་ཅེས་གསོལ་པ་དང་། བཅོམ་ལྡན་འད་ཀྱིས་བྱང་ཆུབ་སེཾས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།། ཀུན་དུ་དཔའ་བ་དེ་བཞིན་གཤེགས་པ་རྣས་འབྱུང་བ་ནི་རྙེད་པར་དཀའོ།། ་གསོལ་པ་བཅོམ་ལྡན་འདྲ་རྙེད་པར་བཀའ་ལག་སོ།། བདེ་བར་གཤེགས་པ་རྙེད་པར་དཀའ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀུན་དུ་དཔའ་བ་དེ་བཞིན་དུ་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཡང་རྙེད་པར ་དཀའོ།། ཀུན་དུ་དཔའ་བ་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་གང་གི་རྣ་ལམ་དུ་གྲག་པར་འགྱུར་བ་དེ། བསྐལ་པ་བཅུའི་བར་དུ་ཚེ་རབས་དྲན་པར་འགྱུར་རོ།། བསྐལ་པ་དྲུག་ཁྲིའི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཐོབ ་པར་འགྱུར་རོ།། བསྐལ་པ་བརྒྱ་སྟོང་གི་བར་དུ་བརྒྱ་བྱིན་ཐོབ་པར་འགྱུར་རོ།། བསྐལ་པ་ཉི་ཁྲིའི་བར་དུ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་དང་བསྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ།། བསྐལ་པ་སུམ་ཁྲིའི་བརྒྱད ་སྟོང་གི་བར་དུ་ཚངས་པ་ཆེན་པོར་འགྱུར་རོ།། བསྐལ་པ་དགུ་ཁྲི་དགུ་སྟོང་གིས་བར་དུ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ།། བསྐལ་པ་འབུམ་གྱི་བར་དུ་ཡི་དགས་རྣཾས་ཀྱི་ནང་དུ་སྐྱེ་བར་མི་འགྱུརརོ།། བསྐལ་པ ་ཉི་ཁྲི་བརྒྱད་སྟོང་གི་བར་དུ་དུད་འགྲོ་རྣཾས་ཀྱི་ནང་དུ་སྐྱེ་བར་མི་འགྱུར་རོ།། བསྐལ་པ་ཁྲི་སུམ་སྟོང་གི་བར་དུ་ལྷ་ཡིན་གྱི་རིས་སུ་སྐྱེ་བཱ་མི་འགྱུར། མཚོན་གྱིས་འཆི་བཱི་དུས་བྱེད་པཱ་མི་འགྱུ་རོ།། བསྐལ་པ ་ཉི་ཁྲི་ལྔ་སྟོང་གི་བར་དུ་ཤྭེ་ར་བ་འཆལ་པར་མི་འགྱུ་རོ།། བསྐལ་པ་བདུན་སྟོང་གི་བར་དུ་ཤྭེ་རབ་སྤྱོད་པར་འགྱུ་རོ།། བསྐལ་པ་དགུ་སྟོང་གི་བར་དུ་མཛེས་ཤིང་ལྟ་ན་སྡུག་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་གཟུགས ་ཀྱི་སྐུ་ཡོངསུ་འགྲུབ་པ་ཇི་ལྟ་བ་དེ་བཞིན་དུ་འགྱུ་རོ།། བསྐལ་པ་ཁྲི་ལྔ་སྟོང་གི་བར་དུ་བུད་མེད་དུ་སྐྱེ་བར་མི་འགྱུརོ།། བསྐལ་པ་ཁྲི་དྲུག་སྟོང་གི་བར་དུ་ལུས་ལ་ནད་ཀྱིས་བཏབ་པ་མི་འགྱུརརོ།། བསྐལ་པ་སུཾ་ཁྲི་ལྔ་སྟོང་གི་ཧཱ ་དུ་ལྷ་མིག་ཅན་དུ་འགྱུར་རོ།། བསྐལ་པ་ཁྲི་དགུ་སྟོང་གི་བར་དུ་ཀླུའི་སྐྱེ་གནས་རྣཾས་སུ་སྐྱེ་བར་མི་འགྱུརརོ།། བསྐལ་པ་དྲུག་ཁྲིའི་བར་དུ་ཁྲོ་བཱི་ཟིལ་གྱི་ནོན་པཱ་མི་འགྱུ་རོ།། བསྐལ་པ་བདུན་སྟོང་གི་བར་དུ་དབུལ་པོའི་ཁྱིམ་དུ་སྐྱེ ་བ། མི་འགྱུར་རོ།། བསྐལ་པ་བརྒྱད་ཁྲིའི་བར་དུ་གླིང་གཉིས་པ་ལ་སྤྱོད་པར་འགྱུར་རོ།། ནམ་དབུལ་པོར་འགྱུར་བ་དེ་ན་ཡང་། འདི་འདྲ་བའི་བདེ་བ་རབ་ཏུ་འཐོབ་སྟེ། བསལ་པ་ཁྲི་ཉིས་སྐྱོང་གི་བར ་དུ་དམུས་ལོང་གི་སྐྱེ་གནས་སུ་སྐྱེ་བར་མི་འགྱུར་རོ།། བསྐལ་པ་ཁྲི་སུམ་སྟོང་གི་བར་དུ་ངན་སོར་རྣམས་ཀྱི་ནང་དུ་སྐྱེ་བར་མི་འགྱུར་རོ།། བསྐལ་པ་ཁྲི་ཆིག་སྟོང་གི་བར་དུ་བཟོད་པ་སྨྲ་བར་འགྱུར་རོ།། འཆི་བའི་དུས ་ཀྱི་ཚེ་ཡང་རྣམ་པར་ཤེས་པ་ཐ་མར་འགགས་པར་འགྱུར་བ་ན། འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ།། འཁྲོ་བའི་ཟིལ་གྱིས་ནོན་པར་མི་འགྱུར་རོ།། དེས་ཤར་ཕྱོགས་སུ་སངས་རྒྱས་བཅོམ ་ལྡན་འདས་གང་གའི་ཀླུང་བཅུ་གཉིས་ཀྱི་བྱེ་སྙེད་མཐོང་བར་འགྱུར་རོ།། ལྷོ་ཕྱོགས་སུ་སངས་རྒྱས་བྱེ་བ་ཉི་ཤུ་མངོན་སུམ་དུ་མཐོང་། པར་འགྱུར་རོ།། ནུབ་ཕྱོགས་སུ་སངས་རྒྱས་བཅོམ ་ལྡན་འདས་གང་གའི་ཀླུང་ཉི་ཤུ་རྩ་ལྔའི་བྱེ་མ་སྙེད་མཐོང་བར་འགྱུར་རོ།། བྱང་ཕྱོགས་སུ་སངས་རྒྱས་གང་གི་ཀླུང་བརྒྱད་བཅུའི་བྱེ་མ་སྙེད་མངོན་སུམ་དུ་མཐོང་བར་འགྱུར་རོ།། སྟེང་གི་ཕྱོགས ་སུ་སངས་རྒྱས་བཅོམ་ལྡན་འདས་གང་གའི་ཀླུང་ཕྲག་དགུ་བཅུ་མངོན་སུམ་དུ་མཐོང་བར་འགྱུར་རོ།། འོག་གི་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་གང་གའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་མངོན་དུ་མཐོང་བར ་འགྱུར་ཏེ། དེ་དག་ཐམས་ཅད་ཀྱིས་ཀྱང་རིགས་ཀྱི་དེ་ལ། རིགས་ཀྱི་བུ་ཁྱོད་ཀྱིས་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་པས། ཚེ་གཞན་དུ་ཡོན་ཏན་དང་། ཕན་ཡོན་དང་། བདེ་བ་འདི་སྙེད་དུ་འགྱུར་གྱིས་མ་འཇིགས ་ཤིག་ཅེས་དབུགས་འབྱིན་ཏོ།། ཀྱེ་རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་གང་གའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་འདི་དག་མཐོང་ངམ། གསོལ་པ་བཅོམ་ལྡན་འདས ་མཐོང་ལགས་སོ།། བདེ་བར་གཤེགས་པ་མཐོང་ལགས་སོ།། བཀའ་བསྩལ་པ་ཀྱེ་རིགས་ཀྱི་བུ་དེ་བཞིན་གཤེགས་པ་དེ་དག་ཁྱེད་ལ་གཟིགས་སུ་བྱོན་ཏོ།། གསོལ་པ་བདག་གིས་དགེ་བའི་ལས་ཅི་ཞིག་བགྱིས ་ན། དེ་བཞིན་གཤེགས་པ་མང་པོ་ཞིག། བདག་ག་ལ་མཆིས་པར་བྱོན། བཀའ་བསྩལ་པ་རིགས་ཀྱི་བུ་ཉོན་ཅིག། ཁྱོད་ཀྱིས་མིའི་ལུས་ཐོབ་སྟེ་ཟུང་གི་ཆོས་ཀྱི་རྣམ་གྲངས་རྣ་ལམ་དུ་ཐོས་པས། ་དེའི་ཕྱིར་ཁྱོད་ཀྱིས་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་སྐྱེས་སོ།། གསོལ་པ་བཅོམ་ལྡན་འདས་བདག་གི་བསོད་ནམས་ཀྱི་ཕུང་པོ། ཡང་དེ་སྙེད་དུ་གྱུར་ན། གང་མཐའ་དག་ཆུབ་པར ་ཐོས་པ་ལ་སྨོས་ཀྱང་ཅི་འཚལ། བཀའ་བསྔལ་པ་ཁ་རོག་ཁ་རོག་ཀྱེ་རིགས་ཀྱི་བུ་ཚིག་བཞི་པའི་ཚིགས་སུ་བཅད་པའི་ཕུང་པོ་རྣམས་བརྗོད་པ་ཉོན་ཅིག། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གའི་ཀླུང་བཅུ་གསུམ་གྱི་བྱེ་མ་སྙེད་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་བས་ཀྱང་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ ་བསྐྱེད་དོ།། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གའི་ཀླུང་བཅུ་གསུམ་གྱི་བྱེ་མ་སྙེད་དག་ལ་མཆོད་པ་བས་ནི་གང་གིས་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི ་ལས། ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཐོས་པ་དེ་ཡང་། བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་སྐྱེ་བར་འགྱུར་ན། གང་མཐའ་དག་ཏུ་ཆུབ་པར་ཐོབ་པར་ལྟ་ཅི་སྨོས། རིགས ་ཀྱི་བུ་གང་གིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་མཐའ་དག་ཆུབ་པར་ཐོས་པར་འགྱུར་བ་ཉོན་ཅིག། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཏིལ་བཏབ་པའི་ཏིལ ་གྱི་འབྲུ་ཇི་སྙེད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ལ། དེ་ནས་སྐྱེས་བུ་ཕྱུག་ཅིང་ནོར་མང་ལ། ལོངས་སྤྱོད་ཆེ་བ་དང་ལྡན་པ་འགའ་ཞིག་ཡོད་དེ། དེ་ནས་སྐྱེས་བུ་དེས་འཁོར་ལོས ་སྦྱར་བའི་རྒྱལ་པོ་དེ་དག་ལ་སྦྱིན་པ་བྱིན་པ་བས་ནི།། གང་གིས་རྒྱུན་དུ་ཞུགས་པ་གཅིག་ལ་སྦྱིན་པ་བྱིན་ན། དེ་ནས་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་བསྐྱེད་དོ།། སྟོང་གསུམ ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་སེམས་ཅན་དེ་དག་ཐམས་ཅད་རྒྱུན་དུ་ཞུགས་པར་འགྱུར་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་ནི། གང ་གིས་ལན་ཅིག་ཕྱིར་འོང་བ་གཅིག་ཕྱིར་འོང་བ་གཅིག་ལ་སྦྱིན་པ་བྱིན་ན། བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་བསྐྱེད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན ་དེ་དག་ཐམས་ཅད་ལན་ཅིག་ཕྱིར་འོང་བར་གྱུར་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་ནི།། གང་གིས་ཕྱིར་མི་འོང་བ་གཅིག་ལ་སྦྱིན་པ་བྱིན་ན། དེའི་བསོད ་ནམས་ཀྱི་ཕུང་པོ་དེ་བས་བཆེས་མང་དུ་བསྐྱེད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཕྱིར་མི་འོང་བར་གྱུར་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན ་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་ནི། གང་གིས་དགྲ་བཅོམ་པ་གཅིག་ལ་སྦྱིན་པ་བྱིན་ན། དེ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་བསྐྱེད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས ་ཀྱི་སེམས་ཅན་དེ་དག་ཐམས་ཅད་དགྲ་བཅོམ་པར་གྱུར་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས། གང་གིས་རང་སངས་རྒྱས་གཅིག་ལ་སྦྱིན ་པ་བྱིན་ན། དེ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་བསྐྱེད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི།། སེམས་ཅན་དེ་དག་ཐམས་ཅད་རང་སངས་རྒྱས་སུ ་གྱུར་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་ནི། གང་གིས་བྱང་ཆུབ་སེམས་དཔའ་གཅིག་ལ་སྦྱིན་པ་བྱིན་ན། དེ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས ་ཆེས་མང་དུ་བསྐྱེད་དོ།། སྐྱོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔར་གྱུར་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས ་ཀྱི་ཕུང་པོ་བས་ནི། གང་དེ་བཞིན་གཤེགས་པ་གཅིག་ལ་སེམས་དང་བར་བྱེད་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པས་ཡོངས་སུ་གང་ལ། གང་སེམས ་དང་བར་བྱེད་པ་དང་། གང་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་འགྱུར་བ་དེ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་བསྐྱེད་ན། ཀུན་དུ་དཔའ་བ་གང་ཆོས་ཀྱི་རྣམ་གྲངས ་འདི་ཡི་གེར་འབྲི་བ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་ལྟ་ཅི་སྨོས། ཀུན་དུ་དཔའ་བ་ཆོས་ཀྱི་རྣམ་གྲངས་འདི་ལ་སེམས་དང་པས་ཕྱག་འཚལ་བ་ལྟ་ཅི་སྨོས་ཀྱང་ཅི་དགོས། ཀུན་དུ ་དཔའ་བ་འདི་ཇི་སྙམ་དུ་སེམས། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་འདི་ཐོས་པར་ནུས་སམ། གང་དེ་དག་ཐོས་པར་འགྱུར་ཡང་དད་པར་སྐྱེ་བར་མི་འགྱུར་རོ།། ཀུན་དུ་དཔའ་བ་ཉོན་ཅིག། བྱིས ་པ་སོ་སོའི་སྐྱེ་བོའི་སེམས་ཅན་རྣམས་ལས་གང་དག་རྒྱ་མཚོ་ཆེན་པོའི་ཏིང་རྙེད་པར་ནུས་པ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་མ་མཆིས་སོ།། བཀའ་བསྩལ་པ། ་ཀུན་དུ་དཔའ་བ་གང་ལག་འཐིལ་གཅིག་གིས་རྒྱ་མཚོ་ཟད་པར་བྱེད་པའི་སེམས་ཅན་འགའ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་མ་ལགས་སོ།། བདེ་བར་གཤེགས ་པ་དེ་མ་མཆི་སོ།། བཀའ་བསྔལ་པ། ཀུན་དུ་དཔའ་བ་ཇི་ལྟར་བརྒྱ་མཚོ་ཆེན་པོ་སྐྱེམས་ནུས་པའི་སེམས་ཅན་འགའ་ཡང་མེད་པ་དེ་བཞིན་དུ་དཔའ་བ། དམན་པ་ལ་མོས་པའི་སེམས་ཅན་གང་གིས ་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ཉན་མི་ནུས་སོ།། ཀུན་དུ་དཔའ་བ་གང་དག་གིས་དེ་བཞིན་གཤེགས་པ་བྱེ་བ་ཕྲག་གང་གའི་ཀླུང་བརྒྱད་བཅུའི་བྱེ་མ་སྙེད་མ་མཐོང་བ་དེ་དག་གིས་ནི། ཟུང་གི་ཆོས ་ཀྱི་རྣམ་གྲངས་འདི་ཡི་གེར་འབྲི་མི་ནུས་སོ།། གང་དག་དེ་བཞིན་གཤེགས་པ་གང་གའི་ཀླུང་དགུ་བཅུའི་བྱེ་མ་སྙེད་མ་མཐོང་བས། དེ་དག་གིས་ནི་ཆོས་ཀྱི་རྣམ་གྲངས་འདི་ཉན་མི་ནུས་སོ།། གང་དག ་གིས་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མ་མཐོང་བ་དེ་དག་གིས་ནི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་སྤོང་བར་འགྱུར་རོ།། ཀུན་དུ་དཔའ་བ་གང་དག་དེ་བཞིན་གཤེགས་པ་བྱེ་བ་བརྒྱ་ཕྲག ་གང་གའི་ཀླུང་གི་བྱེ་མ་སྙེད་མཐོང་བ་དེ་དག་གིས་ནི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན་སེམས་དང་བ་བསྐྱེད་པར་འགྱུར་རོ།། དགའ་བར་འགྱུར་རོ།། ཡང་དག ་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་འགྱུར་ཏེ།། ། དེ་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་དད་ཅིང་མི་སྤོང་བར་འགྱུར་རོ།། ཀུན།། དུ་དཔའ་བ་ཉོན་ཅིག། གང་གི་ཟུང་གི་མདོ ་འདི་ལས། ཚིག་བཞིའི་ཚིགས་སུ་བཅད་པ་གཅིག། ཙམ་ཡི་གེར་འབྲི་བ་དེ་དག་ནི་འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩེ་ལྔ་ལས་འདས་ནས། དེ་དག་གི་སངས་རྒྱས ་ཀྱི་ཞིང་ནི་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཇི་ལྟ་བ་དེ་བཞིན་དུ་འགྱུར་རོ།། ཀུན་དུ་དཔའ་བ་སེམས་ཅན་དེ་དག་གི་ཚེའི་ཚད་ནི་བསྐལ་པ་བརྒྱད་ཁྲི་བཞི་སྟོང་ཐུབ་པར་འགྱུར་རོ།། ཀུན་དུ ་དཔའ་བ་ཉོན་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞིའི་ཚིགས་སུ་བཅད་པ་ཙམ་ཐོས་པ་དེ་དག་ནི། ཀུན་དུ། ་དཔའ་བ་འདི་ལྟ་སྟེ་དཔེར་ན། སེམས་ཅན་གང་ལ་ལས་མཚམས་མེད་པ་ལྔའི་ལས་བྱས་སམ། བྱེད་དུ་བཅུག་གམ་བྱེད་པ་ལ་རྗེས་སུ་ཡི་རང་བ་དེ་ཡང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི ་ལས་ཚིགས་བཞི་པའི་ཚིགས་སུ་བཅད་པ་ཙམ་ཉན་ན། དེའི་མཚམས་མེད་པ་ལྔའི་ལས་དུ། དེ་དག་ཀྱང་བྱང་བར་འགྱུར་བ་ཡིན་ནོ།། །། འཕགས་པ་ཟུང ་གྲི་མདོ། བམ་པོ།། ། ཀུན་དུ་དཔའ་བ་ཉོན་ཅིག་དང་། ཡོན་ཏན་གཞན་ཡང་བཤད་པར་བྱའོ།། འདི་ལྟ་སྟེ་དཔེར་ན། སེམས་ཅན་ལ་ལ ་ཞིག་མཆོད་རྟེན་བཤིག་པ་དང་། དགེ་འདུན་གྱི།། དབེན་བྱིས་པ་དང་། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་པས་གཡོ་བར་བྱེད་པ་དང་། སངས་རྒྱས ་ཀྱི་ཡེ་ཤེས་ཀྱི་བར་ཆད་བྱེད་པ་དང་། མའི་སྲོག་གཅོད་པའི་སེམས་ཅེན་དེ། ཕྱིས་འགྱོརཅིང་མྱ་ངན་བྱེད་ཏེ། ལུས་འདིས་བདག་ཕུང་ངོ་།། འཇིག་རྟེན་ཕ་རོལ་དུ་ཡང་ཕུང ་སྟེ། བདག་མ་རུང་ངོ་སྙམ་དུ་དེ་སེམས་དཔའ་ཆེན་པོ་བྱུང་བ་དང་། སྡུག་བསྔལ་གྱི་ཆོར་བ་མྱོང་ངོ་།། ཀུན་དུ་དཔའ་བ་སེམས་ཅན་དེ་ནི་སེམས་ཅན་ཐམས་ཅད་ཀྱིས་སྤང་བར ་འགྱུར་རོ།། སྨད་པར་འགྱུར་རོ།། སེམས་ཅན་དེ་ནི་ཚིག་པ་མ་རུང་བར་གྱུར་པ། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་ཀྱང་མ་རུང་བར་བྱས་པ་ཡིན་ཏེ། ཇི་ལྟར་སྡོང་དུམ་ཚིག་པ་བཞིན ་དུ་མི་དེ་ཡང་བསྐལ་པ། དུ་མའི་བར་དུ་དེ་བཞིན་དུ་འགྱུར་རོ།། ཇི་ལྟར་ཁྱིམ་ལེགས་པར་བྲིས་པའི་བཀའ་གདུང་ཚིག་ན་མི་མཛེས་པ་ལྟར་མིའང་དེ་ལྟར་འགྱུར་རོ།། འཇིག་རྟེན་འདི་ན་ཡང་མི་མཛེས་སོ།། གང ་དང་གང་དུ་འགྲོ་བ་དེ་དང་དེ་དག་ཏུ་ཡང་སེམས་ཅན་རྣམས་ཀྱིས་སྤྲོ་ཞིང་བརྡེག་པ་དང་། བཀྲེས་པ་དང་སྐོམ་པས་ཉན་ཅིང་ཅུང་ཟད་ཀྱང་མི་རྙེད་པར་འགྱུར་རོ།། དེའི་ཕྱིར་སྡུག་བསྔལ་གྱི་ཚོར་བ་མྱོང་སྟེ། བཀྲེས ་ཤིང་སྐོམ་པའི་རྒྱུ་དང་སྤྲོས་པའི་རྒྱུས་མཆོད་རྟེན་བཤིགས་པ་དང་། མཚམས་མེད་པ་ལྔ་ལས་རྗེས་སུ་དྲན་ནས་དེའི་ཕྱིར་བདག་གང་དུ་འགྲོ་བར་འགྱུར། བདག་གི་སྐྱོབ་པ་ནི་སུ་ཡིན་སྙམ ་དུ་སྡུག་བསྔལ་ལ་སྐྱོ་བའི་སེམས་བསྐྱེད་དོ།། དེ་ཡང་། འདི་སྙམ་དུ་སེམས་སོ།། འདི་ན་ནི་བདག་གི་སྐྱོབ་པ་སུ་ཡང་མེད་ཀྱིས། བདག་རི། དང་རིའི་སུལ་དག་ཏུ་སོང་ལ་དེར་འཆི་བའི་དུས་བྱའོ།། ་སྙམ་མོ།། སྨྲས་པ་བདག་གིས་སྡིག་པའི་ལས་བྱས་པ། རྟག་ཏུ་སྡོང་དུམ་ཚིག་པ་བཞིན་འཇིག་རྟེན་འདི་ན་ཡང་མི་མཛེས་ལ། ཚེ་གཞན་ན་ཡང་མཛེས་མ་ཡིན། ཁྱིམ་གྱི་ནང་ན་ཡང ་མི་མཛེས་ལ། ཕྱི་རོལ་ན་ཡང་མཛེས་མ་ཡིན།། ཉེས་པའི་རྒྱུ་ནི་སྡིག་བྱས་ཏེ།། དེས་ནི་ངན་འགྲོར་འགྲོ་བར་འགྱུར།། ཚེ་གཞན་དུ་ཡང་སྡུག་བསྔལ་ན།། ངན་འགྲོ་འདིར་ནི་གང་དུ་གནས།། མཆི་མས ་ནངས་པར་རབ་དུ་ནས།། ལྷ་རྣམས་ཀྱིས་ཀྱང་ཚིག་ཐོས་སོ།། ཀྱེ་ཧུད་འཇིག་རྟེན་ཕ་རོལ་དུ།། ངན་འགྲོར་འགྲོ་བས་རེ་ཆད་དོ།། ལྷ་རྣམས་ཀྱིས་དེ་ལ་སྨྲས་པ། སྐྱེས་བུ་བླུན་པོ་དེ་སྙམ་དུ།། སྡུག ་བསྔལ་སེམས་དཔའ་ཐོང་ལ་ཐོང་།། པ་བསད་ཅིང་ནི་མ་བསད་དེ།། བདག་གིས་མཚམས་མེད་ལྔ་བྱས་པས།། བདག་ལ་སྐྱབས་མེད་དཔུང་གཉེན་མེད།། སྡུག་བསྔལ་ཚོར་བ་མྱོང་བར ་འགྱུར།། རིའི་རྩེ་མོར་སོང་ནས་སུ།། དེ་ནས་བདག་ལུས་དོར་བར་བྱ།། སྐྱེས་བུ་བླུན་པོ་མ་འགྲོ་ཤིག། གནོད་པར་བྱེད་པའི་སེམས་ཀྱིས་སུ།། ཁྱོད་ཀྱིས་སྡིག་པ་མང་བྱས་ཀྱིས།། སྡིག་པའི་ལས་ནི་མ ་བྱེད་ཅིག། གང་དག་བདག་ལ་གནོད་བྱེད་རྣམས། སྡུག་བསྔལ་སེམས་ཅན་དམྱལ་བར་འགྲོ།། མྱ་ངན་བྱེད་ཅིང་ངུ་བས་ན།། དེའི་ཕྱིར་ས་ལ་འགྱེལ་བར་འགྱུར། བརྩོན་འགྲུས་དེས་ནི ་སངས་རྒྱས་མི་འགྱུར་ཏེ།། བྱང་ཆུབ་སེམས་དཔར་འགྱུར་བ་ཡང་མ་ཡིན་ནོ།། ཉན་ཐོས་ཐར་པའི་ཐེག་པའང་མི་འཐོབ་ཀྱིས།། བརྩོན་འགྲུས་གཞན་གྱིས་རབ་ཏུ་འབད་པར་གྱིས ་དྲང་སྲོང་ག་ལ་ཡོད་པའི་རི་དེར་སོང་།། སོང་སྟེ་དྲང་སོང་ཆེ་བ་ཉིད་མཐོང་ནས།། དེ་ཡི་རྐཏ་ལ་མགོ་བོས་ཕྱག་འཚལ་ཏེ།། སེམས་ཅན་དམ་པཱ་བདག་ལ་སྐྱབས་མཛོད་ཅིག། བདག་ནི་འཇིག་རྟེན ་སྡུག་བསྔལ་རབ་ཏུ་གཟིར།། སེམས་ཅན་སྙིང་པོ་དྲང་སྲོང་ཚིག་གསོན་ཅིག། བཞུགས་ལ་སེམས་ཀྱི་སྐབས་ནི་དབྱེ་མཛོད་དེ།། སྐད་ཅིག་ཙམ་ཞིག་དགེ་པའི་ཆོས་ཀྱང་ཤོད།། འཇིགས་སྐྲག་སྦྲུལ་བསྔལ ་རབ་ཏུ་གཟིར་བས་ན།། དེ་ཕྱིར་སྐད་ཅིག་ཡུད་ཙམ་བཞུགས་སུ་གསོལ།། བདག་གིས་སྡིག་མང་གང་བགྱིས་བཤགས་པར་འཚལ།། དྲང་སྲོང་གིས་ནི་བདག་ལ་བཀའ་བསྩོལ་ཅིག། དྲང་སྲོང་གིས་སྨྲས ་པ། སྡུག་བསྔལ་དུ་ཞིང་མྱ་ངན་བྱེད་པས་གཟིར། ཁྱོད་ནི་བཀྲེས་ཤིང་སྐོམ་པས་ཉེན་པ་སྟེ། རེ་ཆང་སྲིད་པ་གསུམ་དུ་འགྲོ་བས་ན།། ཁ་ཟས་གང་དག་བྱིན་པ་དེ་དག་ཟོ།། ལུས་ནི་ཚིམ་པར་བྱ་བའི་ཕྱིར།། དྲང ་སྲོང་གིས་ནི་ཟས་བྱིན་ཏེ།། ཡིད་དུ་འོང་བའི་ཞིམ་ཟོས་ནས།། སེམས་ཅན་རབ་ཏུ་དགའ་བར་གྱུར།། སྡིག་པ་ཐམས་ཅད་བང་བྱེད་པའི།། ཆོས་ནི་ཁྱོད་ལ་ཕྱིས་བཤད་དོ།། དེའི་ཁ་ཟས་ཞིམ་པོ་དེ།། སྐད ་ཅིག་གཅིག་ལ་ཟོས་པར་གྱུར། ཟས་ཟོས་ནས་ཀྱང་ལག་བཀྲུས་ཏེ།། དྲང་སྲོང་ལ་ནི་བསྐོར་བྱས་ནས།། དཀྱིལ་མོ་ཀྲུང་དུ་འདུག་ནས་སུ། སྡིག་པ་གང་དང་གང་བྱས་སྨྲས།། ཕ་བསད་དང་ནི་མ ་བསད་དང་།། མཆོད་རྟེན་བཤིག་པ་བདག་གིས་བགྱིས་བདག་གིས་བྱང་ཆུབ་སེམས་དཔའ་ཡིས།། སངས་རྒྱས་འགྲུབ་པ་བར་ཆད།། བགྱིས།། དེའི་ཚིག་དེ་ཐོས་ནས་སུ།། དྲང་སྲོང་གི ་ནི་ཚིག་སྨྲས་པ།། ཁྱོད་ཀྱིས་སྡིག་པ་བྱས་པས་ན།། ཀྱེ་མ་སྐྱེས་བུ་ཁྱོད་མི་དགེ། སྡིག་པའི་ལས་ནི་བྱས་པ་དང་།། བྱངད་དུ་བཅུག་པ་བཤགས་པར་གྱིས།། དེ་ནས་དེའི་ཚེ་མི་དེ་མྱ་ངན ་ཟུག་རྔུས་ཟུག་སྟེ། འཇིགས་སྐྲག་སྐྱོ་ནས། བདག་ལ་སུ་ཞིག་སྐྱོ་བར་འགྱུར།། བདག་གིས་སྡིག་པའི་ལས་བྱས་ནས།། སྡུག་བསྔལ་ཚོར་བ་མྱོང་བར་འགྱུར།། དེ་ནས་མི་དེ་པུས་མོ་གཉིས་ས་ལ་གདུགས ་ནས། དྲང་སྲོང་དེ་ལ་སྨྲས་པ། བདག་གིས་བྱས་ཤིང་བྱེད་བཅུག་པ།། སྡིག་པ་ཐམས་ཅད་བཤགས་པར་བགྱི།། སྡིག་པའི་འབྲས་ཐར་དེ་མི་འགྱུར།། སྡུག་བསྔལ་བདག་གིས་མྱོང་མ་འགྱུར།། བདག ་ནི་ཁྱོད་དང་ཉེར་གྱུར་གྱིས།། དྲང་སྲོང་བདག་གི་སྐྱབས་སུ་གྱུར།། འགྱོད་པ་མེད་ཅིང་ཞི་བས་ན།། བདག་གི་སྡིག་པའི་ལས་རྣམས་ཞི།། དེ་ནས་དེའི་ཚེ་དེའི་དུས་ན་དྲང་སྲོང་དེས་མི་དེ་ལ་སྨྲས་པ། ་ང་ནི་སྐྱེས་བུ་ཁྱོད་ཀྱི་སྐྱབས་སུ་འགྱུར། ང་ནི་རྟེན་དུ་འགྱུར། ང་ནི་དཔུང་གཉེན་དུ་འགྱུར་གྱིས། ཁྱོད་མ་འཇིགས་པར། མངོན་སུམ་དུ་ཆོས་ཉོན་ཅིག། ཁྱོད་ཀྱིས་ཟུང་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཅུང་ཟད ་ཐོས་སམ་ཞེས་དབུགས་ཕྱུང་བ་དང་། དེས་སྨྲས་པ་བདག་གིས་ཡོང་མ་ཐོས་སོ།། དྲང་སྲོང་གིས་སྨྲས་པ། གང་སྙིང་རྗེ་ལ་གནས་པས། སེམས་ཅན་རྣམས་ལ་ཆོས་སྟོན་པ་ལ་གཏོགས་པར ་སེམས་ཅན་ཚིག་པ་ལ་སུ་ཞིག་ཆོས་སྟོན། སྨྲས་པ། རིགས་ཀྱི་བུ་ཡང་ཉོན་ཅིག། སྔོན་འབྱུང་བ་འདས་པའི་བསྐལ་པ་གྲངས་མེད་པའི་ཡང་ཤིན་དུ་གྲངས་པར་འགྱུར་བ་དེའི་ཚེ། དེའི་དུས ་ན་རྒྱལ་པོ་ཟླ་བ་དྲི་མ་མེད་པ་ཞེས་བྱ་བའི་ཆོས་ཅན་ཆོས་ཀྱིས་རྒྱལ་པོ་ཞིག་ཡོད་དེ། རིགས་ཀྱི་བུ་རྒྱལ་པོ་ཟླ་བ་དྲི་མ་མེད་པ་དེའི་ཁྱིམ་དུ་བུ་ཞིག། བཅས་སོ།། རྒྱལ་པོ་ཟླ་བ་དྲི་མ་མེད་པས། བྲམ་ཟེ ་མཚན་མཁན་རྣམས་བསྡུས་ནས་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་གཞོན་ནུ་ལ་མཚན་ཅི་ཞིག་མཐོང་།། དེ་ནས་བྲམ་ཟེ་མཚན་མཁན་རྣམས་ཀྱིས་སྨྲས་པ། རྒྱལ་པོ་ཆེན་མི་དགེའོ།། གཞོན་ནུ་བཙས་པ ་འདི་ནི་མི་དགེའོ།། རྒྱལ་པོས་སྤྲས་པ། བྲམ་ཟེ་འདི་ཅིར་གྱུར། མཚན་མཁན་རྣམས་ཀྱིས་སྨྲས་པ། རྒྱལ་པོ་གཞོན་ནུ་འདི་གལ་ཏེ་ལོ་བདུན་ཐོབ་པར་འགྱུར་ན། དེ་ཡབ་ཡུམ་གྱི་སྐུ་ལ་གྲོལ་བར་འགྱུར།། ་དེ་ནས་རྒྱལ་པོས་འདི་སྐད་ཅེས་སྨྲས་སོ།། ངའི་སྲོག་གི་བར་ཆད་གྱུར་ཀྱང་རུང་གིས། ངའི་བུ་འདི་ནི་མི་བསད་དོ།། རྒྱལ་ལམ་རྒྱལ་ལམ་ན་འཇིག་རྟེན་དུ་མིར་སྐྱེས་པ་འཐོབ་པས། གང་མིའི་ལུས་ལ་གནོད་པར་འགྱུར ་བ་དེ་ལྟ་བུ་མི་བྱའོ།། དེ་ནས་གཞོན་ནུར་དེ་སྐྱེ་དྲག་ཁྱད་དུ་ནི་ཟླ་བ་གཅིག་ལོན་ན་གཞན་ལོ་གཉིས་ལོན་པ་ཙམ་དུ་སྐྱེས་ནས། རྒྱལ་པོ་ཟླ་བ་དྲི་མ་མེད་པས་ཀྱང་གཞོན་ནུ་འདི་ནི་བདག་གིས་ལ་སོགས་པས་སྐྱེས ་པར་ཤེས་སོ།། དེ་ནས་རྒྱལ་པོ་གཞོན་ནུ་དེ་ལ་རྒྱལ་ཐབས་བྱིན་ནས། འདི་སྐད་ཅེས་སྨྲས་སོ།། ཁྱོད་སྲིད་ཆེ་ཞིང་གྲགས་པའི་རྒྱལ་པོར་གྱུར་ལ། ཆོས་ཀྱིས་དབང་ཕྱུགའི་ཆོས་མ་ཡིན་པས ་ནི་མ་ཡིན་ནོ།། དེ་ནས་རྒྱལ་ཐབས་བྱིན་ནས། རྒྱལ་པོ་ཞེས་མིང་བཏགས་སོ།། རྒྱལ་པོ་ཟླ་བ་དྲི་མ་མེད་པ་ཡང་རང་གི་ཡུལ་གྱི། རྒྱལ་པོའི་མི་བྱེད་དོ།། དེ་ནས་བློན་པོ་བྱེད་པ་དེ་དག ་རྒྱལ་པོ་ཟླ་བ་དྲི་མ་མེད་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས་རྒྱལ་པོ་ཟླ་བ་དྲི་མ་མེད་པ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་རྒྱལ་པོ་ཆེན་པོ་ཁྱོད་ད་ཅིའི་སླད་དུ་རང་གི་ཡུལ་གྱི་རྒྱལ་པོ་མི་མཛད། རྒྱལ་པོས ་སྨྲས་པ། ངས་བསྐལ་པ་མང་པོ་གྲངས་མེད་པར་གང་རྒྱལ་སྲིད་དང་། ལོངས་སྤྱོད་དང་། དབང་ཕྱུག་ལ་དབང་བར་འགྱུར་ཀྱང་། ང་ནམ་ཡང་ངོམས་མ་མྱོང་ངོ་།། ཡང་དེའི་ཚེ་དེའི་དུས་ན། ཡུན་རིང ་མི་ཞིག་ལོན་པ་དང་། བུ་ངེས་པ་མའི་སྲོག་བཅད་ཏེ། དེ་ན་དེས་མཚམས་མེད་པའི་ལས་བསགས་སོ།། ཀྱེ་སྐྱེས་བུ་གང་གི་ཚེ་རྒྱལ་པོ་དེ་སྡུག་བསྔལ་གྱི་ཚོར་བ་སྐྱེས་ནས། འགྱོད་དེ་མཆི་མས་རྣངས ་གདུགས་དང་། རྒྱལ་མཚན་དང་། བདན་དག་གིས་བསྟི་བསྲུང་བྱེད་པ་དང་། བཙུན་པར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པར་བྱེད་པ་དང་། སིལ་སྲན་དང་། རོལ་མོ་སྦྱོར་བ ་ལས་བྱེད་ཅིང་། ལྷན་ཅིག་རྗེས་སུ་ཡི་རང་སྟེ། ལེགས་པར་བཤད་པ་ལེགས་སོ་ལེགས་སོ་ཞེས་སྨྲས་པ་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཟུང་གི་ཆོས་ཀྱི་རྣམ་གྲངས་འཆད་པ་ན། གང་ཐལ་མོ་སྦྱར་ཏེ་ཕྱག་འཚལ་བ་དེ་དག། ཅི་ཐལ་མོ་སྦྱར་བ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ ་བསྐྱེད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས། བཀའ་བསྩལ་པ། རིགས་ཀྱི་བུ་ཉོན་ཅིག། གང་དག་གིས་མཚམས་མེད་ལྔའི་ལས་མ་བྱེད་དུ་བཅུག་གམ། བྱེད་པ་ལ་ཡི་རང་བ ་དེ་དག་ཀྱང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཐོས་པས། ཐལ་མོ་སྦྱར་ཏེ་ཕྱག་འཚལ་ན། དེའི་མཚམས་མེད་ལྔའི་ལས་ཐམས་ཅད་ཀྱང ་བྱང་བར་འཚལ་ན། ཀུན་དུ་དཔའ་བ་གང་ཆོས་ཀྱི་རྣམ་གྲངས་འདི་མཐའ་དག་ཆུབ་པར་ཐོས་པ་ལྟ་ཅི་སྨོས། དེ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་བསྐྱེད་པར་འགྱུར་རོ།། རིགས་ཀྱི་བུ་ཟུང་གི ་མདོའི་དོན་གོ་བར་བྱ་བའི་ཕྱིར། ཁྱོད་ལ་དཔེའ་བསྟན་པར་བྱའོ།། ཀུན་དུ་དཔའ་བ་འདི་ལྟ་སྟེ་དཔེར་ན། ཀླུའི་རྒྱལ་པོ་མ་དྲོས་པའི་ཁང་པ་ཉི་མ་ནམ་ཡང་མི་འཆར་བ། དེ་ནས་ཀླུང་ཆེན་པོ་ལྔ་འབབ་བོ།། ་དེ་ནས་མི་ལ་ལ་ཞིག་གང་ཀྲུང་ཆེན་པོ་ལྔ་པོ་དེ་དག་གི་ཐིགས་པ་བགྲང་ན། ཀུན་དུ་དཔའ་བ་དེ་དག་གི་ཐིགས་པ་བགྲངས་པས། མཐར་ཐོགས་པར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་རྔོམ་ཐོག་གོ།། ་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀུན་དུ་དཔའ་བོ་དེ་བཞིན་དུ་རྩ་གི་ཆོས་ཀྱི་རྣམ་གྲངས་ཀྱི་དགེ་བའི་རྩ་བ་ཡང་བསྐལ་པ་བརྒྱར་རམ། བསྐལ་པ་སྟོང་དུ་བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་མི་ནུས་སོ།། ་ཀུན་དུ་དཔའ་བ་འདི་ཇི་སྙམ་དུ་སེམས། གང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཡུང་ཙམ་ཞིག་འཆད་པ་དེ་དགའ་བ་བྱེད་པ་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་དགའ་བ་བགྱིད་པ ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀུན་དུ་དཔའ་བ། གང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་འཆད་ནུས་པར་འགྱུར་བ་དེ་ནི། དེ་བས་ཆེས་དགའ་བ་བྱེད་པ ་ཡིན་ནོ།། འདི་ལྟ་སྟེ་དཔེར་ན། མཚོ་མ་དྲོས་པ་ལས་ཀླུང་ཆེན་པོ་ལྔ་འབབ་པ། ཀླུང་ཆེན་པོ་དེ་དག་གི་ཐིགས་པ་ནི་བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་མི་ནུས་སོ།། གསོལ་པ། བཅོམ ་ལྡན་འདས་ཀླུང་ཆེན་པོ་ལྔ་པོ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། འདི་ལྟ་སྟེ། གང་ག་དང་། སི་ཏ་དང་། པག་ཤུ་དང་། ཡ་མུ་ན་དང་། ཙན་དྲ་བྷ་ག་དང་། ཀླུང་ཆེན་པོ་ལྔ ་པོ་དེ་དག་ནི། རྒྱ་མཚོ་ཆེན་པོར་འབབ་སྟེ། ཀླུང་ཆེན་པོ་རེ་རེ་ལ་ཡང་འཁོར་ཀྲུང་ལྔ་བརྒྱ་ཡོད་དོ།། ཀུན་དུ་དཔའ་བ་ཀླུང་ཆེན་པོ་ལྔ་པོ་དེ་དག་ཀྱང་འཁོར་སྟོང་སྟོང་དང་ནམ་མཁའ་ལས་བབ་སྟེ། དེ་དག་ཚེ ་སྐྱེ་དགུའི་སེམས་ཀྱིས་ངོམས་པར་བྱེད་དོ།། གསོལ་པ། འཁོར་སྡོང་སྐྱོང་པོ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། མཛེས་ལྡན་ཞེས་བྱ་བ་འཁོར་སྟོང་དང་། དུང ་ཅན་ཞེས་བྱ་བ་འཁོར་སྟོང་དང་འབབ་པ་ཞེས་བྱ་བ་འཁོར་སྟོང་དང་། སྣ་ཚོགས་སྡེ་ཞེས་བྱ་བ་འཁོར་སྟོང་དང་། ཆོས་ཚུལ་ཞེས་བྱ་བ་འཁོར་སྟོང་སྟེ། ཀུན་དུ་དཔའ་བ་ཀླུང་ཆེན་པོ་དེ་དག་ནི། འཁོར ་སྟོང་སྟོང་དང་ལྡན་པ་ཡིན་ཏེ། དེ་དག་ནི་འཛམ་བུའི་གླིང་དུ་ཆར་གྱི་རྒྱུན་འབེབས་སོ།། ཀུན་དུ་དཔའ་དེ་དག་དུས་དུས་ཆར་འབབ་པའི་ཐིགས་པའི་རྒྱུན་རབ་ཏུ་གཏོང་བ་སྟེ། ངེས་མེ ་ཏོག་དང་། འབྲས་བུ་དང་།། ལོ་ཏོག་རྣམས་སྐྱེའོ།། ནམ་འཛམ་བུའི་གླིང་དུ་ཆར་གྱི་རྒྱུན་རབ་ཏུ་འབབ་པ་དེ་ནི་ཆུ་སྐྱེ་བར་འགྱུར་ཏེ། ཆུ་སྐྱེས་པས་ཞིང་ངག་ཀུན་དགའི་ར་བ་ཐམས་ཅད ་ཅད་ངོམས་པར་བྱེད། བདེ་བར་བྱེད་དོ།། ཀུན་དུ་དཔའ་བ་འདི་ལྟ་སྟེ་དཔེར་ན། སྐྱེ་དགུའི་བདག་པོ་ནི་འཛམ་བུའི་གླིང་ཐམས་ཅད་བདོ་བར་བྱེད་དོ།། ཀུན་དུ་དཔའ་བ་དེ་བཞིན་དུ་ཟུང་གི་ཆོས ་ཀྱི་རྣམ་གྲངས་འདི་ཡང་སྐྱེ་བོ་མང་པོ་ལ་ཕན་པར་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་འཛམ་བུའི་གླིང་དུ་བཤང་ངོ་།། སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ཇི་ལྟ་བ་བཞིན་དུ་མི་རྣམས་ཀྱི་དེ་ལྟ་མ ་ཡིན་ནོ།། ཀུན་དུ་དཔའ་བ་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་གང་ཞེ་ན། ལྷའི་དབང་པོ་བརྒྱ་བྱིན་གང་ན་གནས་པའི་དེ་དག་ནི་སུམ་བཅུ་རྩ་གསུམ་པ་ཞེས་བྱའོ།། ཀུན་དུ་དཔའ་བ་སེམས་ཅན་གང་དག། ་གང་གིས་ལེགས་པར་སྨྲ་བ་ཡང་སོང་། དེ་དགུ་གི་བསོད་རྣནམས་ཀྱི་ཕུང་པོ་ཡང་དཔེ་བྱ་བར་མི་ནུས་སོ།། སེམས་ཅན་གང་དག་གང་གིས་ཉེས་པར་སྤྱོད་པ་སྨྲ་བར་ཡང་ཡོད་དོ།། དེ་དག་གི་སེམས་ཅན་དམྱལ་བ་དང་། ་དུང་འགྲོར་འགྱུར་བ་ཡང་དབྱེ་བ་བར་མི་ནུས་སོ།། སེམས་ཅན་གང་དག་སེམས་དམྱལ་བ་དང་། དུང་འགྲོ་དང་། ཡི་དགས་ཀྱི་སྡུག་བསྔལ་གྱི་ཚོར་བ་མེང་བར་འགྱུར་བ་དེ་དག་ལ་སྟབས་གང་ཡང་མེད་ཏེ། ་དོ་ན་རེ་ཐག་ཆང་ནས། སྨྲྀ་སྔགས་འདོན་སེམས་ཅན་དམྱལ་བར་ལུང་བ་དྲ་དག་ནི་མི་དགེ་བའི་གྲོགས་པོའི་དབང་དུ་བལྟའོ།། སེམས་ཅན་གང་དག་གིས་ལེགས་པར་སྤྱོད་པ་སཱ་བ ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་དཔེ་བྱ་བར་མི་ནུས་པ་དེ་ཡང་། དགེ་བོའི་བཤེས་གཉེན་གྱི་དབང་དུ་བལྟ་སྟེ། ནམ་དགེ་བའི་གཤེས་གཉེན་མཐོང་བ་དེ་ན། དེ་བཞིན ་གཤེགས་པ་མཐོང་བ་ཡིན་ནོ།། ནམྲ་དེ་བཞིན་གཙོ་པ་མཐོང་བ་དེ་ནི།། སྡིག་པ་ཐམས་ཅད་བྱང་བ་ཡིན་ནོ།། ནམ་སྐྱེ་དགུའི་བདག་པོ་འཛམ་བུའི་གླིང་དུ་སྤྲོ་བར་རྙེད་པ་དེ་ན། འཛམ་བུ ་གླིང་གི་སེམས་ཅན་རྣམས་ཀྱི་བདེ་བ་དཔེ་བྱ་བར་མི་ནུས་སོ།། ཀུན་དུ་དཔའ་བ་དེ་བཞིན་དུ་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཡང་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་སངས་རྒྱས་བྱ་བ་བྱེད་དོ།། གང་དག་ཟུང ་གི་ཆོས་ཀྱི་རྣམ་གྲངས་ཐོས་པར་མི་འགྱུར་བ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་མི་ནུས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་མི་ནུས། ཆོས་ཀྱི་འགན་རྡུང ་མི་ནུས།། ཆོས་ཀྱི་སེང་གེའི་ཁྲིལ་འདུག་མི་ནུས། མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་མི་ནུས། འོད་ཟེར་དཔག་ཏུ་མེད་པས་སྣང་བར་བྱེད་མི་ནུས་སོ།། ཀུན་དུ་དཔའ་དེ་བཞིན་དུ ་གང་དག་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་པར་མི་འགྱུར་བ་དེ་དག་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་མི་ནུས་སོ།། ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་ངོ་མཚར་ཅུང་ཟད་ཅིག་ཞུའོ།། བདེ་བ ་གཤེགས་པ་ངོ་མཚར་ཅུང་ཟད་ཅིག་ཞུའོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀུན་དུ་དཔའ་བ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་ཁྱོད་ཀྱི་དགོས་པ་བསྩལ་པར་བྱའོ།། ་གསོལ་པ། གང་གིས་སེམས་ཅན་དེ་དག་མཚམས་མེད་པ་ལྔ་ལས་ཡོངས་སུ་ཐར་པ་བགྱིས་ནས། ཕྱིར་མི་ལྡོག་པའི་ས་ལ་སོ།། སོར་བཀོད་པའི་དྲང་སྲོང་དུ་གྱུར་པ། དེ་དག་གང ་ལགས། བཀའ་བསྩལ་པ། སངས་རྒྱས་རྣམས་ཀྱི་ཚིག་ཟབ་སྟེ།། ཀུན་དུ་དཔའ་བ་ང་ལ་ཉོན་ཅིག། ཟུང་གི་མདོ་སྡེ་སྟོན་པ་ནི།། དྲང་སྲོང་གཟུགས་སུ་སྟོན་པའོ།། ཟུང་གིས་སངས་རྒྱ ་སྐུ་དག་ཀྱང་།། སྙིང་བརྩེའི་ཕྱིར་ནི་རབ་ཏུ་སྟོན།། གང་གའི་བྱེ་མ་ཇི་སྙེད་པ།། དེ་སྙེད་ཀྱི་ནི་གཟུགས་ཀྱང་སྟོན།། སངས་རྒྱས་ཀྱི་ནི་གཟུགས་སྟོན་ཅིང་།། བདག་ཉིད་ཆོས་ཀྱང་རབ་ཏུ་སྟོན།། སངས་རྒྱས ་ལྟ་བར་གང་འདོད་པ།། ཟུང་གི་སངས་རྒྱས་མཚུངས་པ་ཡིན།། ཟུང་གི་ག་ལ་ཡོད་པ་ན།། སངས་རྒྱས་རྟག་པ་དེ་ན་ཡོད།། བཅོམ་ལྡན་འདས་ཀྱིས་བཀའ་བསྔལ་པ། རིགས་ཀྱི་བུ་ཉོན་ཅིག། ཀུན ་དུ་དཔའ་བ་སྔོན་འབྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་དགུ་བཅུ་རྩ་དགུ་ན་སངས་རྒྱས་བྱེ་བ་ཕྲག་བཅུ་གཉིས་བྱུང་སྟེ། དེ་བཞིན་གཤེགས་པ་རིན་ཆེན་མཆོག་ཅེས་བྱ་བ་བྱུང་བ་དེ་ནང་སྦྱིན་པ་ལ ་དཔའ་བར་གྱུར་ནས། ངས་ས་རྒྱ་ཟླ་བ་ཞེས་བྱ་བ་བྱེ་བ་ཕྲག་བཅུ་གཉིས་ལ་བསྙེན་བཀུར་བྱས་ཏེ། བཟའ་བ་དང་། བཅའ་བ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཇི་ལྟར་བདེ་བ་དང་། ཁ ་ཟས་བཟང་པོ་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་འགྲོར་བྱས་སོ།། རིམ་འགྲོ་བྱས་ནས་ཀྱང་། ངས་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐེབ་སུ་དུན ་ནོ།། ཀུན་དུ་དཔའ་བ་ངས་དེ་བཞིན་གཤེགས་པའི་རིན་པོ་ཆེ་ཐམས་ཅད་སྣང་བ་ཞེས་བྱ་བ་བྱེ་བ་ཁྲག་བཅཝོ་བརྒྱད་བྱུང་སྟེ། དེ་ན་ཡང་ང་སྦྱིན་པ་ལ་དཔའ་བར་གྱུར་ནས། དེ་བཞིན ་གཤེགས་པ་སྙིང་པོ་སྡེ་ཞེས་བྱ་བ་བྱེ་བ་ཕྲག་བཅོ་བརྒྱད་ལ་ངས་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། རྒྱན་དང་། ལྦུབ་ལྷུབ་ཀྱིས་སོ་སོ་ཅི་རིགས་པར་བསྙེན་བཀུར་བྱས་ནས། ་དེར་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་དྲན་ནོ།། ཀུན་དུ་དཔའ་བ་ངས་སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་དྲན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་བཙུག་ཕུད་འབྱུང་བ་ཞེས་བྱ་བ་ཤ་སྟག་གོ། ཀུན་དུ་དཔའ་བ་ངས་སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་དྲན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ་ཤ་སྟག་གོ།། དེ་ན་ཡང་སྦྱིན་པ་ལ་དཔའ་བར་གྱུར་ནས། ངས་དེ་བཞིན་གཤེགས་པ་རྣམས་ལ་སྤོས་དང་། ཕྲེང་བ་དང་། བྱུགས ་པས་བཀུར་བསྟི་བྱས་ནས། ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ལ་བླ་མ་དང་། རི་མོ་བྱ་བ་དེ་ལྟར་བླ་མ་དང་རིམ་འགྲོ་བྱས་ནས། དེར་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསམ ་ཐོབ་བོ།། ཀུན་དུ་དཔའ་བ་སངས་རྒྱས་འོད་སྲུང་དྲི་མ་མེད་པ་ཞེ་ས་བྱེ་བ་ཕྲག་བཅུ་དྲུག་བྱུང་སྟེ། དེའི་ཚེ་དེའི་དུས་ནང་ཁྱིམ་བདག་ཕྱུག་ཅིང་ནོར་ཆེ་ལ་ལོངས་སྤྱོད་ཆེ་སྟེ། བདོག་པ ་ཐམས་ཅད་ཡོངས་སུ་གཏོང་བ་ཞིག་ཏུ་གྱུར་ནས། ངས་སངས་རྒྱས་བྱེ་བ་ཕྲག་བཅུ་དྲུག་པོ་དེ་དག་ལ་གཏིང་བ་དང་། བགོ་བ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། དགབ་པ ་མཆོད་དེ། ཇི་ལྟ་བུ་དེ་བཞིན་གཤེགས་པ་རྣམས་ལ་བླ་མ་དང་། རིམ་འགྲོ་བྱ་བ་དེ་ལྟ་བུས་རིམ་གྲོ་བྱས་ནས་དེ་ཉིད་དུ། ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང ་བསྟན་པ་ཐོབ་པ་ཡང་ངས་དྲན་སྟེ། ལུང་བསྟན་པའི་དུལ་ཚོང་ལ་ཡང་མ་བབ་བོ།། ཀུན་དུ་དཔའ་བ་ཉོན་ཅིག། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་ལྔ་འཇིག་རྟེན་དུ་བྱུང་སྟེ། ཐམས་ཅད་ཀྱང་དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཤ་སྟག་སྟེ། ང་ནི་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཆོས་ཅན་ཆོས་ཀྱི་རྒྱལ་པོ་ཞིག་ཏུ་གྱུར་ནས། ངས་དེ་བཞིན ་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱེ་བ་ཕྲག་ཕྲག་དགུ་བཅུ་རྩ་ལྔ་པོ་དེ་དག་ལ་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། གདིང་བ། བགོ་བ་དང་། བདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྙེན་བཀུར ་བྱས་ནས། དེ་ཉིད་དུ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་ངས་དྲན་ཏོ།། ཀུན་དུ་དཔའ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སང ་རྒྱས་འཁོར་བ་འཇིག་ཅེས་བྱ་བ་བྱེ་བ་ཕྲག་དགུ་བཅུ་འཇིག་རྟེན་དུ་བྱུང་སྟེ། ཡང་དེའི་ཚེ་དེའི་དུས་ན། བྲམ་ཟེ་གཞོན་ནུ་ཕྱུག་ཅིང་ནོར་མངལ་ལོངས་སྤྱོད་ཆེ་སྟེ། བདོག་པ་ཐམས་ཅད་ཡོངས ་གཏོང་བ་ཞིག་ཏུ་གྱུར་ནས། དེ་བཞིན་གཤེགས་པ། དེ་དག་ཐམས་ཅད་ལ་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། གདིང་བ་དང་། བགོ་བ་དག་གིས་བསྙེན་བཀུར་བྱས་ཏེ། དེ་བཞིན ་གཤེགས་པ་རྣམས་ལ་སོ་སོ་ཅི་རིགས་པར་རིམ་གྲོ་བྱས། ངས་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྙན་པ་ཐོབ་པ་ཡང་དྲ་ན་ཏེ་ལུང་སན་ནི་དུས་དང་ཆོད་ལ་ཡང་མ་བབ་པོ།། ་ཀུན་དུ་དཔའ་བ་སངས་རྒྱས་བྱེ་བ་ཕྲག་བཅོ་བརྒྱད་དག་འཇིག་རྟེན་དུ་བྱུང་བ། ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཅེས་བྱ་བ་ཤ་སྟག ་སྟེ། ང་དེའི་ཚེ་དེའི་དུས་ན། སྦྱིན་པ་ལ་དཔའ་བར་གྱུར་ཏེ། ངས་དེ་བཞིན་གཤེགས་པ་ལ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྤོས་དང་། ཕྲེང་བ་དང་། བྱུག་པ་། ་གདིང་བ། བགོ་བ་དང་། རྒྱན་རྣམས་ཀྱིས་བསྙེན་བཀུར་བྱས་ཏེ། དེ་བཞིན་གཤེགས་པ་ལ་རིམ་གྲོར་བྱ་བ་དེ་ལྟ་བུས་རིམ་གྲོ་བྱས། ནས་ངས་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོག ་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་ཡང་ངས་དྲན་ཏེ། ལུང་བསྟན་པའི་དུས་དང་། ཚོང་ལ་ཡང་མ་བབ་པོ།། ཀུན་དུ་དཔའ་བ་སངས་རྒྱས་བྱེ་བ་ཁྲག་བཅུ་གསུམ་འཇིག་རྟེན་དུ་བྱུང་སྟེ། ཐམས་ཅད ་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བའི་དཔལ་ཞེས་བྱ་བ་ཤ་སྟག་སྟེ། ངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་དེ་དག་ལ་གདི་བ་དང་། བགོ་བ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། དགའ་བ་དང་། རྒྱན་རྣམས་ཀྱིས་བསྙེན་བཀུར་བྱས་ཏེ། ཇི་ལྟར་དེ་བཞིན་གཤེགས་པ ་རྣམས་ལ་བླ་མ་དང་། རིམ་གྲོར་བྱ་བ་དེ་ལྟ་བུའི་བླ་མ་དང་། རིམ་གྲོར་བྱ་བས་རིམ་གྲོར་བྱས་པ་དང་། དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་དོན་དང་འདུལ་བ་རྣམ་པར་ངེས་པའི་ཆོས་ཀྱི་སྒོ ་སྣ་ཚོགས་བཤད་ནས། ངས་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་ཡང་ངས་དྲན་ཏེ། དེ་ན་ཡང་ལུང་བསྟན་པའི་དུས་ལ་མ་བབ་པོ།། ཀུན་དུ་དཔའ་བ་དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐར་རྒྱལ་ཞེས་བྱ་བ་ཕྲག་ཉི་ཤུ་རྩ་ལྔ་འཇིག་རྟེན་དུ་བྱུང་སྟེ། ང་དེའི་ཚེ་དེའི་དུས་ན་རབ་ཏུ་བྱུང་ནས་དེ་བཞིན་གཤེགས་པ་རྣམས་ལ ་བསྙེན་བཀུར་བྱས་ཏེ་ད་ལྟར་ང་ལ་ཀུན་དགའ་བོ་རིམ་གྲོ་བྱེད་པ་ཇི་ལྟ་དེ་བཞིན་དུ། ངས་ཀྱང་དེ་བཞིན་གཤེགས་པ་རྣམས་ལ་རིམ་གྲོ་བྱས་ནས། ངས་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་ལུང་བསྟན་པ་ཐོབ་པ་ཡང་ངས་དྲན་ཏེ། དེ་ན་ཡང་ལུང་བསྟན་པའི་དུས་ལ་མ་བབ་བོ།། ཀུན་དུ་དཔའ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས ་བྱ་བ་བྱེ་བ་ཕྲག་བཅུ་གཉིས་འཇིག་རྟེན་དུ་བྱུང་སྟེ། ངས་དེ་བཞིན་གཤེགས་པ་དེ་དག་ལ་གདིང་བ་དང་། བགོ་བ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པས་བསྙེན་བཀུར་བྱས་ནས། ཇི་ལྟ་བུས ་དེ་བཞིན་གཤེགས་པ་རྣམས་ལ་རིམ་གྲོ་བྱ་བ་དེ་ལྟ་བུས་རིམ་གྲོ་བྱས་ཏེ། ང་དེའི་ཚེ་དེའི་དུས་ན་རབ་ཏུ་བྱུང་བར་གྱུར་ནས། དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ ་ལུང་བསྟན་པ་ཐོབ་པ་ཡང་ངས་དྲན་ཏེ། རིང་པོ་མ་ལོན་པར་རྣམ་པར་གཟིགས་པ་ཐ་མ་གང་བྱུང་བ་དེས། ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་དང་། ངས་དེ་ཤེས་ནས་དེའི་ཚེ་འཇམ ་བུའི་གླིང་དུ་རིན་པོ་ཆེ་སྣ་བདུན་གྱི་ཆར་རབ་ཏུ་ཕབ་སྟེ། དེ་ན་འཛམ་བུའི་གླིང་གི་སེམས་ཅན་དེ་དག་དབུལ་བ་མེད་པར་འགྱུར་ནས། ང་དེ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན ་པ་ཐོབ་པར་འགྱུར་ཏེ། དེ་ནས་ཡུན་རིང་མོ་ཞིག་ལོན་གྱི་བར་དུ་ཡང་ལུང་མ་བསྟན་ཏོ།། གསོལ་པ་དུས་དེ་གང་ལགས། ཆོད་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀུན་དུ་དཔལ ་བ་ཉོན་ཅིག་དེ་ནས་བསྐལ་པ་གྲངས་མེད་པ་ཞིག་ན་གདོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་འཇིག་རྟེན་དུ་བྱུང་སྟེ། ང་དེའི་ཚེ་དེའི ་དུས་ན་བྲམ་ཟེའི་ཁྱེའུ་སྤྲིན་ཅེས་བྱ་བར་གྱུར་ཏོ།། དེ་བཞིན་གཤེགས་པ་མར་མེ་མཛད་འཇིག་རྟེན་དུ་བྱུང་བ་དེ་ན། ང་ཡང་བྲམ་ཟེ་ཁྱེའུ་ཡི་གཟུགས་ཀྱིས་ཚངས་པར་སྤྱད་པ་སྤྱོད་དེ། དེ་ནས་དེ་བཞིན་གཤེགས། ་པ་མར་མེ་མཛད་མཐོང་ནས། མེ་ཏོག་ཨུད་པ་ལ་བདུན་གྱིས་གཏོར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པ་དང་། དེ་བཞིན་གཤེགས་པ་དེས་ང་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་ན་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་ལུང་བསྟན་ཏོ།། ཀུན་དུ་དཔའ་བ ་དེས་ན་ང་ཤིང་ཏ་ལ་བཅུ་གཉིས་སྲིད་ཀྱི་སྟེང་གི་ན་མཁའ་བར་སྣང་ལ་འདུག་པས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། གང་ངས་བསྐལ་པ་གྲངས་མེད་པ་གྲངས་མེད་པ་རྣམས་སུ་ཚངས་པར ་སྤྱོད་པ་སྤྱད་པ་དང་། གང་ཕ་རོལ་དུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་དེ་ཐམས་ཅད་ཁར་ཙང་དང་དེ་རིང་ཙམ་དུ་མངོན་སུམ་དུ་དྲན་ནས། ཀུན་དུ་དཔའ་བ་དེ་ན་ཡང་ངས་སེམས་ཅན་བྱེ་བ་ཁྲག་ཁྲིག ་བརྒྱད་སྟོང་གྲངས་མེད་པ་དག་དགེ་བའི་ཆོས་རྣམས་ལ་སོ་སོར་བཀོད་པར་གྱུར་ན། ཀུན་དུ་དཔའ་བ་ང་ད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནཱ། ་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་ལྟ་ཅི་སྨོས་ཏེ། ཀུན་དུ་དཔའ་བ་ངས་སེམས་ཅན་རྣམས་ལ་ཆོས་རྣམ་པ་མང་པོ་བསྟན་ཏོ།། ཇི་ལྟ་བུའི་གཟུགས་ཀྱིས་འདུལ་བ་དེ་ལྟ་བུའི་གཟུགས་ཀྱིས་སོས ་ཅན་རྣམས་ལ་ཆོས་བསྟན་ཏེ། ལྷའི་འཇིག་རྟེན་དུ་ནི་ལྷའི་གཟུགས་ཀྱིས་ཆོས་བསྟན་ཏོ།། ཀླུའི་གནས་སུ་ནི་ཀླུའི་གཟུགས་ཀྱིས་བསྟན་ཏོ།། གནོད་སྦྱིན་གྱི་གནས་སུ་ནི་གནོད་སྦྱིན་གྱི་གཟུགས་ཀྱིས་ཆོ ་བསྟན་ཏོ།། ཡི་དགས་ཀྱི་གནས་སུ་ནི་ཡི་དགས་ཀྱི་གཟུགས་ཀྱིས་ཆོས་བསྟན་ཏོ།། མིའི་འཇིག་རྟེན་དུ་ནི་མིའི་གཟུགས་ཀྱིས་བསྟན་ཏོ།། སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་ནི་སངས་རྒྱས་ཀྱི ་གཟུགས་ཀྱིས་གཟུགས་ཀྱིས་ཆོས་བསྟན་ཏོ།། བྱང་ཆུབ་སེམས་དཔས་འདུལ་བའི་སེམས་ཅན་རྣམས་ལི་ནི་བྱང་ཆུབ་སེམས་དཔཱི།། གཟུགས་ཀྱིས་ཆོས་བསྟན་ཏོ།། གང་དང་གང་གི། ་སེམས་ཅན་རྣམས་འདུལ་བར་འགྱུར་བ། དེ་དང་དེའི་གཟུགས་ཀྱིས་ངས་སེམས་ཅན་རྣམས་ལ་ཆོས་བསྟན་ཏོ།། ཀུན་དུ་དཔའ་བ་དེ་ལྟར་སེམས་ཅན་རྣམས་ལ་རྣམ་པ་མང་པོས་ཆོས ་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དུ་དཔའ་བ་སེམས་ཅན་རྣམས་ཇི་ལྟར་ཆོས་རྣམ་པ་མང་པོ་ཐོས་པ་དེ་ལྟར་སེམས་ཅན་སྙིང་པོ་དེ་དག་དགེ་བའི་རྩ་བ་རྣམལ་མང་པོ་བྱེད་པར་འགྱུར་ཏེ། སྦྱིན ་པ་རྣམས་སྦྱིན་པར་འགྱུར་ལ་བསོད་ནམས་དག་བྱེད་པར་འགྱུར། བདག་གི་དོན་དུ་མ་ཉལ་བ་ཡང་བྱེད་པར་འགྱུར། འཆི་བ་རྗེས་སུ་དྲན་པ་ཡང་སྐོམ་པར་འགྱུར་ཏེ། དེ་ངག་དེ་ལྟ་བུའི་དགེ་བའི་ལམ ་མངོན་པར་འདུ་བྱ་བ་རྣམས་བྱེད་པར་འགྱུར་རོ།། དེ་དག་ཆོས་ཐོས་པའི་རྒྱུ་སྔོན་གྱི་དགེ་བའི་རྩ་བ་དེ་དྲན་པར་འགྱུར་ཏེ། དེ་ལྷ་དང་མི་དག་གི་ཡུན་རིང་པོའི་དོན་དང་། ཕན་པ་དང་བདེ ་པབར་འགྱུར་རོ།། ཀུན་དུ་དཔའ་བ་དེ་ལྟར་ན་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་མ་ཐག་ཏུ་ཡོན་ཏན་དང་ཕན་ཡོན་དེ་ལྟར་དཔག་ཏུ་མེད་པར་འགྱུར་རོ།། དེ་ནས་སེམས་ཅན་དེ་དག་གཅིག་ལ་ཅིག་འདི་སྐད ་འཛེར་ཏེ། གང་བྱས་ཤིང་བསྩགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་། སེཾས་ཅན་ཐམས་ཅད་ལ་ཕན་པར་འདོད་པའི་དགེ་བའི་ཆོས ་ཀྱི་འབྲས་བུ་རྣམ་པར་སྨིན་པ་གཞན་འགའ་ཞིག་ཡོད་པ་ལྟར་དེ་དག་གིས་སྨྲས་པ། གང་དག་ཆོས་ལ་ཡིད་ཆེས་ནས། འདི་སྐད་ཅེས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས་ཡོད་དོ།། ་ཞེས་ཟེར་བ་དེ་དག་གི་བདེ་བའི་རྣམ་པར་སྨིན་པ་འབྲས་བུ་ཆེན་པོ་ནི་ཆོས་ཀྱི་བདེ་བ་བླ་ན་མེད་པར་འགྱུར་རོ།། སེམས་ཅན་གཏི་མུག་བླུན་པོ་གང་དག་འདི་སྐད་ཅེས་ཆོས་རྣམས་ཀྱང་མེད་དོ།། ཆོས་རྣས ་ཀྱི་ཕ་རོལ་དུ་ཕྱིན་པ་འགྲོ་བ་ཡང་མེད་དོ་ཞེས་ཟེར་བ་དེ་དག་གི་རྣམ་པར་སྨིན་པའི་འབྲས་བུ་ཆེན་པོ་ནི་ངན་སོང་ངན་འགྲོ་རྣམས་སུ་འགྲོ་བར་འགྱུར་རོ།། དེ་དག་ནི་ཕྱིར་ཡང་ངན་སོང་གི་ས་ལ་གཞོལ་བར ་འགྱུར་རོ།། བསྐལ་པ་བརྒྱད་ཀྱི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་རོ།། བསྐལ་པ་བཅུ་གཉིས་ཀྱི་བར་དུ་ཡི་དགས་ཀྱི་ཡུལ་རྣམས་སུ་སྡུག་བསྔལ་གྱི་ཚོར་བ་མྱོ། ་བར་འགྱུར་རོ།། བསྐལ་པ་བཅུ་དྲུག་གི་བར་དུ་ལཱ་མ་ཡིན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།། བསྐལ་པ་དགུ་སྟོང་གི་བར་དུ་འབྱུང་པོ་དང་ཤ་ཟ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།། བསྐལ་པ་ཁྲི་བནི། ་སྟོང་གི་བར་དུ་ལྕེ་མེད་པར་འགྱུར་རོ།། བསྐལ་པ་ཁྲི་དྲུག་གི་བར་དུ་མའི་མངལ་དུ་འཆི་བའི་དུས་བྱེད་པར་འགྱུར་རོ།། བསྐལ་པ་ཁྲི་ཉིས་སྟོང་གི་བར་དུ་ཤ་རིལ་འརིལ་པོར་འགྱུར་རོ།། བསྐལ་པ་ཁྲི་ཆིག་སྟོང ་གི་བར་དུ་དམུས་ལོང་དུ་སྐྱེ་ཞིང་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་ཏེ། དེ་ན་ཕ་མ་དག་འདི་སྙམ་དུ་སེམས་དཔར་འགྱུར་རོ།། བདག་ཅག་གི་དོན་མེད་པར་སྡུག་བསྔལ་མྱོང་ངོ་།། བདག ་ཅག་གི་བུ་སྐྱེས་པ་ནི་དོན་མེད་དོ།། ཟླ་བ་དགུའི་བར་དུ་དོན་མེད་པར་མངལ་དུ་བཙས་སོ།། གྲང་བ་དང་། དྲོ་བའི་ཚོར་བ་མྱོང་ངོ་།། བཀྲེས་པ་དང་། སྐོམ་པའི་སྡུག་བསྔལ་ཡང་རབ་ཏུ ་མྱོང་པོ་ཚེ་འདི་ལ་ཡང་སྡུག་བསྔལ་མང་པོ་མྱོང་ངོ་།། པ་མས་ཁྱིམ་ན་བུ་སྐྱེས་པ་མཐོང་ན། ཡང་བྲོད་པ་མེད་ཅིང་ཕ་མ་རབ་ཏུ་རེ་ཐག་ཆད་པར་འགྱུར་རོ།། ཀུན་དུ་དཔའ་བ་དེ་བཞིན་ཏུ། ་དམ་པའི་ཆོས་སྤོང་བའི་སེམས་ཅན་རྣམས་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོར་གཞོལ་བ་ཡིན་ཏེ། དེ་དག་འཆི་བའི་དུས་ཀྱི་ཚེ་མྱ་ངན་གྱི་ཟུག་རྔུ་ཆེན་པོས་ཟུག་པར་འགྱུར་རོ།། ཀུན་དུ་དཔའ། ་བ་གང་དག་ཚིག་འདི་སྐད་ཅེས་ཆོས་རྣམས་ཡོད་དོ།། ཆོས་རྣམས་ཀྱི་ཕ་རོལ་དུ་འགྲོ་བ་ཡོད་དོ།། ཞེས་ཟེར་བ་དེ་དག་ནི་དགེ་བའི་རྩ་བ་དེས་བྱང་གི་སྒྲ་མི་སྙན་དུ་སྐྱེ་བར་འགྱུར་རོ།། མིའི་མངལ་དུ་སྐྱེ ་བར་མི་འགྱུར་རོ།། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་དག་ཀྱང་མཐོང་བར་འགྱུར་ཏེ། ཐམས་ཅད་ཀྱང་བདེ་བ་ཅན་ཞེས་བྱ་བ་ཤ་སྟག་གོ།། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་མཐོང་བརྱ། འགྲོ། ་ནས་ཀྱང་དེ་བཞིན་གནས་ཏེ། དེ་ཉིད་དུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་བརྒྱ་པར་འགྱུར་རོ།། ཀུན་ཏུ་དཔའ་བ་དེ་ལྟར་ན་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ནི་མཐུ་ཆེ་བའོ།། གང་དག་འདི་ལ་སེམས་དང་བ་དེ་དག་ནི ་ཡང་ཡང་བ་མ་སྤངས་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ།། དེ་དག་ཚུལ་ཁྲིམས་ཡོངས་སུ་དག་པ་དང་ལྡན་པར་འགྱུར་རོ།། ཀུན་ཏུ་དཔའ་བ་ལ་དག། དེ་བཞིན་གཤེགས་པས་ཉིན་མཚན་དུ་སེམས་ཅན་མང་པོ། ་ཞིག་ཡོངས་སུ་ཐར་པར་བྱས་ཀྱང་། ད་དུང་སེམས་ཅན་གྱི་ཁམས་ཟད་པར་མ་གྱུར་ཏེ། མང་པོ་ཞིག་ནི་བྱང་ཆུབ་ཏུ་སྨོན་ལམ་འདེབས། མང་པོ་ཞིག་ནི་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས། མང་མོ། ་ཞིག་ནི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ན། རྒྱུ་གང་གིས་སེམས་ཅན་རྣམས་ཟད་པར་མ་གྱུར་ཅེས་འཛེར་པའི་སེམས་ཅན་ཀྱང་ཡོད་དོ།། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། ཅེ ་བུ་བ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་དགེ་སློང་ཀོའུ་ཏ་མ་དང་། འགྱེད་དུ་འདོང་ངོ་སྙམ་དུ། དེ་ནས་བྲམ་ཟེ་དང་། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་བ་བརྒྱད་ཁྲི་བཞི་སྟོང་དང་། གཅེར་བུ་པ ་རྒྱ་ཕྲག་དུ་མ་ཞིག་རྒྱལ་པོའི་ཁབ་ག་ལ་བ་དེར་དོང་ངོ་།། ཡང་དེའི་ཚེ་དེའི་དུས་ན། བཅོམ་ལྡན་འདས་འཛུམ་པ་མཛད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྟན་ལས་ལངས་ནས། བླ་གོས ་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་རྒྱུ་མ་མཆིས། རྐྱེན་མ་མཆིས་པར་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཛུམ་པ་མི་མཛད་ན། འཛུམ་པ་འཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས ་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རིགས་ཀྱི་བུ་ཉོན་ཅིག། དེང་རྒྱལ་པོའི་ཁབ་འདིར་འདུས་པ་ཆེན་པོར་འབྱུང་བར་འགྱུར་རོ།། བཅོམ་ལྡན་འདས་འདིར་ལྷ་འམ། ཀླུ་འམ། གནོད་སྦྱིན་ནམ། མི་འམ ་མི་མ་ལགས་པ་འམ། སུ་དག་འཆིས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། བྱམས་པ་དང་འདིར་ལྷ་དང་། ཀླུ་དང་གནྡོ་སྦྱིན་དང་མི་དང་དེ་དག་ཐམས་ཅད་འོང་བར་འགྱུར་ཏེ། བྲམ ་ཟེ་བརྒྱད་ཁྲི་བཞི་སྟོང་ཡང་འདིར་འོང་བར་འགྱུར་རོ། མུ་སྟེགས་ཅན་སྤྱོད་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་བྱེ་བ་ཕྲག་དགུ་སྟོང་འོང་བར་འགྱུར་ཏེ། དེ་དག་དང་ངར་འགྱེད་པར་འགྱུར་རོ།། དེ་དག་ཐམས ་ཅད་ཀྱི་འགྱེད་པ་ཞི་བར་བྱ་བའི་ཕྱིར། ཆོས་བསྟན་པར་བྱ་སྟེ། བྲམ་ཟེ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ།། མུ་སྟེགས་ཅན་སྤྱོད་པ་དང་། ཀུན་ཏུ་རྒྱུ་བ ་དང་། གཅེར་བུ་པ་བྱེ་བ་སྟོང་ཕྲག་དགུ་པོ་དེ་དག་ཐམས་ཅད་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་རོ།། ཀླུའི་རྒྱལ་པོ་བྱེ་བ་སྟོང་ཕྲག་བཅོ་བརྒྱད་འོང་བར་འགྱུར་ཏེ། དེ་དག་ང་ལས་ཆོས་ཐོས་པར་འགྱུར་རོ།། ་ཐོས་ནས་ཀྱང་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ།། གནས་གཙང་མའི་རིས་ཀྱི་ལྷའི་བུ་བྱེ་བ་སྟོང་ཕྲག་དྲུག་བཅུ་འོང་བར་འགྱུར་རོ།། ་བདུད་སྡིག་ཅན་གཡོག་དང་བཅས་པ་བྱེ་བ་སྟོང་ཕྲག་སུམ་བཅུ་འོང་བར་འགྱུར་རོ།། ལྷ་མ་ཡིན་གྱི་རྒྱལ་པོ་བྱེ་བ་སྟོང་ཕྲག་བཅུ་གཉིས་འོང་བར་འགྱུར་རོ།། རྒྱལ་པོ་ལྔ་བརྒྱ་ཙམ་ཡང་འཁོར་དང་བཅས་ནས་ཆོས་ཉན། ་དུ་འོང་བར་འགྱུར་ཏེ། དེ་དག་ཐམས་ཅད་ང་ལས་ཆོས་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱས ་པས་བཅོམས་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། དེ་ཉིད་དུ། མི་སྣང་བར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བསྟན་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱལ་པོ་ལྔ་བརྒྱ་ཙམ་པོ་དེ་དག་གི་མིང་ཅི་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀུན་ཏུ་དཔའ་ཉོན་ཅིག། རྒྱལ་པོ ་དཔའ་བོ་ཞེས་པ་དང་། རྒྱལ་པོ་ཉོ་དགའ་བོ་ཞེས་བྱ་བ་དང་། རྒྱལ་པོ་རྒྱལ་བའི་ཁྱུང་མཆོག་ཅེས་བྱ་བ་དང་། རྒྱལ་པོ་ཚངས་པའི་སྡེ་ཞེས་བྱ་བ་དང་། རྒྱལ་པོ་ཚངས་པའི་དབྱངས་ཞེས་བྱ་བ་དང་། རྒྱལ་པོ་བལྟ་ན་མེཿ ་ཤེས་བྱ་བ་དང་། རྒྱལ་པོ་མཛའ་བའི་སྡེ་ཞེས་བྱ་བ་དང་། རྒྱལ་པོ་དགའ་བའི་སྡེ་ཞེས་བྱ་བ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་ཞེས་བྱ་བ་དང་། རྒྱལ་པོ་རྩལ་རྒྱལ་ཞེས་བྱ་བ་དང་། རྒྱལ་པོ་འཕགས་སྐྱེས་པོ་ཞེས་བྱ ་དང་། དེ་དག་ལ་སོགས་པ་རྒྱལ་བེ་རེ་རེ་ཞིང་ཡང་གཡོག་བྱེ་བ་བརྒྱ་སྟོང་ཡོད་དེ། རྒྱལ་པོ་འཕགས་སྐྱེས་པོ་མ་གཏོགས་པར་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར ་ཞུགས་པ་ཤ་སྟག་གོ།། ཤར་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་སུམ་བཅུ་འོང་ངོ་།། ལྷོ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་ལྔ་བཅུ་འོང་ངོ་། ནུབ་ཕྱོགས་ནས་བྱང་ཆུབ་སེམས། ་དཔའ་བྱེ་བ་སྟོང་ཕྲག་དྲུག་བཅུ་འོང་ངོ་།། བྱང་ཕྱོགས་ན། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་བརྒྱད་བཅུ་འོང་ངོ་།། འོག་གི་ཕྱོགས་ནས། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་དགུ་བཅུ་འོང་ངོ་།། ་སྟེང་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའབྱེ་བ་སྟོང་ཕྲགབརྒྱ་འོང་སྟེ། ཐམས་ཅད་ཀྱང་ས་བཅུ་ལ་རབ་ཏུ་གནས་པ་ཤ་སྟག་གོ།། དེ་ནས་བྱ་ཆུབ་སེམས་དཔའ་དེ་དག་ཐམས་ཅད་བཅོམ་ལྡན་འདས ་ལལྟ་བའི་ཕྱིར་རྒྱལ་པོའི་ཁབ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་།། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་ཡང་དག་པར་ཞུགས་པ་ཤ་སྟག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ལ་དཀའ་བསྔལ་པ། ཀུན་ཏུ་དཔའ་བ་ཁྱོད། ཕྱོགས་བཅུའི ་འཇིག་རྟེན་གྱི་ཁམས་རྣམས་སུ་སོང་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དེང་དེ་བཞིན་གཤེགས་པ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་ཆོས་སྟོན་གྱིས། ཕྱོགས་བཅུའི་འཇིག་རྟེན། ་གནས་ཁྱེད་ཐམས་ཅད་ཐལ་མོ་སྦྱར་ཏེ་ཐུད་ཅིག་དེ་སྐད་སྨོས་ལ། གོ་བར་བྱས་མ་ཐག་ཏུ་ཡུད་ཙམ་གྱིས་ཆོས་ཉན་དུ་སླར་ཤོག་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བསྟན་ལྔ ་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། རྫུ་འཕྲུལ་གྱི་སྟོབས་ཀྱིས་མི་སྣང་བར་གྱུར་ཏོ།། དེ་ནས་བྱང་ཆུབ་སོས ་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་སོང་ནས། བྱང་ཆུབ་སེམས་དཔའ་རྣམས་ལ། དེང་དེ་བཞིན་གཤེགས་པ་རྒྱལ་པོའི་ཁབ་ཀྱི་གྲོ ་ཁྱེར་ཆེན་པོ་ཆོས་སྟོན་གྱིས། དེ་ལ་ཁྱེད་ཅག་གིས་ལེན་སོ་ཞེས་གསོལ་ཅིག་དང་། དེའི་ཕྱིར་ཁྱེད་དེང་ཞིང་དུ་ཕན་པ་དང་བདེ་བ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བསྒོའོ།། དེ་ནས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་སོང་ནས། བསྙེན་བཀུར་བྱས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ལ་སྦྲོན་པ་ནི་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་སྟོབས་དང ་ལྡན་པས། སེ་གོལ་གཏོགས་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་འོངས་ནས། བཅོམ ་ལྡན་འདས་ཀྱིས་སྤྱན་སྔར་འདུག་གོ།། དེ་ནས་བྲམ་ཟེ་རྣམས་དང་། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་བ་དང་། གཅེར་བུ་པ་རྣམས་ཀྱང་འདུས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། མི་མང་པོ་ཞིག། ་དང་། རྒྱལ་པོ་གཡོག་འཁོར་དང་བཅས་པ་ལྔ་བརྒྱ་ཙམ་ཡང་འདུས། བདུད་སྡིག་ཅན་གཡོག་འཁོར་དང་བཅས་པ་བྱེ་བ་སྟོང་ཕྲག་སུམ་བཅུ་རྩ་གསུམ་ཡང་འདུས་སོ།། ཡང་དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་། ་ཁྱེར་ཆེན་པོ་རབ་ཏུ་གཡོས་སོ།། དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་ལཱའི་ཙན་ས་ཕྱེ་མའི་ཆར་རབ་ཏུ་ཕབ། ལྷའི་མེ་ཏོག་གི་ཆར་ཡང་རབ་ཏུ་ཕབ་ནས། དེ་བཅོམ་ལྡན་འདས་ཀྱི་དབུའི ་སྤྱི་བོའི་གཙུག་གི་མཚམས་སུ་ཁང་པ་བརྩེགས་པ་ཀུན་ཏུ་གནས་སོ།། ཡང་དེའི་ཚེ་དེ་བཞིན་གཤེགས་པའི་སྤྱན་སྔར། བརྒྱ་བྱིན་གྱིས་རྡོ་རྗེ་གསོར་བ་དང་། དེ་ནས་དེའི་ཕྱོགས་བཞི་ནས་རླུང ་གོ་རྒྱལ་པོ་བཞི་འཁྲུགས་ཏེ། ལངས་ནས། གང་རྒྱལབཻའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་ཞལ་ཞིལ་དང་། ཕྱག་དར་དང་། བྱེ་མ་དེ་རྣམ་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་བོར་ནས། ཕྱོགས་བཅུའི་འ། ་རྟེན་གྱི་ཁམས་རྣམས་སུ་སྤོས་ཆུའི་ཆར་རབ་ཏུ་ཕབ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ཏ་དང་། པད་མ་དཀར་པོའི་ཆར་ཀྱང་རབ་ཏུ་ཕབ་ནས། མེ ་ཏོག་དེ་དག་ཐམས་ཅད་ཀྱང་། སེམས་ཅན་དེ་དག་གི་སྤྱི་གཙུག་སྙིང་གི་དུ་མེ་ཏོག་གི་གདུགས་གནས་སོ།། དེ་བཞིན་གཤེགས་པའི་སྤྱིགཙུག་གི་སྲིང་གི་བར་སྣང་ལ་ཁང་པ་བརྩེགས་པ་བརྒྱད་ཁྲི་བའི་སོང་དུམ ་ཏུ་གནས་ཏེ། ཁང་པ་བརྩེགས་པ་བརྒྱད་ཁྲི་བཞི་སྡོང་པོ་རྣམས་ཀྱི་ནང་ནས། རིན་པོ་ཆེ་སྣ་བདུན་གི་ཁྲི་བརྒྱད་ཁྲི་བཞི་སྡོང་བྱུང་སྟེ། ཁྲི་དེ་དག་ཐམས་ཅད་ལ། དེ་བཞིན་གཤེགས་པ་བཞུག ་ནས་ཆོས་སྟོན་ཏོ།། དེ་ནས་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ནི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས ་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་འདིར་ཆོ་འཕྲུལ་འདི་ལྟ་བུ་གདའ་བའི་རྒྱུ་གང་ལགས། བཅོམ་ལྡན་འདས་ཀྱིས ་བཀའ་བསྩལ་པ། འདི་ལྟ་སྟེ་དཔེར་ན་མི་ཡ་ཅན་རྒོད་དེ་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་ལ་གནས་པ། དབུལ་པོར་གྱུར་པ་ལ་ལ་ཞིག་ཡོད་ལ། དེའི་མགོ་ལ་རྒྱལ ་པོས་བྱུགས་པ་དང་། དེ་རྒྱལ་པོའི་སྒོའི་བར་དུ་སོང་སྟེ་ཕྱིན་ནས། ནན་གྱིས་རྒྱལ་པོའི་ཕོ་བྲང་གི་ནང་དུ་འགྲོ་བར་འདོད་པ་དང་། དེ་ནས་རྒྱལ་པོའི་བློན་པོ་དང་། འཁོར་གིས་དེ་བཟུང་སྟེ། ་རྣམ་པ་མང་པོས་བརྡེགས་པ་དང་། དེ་ནས་དེའི་ཚེ་དེའི་དུས་ན། མི་དབུལ་པོ་དེ་ནན་གྱིས་ན་འགྲོ་འདོད་དོ་ཞེས་རྒྱལ་པོས་ཐོས་ནས། དེ་འདི་སྙམ་དུ་སེམས་ཏེ། གདོད་མི་ཟ་བར་ང་ལ་གསོང་འདོད་པ ་ཞིག་ཡིན་ནོ་སྙམ་ནས། རྒྱལ་པོ་འཁྲོས་ཏེ། འཁོར་རྣམས་ལ་འདི་སྐད་ཅེས་ཁྱེད་དེཔེལ་མི་དེ་རི་ཁྲོད་དུ་ཁྲིད་དེ་སོང་ཅིག། གཡོག་དང་། ཕ་མ་དང་། བུ་དང་། བྲན་པོ་དང་། བྲན་མོ་དང་། ལས ་བྱེད་པ་ཐམས་ཅད་ཀྱང་སོང་ཅིག་ཅེས་སྒོ་བ་དང་། དེ་ནས་དེ་དག་ཐམས་ཅད་བསད་ནས། དེའི་གཉེན་བཤེས་ཐམས་ཅད་མྱ་ངན་གྱི་ཟུག་རྔུ་མི་བཟང་བ་ཟུག་པར་གྱུར་པ་དེ་བཞིན་དུ་དེ་བཞིན་གཤེག་པ་དགྲ་བ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་བཤད་པ་དང་། དེ་ནི་མི་ང་རྒྱལ་ཅན་ཇི་ལྟ་བ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས། དེ་བཞིན་གཤེགས་པ་ལ་གཟུགས་དང་། ཁ་དོག་དང་། མཚས ་དང་། དབྱིགས་དང་། མཚན་མར་བཟུང་སྟེ། དེ་བཞིན་གཤེགས་པའི་ལུས་ཡིན་པ་སུམ་དུ་ཤེས་ཤིང་། དེ་ནས་དེ་དག་ཆོས་དཔེ་ཐོས་ནས། ལྷག་པའི་ང་རྒྱལ་དུ་ལྟུང་སྟེ། ་བ་སྣ་ཚོགས་སྨྲས་པ་དང་། བདག་ཏུ་འཛིན་པ། དང་། བདག་གིར་འཛིན་པའི་ཟིལ་གྱིས་ནོན་ནས། བདག་ཉིད་འདི་ལྟ་བུ་ཆོས་མི་ཉན་མི་ཆད་དེ། གང་ལ་ལ་ཞིག་མོང ་ཚིགས་སུ་བཅད་པ་འམ། ཐ་ན་དཔེལ་ཙམ་ཞིག་དེ་དག་ལ་བཤད་ན་ཡཱ། པདག་གིས་ཤེས་སོ།། ཞེས་དེ་དག་མོ་འཛིན་ཅིང་གནས་ཀྱང་མི་ཉན་ཏོ།། དེ་ཅིའི་ཕྱིར ་ཞེ་ན། འདི་ལྟར་ང་རྒྱལ་ཅན་དུ་གྱུར་པའི་ཕྱིར་ཏེ། དེ་དག་ནི་མང་དུ་ཐོས་པས་བདག་མེད་པའོ།། གང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་། གྲོགས་པོ་དེ་དག་ནི་འདི་ལ ་བུའི་ཚས་དང་ལྡན་པར་མ་འགྱུར། དེ་དག་ནི་འདིག་བུའི་ཆོས་དང་ལྡན་པའི་ཚིག་ཐོས་པར་མི་འགྱུར་གྱི། དེ་དག་མང་དུ་ཐོས་པ་དེས་ཆགས་པར་འགྱུར་ཏེ། མེ་དེས་སུ་དེ་དག་རྫ། ་རང་གིས་རང་བཟོད་བྱས་པ་འཇོག་པར་བྱེད། རང་གི་གཞུང་གྱི་གླེང་གཞི་ཡང་འཇོག་པར་བྱེད་དོ།། དེ་དག་ནི་བདག་དང་། འཇིག་རྟེན་ཐམས་ཅད་ལ་སླུ་ཞིང་། དོན་མེད་པར་ཡུལ ་འཁོར་གི་བསོད་སྙོམས་མང་པོ་ཟ་སྟེ། ཟོས་ནས་ཀྱང་ལེགས་པར་འཇུ་བར་མི་འགྱུར་རོ།། དེ་དག་འཆི་བའི་དུས་ཀྱི་ཚེ། འཇིགས་པ་ཆེན་པོ་འབྱུང་བར་འགྱུར་ཏེ། སེམས་ཅན་དེ་དག་གིས་དེ་ལ་སྨྲས་པ། ་ཁྱོད་ཀྱིས་ནི་ང་ལ་བཟོའི་གནས་མང་དུ་བསླབས་ན། ཇི་ལྟར་བདག་འཇོག་པ་མི་ནུས། དེས་དེ་དག་ལ་འདི་སྐད་སྨྲས་སོ།། གྲོགས་པོ་དག་ང་ནི་ད་ལྟར་བདག་འཇོག་པར་མི་ནུས་སོ།། དེ་ན ་སེམས་ཅན་དེ་དག་སྨྲེ་སྔགས་རྣམས་པ་སྣ།། ཚོགས་འདོན་པར་འགྱུར་ཏེ།། ཇི་ལྟར་གཞན་གྱིས་མ་ལན་གྱིས། རང་གི། ལས་ཀྱིས་རྐྱེན་ཀྱིས་གང་ཟག་དེ་གཅིག་པུའི་ཕྱིར ་གཉེན་གི་ཚོགས་མང་པོ་གསད་པར་གྱུར་པ་དེ་བཞིན་དུ་སེམས་ཅན་དེ་དག་ཀྱང་འཆི་བའི་དུས་ཀྱི་ཚེ། སྨྲེ་སྔགས་འདོན་ཅིང་མི་དགེ་བའི་གྲོགས་པའི་ཕྱིར། བདག་ཅག་སེཾས ་ཅན་དམྱལ་བ་འམ། བྱོལ་སོང་གི་སྐྱེ་གནས་སུ་གཞོལ་བ་མཐོང་ངོ་།། དེ་བཞིན་དུ་ཁྱེད་རྣམས་ལ་བྲམ་ཟེ་དང་། གཞན་མུ་སྟེགས་ཅན་རྣམས་ཀྱིས་སྨྲས་པ། ཁྱེད་ཅག ་རྒྱགས་པར་མ་གྱུར་ཅིག། འདི་ལྟ་སྟེ་དཔེར་ན། བྱ་འདབ་གཤོག་མ་རྫོགས་པར་ལྷའི་འཇིག་རྟེན་དུ་འགྲོ་བའི་ཕྱིར། ནམ་མཁའ་ལ་འཕྲར་མི་ནུས་པ་དེ་བཞིན་དུ། ཁྱེད ་རྣམས་ཀྱང་མྱ་ངན་ལས་འདས་པ་ཐོབ་པར་མ་ནུས་ཏེ། ཁྱེད་ཅག་ལ་དེ་ལྟ་བུའི་རྫུ་འཕྲུལ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ལས་ཀྱིས་རྣམ་ཁས་བྱ་གག་གི་སྐྱེ་གནས་སུ་སྐྱེས་ནས། ལུས་འང་རིང ་པོ་མི་ཐོགས་པར་ལུས་འཇིག་ཅིང་མཐར་འཆི་བར་འགྱུར་ཏེ། འཆི་བའི་དུས་ཀྱི་ཚེ་དེ་དག་རོ་གྲོ་བ་མེད་ནས། བདག་ཅག་གིས་ལུས་འདི་ཅི་ཞིག་གི་ཕྱིར་གཟུང་། བདག་ཅག་གིས་གང ་ལྷའི་འཇིག་རྟེན་གེ་བདེ་བ་དང་མིའི་འཇིག་རྟེན་གི་བདེ་བ་ཡང་མ་མྱོང་ལ། མྱ་ངན་ལས་འདས་པའི་གནས་ལ་ཡང་གནས་པར་མ་འགྱུརཏེ། བདག་ཅག་གི་ལུས་འདི་ན་དོན་མེད་པར་གཟུང ་ན། བདག་ཅག་གི་འགྲོ་བ་ནི་གང་ཡིན། བདག་ཅག་གི་རྟེན་དུ་ནི་སུ་ཞིག་འགྱུར། གང་དུ་སྐྱེ་ཞིང་གང་དུ་འཇིག་པར་འགྱུར་ཞིག་གུ་སྙམ་ནས་ཡོངས་སུ་སྐྲག་པར་འགྱུར་རོ།། དེ ་ནས་བཅོ་ལྡན་འདས་ཀྱིས་གཞན་མུ་སྟེགས་ཅན་སྤྱོད་པ་དང་། ཀུན་ཏུ་སྒྲ་དང་། གཅེར་བུ་པ་དེ་དག་ལ་དཀའ་སྩལ་པ། ངས་ཁྱེད་ག་རིམ་པོ་རྗེའི་འཛམ་བུའི་གླིང་འདིར་ཡི་ཆད་པར་མ་བྱེད་ཅིག་ཁྱེད་ཅག་ཆོས ་དཀོན་མཆོག་ལ་ཕྱིར་རོལ་དུ་མ་གྱུར་ཅིག། ཀྱེ་གྲོག་པོ་དག་ཁྱེད་དེ་བཞིན་གཤེག་པ་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་ཁྱེད་ཀྱི་བས་པ་ཐས་ཅད་ཡོངས་སུ་རྫོགས་པར་བྱའོ།། དེ་ནས་བྲི་ཟེ་དང་། གཞན་མུ་སྟེགས་ཅན་སྤྱོད ་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་དེ་དག་ཐས་ཅད་བསྟན་ལས་ལངས་ནས་གོས་ཕྲག་པ་ཅིག་ཏུ་བགོས་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུགས ་མཚན་དུ་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་དཀྲོལ་ཡང་། སེམས་ཅན་གྱི་ཁམས་ལ་བྲི་བ་འམ་གང་བར་ཀྱང་མི་གདའ་ན། བཅོམ་ལྡན་འདས་རྒྱུ་གང་ལགས་རྐྱེན་གང་གིས་སེམས་ཅན་དེ་དག་སྐྱེ་བ ་དང་འགོག་པ་མཉམ་པར་སྟོན།། །། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་བཀའ་བསྩལ་པ། མུ་སྟེགས་ཅན་དག་འགྱོད་པ་ཆེན་པོ་བསྐུལ་པ་དང་། ཆོས་ཀྱི་སྒྲོན་མ་ཆེན་པོ་འབར་བྱ ་བྱ་བའི་ཕྱིར་གོ་ཆ་ཆེན་པོ་དགོས་ནས་འདྲི་བའི་གླེང་གཞི་ཆེན་པོ་འདྲི་སྟེ། ཕྱི་མའི་དུས་ན་སེམས་ཅན་གཞོན་ནུ་དང་། རྒན་པོ་རྣམས་སྐྱེ་བ་དང་། འཇིག་པ་ཤེས་པར་འགྱུར་རོ།། སྨན་གྱི་སྡེ་སེམས་ཅན་རྒན་པོ་དག་ཀྱང ་གཞོན་ནུ་ཅི་ཡང་མི་ཤེས་པ་ཡང་ཡོད་དེ། སྨན་གྱི་སྡེ་འདི་ལྟ། སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་སྐྲ་བཀྲུས་ནས། གོས་སར་པ་བགོས་ཏེ། དེ་ཁྱིམ་གྱི་ཕྱི་རོལ་དུ་བྱུང་བ་དེ་ལ་སེམས་ཅན་རྣམས་ཀྱིས་ཁྱོད་གློ ་སར་པ་ལེགས་པར་བགོས་སོ་ཞེས་སྨྲས་པ་དང་། སེམས་ཅན་གཞན་ཞིག་ཀྱང་མགོ་བཀྲུས་ནས། གོས་རྙིད་པ་ཡང་བཀྲུས་ཏེ་བགོས་པ་དང་། དེ་ཐེགས་ནས་མི་དེ་སྐྲ་བཀྲུས་ཀྱང་མཛེས་པར་མ་གྱུར་ལ། དེའི་གོས་ཀྱང ་མཛེས་པར་མ་གྱུར་པ་དེ་བཞིན་དུ་སྨན་གྱི་སྡེ་འཛམ་བུའི་གླིང་ན་སེམས་ཅན་རྒན་པོ་ཡོད་པ་དག་ནི་མཛེས་པ་མ་ཡིན་ཏེ། སེམས་ཅན་གཞོན་ནུ་དག་ནི་སྐྱེ་བ་དང་། འགག་པ་སྟོན་ཏོ།། དེ་ནས་བྲམ་ཟེ་དང་། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ་ཀུན་དུ་རྒྱུ་དེ་དག་ཐམས་ཅད་སྟན་ལས་ལངས་ནས། བཅོམ་ལྡན་ལས་ལ་འདི་སྐད་ཅེས་གསོལ་ཏོ།། བཅི་ལྡན་འདས་བདག་ཅག་གི་ནང་ན་གཞོན་ནུ་གང་ལགས། རྒན་པོ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཁྱེད་ཅག་ནི་ཡང་། ་ཡང་སེམས་ཅན་དམྱལ་བ་པ་དང་། དུད་འགྲོ་དང་། ཡིད་རྟགས་རྣམས་སུ་ཚོར་བ་མཐོང་ཡང་ཁྱེད་ད་དུང་དུ་ངོམས་མི་མྱོང་བས་ཁྱེད་ཅག་ནི་རྒན་པའོ།། དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་དེ་དག་ཐམས་ཅད་དང་། ཀླུའི་རྒྱལ་པོ་ཐས་ཅད ་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སླན་ཆད་འཁོར་བར་སྡུག་བསྔལ་ཚོར་བ་མྱོང་བ་རམས་མི་སྨྲའོ།། གང་གཞན་མུ་སྟེགས་ཅན་སྤྱོད་པ་དང་། ཀུན་དུ་རྒྱུ་དང་། གཅེར་བུ་པ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། སོས་ཅན ་གཞོན་ནུ་རྗེས་ལས་ཀྱང་གང་ཆོས་ཀྱི་མངོན་སུམ་དུ་བྱེད་ནུས་པ་མེད་དོ།། དེ་སྐད་ཅེས་སྨྲས་པ་དང་། བཅོ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་ཅིའི་སླད་དུ་སེམས་ཅན་རྣམས་མོས་པར་དཀའ་བ་ལ་གཟིག་སུ་གསོལ། བཅོ་ལྡན་འདས་ཀྱིས་བཀའ་བསྩལ་པ་སྨན་གྱི་སྡེ་ཉོན་ཅིག་དང་། དེ་དེ་བཞིན་གཤེགས་པ་ལས་འཇིག་རྟེན་ཐམས་ཅད་མངོན་སུམ་དུ ་མཛད་དོ།། དེ་ནས་སེམས་ཅན་གཞོན་ནུ་བྱེ་བ་ཕྲག་དགུ་བཅུན་བཞེས་དེ་བཞིན་གཤེག་པའི་སྤྱན་སྔར་འདུག་སྟེ། དེ་བཞིན་གཤེགས་པ་ལ་ཕྱ། ཀྱང་མི་འཚལ། ཚིག་ཀྱང་མི་སྨྲའོ།། དེ་ནས་བཅོཾ་ལྡན་འདས་ལ་བྱང ་ཆུབ་སེས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོ་ལྡན་འདས་སེམས་ཅན་འདི་དག་བཅོམ་ལྡན་འདས་ལ་མི་སྨྲ་ཀུན་མི་སྨྲ་ཞིང་ཕྱག་ཀྱང་མི་འཚལ། བཅོ་ལྡན་འདས་ལ་ཞུ་བ་ཡང་མི་བགྱིད་པ་རྒྱུ་གང་ལགས ་བྱིན་གང་ལགས་འས་ལྡ་འདས་ཀྱིས་གའ་གི་འཡུལ་བསྔད་ཀྱི་ལྡ་ན་ཅིག་སེམས་ཅན་གཞོན་ནུནས་ཀྱིས་ཆོས་ཉིད་མང་སུ་དུ་བྱེད་མི་ནུས་པ་ཞེས་བམས་ཅན་གང་དེ་རྐང་ཟིརང་བསྟན་གྱི་སྣ་འདག་ནི་ཉི་ཏུམ་སེམས། ་པར་དུ་བ་དང་། ངས་དེ་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ཏེ། དེར་སོང་ནས་ཆོས་བསྟན་པ་དང་། དེས་ཀྱང་ཆོས་བསྟན་པ་དང་། དེས་ཀྱང་ཆོས་དེ་ཐོས་ནས་མཚམས་མེད་པ་དེ་དག ་ལྷག་མ་མ་ལུས་པར་མྱུར་དུ་བྱང་བར་གྱུར་པའི་དུས་དེ་ཡང་དྲན་ནོ།། སྨྲས་པ་ཟུང་གི་ཆོས་ཀྱི་རྣམ་གྲངས་མདོའི་རྒྱལ་པོ། དཀའ་ཐུབ་ཆེན་པོ་གང་དག་གིས་ཐོས་པ་རྣམས་ཆོས་ཀྱིས་གནས་བླ་ན་མེད་པ་སྡིག ་པ་ཐམས་ཅད་བྱང་བར་འགྱུར་བ་ཉོན་ཅིག། ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་བ་འདི་ཐོབ་པར་འགྱུར་རོ།། གང་གིས་མྱུར་དུ་མཐར་འགྱུར། བ། ཆོས་རྣམས་བཤད་ཀྱིས་རབ་ཏུ་ཉོན་ཅིག། ཚིག ་བཞི་པའི་ཚིགས་སུ་བཅད་པ་ཙམ། རྒྱུན་མི་འཆད། པར་བཤད་པས་ན།། སྡིག་པ་ཐམས་ཅད་བྱང་གྱུར་ནས།། རྒྱུན་དུ་ཞུགས་པ། འཐོབ་པར་འགྱུར།། སྡིག་པ་ཀུན་ལས་ཐར་ཏོ ་ཞེས།། ཆེ་དུ་བརྗོད་པ་ཆེད་དུ་བརྗོད།། སེམས་དམྱལ་འཇིགས་པས་བཅིངས་པ་ལས།། སེམས་ཅན་སྡུག་བསྔལ་རབ་ཏུ་བཀྲོལ། དེ་ནས་མི་དེ་སྟན་དེ་ལས་ལངས་ཏེ་ཐལ་མོ་སྦྱར་བྱས ་ནས།། དེ་ལ་མགོ་བོས་ཕྱག་འཚལ་ཏེ། ལེགས་སོ་ཞེས་བྱ་རབ་ཏུ་བྱིན།། ལེགས་སོ་དགེ་བའི་བཤེས་གཉེན་རྣམས།། ལེགས་སོ་སྡིག་པ་འཇིགས་བྱེད་པ། གང་དག་ཟུང་གི་མདོ་ཚུལ་ཆེན་བསྟན།། ཐོས ་པར་འགྱུར་བ་རྣམས་ཀྱང་ལེགས།། དེ་ནས་དེའི་ཚེ་དེའི་དུས་ན་སྟེང་གཽ་བར་སྣང་ལས་ལྷའི་བུ་ཁྲི་ཉིས་སྟོང་ཐལ་མོ་སྦྱར་ཏེ། དྲང་སྲོང་དེའི་གན་དུ་ལྷགས་ནས། རྐང་པ་ལ་ཕྱག་འཚལ་ཏེ། འདི་སྐད་ཅེས ་བཅོམ་ལྡན་འདས་དཀའ་ཐུབ་ཆེན་པོ་ཡུན་ཇི་སྲིད་ཚུན་ཆད་དགོངས་ཞེས་སྨྲས་སོ།། དེ་བཞིན་དུ་ཀླུའི་རྒྱལ་པོ་བྱེ་བ་ཕྲག་བཞི་ལྷགས། གནོད་སྦྱིན་གྱི་རྒྱལ་པོ་ཁྲི་བརྒྱད་སྟོང་ལྷགས་ཏེ། དྲང་སྲོང་དེ་ག་ལ་བ་དེ་ལོགས ་སུ་ཐལ་མོ་སྦྱར་བ་བཏུད་ནས། འདི་སྐད་ཅེས་སྨྲས་སོ།། ཆེ་བ་ཉིད་དང་ལྡན་པ་ཡུན་ཇི་སྲིད་ཚུན་ཆད་དགོངས།། དྲང་སྲོང་གིས་སྨྲས་པ། བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྣམས་སོ།། སྨྲས་པ ་དགེ་བའི་ལས་གང་གིས་ན། སྐད་ཅིག་གིས་སྡིག་པའི་ལས་འདི་རབ་ཏུ་ཞི་བར་འགྱུར། སྨྲས་པ་ཟུང་གི་མདོའི་ཆོས་རྣམས་ཐོས་པས་སོ།། གང་དེར་སེམས་ཅན་ཚོགས་པ་རྣམས་ལས་གང་དག ་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། དད་པ་དེ། དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན།། ཏོ།། མི་གང་གིས་འཚམས་མེད་པ་ལྔའི་ལས་བྱས ་པ་དེ་དག་གིས་ཟུང་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན་ཡང་། སྐད་ཅིག་གིས་མཚམས་མེད་པ་ལྔའི་ལས་དེ་དག་མ་ལུས་པར་ཡོངས་སུ་ཟད་ཅིང་། ཡོངས་སུ་བྱང་བར་འགྱུར་ཏེ། ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ཞིག་གི་བར་དུ་ངན་འགྲོ་རྣམས་ཀྱི་སྒོ་བཅད་པར་འགྱུར་རོ།། ལྷའི་འཇིག་རྟེན་གྱི་སྒོ་སུམ་བཅུ་རྩ་གཉིས་ནི་ཕྱེ་བར་འགྱུར་རོ།། གང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི ་ལས་ཐ་ན་ཚིག་བཞི་པའི་ཚོགས་སུ་བཅད་པ་ཙམ་ཐོས་པ་ཡང་དགེ་བའི་རྩ་བ་འདི་འདྲ་བར་འགྱུར་ན། གང་མེ་ཏོག་དང་། གདུག་པ་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། ་ཅན་གཞོན་ནུ་ཡིན་པར་བལྟའོ།། སེམས་ཅན་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བདག་ཅག་ནི་སེམས་ཅན་གཞོན་ནུ་ལགས་སོ།། བཙུན་པ་བདེ་བར་གཤེགས་པ་བདག་ཅག ་ནི་སེམས་ཅན་གཞོན་ནུ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀྱེ་སེམས་ཅན་འདི་དག་ནི་འཇིག་རྟེན་མངོན་སུམ་དུ་བྱེད་པ་ཡིན་གྱིས། ད་རང་གི་ལུས་ལས་འཇིག་རྟེན་གྱི་ཚད་སྟོན་ཅིག། དེའི་ཚེ་དེའི ་དུས་ན། སེམས་ཅན་གཞོན་ནུ་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་བཞི་ལུས།། ག། དང་བྲལ་བར་སྟེང་གི་ནམ་མཁའ་ལ་གནས་ཏེ། ས་བཅུ་རབ་ཏུ་ཐོབ་པར་འགྱུར་རོ།། དེ་ནས་བཅོ་ལྡན་འདྲ་ལ་བྱང་ཆུབ་སེམས ་དཔའ་སེཾས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལཏོ།། གང་དག་འཁོར་བ་ཡོངསུ་ཟད་པར། བགྱི་བ་དང་། ཡོངས་བྱུང་བར་བགྱི་བའི་སླད་དུ། བརྩོན་འགྲུས་བརྩོམ་པཱི་སེས ་ཅན་དེ་ལྟ་བུ་ནི་རྙེད་པ་ལེག་པར་རྙེད་ཏེ། བཅོམ་ལྡན་འདས་སེཾས་ཅན་འདི་དག་ནི་དེང་ཉིད་སྐྱེས་ལ་བཅི་ལྡན་འདྲ་སེཾས་ཅན་འདི་དག་ནི་དེང་ཉིད་ཡོངསུ་གྲོལ་ཏེ། ཐམས་ཅད་ཀྱང་ས་བཅུ་རབ་ཏུ ་ཐོབ་པ་མཐོང་ངོ་།། འཕགས་པ་ཟུང་གི་མདོ།། བམ་པོ།། དེ་ནས་བྲམ་ཟེ་དང་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་དུ་རྒྱུ་དང་། གཅེར་བུ་པ་དང་། ་ཀླུའི་རྒྱལ་པོ་དང་། བདུད་སྡིག་ཅན་འཁོར་དང་བཅས་པ་ཐམས་ཅད་ལྷག་ནས་གཡོ་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདྲ་བདག་ཅག་འདིར་དེ་བཞིན་གཤེགས་པའི་གན་ཏུ ་མཆིས་ཏེ། ཆོས་ཀྱི་རྣ་གྲངས་འདི་ཐོས་ན། བདག་ཅག་གི་སངས་རྒྱས་ཀྱི་བདེ་བ་དེ་ལྟ་བུ་ཐོབ་པར་གྱུར་ཅིག། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ལྟ་བུར ་གྱུར་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། གཞིན་བཟངས་དག་དེ་དེ་བཞིན་ཏེ། ཇི་ལྟར་ཁྱེད་དེ་བཞིན་གཤེགས་པའི་གན་དུ་ལྷགས་ནས། ཁྱེད་ཀྱིས་ཟུང་གི་མདོའི་ཆོས་ཀྱི་རྣ་གྲངས་འདི་ཐོས་པས ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེས་ན་ཁྱེད་ཐམས་ཅད་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། ་བཅོམ་ལྡན་འདས་ཀྱིས་ཚིག་འདི་གསུངས་མ་ཐག་ཏུ་དེ་ནས་གཞན་མུ་སྟེགས་ཅན་ཐམས་ཅད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། ཐམས་ཅད་ཀྱང་ས་བཅུ་ལ་རབ་ཏུ་གནས་པའི་བྱང ་ཆུབ་སེམས་དཔར་གྱུར་ནས། བྱང་ཆུབ་སེཾས་དཔའ་དེ་དག་ཐམས་ཅད་སྟེང་གི་ན་མཁའ་བར་སྣང་ལ་ཤིང་ཏ་ལ་བདུན་སྲིད་ཙམ་དུ་མངོན་པར་འཕགཱ་ནས། རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེག་པ ་ངག་དེ་བཞིན་གཤེགས་པ་ལ་དབུལ་ཞིང་། ཐམས་ཅད་ཀྱང་རྣ་བར་འཕྲུལ་པ་སྣ་ཚོགས་བྱིན་གྱིས་བརློབ་སྟེ། རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་དོ།། དེ་ནས་བཅོ་ལྡན་འདྲ་ཀྱི་དབུའི་སྤྱི་གཙུག་གི་སྟེང་ལོག ་སུ་གནས་ཏེ། བཅོ་ལྡན་འདྲ་ལ་མེ་ཏོག་སིལ་མ་སྣ་ཚོགས་འཐོར་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིད་ལ་བྱེད་ཏེ། རང་གི་ལུས་ལ་ཡང་སངས་རྒྱས་སུ་འདུ་ཤེས་སྐྱེད་དོ།། ལྷའི་བུ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་ཡང ་དེ་བཞིན་གཤེགས་པ་ལ་མངོན་པར་མཐོར་ཞིང་ཚིག་འདི་སྐད་དུ། དགེ་སྦྱོང་ཀོའུ་ཏ་མ་རྙེད་པ་ཆེན་པོའོ།། ཞིང་ཆེན་པོ། འཇིག་རྟེན་གྱི་མགོན་ནོ།། ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བརྙེད་པའོ།། མཁས་པ ་མཁས་པ་ཚོལ་བ་ལག་ཏེ། གང་སེམས་ཅན་འདི་ལྟ་བུ་དག་ཐབས་ལ་མཁས་པས། མཐར་གྱིས་འཁོར་བ་ལས་ཡོངས་སུ་ཐར་པར་མཛད་ཏེ་ལེག་པར་གསུངས་པ་གཅིག་ཙམ་གྱིས་ཀྱང་སེམས་ཅན་དེ་སྙེད་ཅིག། ་འཁོར་བ་ལས་ཡོངས་སུ་གྲོལ་ལོ་ཞེས་སྨྲས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་སྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། དབུས་མོ་གཡས་པའི་ལྷ་ང། ་ས་བཙུགས་ནཱ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ཏེ། བཅོམ་ལྡན་འདས་ལ་འདི་སྐད། ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱུ་གང་དང་རྐྱེན་གང་གིས་རིགས་ཀྱི་བུ ་བུ་དེ་དག་ཚིག་འདི་སྐད་འབྱིན་ཅིང་། རྫུ་འཕྲུལ་མངོན་པར་འདུ་བགྱི་བ་མང་པོ་བགྱིད་ཏེ། དེ་བཞིན་གཤེགས་པའི་བསྔགས་པ་མང་པོ་མངོན་པར་འདུ་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ་རིགས་ཀྱི་བུ་ཉོན་ཅིག། དེ་དག་ནི་ང་ལ་བསྟོད་པ་མ་ཡིན་གྱི་རང་གི་ལུས་ཆོས་ཀྱི་སྟན་དམ་པ་ལ་འཇོག་པར་འགྱུར། རང་གི་ལུས་ལས་འོད་ཟེར་འབྱིན་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་བཟུང་བར་འགྱུརརོ།། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཆོས་སྟོན་པར་འགྱུར་རོ།། དེ་ནས་བཅོམ ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་གསོལ་ཏོ།། བཅོམ་ལྡན་འདས་བདེ་བར་གཤེགས་པ་གདུགས་མཚན་དུ་སེམས་ཅན་མང་པོ་ཞིག་ཡོངས་སུ་གྲོལ་ཡང་། ད་དུང་སོས ་ཅན་ཟད་པར་མ་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་ཁྱོད་གང་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་དཔའ་ནི་ལེགས་སོ་ལེགས་སོ།། སྨན་གྱི་སྡེ་འདི་ལྟ་སྟེ་དཔེར་ན ་སྐྱེས་བུ་ལ་ལ་ཞིག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་སྟེ། ནོར་དང་། འབྲུ་དང་། མཛོད་དང་། བང་བ་མང་པོ་དང་ལྡན་པ། བྲན་པོ་དང་བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚེ་བའི་མི་མང་པོ་དང་ལྡན་ཏེ། དེ ་ནོར་གྱི་ཕུང་པོ་མངལ་ཞིང་དང་ཀུན་དགའི་ར་བ་མང་དུ་བདོག་ཅིང་། འདི་ལྟ་སྟེ། ནས་དང་། གྲོ་དང་འབྲས་དང་། བལ་སྲན་དང་། སྲན་ཅུང་ལ་སོགས་པ་འབྲུ་མང་དུ་བདོག་པ་ཞིག་ཡོད་ལ ་མི་དེས་དཔྱིད་ཀྱིས་དུས་ལ། འབྲུ་ཐམས་ཅད་ཀྱིས་ས་བོན་བཏབ་ནས། དུས་གཞན་ཞིག་གི་ཚེ་ས་བོན་དེ་དག་ཐམས་ཅད་ཡོངས་སུ་སྨིན་པར་གྱུར་པ་དང་། མི་དེས་འབྲུ་དེ་དང་དེ་དག་སོ་སོར་འཇོག ་སྟེ། གཞག་ནས་ཀྱང་དཔྱིད་ཀྱི་དུས་ཀྱི་བར་དུ་ཟོས་ནས་ཡང་འདེབས་པ་དེ་བཞིན་དུ་སྨན་གྱི་སྡེ་སེམས་ཅན་རྣཾས་ཀྱང་སྔོན་ལས་བྱས་པའི་ལས་དེ་དག་ཐམས་ཅད་ཟད་པར་གྱུར་པ་དང་། དེ་ལ་བསོད་ནམས་ཀྱི་ཞིང་ཚོལ། ་དགེ་བའི་རྩ་བ་རྣཾས་བསྐྱེད་དོ།། བསྐྱེད་ནས་ཀྱང་དགེ་བའི་ཆོས་དེ་ལ་ནན་གྱིས་བསྒྲུབ་སྟེ། ཆོས་ཐམས་ཅད་འཕེལ་བར་བྱས་ནས། དགེའ་བ་དང་མགུ་བ་བསྐྱེད་ཏེ། སྨན་གྱི་སྡེ་དགའ་ཞིང་མགུ་བའི་སེམས་ངེས ་བསྐལ་པ་བྱེ་བའི་བར་དུ་ཆུད་མི་ཟའོ།། སྨན་གྱི་སྡེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ཡང་ཆུད་ཟ་བའི་ཆོས་ཅན་དུ་ནམ་ཡང་མི་འགྱུར་ཏེ། མདོར་ན་ཆོས་ཐམས་ཅད་རབ་ཏུ་ཤེས་སོ།། ་གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་རྨི་ལམ་ཇི་ལྟ་བུ་མཐོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་རྨི་ལ ་དུ་འཇིགས་པ་མང་པོ་མཐོང་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ལས་ཐམས་ཅད་ཡོངསུ་སྦྱོང་བའི་ཕྱིར་རོ།། སེམས་ཅན་སྡིག་པའི་ལས་ཅན་གྱིས་ནི་སྡུག་བསྔལ་མི་བཟད་པ་སེལ་བར་ཡང་མི་ནུས་སོ།། དེ་ནི་སྡུག་པཱི། ་རྨི་ལམ་མཐོང་ན་ཡང་འཇིགས་པ་མ་ཡིན་ནོ།། གསོལ་པ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད། པའི་རྨི་ལམ་དུ་ཇི་ལྟར་འཇིགས་པ་མཐོང་བར་འགྱུར་བ་ལགས་སོ།། བཅོམ ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སེ་མེ་རབ་ཏུ་འབར་བ་མཐོང་སྟེ། དེས་ནི་བྱང་ཆུབ་སེམས་དཔའ་དེས་བདག་གི་ཉོན་མོངས་པ་ཐམས་ཅད་ཚིག་པར་རིག་པར་བྱའོ།། སྨན་གྱི་སྡེ་གཉིས་སུ ་ན་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དེས། ཆུ་འབྲུག་ཅིང་རབ་ཏུ་འབྲུག་པ་མཐོང་ཡང་། འཇིགས་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སྨན་གྱི་སྡེ་དེ་བཞིན་དུ་གཏི་མུག་གི་བཅིངས་པ་ཐམས་ཅད་ལས་བཟློག་ན། ་སྡིག་པ་ཐམས་ཅད་བྱང་བར་བྱས་པ་ཡིན་ནོ།། སྨན་གྱི་སྡེ་གསུམ་དུ་ན། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་རྨི་ལམ་ན་འཇིགས་པ་ཆེན་པོ་མཐོང་ངོ་།། གསོལ་པ་བཅོམ་ལྡན་འདས་གང་ལགས། བཅོམ ་ལྡན་འདས་ཀྱིས་བཀའ་བསལ་པ། བདག་གི་ལུས་ཀྱི་མགོ་བྲེགས་པ་མཐོང་ཡང་སྨན་གྱི་སྡེ་ལ་དེས་འཇིགས་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བདག་གི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བྲེགས་པ་ཡིན་ཏེ། ་བདག་ནི་འགྲོ་བ་དྲུག་ཏུ་འཁོར་བ་ལས་རྒྱལ་བ་ཡིན་ནོ་སྙམ་མོ།། དེ་སེམས་ཅན་དམྱལ་བར་གནས་པ་མ་ཡིན། དུད་འགྲོ་དང་། ཡིད་བཏགས་རྣཾས་ཀྱི་ནང་དུ་མ་ཡིན། ལྷ་མ་ཡིན་རྣམས་ཀྱི་ནང་དུ་མ་ཡིན། ཀླུ་རྣས་ཀྱི ་ནང་དུ་མ་ཡིན། ལྕེ་རྣམས་ཀྱི་ནང་དུ་མ་ཡིན། སྨན་གྱི་སྡེ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་སྐྱེ་བ་རབ་ཏུ་འཛིན་ཏོ།། སྨན་གྱི་སྡེ་ཕྱི་མའི་ཚེ་ཕྱི་མའི་དུས་ན། ་གལ་ཏེ་སེམས་ཅན་ལ་ལ་ཞིག། བྱང་ཆུབ་ཏུ་སེམས་ཡོད།། སུ་བསྔོ་བར་འགྱུར་ན། དེས་ཡི་དམ་ཆེན་པོ་བཅས་པར་བལྟ།། སྟེ། བརྙས་པར་གནས་པར་གྱུར་ཀྱང་། སྨན་གྱི་སྡེ་དེ་ལ་དེས་སྐྱོ་བའི་སེམས་། ་བསྐྱེད་པར་མི་བྱའོ།། སྨན་གྱི་སྡེ་དེས་ཆོས་མང་དུ་བསྟན་ཏེ། སྨན་གྱི་སྡེ་ངས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཞིག་གི་བར་དུ་དཀའ་བ་སྤྱོད་པ་སྤྱད་ཀྱང་། སྨན་གྱི་སྡེ་ངས་ལོངས་སྤྱོད ་ཀྱང་སྨན་གྱི་སྡེ་ངས་ལོངས་སྤྱོད་ཕྱིར་རམ། འཚོ་བའི་ལོངས་སྤྱོད་ཀྱི་ཕྱིར་རམ། དབང་ཕྱུག་གི་ལོངས་སྤྱོད་ཀྱི་ཕྱིར་དཀའ་བ་སྤྱོད་པ་སྤྱད་པ་མ་ཡིན་གྱི། སྨན་གྱི་སྡེ་ཆོས་ཀྱི་ངོ་བོ་ཉིད་ཁོང་དུ་ཆུད་པར་བྱ་བའི ་ཕྱིར། ངས་དཀའ་བ་སྤྱོད་པ་སྤྱད་ཀྱང་དེས་དེ་སྲིད་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྨན་གྱི་སྡེ་གང་གི་ཚེ་གང་གི་དུས་ན། ངས་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ ་དེ་ཉིད་ཀྱི་ཉིན་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྨན་གྱི་སྡེ་ཆོས་ཀྱི་རྣམ་གྲངས་འདི་ཟབ་པོ།། ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་བརྙེད་པ ་དཀའོ། སྨན་གྱི་སྡེ་དེ་བཞིན་གཤེགས་པ་འབྱུང་བ་མཆོག་ཏུ་བརྙེད་པར་དཀའོ།། སྨན་གྱི་སྡེ་ཆོས་ཀྱི་རྣམ་གྲངས་འདི་འདི་འཛིན་པ་དག་ཀྱང་མཆོག་ཏུ་བརྙེད་པར་དཀའོ།། གང་དག་ཆོས་ཀྱི་རྣམ་གྲངས་འདི ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་དག་ཐམས་ཅད་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། སྨན་གྱི་སྡེ་བསྐལ་པ་སྟོང་དུ་འཁོར་བ་སྙིལ ་བར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ། ཉེ། རབ་ཏུ་ཐོབ་པར་འགྱུར་རོ།། འགོག་པ་དང་ལམ་ཡང་རབ།། ཏུ་ཤེས་པར་འགྱུར་རོ།། གནས་རབ་ཏུ་ཤེས་པའི་བསྐལ་པ་ཡོད་པར ་འགྱུར་རོ།། དགེ་བའི་གནས་རབ་ཏུ་ཤེས་པའི་བསྐལ་པ་ཡོད་པར་འགྱུར་རོ།། མངོན་པར་ཤེས་པ་དང་། དགེ་བའི་གནས་རབ་ཏུ་ཤེས་པའི་བསྐལ་པ་ཡོད་པར་འགྱུར་རོ།། དགེ་བའི་གན ་འགོག་པ་རབ་ཏུ་ཤེས་པའི་བསྐལ་པ་ཡོད་པར་འགྱུར་རོ།། སྨན་གྱི་སྡེ་ཅིའི་ཕྱིར་འགོག་པ་ཞེས་བྱ། གསེལ་བ་བཅོམ་ལྡན་འདས་ཆོས་ཀྱི་གནས་ནི་དོན་ཅེས་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ ་པ། སྨན་གྱི་སྡེ་ཆོས་ཀྱི་གནས་གང་ཡིན། གསོལ་པ་བཅོ་ལྡན་འདས་ཆོས་ཤེས་བགྱི་བ་ནི། བརྩོན་འགྲུས་བརྩམས་པ་ཉིད་དང་། ཚུལ་ཁྲིམས་བརྩམས་པ་ཉིད་དང་། ཚུལ་ཁྲིམས་དང་ལྡན་པ་གང་ལག ་ཆོས་ཀྱི་གཏེར་ཞེས་བགྱིའོ།། བཅོམ་ལྡན་འདས་འདི་ནི་ཆོས་ཀྱི་གཏེར་འབྱུང་བའོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་འདྲི་བར་སེམས་དཔའ་ནི ་ལེགས་སོ་ལེགསོ།། གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་གང་དག་མང་དུ་ཐོས་པ་དང་ལྡན ་པ་རབ་ཏུ་ཤེས་པ་དེ་དག་གིས། དེ་བཞིན་གཤེགས་པ་རྣམས་ཀྱི་འབྱུང་བ་རབ་ཏུ་ཤེས་སོ།། དེ་བཞིན་གཤེགས་པ་རྣས་ཀྱིས་འབྱུང་བ་ཤེས་ན། དེ་བཞིན་གཤེགས་པ་རྣམས་ཀྱི་འབྱུང་བ་བདེ་བཱི་གན ་འདི་རབ་ཏུ་ཤེས་སོ།། ནམ་དེ་བཞིན་གཤེགས་པ་རྣམས། འཇིག་རྟེན་དུ་འབྱུང་བ་དེ་ནི། སེམས་ཅན་རྣམས་ཀྱིས་ཆོས་ཐོས་ཅད་རབ་ཏུ་ཤེས་སོ།། ཐབས་མཁས་པས་ཆོས་རྣམས་རབ་ཏུ ་ཤེས་སོ།། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་རབ་ཏུ་ཤེས་སོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣཾས་རབ་ཏུ་ཤེས་སོ།། གསོལ་པ་ཡེ་ཤེས་ཉིད་རྟོག ་ནས། མྱ་ངན་ལས་འདས་པ་གང་རབ་ཏུ་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་ཆོས་རབ་ཏུ་ཤེས་སོ།། སྨན་གྱི་སྡེ་དེ་བཞིན་དུ་དམ་པའི་ཆོས་བསུ་བ་རབ་ཏུ་ཤེས་ནས། རྙེད་པ་དང་པོ་སྐྱེ ་ཆོས་ཇི་ལྟར་ཐོས་པ་བཞིན་དུ་བཟུང་ནས་ཆོས་དང་ལྡན་པ་ཉིད་རྙེད་པར་འགྱུར་རོ།། སྨན་གྱི་སྡེ་འདི་ལྟ་སྟེ་དཔེར་ན། མི་ཚོང་པར་གྱུར་པ་ལ་ལ་ཞིག་མི་ཁུར་སྟོང་གིས་གསེར་ཁྱེར་ཏེ། དེ་ཁེ་སྤོགས་ཀྱི་ཕྱིར་སོང་། ་བ་དང་། དེའི་ཕ་མ་འདི་སྐད་སྨྲ་སྟེ། བུ་ཉོན་ཅིག་ཁུར་སྟོང་ཁྱེར་ལ་གཞན་དང་། རང་གི་གསེར་ལེགས་པར་ཁྱེར་ཅིག། ཚོང་པ་དེས་གསེར་ཁྱེར་ཏེ་སོང་ནས་ཟླ་བ་གཅིག་ཙམ་ལོན་པ་དང་། གསེར་དེ ་དག་ཐམས་ཅད་ནི་ཆུད་བསན་ཏེ་མེད་པར་བྱས་ཀྱི་འོག་ཏུ་དེ་ནས་མི་དེས་བསམས་པ་དང་། ཤིན་དུ་མི་དགའ་ན་སྙིང་ལ་མྱ་ངན་གྱི་ཟུག་རྔུ་ཟུག་སྟེ། དེ་གནོང་ཞིང་ངོ་ཚ་ནས་རང་གི་ཁྱིམ་དུ་མ་སོང་བ་དང་། དེ་པ་མཱ ་ཐོས་ནས་ཡི་ཆད་ཏེ་སྙིང་ལ་མྱ་ངན་གྱི་ཟུག་རྔུས་ཟུག་ནས། གོས་དག་ཀྱང་བྲལ་ཏེ་བུ་ངན་པ་དེ་བདག་ཅག་གི་ཁྱིམ་དང་བུའི་གཟུགས་སུ་སྐྱེས་ནས། ཁྱིམ་སོ་ཀུན་ཀྱང་བཤིག་སྟེ། བདག་ཅག་ལ་མཁོ་བ ་མེད་ཅིང་། སྡུག་བསྔལ་བར་བྱས་སོ།། བྲན་གྱི་ལས་བྱེད་དུ་བཅུག་གོ་ཞེས་དེ་སྐད་སྨྲེ་སྔགས་འདོན་ཏེ། དེའི་ཕ་མ་ཡི་ཆད་ནས། འཆི་བའི་དུས་བྱས་པ་དང་། དེ་ནས་བུ་ངེས་པ་མ་བདག ་ལ་ཡི་ཆད་ཏེ། འཆི་བའི་དུས་བྱས་སོ་ཞེས་ཐོས་ནས། བུ་དེ་ཡང་ཡི་ཆད་དེ་འཆི་བའི་དུས་བྱས་པ་དེ་བཞིན་དུ་སྨན་གྱི་སྡེ་དེ་བཞིན་གཤེགས་པས་དོན་འདི་བཤད་པ་ལ་ཡང་གང་དག་ངའི་བསྟན་པ ་ལ་མི་དད་པ་དེ་དག་ནི་རེ་ཐག་ཆད་ནས། འཆི་བའི་དུས་ཀྱི་ཚེ། སྙིང་ལ་མྱ་ངན་གྱི་ཟུག་རྔུས་ཟུག་སྟེ། འཆི་བའི་དུས་བྱེད་པར་འགྱུར་རོ།། ཇི་ལྟར་ཕ་མ་དེ་དག་ཡི་ཆང་ཏེ། གསེར་གྱི་ཕྱིར་མྱ་ངན་བྱེད་ཅིང་སྙིང་ལ ་མྱ་ངན་གྱི་ཟུག་རྔུས་ཟུག་ནས། གཞན་དང་རང་གི་གསེར་གྱི་ཕྱིར་མྱ་ངན་གྱི་ཟུག་རྔུ་དང་ལྡན་པ་དེ་བཞིན་དུ། སྨན་གྱི་སྡེ་གང་དག་ངའི་བསྟན་པ་ལ་མ་དད་པ་དེ་དག་ནི་ཕྱིས་འཆི་བའི་དུས་ཀྱི་ཚེ་གདུང་ཞིང་སྨྲེ ་སྔགས་འདོན་ལ། སྡུག་བསྔལ་གྱི་ཚོར་བ་མྱོང་ཞིང་། སྔོན་ལས་བྱས་པའི་བསོད་ནམས་དག་ཟད་ནས། ཕྱིན་ཆད་ཞིང་བཟང་པོ་དང་ལྡན་པའི་བསོད་ནམས་དག་མི་བྱེད་ཏེ། དེ་དག་གི་སྙིང་མྱ་ངན་གྱི་ཟུག་རྔུ ་དང་ལྡན་པས། དེའི་ཚེ་དེའི་དུས་ན། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་ཞིང་། མི་བཟད་པ་དྲག་པོ་མཐོང་ནས། འཆི་བའི་དུས་ཀྱི་ཚེ་འདི་སྙམ་དུ་སེམས་ཏེ། ་གང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་རྟགས་དང་། གཤིན་རྗེའི་འཇིག་རྟེན་མཐོང་བར་མི་འགྱུར་ཞིང་། སྡུག་བསྔལ་གྱི་ཚོར་བ་དེ་མྱོང་བར་མི་འགྱུར་བར་བདག་ལ་སུ་ཞིག་སྐྱོབ་པར ་འགྱུར་སྙམ་པ་དང་། དེའི་ཕ་མས་འདི་སྐད་ཅེས་སྨྲསོ།། བུ་ཅིག་ནད་ཀྱིས་འཇིགས་ཆེན་ནི་འབྱུང་བར་མི་ནུས་ཇི་དེལྟར་བྱ། ན་བ་འཆི་བས་འཇིགས་མོད་ཀྱི།། བུ་ཁྱོད་འཆི་བ་ཡོད་པ། ་ཡིན།། ནད་ཀྱི་འཇིགས་པ་དང་སྐྲག་པ་ལས།། ཁྱོད་ནི་ཐར་པར་འགྱུར་བ་ཡིན།། བདག་གི་རྣམ་པར་ཤེས་པ་འགག།། བདག་གི་ལུས་ལ་རབ་ཏུ་གནོད།། ཡན་ལག་ཐམས་ཅད ་སྡུག་བསྔལ་ཏེ།། བདག་གིས་འཆི་བ་མཐོང་བར་གྱུར།། བདག་གིས་མིག་ནི་མི་མཐོང་ཞིང་། བདག་གི་རྣ་ཡང་མི་ཐོས་སོ།། རྣ་བའང་ཐོས་པར་མི་འགྱུར་ཏེ།། ལུས་ཀྱང་ཟོ་མདོག་བདེ་བ་ཡིན། ཡན་ལག ་ཉིང་ལག་སྡུག་བསྔལ་ཏེ།། ཤིང་དང་འདྲ་བར་སེམས་པ་མེད།། བདག་གི་འཆི་བ་འོད་མེད་ཅེས།། ཡུམ་གྱིས་བདག་གིས་སྤྲོ་བསྲིང་ཟད།། མས་སྨྲས་པ། བུ་ཁྱོད་དེ་སྐད་སྨ་མི་རིག། ངལ ་མཆོག་ཏུ་འཇིགས་མེད་བྱེད།། ཁྱོད་ཀྱི་ལུས་ལ་རིམས་བཏབ་པས།། རྣམ་པ་སྣ་ཚོགས་མཐོང་བར་འགྱུར།། བུས་སྨྲས་པ། ལུས་ལ་རིམས་ཀྱང་མ་མཐོང་སྟེ།། ན་བ་མེད་ཅིང་སྐུ ་བསྔལ་མེད།། འཆི་བ་ཤིན་དུ་མི་བཟད་མཐོང་།། བདག་ལུས་སྡུག་བསྔལ་བཅོམ་པར་འགྱུར།། བདག་གིས་ལུས་ཀུན་སྡུག་བསྔལ་གྱིས།། རབ་ཏུ་གཟིར་བར་མཐོང་གྱུར་ནས།། སུ་ལ་སྐྱབསུ་འགྲོ། ་བར་བྱ་བདག་གི་སྐྱོབ་པར་སུ་ཞིག་འགྱུར།། ཕ་མས་སྨྲས་པ། བུ་ཁྱོད་ལ། ལྷ་ཡང་རབ་ཏུ་བཀྱོན་འགྱུར་གྱིས།། ལྷ་རྣམས་ལ་ནི་མཆོད་བྱས་ན།། དེའི་འོག་ཏུ་མཚོ་བར་འགྱུར།། བུས་སྨྲས་པ། གང་གཱི ་བདག་ནི་འཚོ་འགྱུར་བ།། ཁྱོད་ཀྱིས་དེ་ལྟར་མཛད་དུ་གསོལ།། རིངས་ཤི་རབ་ཏུ་མྱུར་བཞུད་ལ།། ལྷ་བོན་པོ་ལ་དྲི་བར་གསོལ།། དེ་ནཱ། དེའི་ཕ་མ་ལྷའི་རྟེན་གྱི་དྲུང་དུ་སོང་ནས། ལྷ་ལ་བདུག་པ ་ཕུལ་བ་དང་།། དེ་ནས་ལྟ་བོན་པོས་ལྷ་ལ་བདུག་པ་ཕུལ་ནས། ཚིག་འདི་སྐད་ཅེས་སྨྲས་སོ།། ཁྱོད་ལ་བཀྱོན་གྱིས་བརྗེད་ཅིག། མཆོད་སྦྱིན་གྱིས་ཤིག། དེ་ལ་ཕྱུགས་སོད་ཅིག། མི་ཡང་སོང ་ཅིག། དེ་ནས་ཁྱེད་ཀྱི་བུ་ནད་ལས་ཡོངས་སུ་ཐར་པར་འགྱུར་རོ།། དེ་ནས་ཕ་མ་དེ་དག་བླ་སེམས་པ། བདག་ཅག་ནི་དབུལ་ན། ཇི་ལྟར་བྱ། གལ་ཏེ་ལྷ་མ་མཉེས་ན་ནི། བུ་དེ་ཡང་འཆི་བའི་དུས་བྱེད་པར་འགྱུར།། ཇི་སྟེ ་མཉེས་པར་བྱས་ནས། བདག་ཅག་ནི་དབུལ་བས། མི་དང་ཕྱུགས་གང་ནས་བླང་སྙམ་ནས། དེ་དག་རིངས་ཤིང་མྱུར་བར་ཁྱིམ་དུ་དོང་སྟེ། ཁྱིམ་རྫས་ཅུང་ཟད་ཅི་བདོག་པ་དེ་ཐམས་ཅད་ཕྱུགས་ཉོ་བའི་ཕྱིར་འཚོང ་དུ་སོང་ངོ་།། དེ་ནས་མི་གཞན་ཞིག་གི་གན་དུ་ཕྱིན་ནས། ཀྱེ་སྐྱེས་བུ་གསེར་ཞིག་བསྐྱིར་ཕྱིན། སྦྱིན་པ་ནི་ཞག་བཅུ་ན་སླར་དབུལ་ནུས་ན་ལེག། དབུལ་མ་ནུས་ན་ཡང་ངེད་ཁྱེད་ཀྱི་བྲན་དུ་ཁས་བླངས་ཏེ་ལས་བྱའོ།། ་ཞེས་དེ་སྐད་སྨྲས་ནས། དེ་གཉིས་གསེར་དེ་ཁྱེར་ཏེ་མི་ཉོར་དོང་ངོ་།། དེ་གཉིས་ཀྱིས་མི་ཉོས་ནས། མི་དེས་ཀྱང་བསད་པར་ནི་མ་ཤེས་སོ།། དེ་ནས་པ་མ་རྨོངས་པར་གྱུར་པ་དེ་གཉིས་སླར་རང་གི་ཁྱིམ་དུ་མ་དོང་གི། ་ལྷའི་བོན་པོ་ལ་ད་མྱུར་དུ་མཆོད་སྦྱིན་མཛོད་ཅིག་ཅེས་སྨྲས་སོ།། དེ་ནས་པ་མ་དེ་གཉིས་བདག་ཉིད་ཀྱིས་ཕྱུགས་ཀྱང་གསད། མི་ཡང་གསད་དོ།། དེ་ནས་ལྷའི་བོན་པོ་དེས་མཆོད་སྦྱིན་བྱ་བར་བསམས་ཏེ། མེ་བུས ་པ་དང་། དེ་ནས་ལྷ་དེ་བསམས་ཏེ། ཁྱེད་ཀྱི་བུ་ནི་ངས་ཁྱེར་རོ་ཞེས་སྨྲས་སོ།། དེ་ནས་ཕ་མ་དེ་གཉིས་དགའ་ཞིང་མགུ་བས་ཁྱབ་ནས་བུ་འདི་སོས་ན་བདག་ཅག་དྲན་དུ་གྱུར་ཀྱང་བླ་ཞེ་སྨྲས་ཏེ། ཕ་མས ་ལྷ་ལ་མཆོད་སྦྱིན་བྱས་ནས་སླར་སོང་སྟེ། རང་གི་ཁྱིམ་དུ་ཕྱིན་ན། བུ་འཆི་བའི་དུས་བྱས་པ་མཐོང་ངོ་།། དེ་ནས་པ་མ་དེ་གཉིས་སྡུག་བསྔལ་ཞིང་ཡི་མུག་པ་ཆེན་པོས་སྙིང་ལ་མྱ་ངན་གྱི་ཟུག་སྟེ། ཡི་ཆད་པར ་གྱུར་ནས་དེ་ཉིད་དུ་འཆི་བའི་དུས་བྱས་པ་དེ་བཞིན་དུ། སྨན་གྱི་སྡེ་མི་དགེ་བའི་གྲོགས་པོ་དང་བསྙེན་པར་བལྟའོ།། གསོལ་པ་བཅོམ་ལྡན་འདས་སེམས་ཅན་དེ་དག་གང་དུ་སྐྱེ་བ་ཞུའོ།། བཅོམ་ལྡན་འདས་ཀྱིས་བཀྲ་བསྩལ ་སྨན་གྱི་སྡེ་ཁ་རོག་ང་ལ་མ་དྲི་ཤིག། གསོལ་པ་བཅོམ་ལྡན་འདས་ཞུའོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་དེ་ལ་མ་ནི་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་དུ་སྐྱེས་སོ།། པ་ནི་སེམས་ཅན་དམྱལ་བ ་ཆེན་པོ་བསྡུས་ཞོམ་དུ་སྐྱེས་སོ།། བུ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཆེ་བར་སྐྱེས་སོ།། ལྷ་བོན་པོ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་སོ།། གསོལ་པ། བཅོམ་ལྡན་འདས ་མི་མ་ནོངས་པ་གང་དུ་སྐྱེས། དེའི་ཚེ་སླད་མ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་འདི་ལ་མི་མཉེས་པ་དེ་ནི། སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ ་སྐྱེས་སོ།། གསོལ་པ། བཅོམ་ལྡན་འདས་རྒྱུ་གང་དང་། རྐྱེན་གང་གིས་མི་དེ་སུམ་བཅུ་རྩ་གསུམ་ལྷ་རྣམས་དང་། བསྐལ་པ་མཉམ་པར་སྐྱེས། བཅོམ་ལྡན་འདས་ཀྱིས་བཀའ ་བསྩལ་པ། སྨན་གྱི་སྡེ་ཉོན་ཅིག། མི་དེའི་ཚེ་བའི་དུས་ཀྱི། ཚེ། དེ་བཞིན་གཤེགས་པ་ལ་སེམས་དང་བས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས། ལན་ཅིག་སྨྲས་ཏེ ་སྨན་གྱི་སྡེ་དགེ་བའི་རྩ་བ་དེས་བསྐལ་པ་དྲུག་བཅུའི་བར་དུ་སུམ་བཅུ་རྩ་གསུམ་ལྷ་རྣམས་ཀྱི་བདེ་བ་མྱོང་བར་འགྱུར་རོ།། བསྐལ་པ་བརྒྱ་བཅུའི་བར་དུ་སྐྱེ་བར་ཚེ་རབས་དྲན་པར་འགྱུར་རོ།། ་སྐྱེ་བ་དང་སྐྱེ་བར་མྱ་ངན་གྱི་ཟུག་རྔུ་ཐམས་ཅད་དང་བྲལ་བར་འགྱུར་རོ།། སྐྱེས་མ་ཐག་ཏུ་སྡུག་བསྔལ་ཐམས་ཅད་ཟློག་པར་བྱེད་དོ།། སེམས་ཅན་དེ་དག་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བ་ནི་མི ་ནུས་སོ།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་རྔོ་ཐེག་པ་ལོགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་བརྩོན ་འགྲུས་བརྩམ་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་བརྩོན་འགྲུས་བརྩམ་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་ཉོན་ཅིག། བརྩོན་འགྲུས་ཤེས་བྱ་བ་ནི་འབྲས་བུ ་རྣམས་སྟོན་པའོ།། འདི་ལྟ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤེས་བྱ་བ་ནི་བརྩོན་འགྲུས་ཀྱི་གནས་སོ།། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་གནས་སོ།། ཕྱིར་མི་འོང་བའི ་འབྲས་བུ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་གནས་སོ།། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་འགག་པ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་གནས་སོ།། རང་སངས ་རྒྱས་ཀྱི་འབྲས་བུ་དང་། རང་སངས་རྒྱས་ཀྱི་འབྲས་བུ་ཤེས་པ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་གནས་སོ།། བྱང་ཆུབ་སེམས་དཔའི་འབྲས་བུ་དང་། བྱང་ཆུབ་ཀྱི་གནས་ཤེས་བྱ་བ་ནི ་བརྩོན་འགྲུས་ཀྱི་གནས་སྟེ། སྨན་གྱི་སྡེ་འདི་དག་ནི་བརྩོན་འགྲུས་ཀྱི་གནས་ཤེས་བྱའོ།། གསོལ་པ། བཅོམ་ལྡན་འདས་རྒྱུན་ཏུ་ཞུགས་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཇི ་ལྟར་བསྟན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་གིས་ཤིང་ཞིག་བསྐྱེད་ན། དེ་ཉིད་ཀྱི་ཉན་མོ་ཤང་དེའི་རྩ་བ་ཟུག་ནས། དེ་ཉིད་ཀྱི་ཉིན་མོ་རྩ་བ ་དེ་དཔག་ཚད་ཙམ་གྱི་འོག་ཏུ་སོང་ངོ་།། མི་གཞན་ཞིག་གིས་ཀྱང་དེ་བཞིན་དུ་ཤིང་བསྐྱེད་པ་དང་། དེ་ཉིད་ཀྱི་ཉིན་མོ་རླུང་གིས་བསྐྱོད་ཏོ། ཤིང་དེ་རྩ་བ་མ་ཟུག་ནས། དེ་ནས་མི་དེས་གནས་དེ་ནས། ཤིང་དེ ་ཕྱུང་བ་དང་། མི་ཅིག་ཤོས་ཀྱིས་ཀྱང་ཅིའི་ཕྱིར་ངའི་ས་རྐོས་ཤེས་འཐབ་འདྲེག་རྩོད་པར་གྱུར་ནས། དེའི་ཚེ་རྒྱལ་པོའི་མི་དེ་གཉིས་འཐབ་འབྲེག་རྩོད་པར་གྱུར་ཏོ།། ཞེས་ཐོས་ནས། རྒྱལ་པོ་དེས་པོ་ཉ ་བཏང་སྟེ། སོང་ལ་མི་དེ་གཉིས་ཁྲིད་དེ་ཤོག་ཤིག། ལྷ་དེ་ལྟར་འཚལ་ལོ་ཞེས་མི་རིངས་པའི་གཟུགསུ་རྒྱུགས་ནས། མི་དེ་གཉིས་ལ་འདི་སྐད་ཅེས་ཁྱེད་ལ་རྒྱལ་པོ་འབོད་དོ།། ཞེས་སྨྲས་པ་དང་། དེ་ནས་མི ་གཅིག་ནི་འཇིགས་སྐྲག་གོ།། མི་གཅིག་ནི་འཇིགས་ཤིང་སྐྲག་པ་མེད་པར་རྒྱལ་པོ་ག་ལ་བ་དེར་ཁྲིད་དོ།། ཁྲིད་ནས་རྒྱལ་པོ་མདུན་དུ་འཁོད་དོ།། དེ་ནས་རྒྱལ་པོས་མི་དེ་གཉིས་ལ་འདི་སྐད་ཅེས་སྨྲས་། ་ཀྱེ་ཁྱེད་ཅི་ཞིག་གི་ཕྱིར་འཐབ་ཅིང་རྩོད་པར་གྱུར་ན། དེ་ནས་མི་དེ་གཉིས་ལངས་ཏེ་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་ཆེན་པོ་གསན་དུ་གསོལ། བདག་ཅག་ལ་ནི་ས་ཕྱོགས་ཅུང་ཟད ་ཀྱང་མ་མཆིས་ཀྱི། ས་གཡར་པོ་ཞིག་ལ་ཤིང་བསྐྱེད་པ་ལས་རླུང་གིས་བསྐྱོད་ནས། རྩ་བ་ལྔ་ཡང་མ་ཟུག། ལོ་མ་དང་། མེ་ཏོག་དང་འབྲས་བུ་ཡང་མ་བྱུང་སྟེ། རྒྱལ་པོ་ཆེན་པོ་དེའི་རྩ་བ་དཔག་ཚད་ཙམ་གྱི་འོག་ཏུ ་ཡང་མ་མཆིས་པ་དང་། ཁྱེད་ཀྱིས་ཉེས་སོ་ཞེས་མི་འདིས་བདག་ལ་འཐབ་མོ་བརྒལ་དུ་བས་གྱི། བདག་གིས་ནི་མ་འནོངས་ན། ལྷ་དེ་ལ་བདག་གིས་ཅུང་ཟད་ཀྱང་མ་ནོངས་པར་མཁྱེན་པར་མཛད་དུ་གསོལ།། དེ་ནས ་རྒྱལ་པོ་དེས་བློན་པོ་བྱེ་བ་ཕྲག་སུམ་བཅུ་བཀུག་སྟེ་བསོགས་ནས་འདི་སྐད་ཅེས་བསྒོའོ།། ཁྱེད་ཅག་སྨྲས་ཤིག། བློན་པོ་རྣམས་ཀྱིས་གསོལ་པ། ཇི་སྐད་སྨྲ་བར་བགྱི། གང་གི་ཉིན་མོ་ཤིང་བསྐྱེད་པ་དེ་ཉིད་ཀྱི་ཉིན་མོ ་ཆ་འཟུག་ནས། ལོ་མ་དང་། མེ་ཏོག་དང་། འབྲས་བུ་འབྱུང་བ་ཁྱེད་ཀྱིས་གང་ཡང་མཐོང་ངམ། ཟོས་སམ། ཁྱེད་ཀྱིས་ཞག་བདུན་ནམ། ཟླ་བ་ཕྱེད་ཀྱིས་བྱེ་བ་བྲག་ཕྱེད་པར་གྱིས་ཤིག། དེ་ནས་བློན་པོ་དེ་དག་སྨན་ལས་ལངས་ཏེ། ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། རྒྱལ་པོ་ཆེན་པོ་བདག་ཅག་གིས་འདི་བྱེ་བྲག་བྱེད་པར་འགྱིར་མི་རུང་ངོ་།། འདི་བྱེ་བྲག་ཕྱེད་པར་རྔོ་མི་ཐོག་གོ།། རྒྱལ་པོ་ཆེན་པོ་འདི་ནི་ངོ་མཛར་ཏེ། རེ་ཤིག་མི་འདི་ཉིད་རྨ་བར་འགྱིའོ།། ་ཀྱེ་སྐྱེས་བུ་གང་སྨྲས་པའི་དོན་དེ་བདེན་ནམ། སྨྲོས་ཤིག། སྨྲས་པ། རྒྱལ་པོ་ཆེན་པོ་དོན་དེ་མང་ངོ་།། རྒྱལ་པོས་སྨྲས་པ། གང་གི་ཉིན་མོ་ཤིང་བསྐྱེད་པ། དེའི་ཉིན་མོ་རྩ་བ་ཟུག་ཅིང་། འདབ་མ ་མེ་ཏོག་འབྲས་འབྱུང་ཞེས། དེ་ཉིད་ཉིན་མོ་སྨྲས་པ་ནི། ཁྱེད་ཀྱི་ཚིག་འདི་བསྟན་པར་དཀའ།། འདི་དྲན་མཐོང་བ་འམ། ཐོས་པ་མེད།། དེ་ནས་མི་དེས་ཐལ་སྦྱར་ཏེ། རྒྱལ་པོ་དེ་ལ་འདི་སྐད་ཅེས ་སྨྲས། གཤེགས་ལ་ཉིད་ཀྱིས་ཤིང་བསྐྱེད་ཏེ། རྩ་བ་ཟུག་ལ་གཟིགསསུ་གསོལ།། དེ་ནས་རྒྱལ་པོ་དེ་བྱེ་བ་ཕྲག་སུམ་བཅུ་དང་ལྷན་ཅིག་ཕྱི་རོལ་དུ་བྱུང་ནས། མི་དེ་གཉིས་ཀྱང་བརྩོན་རར་བཅུག་གོ།། ་དེ་ནས་རྒྱལ་པོ་དེ་ཉིད་ཀྱིས་ཤིང་བསྐྱེད་པ་དང་། ཤིང་དེ་རྩ་བ་ཡང་མ་ཟུག། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཡང་མ་བྱུང་ནས། དེས་རྒྱལ་པོ་དེ་ཁྲོས་ཏེ། འདི་སྐད་ཅེས་ཁྱེད་མྱུར་དུ་དེང་ལ། ཤིང་བཤག་པའི་སྟ་རེ་རྣམས ་ལོང་ཅིག་ཅེས་སྨྲས་ནས། བླངས་པ་དང་། དེ་ནས་ཡང་མི་དེས་བསྐྱེད་པའི་ཤིང་དེ་ལ་ཁྲོས་ནས། ཤིང་དེའི་ལོ་མ་དང་། མེ་ཏོག་དང་། འབྲས་བུ་འབྱུང་བ་རྣམས་བཅད་དོ།། ཤིང་གཅིག་པོ་དེ་བཅད་པ་དང་། ་ཤིང་བཅུ་གཉིས་བྱུང་ངོ་།། ཤིང་བཅུ་གཉིས་བཅད་པ་དང་། རིན་པོ་ཆེ་སྣ་བདུན་གྱི་ཤིང་རྩ་བ་དང་བཅས། ལོ་མ་དང་བཅས་གུ་གུལ་དང་བཅས་པ་ཉི་ཤུ་རྩ་བཞི་བྱུང་ངོ་།། དེ་ནས་ཤིང་ཉི་ཤུ་རྩ་བཞི་པོ། ་དེ་དག་ལས་པ་གསེར་གྱི་ཟེ་བ་ཅན་དང་། གསེར་གྱི་མཆུ་ཅན་རིན་པོ་ཆེ་སྣ་བདུན་གྱི་འདབ་མ་ཅན་ཉི་ཤུ་རྩ་བཞི་བྱང་ངོ་།། དེ་ནས་རྒྱལ་པོ་དེ་ཁྲོས་པའི་ཟིལ་གྱིས་ནོན་ནས། རང་གི་ལག་གིས་སྟ་རེ་བླངས་ཏེ། ཤིང་དེ་ལ་གཙབ ་པ་དང་། ཤིང་གཙབས་པ་དེ་ལས་བདུད་རྩི་བྱུང་ངོ་།། དེ་ནས་རྒྱལ་པོ་དེ་ཡིད་མི་བདེ་ནས་སོང་ལ་མི་དེ་གཉིས་བཙོན་རཱ་ནས་ཕྱུང་ཤིག། ཅེས་བསྒོ་བ་དང་། ལྷ་དེ་ལྟར་འཚལ་ཞེས་དེའི་མོད་ལ་རབ་ཏུ་བརྒྱུགས་ཏེ། མི་དེ། ་གཉིས་གཙོན་ར་ནས་ཕྱུང་ནས། ཤིང་ག་ལ་བ་དེར་ཁྲིད་པ་དང་། རྒྱལ་པོས་སྨྲས་པ། ཤིང་ཅིག་བཅད་ན་ཉིས་འགྱུར། དུ་འཕེལ་ཏེ། ཉི་ཤུ་རྩ་བཞིར་གྱུར་པ་དེ་ཁྱོད་ཀྱིས་བསྐྱེད་དམ། ངས ་བསྐྱེད་པའི་ཤིང་ནི་རྩ་བ་དང་། ལོ་མ་དང་མེ་ཏོག་དང་། འབྲས་བུ་ཡང་མ་སྐྱེསོ།། དེ་ནས་མི་དེས་གསོལ་པ། རྒྱལ་པོ་ཆེན་པོ་བདག། གི་བསོད་ནམས་ཅི་འདྲ་བར་དེ་འདྲ་བའི་བསོད་ནམས་ཁྱེད་ལ་མི་མངའོ།། དེ ་ནས་བློན་པོ་བྱེ་བ་ཕྲག་སུམ་བཅུས་པུས་མོའི་ལྷ་ང་གཉིས་ས་ལ་བཙུགས་ནས། མི་དེ་ལ་འདི་སྐད་ཅེས་སྨྲསོ།། རྒྱལ་པོ་སྔ་མ་འདི་མི་རུང་གིས། ཁྱོད་ཀྱིས་རྒྱལ་པོ་བྱ་དགོསོ།། དེ་ནས་མི་དེས་བློན་པོ་དེ་དག་ལ་ཚིགསུ། ་བཅད་པ་འདི་དག་སྨྲསོ།། རྒྱལ་པོ་ལོངས་སྤྱོད་བདག་མི་དགོས།། ནོར་དང་འབྲུ་ཡང་དགོས་པ་མེད།། སངས་རྒྱས་རྣམས་ལ་བདག་དད་པས།། རྐང་གཉིས་དག་གི་མཆོག་ཏུ་ཤོག། ཞི་བ་མྱ་ངན་འདས་པའི་དབྱིངས།། ་གང་ན་དེ་བཞིན་གཤེགས་པར་འགྲོ།། མྱ་ངན་འདས་ཁྱིམ་འགྲོ་འགྱུར་བ།། ཆོས་འདི་ཁྱོད་ལ་བཤད་པར་བྱ།། དཀྱིལ་མོ་དཀྲུང་ནི་བཅས་ནས་སུ།། དེ་ནས་ཡི་དམ་རབ་བཅས་སོ།། བདག་གིས་སྔོན་བྱས་ལས་རྣམས་ཀྱིས།། ་རྒྱལ་པོའི་བཙོན་རར་ཕྱིན་པར་གྱུར།། སྨོན་ལམ་འདི་ནི་བཏབ་པས་ན།། བདག་གི་ལས་ནི་ཟད་པར་གྱུར།། དེ་ནས་ཡི་དམ་བྱེ་བ་ཕྲག་ཉི་ཤུ་རྩ་བཞིས།། རྡོ་རྗེའི་མཆུས་སིལ་བསྟན་རྣམས་དཀྲོལ་ཏེ།། དེ་ནས་དེའི་ཚེ་དེའི་དུས་ན།། ་ཁང་པ་བརྩེགས་པ་སུམ་ཁྲི་ཉིས་སྟོང་བྱུང་སྟེ། ཁང་པ་བརྩེགས་པ་རེ་རེའི་ཚད་ཀྱང་། དཔག་ཚད་ཉི་ཤུ་རྩ་ལྔ་ལྔ་པར་གྱུར་ཏོ།། ཁང་པ་བརྩེགས་པ་རེ་རེ་ལས་ཀྱང་བྱ་གསེར་ཟེ་བ་ཅན། གསེར་གྱི་མཆུ། ་ཅན་གསེར་གྱི་གདོང་ཅན་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ་ལྔ་བྱུང་སྟེ། དེ། དག་གིས་མི་སྐད་དུ་སྨྲས་པ། རྒྱལ་པོ་ཁྱོད་ཀྱིས་ལེག། མ་བྱས།། ཁྱོད་ཀྱིས་ཤིང་དེ་བཅད་པས་ན།། བྱེ་བ་བརྒྱའི་ཤིང་རྣམས་ལས ་ཉི་ཤུ་རྩ་བཞིར་གནས་པར་གྱུར།། སེམས་ཅན་གང་གིས་ཤིང་བསྐྱེད་འདི།། ཅི་འདྲ་ཤེས་པ་མི་ཡིན་པ།། སྡིག་པའི་ལས་ཀྱིས་ཕྱིན་ཅད་ཀྱང་།། མི་སྡུག་འབྲས་བུ་མྱོང་བར་འགྱུར།། རྒྱལ་པོས་སྨྲས་པ ་བདག་གིས་དོན་འདི་མི་ཤེས་ཀྱིས། དཀའ་ཐུབ་ཆེན་པོ་ལུང་སྐྱོན་ཅིག། བྱ་རྣམས་ཀྱིས་སྨྲས་པ། འདི་ནི་འཇིག་རྟེན་སྣང་བྱེད་ཏེ།། རྣམ་པར་འདྲེན་པར་འགྱུར་བ་ཡིན།། འཁོར་བ་སྲིད་པའི་བཙོན་ར་ལས།། སེམས ་ཅན་ཐམས་ཅད་ཐར་བྱེད་པའོ།། རྒྱལ་པོས་སྨྲས་པ། གང་གི་ཤིང་ནི་མ་སྐྱེས་པ།། སྐྱེས་བུ་གཉིས་པ་དེ་གང་ཡིན།། དེས་ནི་སྡིག་པའི་ལས་གང་བྱས།། གཉིས་སྐྱེས་རྣམས་ནི་སྨྲ་བར་བྱོས།། བྱ་རྣམས་ཀྱིས་སྨྲས་པ། ་གང་གི་ཤིང་ནི་མ་སྐྱེས་པ། འདི་ནི་ལྷས་བྱིན་གླེན་པ་སྟེ།། དགེ་བ་ཅུང་ཟད་མ་བྱས་ན།། དེའི་ཤིང་ནི་ཇི་ལྟར་སྐྱེས།། དེ་ནས་དེའི་ཚེ་དེའི་དུས་ན། བློན་པོ་བྱེ་བ་ཕྲག་སུམ་བཅུ་པོ་རྣམས་ཀྱིས་ཆོས་ཀྱི་རྣ་གྲངས ་འདི་ཐོས་ནས། ཐམས་ཅད་ཀྱང་ས་བཅུ་ལ་རབ་ཏུ་གནས་ཏེ། མངོན་པར་ཤེས་པ་སོ་སོར་ཐོབ་པར་གྱུར་ཏོ།། རྒྱལ་པོ་དེ་ཡང་ས་བཅུ་ལ་གནས་ནས། དགེ་བའི་ཆོས་མངོན་པར་རྟོགས་པ་རྗེསུ་ཐོབ་པོ།། དེ་ནས་བཅོམ་ལྡན ་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱུ་གང་དང་རྐྱེན་གང་གིས་བློན་པོ་བྱེ་བ་ཕྲག་སུམ་བཅུ་རྩ་གསུམ་པོ་རྣམས་ས་བཅུ་ལ ་གནས་ཏེ། མངོན་པར་ཤེས་པ་སོ་སོར་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་ཉོན་ཅིག། ལུང་བསྟན་པར་བྱའོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་ཁ་དོག་བརྒྱ་སྟོང་ཕྲག་དུ་མ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། ལེབ་རྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་བརྒྱད་ཁྲི་བཞི་སྟོང་བྱུང་ནས་དེ་དག ་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་སྣང་བར་བྱས་ཏེ། སླར་ལོག་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་ནུབ་བོ།། དེ་ནས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་སྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ཏེ། ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས་པར་འཛུམ་པ་མཛད་ན། འཛུམ་པ་མཛད་པའི་རྒྱུ་ག ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་ཕྱོགས་བཞིའི་འཇིག་རྟེན་གྱི་ཁམས་ཀུན་ནས་སྐྱེ་བོའི་ཚོགས་ངའི་གན་དུ་འོང་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་ཀྱིས ་དེ་མཐོང་།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་དེའི་ཕྱིར་སྐྱེ་བོའི་ཚོགས་ལ་རྣམ་པར་རྟོགས་ཏེ། ལྟོས་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་རྣམ་པར ་ལྟས་པ་དང་། ཤར་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་གཅིག་བྱུང་། ནས། དེའི་ཕྱོགས་གཅིག་ན་སྐྱེ་བོའི་ཚོགས་བྱེ། བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་མི་སྨྲ་མི་ཟེར། མི་བརྗོད ་མི་ཟ་མི་ལྡང་མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། ནུབ་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་ཅིག་བྱུང་ནས། དེ་ནས་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི ་ཟེར། མི་སྭཱ། ཀུན་ཏུ་མི་སྭཱ། ཡོངསུ་མི་བརྗོད་མི་ལྡང་མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། ནུབ་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་གཅིག་བྱུང་ནས། དེ་ནས་སྐྱེ་བོའི་ཚོགས་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། ་དེ་དག་ཀྱང་མི་ཟེར་མི་སྨྲ། ཀུན་ཏུ་མི་སྨྲ་མི་བརྗོད། མི་ལྡང་མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། བྱང་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་གཅིག་བྱུང་ནས། དེ་ལ་སྐྱེ་བོའི་ཚིགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར་མི་སྨྲ། ཀུན་ཏུ་མི་སྨྲ། ཡོངསུ་མི་བརྗོད་མི་ལྡང་མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། འོག་གི་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་གཅིག་བྱུང་ནས ་དེ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་ཅང་མི་ཟེར་མི་སྨྲ་ཀུན་ཏུ་མི་སྨྲ། ཡོངསུ་མི་བརྗོད་མི་ལྡང་མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། སྟེང་གི་ཕྱོགས་ནས་ཤིང་དཔག་ཚད་བདུན ་སྟོང་པ་གཅིག་བྱུང་ནས། དེ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། མི་ཟེར་མི་སྨྲ་ཀུན་ཏུ་མི་སྨྲ། ཡོངསུ་མི་བརྗོད་མི་ལྡང་མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་མཐོང་ངོ་།། དེ་ནས ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ།། བ་པ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས ་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།། སྨན་གྱི་སྡེ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེའི་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་སྐད་ཅེས ་བཀའ་བསྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སླད་དུ་ཕྱོགས་བཞིའི་འཇིག་རྟེན་ནས། སྐྱེ་བོའི་ཚིགས་མང་པོ ་ལྷགས་ཤིང་གནས་པ་ནས་འོག་དང་སྟེང་གི་ཕྱོགས་གི་བར་ནས་སྐྱེ་བོའི་ཚོགས་བྱེ་བ་ཕྲག་ལྔ་བཅུ་ལྤགས་ཤིང་གནས་པར་གྱུར་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ་སྨན་གྱི་སྡེ་ཁྱོད་སོང་ལ་འདི་དག་འཇིག་རྟེན་གྱི་ཁམས་གང་ནས་ལྷགས་པའི། དེ་བཞིན་གཤེགས་པ་དེ་དག་ལ་ཁྱོད་ཀྱིས་ཞུས་ཤིག། གསོལ་པ། སུའི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་མཆི་བར་བགྱི། བཅོམ་ལྡན་འདས ་ཀྱིས་བཀའ་བསྐུལ་པ། སྨན་གྱི་སྡེ་རང་གི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་སོང་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ ་བྱས་ཏེ། དེ་ཉིད་དུ་མི་སྣང་བར་གྱུར་ནས། འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་འདས་ཏེ། འཇིག་རྟེན་གྱི་ཁམས་ཟླ་བའི་སྒྲོན་མ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་ཅན་གྱི་ཞིང་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་བརྒྱད་བཅུས་ཡོངསུ་བསྐོར་ཅིང་མདུན་གྱིས་བལྟས་ནས། ཆོས་སྟོན་པའི་འཇིག་རྟེན་གྱི ་ཁམས་དེར་ཕྱིན་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་དེའི་སྤྱན་སྔར་འདུག་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགསུ ་ཐལ་མོ་སྦྱར་བ་བཏུད་ཏོ།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱུ་གང་གིས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམསུ་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པའི་སྤྱན་སྔར་སྐྱེ་བོའི་ཚོགས་ཕྱོགས་བཅུ་ནས། ་འདུས་ཤིང་ལྷགས་པ་དག་དེ་ནས་མཆིས་པའི་ཚེ་ནི་མཐོང་ལ། འདི་ན་མ་མཆིས་པའི་ཚེ་ནི་མི་མཐོང་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་དེ་ཉིད་ན་རྒྱུ་ཞིང་གནས ་གསོལ་པ་བཅོམ་ལྡན་འདས་ཡང་ཇི་ལྟ་བུ་ལགས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་ག་ལ་བ་དེར་སོང་སྟེ། ཕྱིན་ནས་དེ་བཞིན་གཤེགས ་པ་དེའི་སྤྱན་སྔར་འདུག་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་དྲུག་འདས་ཏེ། མཆིས་པ་ན། བཅོམ ་ལྡན་འདས་བདག་གིས་དེ་དག་ཏུ་སེམས་ཅན་ཇི།། སྙེད་མཐོང་བ་དེ་སྙེད་ནི་གང་ན་ཡང་མ་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།། སེམས་ཅན་དེ་དག་ནི་སེམས་པ་མེད་པའི་ཤིང ་ལས་བྱུང་ངོ་།། གསོལ་བ་བཅོམ་ལྡན་འདས་གང་སེམས་པ་མ་མཆིས་པའི་ཤིང་ལས་མི་འབྱུང་བ་སུས་མཐོང་སུས་ཐོས། བཅོམ་ལྡན་འདི་ས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་གང ་སེམས་པ་མེད་པའི་ཤིང་ལས་མེ་བྱུང་བ་ཁྱོད་ཀྱིས་མ་མཐོང་མ་ཐོས་སམ། གསོལ་པ་བཅོམ་ལྡན་འདས་བདག་གིས་མ་མཐོང་མ་ཐོས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་ཁྱོད་མཐོ ་བར་འདོད་ན། དེ་དག་ངས་བསྟན་པར་བྱའོ།། གསོལ་པ་བཅོམ་ལྡན་འདས་འཚལ་ལོ།། བདེ་བར་གཤེགས་པ་འཚལ་ལོ།། དེ་ནས་དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་གིས་ཕྱག་རྐྱང་བ་དང་། ་ཕྱག་དེ་ལས་སྐྱེ་བོའི་ཚོ་གས་བྱེ་བ་སྟོང་ཕྲག་བརྒྱ་བྱུང་སྟེ། སྐྱེ་བོའི་ཚོགས་རེ་རེས་ཀྱང་ལག་པ་བརྒྱ་བརྒྱ་བརྐྱང་ནས་སྤོས་དང་། ཕྲེང་བ་དང་བྱུག་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པ་ལ་གཏོར་བ་དང་། ་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྔ་ཁྱོད་ཀྱིས་སྐྱེ་བོའི་ཚིགས་འདིས་དེ་བཞིན་གཤེགས་པ་ལ་སྤོས་དང་། ཕྲེང་བ་དང་། བྱུག་པ་གཏོར་བ་མཐོང་ངམ། གསོལ་པ་བཅོམ་ལྡན་འདས ་མཐོང་ལགས་སོ།། བདེ་བར་གཤེགས་པ་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྐྱེ་བོའི་ཚིགས་འདི་དག་བྱུང་བ་ནི་སེམས་པ་མེད་པའོ།། མི་འདི་དག་ནི་སེམས་པ་མེད་པའོ།། ། ་དེ་ནས་བྱེ་བ་སྟོང་ཕྲག་བརྒྱ་པོ་དེ་དག་རེ་རེ་ཞིང་ཡང་། གང་ལག་པ་བརྒྱ་བརྒྱ་ཡོད་པ་དེ་དག་ཐམས་ཅད་ལྷུང་ངོ་།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་དེ་མཐོང་ནས། ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ཅི་ཞིག་ལགས། བདེ་བར་གཤེགས་པ་འདི་ཅི་ཞིག་ལགས། གང་མི་རྣམས་ཀྱི་ལག་པ་བརྒྱ་པོ་ཡང་ཡུད་ཙམ ་གྱིས་ལྟུང་སྟེ། བཅོམ་ལྡན་འདས་གལ་ཏེ་ལག་པ་བརྒྱ་པ་ཡང་གྲོལ་བར་མི་འགྱུར་ན། ལག་པ་གཉིས་པའི་མི་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་དེ་བཞིན ་དུ་སེམས་ཅན་རྣམས་ནི་སེམས་པ་མེད་པར་སྐྱེའོ།། སེམས་པ་མེད་པར་འགག་གོ།། སྨན་གྱི་སྡེ་ངའི་ལུས་ཀྱང་སེམས་པ་མེད་པར་གྱུར་པར་ཤེས་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་གཞོན ་གང་ལགས། རྒན་པ་གང་ལགས། བཀའ་བསྩལ་པ། གང་དག་ད་ལྟར་ལྟུང་བ་དེ་དག་རྒན་པོའོ།། གང་དག་ཤིང་གནས་ལས་སྐྱེས་པ་དེ་དག་ནི་གཞོན་པའོ།། གསོལ་པ་བཅོམ། ་ལྡན་འདས་སེམས་ཅན་གཞོན་ནུ་མ་རྣམས་མཐོང་བར་འཚལ་ལོ།། དེ་ནས་དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་གིས་ཕྱག་གཡས་པའི་ཐིལ་བརྐྱང་བ་དང་། དེ་ནས་ཕྱོགས་བཅུ་ནས་སྐྱེ་བོའི་ཚོགས་བྱེ་བ་སྟོད ་ཕྱག་བརྒྱ་བརྒྱ་འོང་ངོ་།། འོག་དང་སྟེང་གི་ཕྱོགས་ནས་སྐྱེ་བོའི་ཚོགས་བྱེ་བ་ཕྲག་ལྔ་བརྒྱ་སྐྱེ་བོའི་ཚོགས་དེ་དག་ལྷགས་ནས་ཀྱང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། དེ་བཞིན ་གཤེགས་པ་ལ་མི་སྨྲ་ཀུན་ཏུ་མི་སྨྲ་ཞིང་། ཅང་། མ་ཟེར་བར་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ། ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་ཅིའི་སླད་དུ་སེམས་ཅན་དེ་དག་དེ་བཞིན་གཤེགས་པ་ལ་མི་སྨྲ་ཀུན་ཏུ་མི་སྨྲ་ཞིང་། ཅང་མ་མཆི་བར་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི ་སྡེ་ཁྱོད་མི་ཤེས་སམ། ས་ཕྱོགས་དེ་ནི་སེམས་པ་མེད་དེ་མི་སྨྲ། ཀུན་ཏུ་མི་སྨྲ་ཞིང་ཆོས་ཀྱི་ཕུང་པོ་ཡང་མི་ཤེས་སོ།། དེ་ཅིའི་ཕྱིར་ཞེ་ན། སྨན་གྱི་སྡེ་འདི་ལ་སེམས་ཅན་གཞོན་ནུ་ཁ་ཅིག་ནི་མཐོང ་ཡང་སྐྱེ་བ་མི་ཤེས། འགག་པ་དང་། རྒ་བ་དང་། ནང་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། བྲལ་བ་དང་། མི་སྡུག་པ་དང་། འབྲང་པ་དང་། མཛའ་བ་དང་བྱེ་བ། ་དང་། འཆི་བ་དང་། དུས་མ་ཡིན་པར་འཆི་བ་དང་། སྡུག་བསྔལ་མི་ཟད་པ་དེ་དག་ཐམས་ཅད་མི་ཤེས་ཏེ། མཐོང་ཡང་ཡིད་འབྱུང་བར་མི་འགྱུར་ན། ཤེས་པར་ལྟ་ག་ལ་འགྱུར་ཏེ། སྨན་གྱི་སྡེ་དེ་དག ་ཡང་དང་ཡང་དུ་བསླབ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་ཆོས་མ་འཚལ་བའི་སེམས ་ཅན་གཞོན་ནུ་དེ་དག་གང་ནས་མཆི། གང་ནས་འཆི་འཕོ་ཞིང་གང་དུ་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་ཉོན་ཅིག། མིའི་ལུས་ཡོངས་སུ་འཛིན་པ་དེ་དག་ནི། ་དངུལ་མཁན་གྱིས་ཀྱང་མ་བྱས། ཟངས་མཁ།། གྱིས་ཀྱང་མ་བྱས། ཤིང་མཁན་གྱིས་ཀྱང་མ་བྱས། རྫ་མཁན་གྱིས་ཀྱང་མ་བྱས་ཏེ།། རྒྱལ་པོའི་འཇིགས་པས་ཀྱང་མ་སྐྱེས་ཀྱི། གཞན ་དུ་ན་སྐྱེས་པ་དང་། བུད་མེད་འདུས་པ་དང་། སྡིག་པའི་ལས་དང་ལྡན་པ་ལས་བྱུང་ངོ་།། སེམས་ཅན་དེ་དག་ཀྱང་ཡང་དང་ཡང་བཟོའི་ལས་རྣམས་སློབ་པས་དེ་དག་གི་སྡུག་བསྔལ་མི་བཟང ་པ་མཐའ་ཡས་པ་དང་། ཚོར་བ་མི་ཟད་པ་འབྱུང་སྟེ། དེང་དེ་དག་སྔོན་སྡིག་པ་མི་དགེ་བའི་ལས་བྱས་པའི་རྣམ་པར་སྨིན་པ་བྱུང་ངོ་།། སྨན་གྱི་སྡེ་འདི་ཉིད་དུ་གང་སེམས་ཅན་གཞོན་ནུ་ལྷགས་པ་མི་ལྡང་བ་འདི་དག་ནི། ་འདི་འདྲ་བའི་སྡུག་བསྔལ་གྱི་ཚོར་བ་མྱོང་བ་འགྱུར་ཏེ། སྨན་གྱི་སྡེ་དེའི་ཕྱིར་མི་སྨྲ་ཀུན་ཏུ་མི་སྨྲ། སྨན་གྱི་སྡེ་དེ་ལྟར་ན། སེམས་ཅན་གཞོན་ནུ་དེ་དག་ནི་དགེ་བ་ཡང་མི་ཤེས། སྐྱེ་བ་ཡང་མི་ཤེས། འགག་པ། ་ཡང་མི་ཤེས་ཏེ། དེ་དག་མིའི་ལུས་ཀྱང་ཐོབ་པར་མི་འགྱུར་བ་འདི་དག་ཀྱང་། སྨན་གྱི་སྡེ་སེམས་ཅན་གཞོན་ནུ་རྣམ་ཤེས་བྱའོ།། གསོལ་པ། བཅོམ་ལྡན་འདས་སེམས་ཅན་གཞོ ་ནུ་རྣམས་ཇི་ལྟར་སྐྱེ། ཇི་ལྟར་འགག། བཅོམ་ལྡན་འདས་ཀྱིས་བཀའ་བསྐུལ་པ། སྨན་གྱི་སྡེ་འདི་ལྟ་སྟེ་དཔེར་ན། མཱི་ལ་ལ་ཞིག་གིས་མེ་ལ་ཤིང་གིས་རེག་པར་བྱ་བ་དང་། ཤིང་དེ་ལ་མཐར་གྱི ་མེ་འབར་བ་དེ་བཞིན་དུ་སྨན་གྱི་སྡེ་ཐོག་མའི་དུས་སུ་སྐྱེའོ།། སྐྱེས་ནས་གདོད་ཚོར་བ་མྱོང་ངོ་།། གསོལ་པ། བཅོམ་ལྡན་འདས་སུ་ཞིག་འདི་མངོན་པར་སྐྱེ། སྐྱེས་ནས་སུ་ཞིག་ཡོངས་སུ་མྱ་ངན་ལས་འདས ་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།། སྨན་གྱི་སྡེ་སངས་རྒྱས་ཉིད་སྐྱེས་སོ།། དེ་བཞིན་གཤེགས་པ་ཉིད་ཡོངས་སུ་མྱ་ངན་ལས་འདས་སོ།། ། འདི་ལྟ་སྟེ་དཔེར་ན། རྒྱལ་པོས་མི་ལ་ལ་ཞིག་བཅིང ་ཏེ། ཁང་པ་མུན་པ་མུན་ནག་གི་ནང་དུ་བཙོན་རར་བཅུག་པ་དང་། མི་དེ་ཁང་པ་མུན་ནག་དེར་ཞུགས་ནས་ཁང་པ་མུན་ནག་ལ་ཁང་པ་མུན་གནག་དུ་མཐོང་ངོ་།། དེ་ནས་མི་གཞན་མུ་ཧེནསྔོན་གྱི་སྡུག ་བསྔལ་གྱི་ཚོར་བས་རེག་པ་ཞིག་གིས་མཐོང་ནས། མི་དེ་མ་རུང་བར་འགྱུར་རོ།། སྔོན་སྡུག་བསྔལ་མ་མྱོང་བས་འཚོ་བ་སྲོག་ཆད་པར་འགྱུར་རོ།། སྙམ་བསམས་ནས། དེས་དེར་མི་ཁྱེར་ཏེ། འོངས་ནས་ཁྱིམ་དེའི།། ་ནང་དུ་མེ་བ་ཅུང་ཟད་ཅིག་བོར་བ་དང་། མི་བཙོན་རར་བཅུག་པ་དེས་མེ་དེ་མཐོང་ངོ་།། མཐོང་ནས་ཀྱང་དེ་དབུགས་ཕྱིན་པར་གྱུར་ཏེ། སྤྲོ་བ་སྐྱེས་སོ།། མེ་དེ་ཡང་རྒྱུ་གང་གིས་འབད་པའི་མེ་འབར་བ་དེས་ཁྱིམ་དེ་ཀུན་ཏུ ་འབར་བར་གྱུར་ནས། མི་དེ་ཡང་དེ་ཉིད་དུ་ཚིག་པ་དང་། དེ་ཚིག་གོ་ཞེས་རྒྱལ་པོས་ཐོས་ནས་མི་དགའ་སྟེ། དེ་འདི་སྙམ་དུ་ཕྱིན་ཆད་ནི་བདག་གི་ཡུལ་དུ་སེམས་ཅན་གང་ཡང་བཙོན་རར་མི་གཞུག་གོ་སྙམ་དུ་སེས། ་སོ།། དེ་ནས་རྒྱལ་པོ་དེས་རང་གི་ཡུལ་ན་གནས་པའི་སེམས་ཅན་རྣམས་ལ། ཀྱེ་སེམས་ཅན་ཁྱེད་ཅག་མ་འཇིགས་ཤིག། མ་སྐྲག་ཅིག། ཁྱེད་ཅག་འཇིགས་པར་མི་འགྱུར་ཞིང་། ཕྱིན་ཅད་ངའི་ཡུལ་དུ ་ཆང་པས་གཅད་པ་འམ། བཙོན་རར་གཞུག་པར་མི་བྱའོ།། སེམས་ཅན་གང་ཡང་སྲོག་དང་བྲལ་བར་མི་བྱ། ཀྱེ་སེམས་ཅན་ཁྱེད་རྣམས་མ་འཇིགས་ཤིག་ཅེས་དེ་ལྟར་དབུགས་ཕྱུང་བ་དེ་བཞིན་དུ། སྨན ་གྱི་སྡེ་དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་ཐོས་ཅད་བསྲེགས་པ། ནད་ཐམས་ཅད་རབ་ཏུ་ཞི་བའོ།། ཇི་ལྟར་ཁྱིམ་ཚིག་ནས་མ་ཉིད་ཀྱི་ལུས་ཀྱང་ཚིག་སྟེ། སེམས་ཅན་རྣམས་ཀྱི་དོན་དང་། ་ཕན་པ་དང་། བདེ་བའི་ཕྱིར་ཞུགས་ནས་སེ་མས་ཅན་བཅིངས་པ་ལས་ཡོངས་སུ་ཐར་པར་བྱེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག ་གི་དྲི་མ་སྤངས་ཏེ། སེམས་ཅན་ཐམས་ཅད་ལ་སྒྲོན་མ་བཞིན་དུ་འཇིག་རྟེན་དུ་བྱུང་ནས། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་མ་ཡིན་གྱི་ལུས་རྣམས་ལས ་ཡོངས་སུ་ཐར་པར་མཛད་ཅིང་སེམས་ཅན་གཞོན་ནུ་དང་། རྒན་པོ་རྣམས་ཀྱང་ཡོངས་སུ་ཐར་པར་མཛད་དོ།། དེ་ནས་སྟེང་གི་བར་སྣང་ལས་ཚིགས་སུ་བཅད་པ་འདི་དག་བྱུང་ངོ་།། རྒྱལ་བའི་ཞིང་ནི་ངོ་མཚར་ཞིང་། ་ཞིང་བཟང་མངོན་པར་འདུས་བྱས་ལ། དེ་ལས་ས་བོན་བཏབ་པ་ནི།། རྣམ་པར་ཆུད་ཟར་མི་འགྱུར་རོ།། རྒྱལ་བའི་མིང་ནི་དགའ་བའི་ཞིང་།། སངས་རྒྱས་བསྟན་པ་བསྔགས་པ་སྟེ།། སེམས་ཅན་ཐམས་ཅད ་བཟུང་བའི་ཕྱིར།། སྟོན་པས་ཀྱང་ནི་ཐབས་མཛད་དོ།། མྱ་ངན་འདས་པའི་དབྱིངས་གནས་ཀྱང་།། ས་ཡི་སྟེང་ན་ཀུན་དུ་སྡང་།། ཀུན་དུ་འཇིག་རྟེན་ཞི་བྱས་ནས།། སངས་རྒྱས་སྦྱིན་པའི་གནས་རྣམས་སྟོང་།། སེམས་ཅན་གཞོན ་ཐར་པར་བྱེད།། རྒན་པོ་རྣམས་ཀྱང་ཐར་པར་བྱེད།། སེམས་ཅན་ཐམས་ཅད་ཁམས་གསུམ་ལས།། མཐར་གྱིས་ཡོངས་སུ་ཐར་པར་བྱས།། སེམས་ཅན་དམྱལ་བའི་སྒོ་བཅད་ཏེ།། དུད་འགྲོ་ཡི་དགས་ཐར་པར་བྱས།། འཇིག ་རྟེན་འདི་ཡང་ཞི་བྱས་ནས།། འཇིག་རྟེན་ཕ་རོལ་བདེ་བར་བྱེད།། དེ་ནས་བཅོམ་ལྡན་འདས་ཀྱིས་མཛུམ་པ་མཛད་ནས། བཀའ་བསྔལ་བ། ལེག་པ་རྣམས་ནི་མཐོང་ན་ལེགས།། སངས་རྒྱས་རྣམས་ཀྱང ་མཐོང་ན་ལེགས།། དམ་ཆོས་ཡོན་ཏན་ཞིང་ཡང་ལེགས།། དགེ་འདུན་འདུས་པ་མཐོང་ན་ལེགས། ཟུང་བསྟན་པ་ཡང་ལེགས་པ་སྟེ།། སྡིག་པ་རྣམ་པར་འཇིག་པ་ལེགས།། དེ་ནས་བྱང་ཆུབ་སེམས་དང ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས།། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང ་ལགས་བཅོམ་ལྡན་འདས་ཀྱིས་བཀའ་བསྔལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་གཞོན་འདི་དག་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ལགསོ། བདེ་བར་གཤེགས་པ་མཐོང་ལགས་སོ།། བཅོམ ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་འདི་དག་ཐམས་ཅད་ནི་དེང་ཉིད་དུ་ས་བཅུ་ལ་ལ་རབ་ཏུ་གནས་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་དཔག་ཚད་བརྒྱད་ཁྲི་སྲིད ་ཀྱི་སྟེང་གི་ནམ་མཁའ་ལ་གནས་པ་དང་། ལྷ་བྱེ་བ་སྟོང་ཕྲག་བརྒྱད་བཅུ་བཅོམ་ལྡན་འདས་ལ་མེ་ཏོག་གི་ཆར་རབ་ཏུ་འབེབས་སོ།། སེམས་ཅན་གཞོན་ནུ་དེ་དག་ཀྱང་ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། དེ་ནས་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་པར་སྣང་ལ་གནས་བཞིན་དུ་ཚིག་འདི་སྐད་ཅེས་སྨྲས་ཏེ། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྒྲས་གང་བར་གྱུར་པ་དང་། ་སེམས་ཅན་དམྱལ་བ་ཆེན་པོ་སུམ་བཅུ་རྩ་གཉིས་སྐྱེས་པའི་སེམས་ཅན་རྣམས། སྒྲ་དེ་ལ་ཉན་ཏོ། ལྷའི་རིས་སུམ་བཅུ་རྩ་གཉིས་ཀྱང་སྒྲ་དེ་ལ་ཉན་ཏོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན ་གྱི་ཁམས་ཀྱང་རྣམ་པ་དྲུག་ཏུ་གཡོས་སོ།། རྒྱ་མཚོ་ཆེན་པོའི་ནང་ནས་ཀླུ་བརྒྱད་ཁྲི་བཞི་སྟོང་ཡང་འཁྲུགས་སོ།། སྲིན་པོ་བྱེ་བ་སྟོང་ཕྲ་ག་སུམ་བཅུ་ཡང་འཛམ་བུའི་གླིང་འདིར་ལྷགས་སོ།། ་ཡིད་དགས་དང་། གནོད་སྦྱིན་དང་། སྲིན་པོ་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་ཡང་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་ནས་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུས་པ་ཆེན་པོ་ཀུན་ཏུ་གནས་སོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་སེམས་ཅན་དེ་དག་ལ་ཆོས་བསྟན་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་སེམས་ཅན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་སྟོང་ཕྲག་བརྒྱ་རང་རང་གི་རྫུ་འཕྲུལ་གྱི ་ལྷགས་སོ།། དེ་ནས་བྱང་ཆུབ་སེཾས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེཾས ་དཔའ་འདས་ཤིང་མཆིས་པ་མང་ངོ་།། བདེ་བར་གཤེགས་པ་མང་ངོ་།། བཅོ་ལྡན་འདས་ལྷ་དང་ཀླུ་འདས་ཤིང་མཆིས་པ་ཡང་མང་ངོ་།། སྲིན་པོ་བྱེ་བ་ཕྲག་དུ་མ་ཞིག་ཀྱང་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་ནས་ལྷགས་ཏེ་འདུས་ནས་མཆིས་པར་འགྱུར་རོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེཾས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་བཀའ་བསྩལ་པ། རིགས་ཀྱི་བུ་མར་ཤོག་དེ་ནས་བྱང་ཆུབ་དསེཾས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྟེང་ནས ་བབས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་ཕུང་པོ་ཞེསབགྱི་བ་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ཆོས་ཀྱི་ཕུང་པོ་ཞེས་བགྱི། བཅོམ་ལྡན ་འདས་ཀྱིས་བཀའ་བསྩལ་པ། རིགས་ཀྱི་བུ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ནི་གང་ཚངས་པར་སྤྱོད་པ་ཡོངསུ་ཚོལ་ཞིང་གང་ཚངས་པར་སྤྱོད་པ་ཡོངསསུ་བཙལ་ནས་ཀྱང་སྡིག་པ་ཐམས་ཅད་སྤོང་བའོ།། རིགས་ཀྱི་བུ་སེམས་ཅན་གཞོན་ནུ་མི་ཚངས་པར་སྤྱོད་པ་སྤངས ་ནས་གདོན་མི་ཟ་བར་གཟུངས་རབ་ཏུ་ཐོབ་པར་འགྱུར་ཞིང་། ཆོས་ཐམས་ཅདང་ཡང་ལྡན་པར་འགྱུར་བ་དེ་དག་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་ཐབས་གང་གིས་སེམས་ཅན་རྣམས་སུ་ཞིག་འདུས་ཤིང་ཆོས་ཀྱི་ཕུང་པོ་ཉན། བཅོམ ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་བཀའ་བསྩལ་པ། སྨན་གྱི་སྡེ་གང་དག་སྐྱེ་བ་ཉིད་སྡུག་བསྔལ་དུ་མ་ཉན། རྒ་བ་ཉིད་སྡུག་བསྔལ་ཏུ་མི་ཉན། ནད་ཉིད་སྡུག་བསྔལ་དང་། མྱ་ངན་ཉིད་སྡུན། ་བསྔལ་དང་སྨྲེ་སྔགས་འདོན་པ་སྡུག་སྔལ་དང་། སྡུག་པ་དང་བྲལ་བ་སྡུག་སྔལ་དང་། མི་སྡུག་པ་དང་བྲལ་བ་སྡུག་བསྔལ་དུ་མི་ཉན་པའི་སེམས་ཅན་ཡང་ཕལ་མོ་ཡོད་དེ། མཆི་བ་ནི་སྡུག་སྔལ་ཐམས་ཅད་ཀྱི་ཕྱིར་ལུས ་དང་སྲོག་འཕྲོག་པ་ཡིན་ཏེ།། སྨན་གྱི་སྡེ་འདི་ནི་བསྡུག་བསྔལ་ཐམས་ཅད་ཞེས་བྱའོ།། དེ་ནས་སེམས་ཅན་གཞོན་ནུ་དེ་དག་གིས་ཆོས་བསྟེན་པ་འདི་ཐོས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བདུད ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཀྱང་འགུམ་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།། ཁྱེད་དང་སེམས་ཅན་ཐམས་ཅད་ཀྱང་མཆིའོ།། དེ་དག་གིས་གསོལ་པ་བན ་ལྡན་འདས་ཇི་ལྟར་འཆི་བའི་དུས་ཀྱིས་ནོན་པར་འགྱུར། བཅོ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་འཆི་བའི་དུས་ན་རྣཾ་པར་སླེ་པ་ཐི་མ་ལ་རྣཾ་པར་དཤྭེ་པ་འགག་པར་བྱེད་པ་ཞེ་བྱ་བའི་རླུང་དང་། རྣམ་པར་ཤེ་པ་རྣམ་པར་འཕྲུལ ་པར་བྱེད་པ་ཞེས་བྱ་བའི་རླུང་དང་། རྣམ་པར་ཤེས་པ་འཁྲུགས་པར་བྱེད་པ་དང་ལྡན་པ་ཞེས་བྱ་བའི་རླུང་དང་། རིགས་ཀྱི་བུ་རླུང་གསུམ་པོ་འདི་དག་གིས་འཆི་བའི་དུས་ཀྱི་ཚེ་རྣམ་པར་ཤེས་པ་ཐ་མ་ལ་གློང་བར་འགྱུར། ་འཁྲུག་པར་འགྱུར། འཁྲུག་པར་སྐྱེད་པར་འགྱུརརོ།། དེ་དག་གྲི་གསོལ་པ་བཅོམ་ལྡན་འདས་འཆི་བའི་དུས་ཀྱི་ཆེ།། རྣམ་པར་ཤེས་པ་འགག་པ་ན་ལུས་འཇོམ་པར་བགྱིད་པའི་རླུང་གསུམ་པོ་གང་ལག། བཅོམ་ལྡན་འདས་ཀྱིས་བཀའ་བསྣམ ་གྲོགས་པོ་དག་བཙོན་ཞེས་བྱ་བ་དང་། སྐུལ་བ་ཞེས་པ་དང་། ཟེད་པ་ཞེས་བྱ་བས་ལུས་འཇོམ་པར་བྱེད་དོ།། གསོལ་པ། བཅོམ་ལྡན་འདས་ལུས་ཤེས་བགྱི་བ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གྲོགས་པོ་དག་ཀུན་ཏུ ་གཆར་བར་བ་ཞེས་ཀྱང་བྱང་ཚིག་པ་ཞེས་ཀྱང་བྱ།། ངར་སྣརུམས་ཞེས་ཀྱང་བྱར་སྒེག་པ་ཞེས་ཀྱང་བྱ།། དུར་ཁྲོད་པ་ཞེས་ཀྱང་བྱ། ངན་པའི་སྒོ་ཞེས་ཀྱང་བྱང་ཁུར་ལཱི་བ་ཞེས་ཀྱང་བྱ།། སྐྱེ་བས་ཡོངས་སུ་གཟིར་བ་ཞེས། ་ཀྱང་བྱ།། སྐྱེ་བས་ཀུན་ཏུ་དཀྲུགས་པ་ཞེས་ཀྱང་བྱ།། སྲོག་ཡོངས་སུ་གདུང་བ་ཞེས་ཀྱང་བྱ།། འཆི་བ་དང་། སྡུག་པ་དང་བྲལ་བ་ཞེས་ཀྱང་བྱ་སྟེ།། གྲོགས་པོ་དག་འདི་རྣམས་ནི་ལུས་ཞེས་བྱའོ།། དེ་དག་གིས་གསོལ་པ། བཅོམ ་ལྡན་འདྲ་ཇི་ལྟར་འགམ་ཇི་ལྟར་མཆོད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་རྣམ་པར་ཤེས་པ་ཞེས་བྱ་བ་ནི་འཆི་བའོ།། ཚེ་དང་ལྡན་པ་བསོད་ནམས་ཞེས་བྱ་བ་ནི་མཚོ་བའོ།། གྲོགས་པོ་དག་ལུས་ཤེས ་བྱ་བ་ནི་འཚ་བ་སྟེ། རྒྱུས་པ་བྱེ་བས་ནི་བཀྲིས། སྤུའི་ཁུང་བརྒྱད་ཁྲི་བཞི་སྟོང་དང་ནི་ལྡན།། ཡན་ལག་ཁྲི་ཉིས་སྟོང་གིས་ནི་སྦྲེལ། རུས་པ་སུཾ། བརྒྱ་དྲུག་བཅུས་ནི་བརྟན། ལུས་ཀྱི་ནང་ན་སྲིན་བུའི་རིགས་རྒྱ་བཅུའི ་རྩ་བཞི་ནི་གནས་ཏེ། སྲོག་ཆགས་དེ་དག་ཐོས་ཅད་ལ་ཡང་འཆི་བ་ཡང་ཡོད་འཆི་པ་འགག་པ་ཡང་ཡོད་དོ།། ནཾ་མི་མཆི་བ་དེ་ན་སྲོག་ཆག་དེ་དག་ཐམས་ཅད་རེ་ཐག་ཆད་པར་འགྱུར་ཏེ། དེ་ན་སྲོག་ཆགས་དེ་དག་ཐམས་ཅད་གཅིག་ལ་གཅིག ་ཟ་བར་རླུང་འཁྲུག་ཅིང་གཡོ་བར་འགྱུར་དེ་ན་དེ་དག་སྡུག་སྔལ་གྱི་ཚོར་བ་མྱོང་།། ལ་ལ་ནི་བུའི་ཕྱིར་མྱ་ངན་བྱེད། ལ་ལ་ནི་བུ་མོའི་ཕྱིར་མྱ་ངན་བྱེད། ལ་ལེ་ནི་གཉེན་གྱི་ཕྱིར་མྱ་ངན་བྱེད་དེ། དེ་དག་ཐམས་ཅད་མྱ་ངན་གྱི་ཟུག་རྔུས་ཟུག་གོ།། གཅིག ་ལ་གཅིག་ཟ་བར་བརྩམས་ནཱ། དེ་དག་གཅིག་གིས་གནིག་ཟོས་ཏེ། སྲོག་ཆགས་གཉིས་ཤིག་ལས་པ་ན། དེ་དག་ཉིས་ཀྱང་ཞག་བདུན་གི་བར་དུ་ཐབས་འཐབས་ཏེ།། ཞག་བདུན་འདས་པ་དང་སྲོག་ཆག་གཅིག་ནི་བཙོ་མོ། ་གཅིག་ནི་ཐར་ཏོ།། ཚེ་དང་ལྡན་པ་ཆོས་ཤེས་བྱ་བ་གང་ཞེ་ན། འདི་ཇི་སྙམ་དུ་སེམས། ཇི་ལྟར་སྲོག་ཆགས་རྣམས་ལ་གཅིག་གཅིག་མི་འཐུན་པར་བྱས་ནས། འཆི་བར་འགྱུར་བ་དེ་བཞིན་དུ། བྱིས་པ་སོ་སོའི་སྐྱེ་བོའི་སེམས་ཅན་རྣམས ་ཀྱང་གཅིག་ལ་གཅིག་མི་མཐུན་པ་བྱེད་ཏོ། སྐྱེ་བས་མི་འཇིགས། རྒབས་མི་འཇིགས། ནད་ཀྱིས་མི་འཇིགས། འཆི་བས་མི་འཇིག་སོ།། ཇི་ལྟར་སྲོག་ཆགས་གཉིས་འཐབ་པ་བཞིན་དུ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་ཕན ་ཚུན་འཐབ་བོ།། དེ་ནས་འཆི་བའི་དུས་ན་སྐྱེས་བུ་དགེ་བ་རྣམས་ཀྱིས་སྨྲས་པ། སྐྱེས་བུ་ཁྱོད་ཅི་ཞིག་ལ་ཡིད་བརྟོན་ཅིང་ཁྱོད་ཀྱིས་ཉེས་པ་ཅུང་ཟད་ཀྱང་མ་མཐོང་ངམ། སྐྱེ་བའི་ཉེས་པ་མ་མཐོང་ངམ། ་རྒ་བ་དང་ན་བའི་ཉེས་པ་མ་མཐོང་ངམ། འཆི་བའི་ཉེས་པ་མ་མཐོང་ངམ། སྨྲས་པ་ཚེ་དང་ལྡན་པ་བདག་གིས་སྐྱེས་པའི་ཉེས་པ་མཐོང་ངོ་།། རྒ་བ་དང་། ན་བའི་ཉེས་པ་ཡང་མཐོང་ངོ་།། ཐམས ་ཅད་ཀྱི་ཐ་མར་འཆི་བའི་ཉེས་པ་ཡང་མཐོང་ངོ་།། སྨྲས་པ། དེའི་ཕྱིར་གང་དགེ་བའི་རྩ་བ་རྣམས་ཀྱིས་བྱ་བ་མ་བྱས། ཅིའི་ཕྱིར་འཇིག་རྟེན་གཉིས་ན་བདེ་བ་འཕེལ་བའི་ཆོས་ཀྱི་ཕུང་པོའི་དགེ་བའི་རྩ་བ ་རྣམས་མ་བྱས། གྲོགས་པོ་དག་གཉིས་སུ་ཡང་འདྲི། ཁྱོད་ཅིའི་ཕྱིར་གང་སྐྱེས་པ་དང་། འཆི་བ་ལས་ཡོངས་སུ་ཐར་པའི་དགེ་བའི་ཚོགས་མ་བྱས། ཁྱོད་ཀྱིས་ཅིའི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པ་སོ་སོར་བརྟག་པ་མ་བྱས།། ་ཇི་ལྟར་ཁྱོད་ཀྱིས་ས་ལ་འགན་ཏེ་རུང་བའི་སྣམ་ཐོས། དེ་བཞིན་གཤེགས་པའི་ཞིང་ལ་དགེ་བའི་ས་བོན་བསྐྲུན་ཅིང་སྨོས་སམ། ཕྲེང་བ་འམ། མར་མི་སྦྱིན་པ་བྱིན་པ་མ་མཐོང་ངམ། དེ་བཞིན་གཤེགས་པ་ལ་བབའ་བ་དང་། ་བཅའ་བ་དབུལ་བ་དང་། འཁོར་གཞི་ཚིམ་པར་བྱས་པ་ཡང་མ་མཐོང་། དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་བསྟན་པ་ལ་མངོན་པར་དད་པ་དེ་དག་ནི་འཁོར་བཞིའོ།། དེ་ལྟར་དེ་ལ་ཕན ་པའི་ཕྱིར་སྨྲས་ཏེ། བསྙད་པ་དང་། ལྟ་ཅུང་ཟད་ཀྱང་མ་བགྱིས་སོ།། མི་ཁྱོད་ཀྱིས་ནི་འཛམ་བུའི་གླིང་དུ་འོངས་ནས་མི་དགེ་བ་བྱསོ།། དེའི་ཚེ་མི་དེ་ཤི་བ་དེ་ལ་ཆོས་ཀྱི་རྒྱལ་པོས་རྗེས་སུ་བསྟན་པའི་ཚིགསུ་བཅད་པ་སྨྲས་པ ་དེ་བཞིན་གཤེགས་པ་འབྱུང་མཐོང་ཞིང་།། འགན་ཏེ་རྡུང་བ་ཐོས་འགྱུར་ལ།། མྱ་ངན་འདས་པ་ཞིར་འགྲོ་བའི།། ཆོས་བསྟན་ཐོས་ཀྱང་མ་བྱསོ་དེ་ནས་མི་དེས་སླར་སྨྲས་པ།། བདག་ནི་བྱིས་པའི་བློ་གྱུར་ཏེ།། ་སྡིག་པའི་གྲོགས་ཀྱི་དབང་སོང་ནས།། འདོད་པའི་འཁྲུལ་པའི་སེམས་ཀྱིས་སུ།། བདག་གིས་སྡིག་པའི་ལས་བྱསོ།། འདོད་པ་དག་ཀྱང་བསྟན་པ་དང་།། བདག་གིས་སྲོག་ཆགས་རྣམས་ཀྱང་གསང་།། དགེ་འདུན ་རྣམས་ཀྱི་ཆུད་གསན་པས།། མི་ཟད་དེའི་འབྲས་བུ་འོང་།། གནོད་པ་བྱེད་པའི་ཡིད་ཀྱིས་སུ།། བདག་གིས་མཆོད་རྟེན་བཤིག་པ་བྱས།། ཚིག་ངན་རྣམས་ཀྱང་རབ་ཏུ་གནས།། བདག་གིས་མ་ཡང་གདུང་བ་བྱས ་བདག་གིས་ལུས་ཀྱི་གར་བྱས་པ།། ཉེས་པ་དག་ཀྱང་རབ་ཏུ་ཤེས།། སེམས་དམྱལ་ཆེན་པོ་ངུ་འབོད་དུ།། ཤིན་དུ་མི་བཟང་སྐྱེ་བ་མཐོང་།། བསྡུས་འཇོམ་དུ་ཡང་ཚོར་བ་མྱོང་།། དེ་བཞིན་རབ་ཏུ་ཚ་བ་དང་།། མནར་མེད་ཆེན་པོ་མི་ཟད ་པར། ཚོར་བ་རྗེ་སུ་མྱོང་བར་འགྱུར།། པད་མ་ལྟ་བུར་ཆེར་གས་པའི།། སེམས་ཅན་དམྱལ་བའི་སྡུག་བསྔལ་དུ།། ཐིག་ནག་བཏབ་པ་འཇིག་ཆེན་དུ།། ལན་བརྒྱ་བར་དུ་སྐྱེ་བར་འགྱུར།། སེམས་དམྱལ་སེམས་ཅན་བསོད་ནམས་སུ ་ཕྱིས་ཀྱང་འཇིགས་པ་དེ་མཐོང་སྟེ།། དཔག་ཚད་བརྒྱད་ནི་ཡང་དང་ཡང་།། འཇིགས་པ་ཆེན་པོར་ལྟུང་བར་འགྱུར།། དེ་དག་སྒོ་རྙེད་མི་འགྱུར་ཏེ།། ཕྱིས་ཀྱང་བུམ་པ་རབ་ཏུ་རྙེད།། སྤུ་དྲི་སྟོང་ཡང་འབྱུང་བར་འགྱུར།། བྱེ་བ་སྟོང་ཕྲག་བརྒྱ་རྣམས ་ཀྱི།། སྤུ་གྲི་མདུན་དུ་འབྱུང་འགྱུར་ཏེ།། བདག་གིས་ངེས་པའི་ལས་བྱས་པས།། དེ་དག་གིས་ནི་ལུས་གཏུབས་ནས།། རླུང་འབྲུག་ཆེན་པོ་མི་བཟད་པ།། ལུས་དེ་ཐམས་ཅད་འཇིག་པར་བྱེད།། རྟག་ཏུ་འདི་འདྲའི་སེམས་དམྱལ་དུ།། བདག ་གིས་སྡུག་བསྔལ་མྱོང་བར་འགྱུར།། ལུས་ནི་རབ་ཏུ་སྡུག་བསྔལ་བར།། སེམས་ཅན་ཀུན་གྱིས་བདག་མཐོང་ངོ་།། ཁྱིམ་སོ་བྱ་ཕྱིར་གཞན་དག་གི། ནོར་ཡང་བདག་གིས་རབ་ཏུ་བླངས།། བདག་གི་བུ་ཕོ་བུ་མོ་དང ་དེ་བཞིན་ཕུ་ནུ་སྲིང་མོ་དང་།། བདག་གི་ཕ་མའང་དེ་བཞིན་ཏེ།། མཛའོ་གཉེན་བཤེས་མང་པོ་དང་།། བྲན་དང་ལས་བྱེད་རྣམས་དང་ནི།། དེ་བཞིན་བ་དང་ཕྱུགས་དང་གཡོག། དགོས་པ་ངན་ལ་བདག་འཕྲུལ་ཏེ། ་གསེར་དང་དངུལ་གྱི་སྣོད་རྣམས་དང་།། དེ་བཞིན་རབ་ཕྲ་གོས་རྣམ་དང་།། ཁྱིམ་བྱེད་བཅུག་པས་འཁྲུལ་པ་སྟེ།། ཁྱིམ་ཡང་ཤིན་དུ་བཀྲ་བྱས་ནས། སྐྱེས་པ་བུད་མེད་ལང་ལོང་དང་།། པི་བང་སིལ་སྙན་དཀྲོལ་བ་ལ། ་བདག་ཡིད་མ་དུལ་དགའ་བར་འགྱུར།། སྤོས་ཆུ་དག་གིས་ལུས་བཀྲུས་ཀྱང་།། ང་དུང་བྱས་པ་བཟོ་བ་མེད།། ལུས་ཁྱོད་སེམས་དཔའ་མེད་པ་སྟེ།། ང་ནི་ཁྱོད་ཀྱི་ཆེད་ལ་འཁྲུལ།། ཕྱིན་ཆད་སེམས་ཅན་འགའ་ཙམ་ཡང་།། བདག་ལ་སྐྱོ་བར ་འགྱུར་བ་མེད།། རླུང་འཁྲུག་ཆེན་པོ་མི་བཟང་པ།། ལུས་ནི་ཡོངས་སུ་གདུང་བ་ན།། རོ་དང་ལྡན་པ་ཞིམ་ཟོས་ཏེ།། ལྡེས་ཀྱང་སྣ་ཚོགས་དེ་བཞིནོ།། ཕྲེང་བ་སྣ་ཚོགས་བཟང་མཛེས་པ།། རབ་ཏུ་མང་པོ་མགོ་ལ་བཅིངས།། མིག་ནི་གཟུགས ་ཀྱིས་འཕྲུལ་བྱས་ཏེ།། མིག་གི་སྐྱབས་ནི་ཡོད་མ་ཡིན།། བདག་གིས་མཐོང་ནས་གང་བྱས་པ།། སྡིག་པ་རྣམས་ནི་མིག་གི་རྒྱུ།། ལག་པ་རྡོ་རྗེས་བཅད་པ་ནི།། བདག་རྣ་བ་ཡི་རྒྱུ་ཡིན་ནོ།། ལག་པ་གཉིས་ལ་གདུ་བུ་བདག ་སོར་མོ་རྣམས་ལ་སོར་རྩུབ་བཅུག། འགུལ་ཏུ་མུ་ཏིག་སེ་མོ་དོ།། རྐང་པ་གཉིས་ཀྱང་རབ་ཏུ་བརྒྱན།། དེ་ལ་འདྲ་བ་བྱས་པ་དང་།། དེ་ལ་གསེར་ཡང་གནས་པར་བྱས།། ལུས་ལ་རིན་ཆེན་སྣ་ཚོགས་དང་།། གསེར་གྱི་གདུ་བུའང་དེ་བཞིན་ནོ ་ལོངས་སྤྱོད་ཆེན་པོ་རབ་བརྩེགས་ནས།། ཡིད་ཀྱང་རབ་ཏུ་རྟས་པར་འགྱུར།། རབ་ཏུ་འཇམ་ལ་བདག་རེག་ནས།། ཤིན་དུ་སྲེད་པས་དེ་བསྟེན་ཏོ།། གདིང་བ་སྣ་ཚོགས་མལ་ཆ་ཡིས།། བདག་གིས་ལུས་ནི་བརྩེར་བཅུག་གོ།། སྤོས་ཆུ་བཟང་པོས་ཁྲས ་བྱས་ཏེ།། སྤོས་རྣམས་ཀྱིས་ཀྱང་རབ་ཏུ་བསྐུས།། བདུག་པ་ག་བུར་ཙན་དན་གྱིས།། བདག་པ་རྣམས་ཀྱིས་རབ་ཏུ་བདགས།། ཁ་དོག་བཟང་པོ་བྱས་ནས་ཀྱང་།། གཱ་རྩི་ལྡན་པས་རབ་ཏུ་སྒོམ།། ལོ་ལོན་འབྲུ་མར་དེ་དག་དང ་སྣ་མ་ཙམ་པ་ཀ་ལ་སོགས།། བསྐུས་ན་ཕྲ་མོ་ཀ་ཤི་བ།། དཀར་པོའི་གོས་ཀྱང་རབ་ཏུ་དགོས།། གླང་པོ་ཆེའི་རྒྱབ་ནས་ནི།། རྟ་ཡི་རྒྱབ་ཏུ་མངོན་པར་ཞོན།། བདག་ནི་རྒྱལ་པོ་ཡིན་སྙམ་སྙེམས།། སྐྱེ་བོ་དག་གི་མདུན་ན་རྒྱུག། ་གླུ་གར་ཤིན་དུ་བསླབས་པ་ཡིས།། སླས་རྣམས་ཀྱང་ནི་རབ་ཏུ་ཤེས།། རི་དགས་རྣམས་ནི་མཉེས་པར།། བདག་གིས་མངས་ཀྱང་རི་དགས་གསང་།། འཇིག་རྟེན་ཕྱི་མ་མི་ཤེས་པས།། བདག་གིས་འདི་འདྲའི་སྡིག་བྱས་པས།། བདག ་གིས་གཞན་གྱི་ཤ་ཟོས་པས།། དེ་ཕྱིར་བདག་གི་སྡུག་བསྔལ་འདི།། མི་བཟད་འོང་བར་འགྱུར་བ་ཡི།། འཆི་བ་བདག་གིས་མ་ཤེས་སྟེ།། བདག་ནི་བྱིས་པའི་བློར་གྱུར་པས།། བདག་གི་ལུས་ཀྱང་གསོ་བ་བྱས།། དེང་ནི་བདག་ལ་འཆི ་འོང་ན།། སྐྱབས་བྱེད་པ་ནི་སུ་ཡང་མེད།། གཉེན་རྣམས་ཁྱེད་ཅག་ཐམས་ཅད་ཀྱང་།། ང་ཡི་གདོང་དུ་བལྟར་ཅིང་ཡོད།། ཅི་ཞིག་ཕྱིར་ནི་གོས་འདྲལ་ཞིང་།། ཅི་ཕྱིར་དུ་ཞིང་སྨྲེ་སྔགས་འདོན།། ཅི་ཕྱིར་སྐྲ་རྣམས་རབ་འཇིག་ཅིང་།། ཅི་ཕྱིར་ཁྲག ་ཀྱང་འབྱིན་པར་བྱེད།། ཅི་ཕྱིར་མགོ་ལ་རྡུལ་འཐོར་ཅིང་།། བྲང་ཡང་རབ་ཏུ་གདུང་བར་བྱེད།། བདག་གསོན་ཚེ་ན་སྡིག་པ་རྣམས།། སྤང་བར་བྱ་རིགས་ཁྱེད་ཅི་འདྲ།། བདག་གི་ལུས་འདི་སྤྱང་ཁྱི་དང་།། ཁྱི་དང་བྱ་རོག་རྣམས་དང་ནི།། བྱ་རྣམས་ཀྱིས ་ཀྱང་བཟའ་བར་འགྱུར།། ལུས་འདི་དགོས་པ་མེད་པར་དགོས།། འཆི་བའི་སྦྲུལ་དང་ལྡན་གྱུར་ནས།། མི་ནི་རྟག་ཏུ་སྐྱེ་བར་འགྱུར།། འཇིགས་པ་འདི་ལས་གྲོལ་འགྱུར་བ།། དེ་ལྟ་བུའི་སྨན་རྣམས་བསྙེན།། བདག་ལ་སྨན ་པས་གང་བྱིན་པའི།། སྨན་དེ་དགོས་པ་མ་ཡིན་ན།། ཉོན་མོངས་སྦྲུལ་ལས་ཐར་བྱེད་པ།། ད་ལྟར་ཆོས་ཀྱི་སྨན་རྣམས་ནི།། འཆི་ཀར་བདག་ལ་སྦྱིན་པར་བྱོས།། ཤ་ནི་ང་ལ་མ་སྦྱིན་ཅིག། ལུས་ནི་གསོ་བར་བྱས་ན་ཀྱང་། ་གདོན་མི་ཟ་བར་འཇིག་པར་འགྱུར།། གང་ཕྱིས་སྡུག་བསྔལ་སྦྱིན་འགྱུར་བ།། སྡིག་གི་ཕུང་པོ་ཅི་ཕྱིར་བླངས།། ལུས་ནི་ཤིན་དུ་གསོས་བྱས་ཀྱང་།། བྱས་པ་མ་རུང་བྱེད་པར་འགྱུར།། བུ་དང་བུ་མོ་ཅི་ཞིག་ཕྱིར།། ང་ལ་མིགས།། ་ལྟ་བར་བྱེད།། ན་བ་འདི་ལ་ང་སྐྱོབས་ཅིག། དོན་མེད་པར་ནི་ཇི་ཕྱིར་དུ།། བུ་དང་བུ་མོ་ཁྱོད་ཅག་དང་།། ང་ནི་མ་རུང་མ་བྱེད་ཅིག། ཁྱེད་ཅག་གསོ་བར་བྱ་བའི་ཕྱིར།། ངས་ནི་གཞན་གྱི་ནོར་ཡང་ཕྲོགས།། ང་ནི་མཆི་དུས་བབ་པས་ན ་རེ་ཟག་ཆད་ཀྱིས་ཅི་ཞིག་བྱེད།། སྐྱེ་དང་ངན་འགྲོས་རབ་ཏུ་འཇིགས།། འཆི་བས་ཀྱང་ནི་ཡོངས་སུ་གཟིར།། ཚོར་བ་འདུ་ཤེས་འདུ་བྱེད་དང་།། རེག་པོ་ཤིན་དུ་ཚོར་བའོ།། སྲེད་པས་བྱིས་པ་རྣམས་ཀྱང་འཁྱམ།། མི་བཟང ་འབྲས་བུ་རྣམས་ཀྱང་ཐོབ།། ངན་པའི་རིགས་སུ་སྐྱེ་བ་ནི།། དེར་ཡང་མྱ་ངན་བཅིངས་པར་འགྱུར།། བདག་ལ་བསོད་ནམས་ཆུང་ཤེས་ནས།། སྐྱེ་བོ་གཞན་དག་མྱ་ངན་བྱེད།། སྤྲིན་དང་ཚུལ་ཁྲིམས་ཡོངས་སུ་ཉམས ་ཆོས་ལ་ཡང་ནི་རྒྱབ་ཀྱིས་ཕྱོགས།། ཡང་སྐྱེ་བ་ནི་མི་ཤེས་པས།། ཉོན་མོངས་སྦྲུལ་གྱིས་སྟོན་མོངས་པས།། མ་རིག་པས་ནི་བྱིས་པ་རྣམས།། གང་ནས་ཐར་པ་མེད་པར་འཁྱམ།། ཐར་པའི་དོན་ནི་མི་ཤེས་ན།། འཁྲུལ་པས་སྡིག་པ ་རྣམས་ཀྱང་བྱེད།། ཉོན་མོངས་རྣམས་ཀྱིས་བྱིས་པ་འཁྱམ།། ཡིད་ནི་རྟག་ཏུ་རྣམ་པར་འཁྲུགས།། བཅིང་བ་ས་ཚོགས་ལྡན་ལུས་ལ།། མེས་ནི་ཀུན་དུ་འབར་ཞིང་ཚིག། གང་ན་བདེ་བ་མེད་པ་དེར།། ལུས་ནི་རྣམ་པར་འཁྲུག་པས་འཁྱན ་གང་ལས་ཤིན་དུ་བདེ་འབྱུང་བ།། བདེ་བ་དེ་ནི་མི་ཤེས་སྟེ།། སངས་རྒྱས་ཀྱི་ནི་བདེ་བ་བྱིན།། ཆོས་ཀྱི་འཁོར་ལོ་སྨན་གྱི་མཆོག། ཚུལ་ཁྲིམས་བདེན་པའི་ཚུལ་ཁྲིམས་སོ།། དེ་བཞིན་གཤེགས་པ་ཚངས་པའི ་དབྱངས།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་བཀའ་བསྩལ་པ། སྨན་གྱི་སྡེ་སེམས་ཅན་དག་འཆི་བའི་དུས་ཀྱི་ཚེ། དེ་ལྟར་སྨྲེ་སྔགས་འདོན་ཀྱང་ལེགས ་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མ་གཏོགས་པར་དེ་དག་གི་སློབ་པར་འགྱུར་བ་ས་ཡང་མེདདོ།། ཞེས་བཀའ་བསྔལ་ཏེ་དེ་སྐད་བསལ་ནས། ཚིགསུ་བཅད་པ་འདི་དག་ཀྱང་གསུངསོ།། །། སྡིག་པའི་ལས་ནི་བས ་པས་ན།། སེམས་ཅན་དམྱལ་བ་རྣམསུ་ལྟུང་།། བསྲེགས་པའི་གོས་ནི་གྱོན་པར་འགྱུར།། སྐོམ་དུ་ལྕགས་ཁུ་འཐུང་བར་འགྱུར།། ལུས་རྣམས་ལ་ནི་མེ་འདག་བབ།། ཚིག་ནས་རབ་ཏུ་མི་བཟང་དུ།། སེམས་ཅན་དམྱལ་བའི་འཇིགས ་ཆེན་དུ། དེ་ཡི་ལུས་ནི་རབ་ཏུ་ཚིག། བདེ་བ་དག་ནི་མི་ཤེས་ཤིང་།། ཆོས་ཀྱང་རྣམ་པར་མི་ཤེས་ཏེ།། ཆོས་མ་ཡིན་པས་བྱིས་པ་འཁམ།། བདེ་བ་ཅུང་ཟད་རྙེད་མི་འགྱུར།། དང་དང་ཚལ་ཁྲིམས་ཕུན་སུམ་ཚོགས།། ཤེས ་རབ་ལྡན་ཞིང་དཀའ་ཐུབ་ཆེ།། དགེ་བའི་བཤེས་གཉེན་སྟེན་པ་ནི།། དེ་བཞིན་གཤེགས་པར་མྱུར་དུ་འགྱུར།། འཇིག་རྟེན་སངས་རྒྱས་འབྱུང་བའི་ཕྱིར།། བརྩོན་འགྲུས་ཀྱི་ནི་མཆོག་བརྩོམས་ལ།། སེམས་ཅན་ཐམས་ཅད ་ཡོངས་སུ་བཟུང་།། དགེ་བའི་ལས་ཀྱི་ཆོས་སྟོན་ཅིག། བྱམས་པའི་སེམས་དང་དེ་བཞིན་དུ།། ཚངས་སྤྱད་མཆོག་ལ་སྙོམས་པར་ཞུད། སྨན་གྱི་སྡེ་དེ་སྐད་ཐོས་ནས།། མཆོག་ཏུ་སྒྲུབ་པར་བྱ་བར་འགྱུར། ་ནི་གྲོལ་མཐོང་དང་སངས་རྒྱས་དང་།། སྒྲ་བསྒྲགས་རྣམ་པར་འདྲེན་པ་དང་།། འཇིག་རྟེན་གྱི་ནི་པ་དང་མ།། དེ་ནི་བྱང་ཆུབ་སེམས་དཔའ་ཞེ།། འཇིག་རྟེན་དུ་ནི་ཆོས་འདི་གང་སྟོན་པ།། དགེ་བའི་གཤེས་གཉེན་མཆོག ་ཏུ་རབ་རྙེད་དཀའ།། སངས་རྒྱས་སྟན་ལ་གང་དག་གུས་ཉན་པ།། དེ་དག་བླ་མེད་སངས་རྒྱས་བདེ་གཤེགས་འགྱུར།། ཞི་བ་སངས་རྒྱས་སྲས་རྣམས་ལ།། གང་དག་གས་དང་བཅས་འགྱུར་བ།། དེ་དག་ཀྱང་ནི་སེམས་ཅན ་ཀུན།། ཐར་བྱེད་འཇིག་རྟེན་མགོན་དུ་འགྱུར།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སླད་དུ། དོག་ས་འདི་གཡོ། རབ་ཏུ་གཡོ ་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།། སྨན་གྱི་སྡེ་ཅི་མཐོང་ལྟོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་སྨན་གྱི་སྡེས་ལྟས་པ་དང་། ཕྱོགས་བཅུ་ནས་གས་པ་མཐོང་ངོ་།། ས་གས་པས་སགས་པའི་ཕྲག་ནས། མི་བྱེ་བ་ཕྲག་ཉི་ཤུ་བྱུང་བ་དང་། འོག་གི་ཕྱོགས་ནས་མི་བྱེ་བ་ཁྲག་ཉི་ཤུ་བྱུང་བ་དང་། སྟེང་གི་ཕྱོགས ་ནས་མི་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ་བྱུང་བར་འོང་ངོ་།། དེ་ནས་སེམས་ཅན་གཞོན་ནུ་དེ་དག་གིས་རྣམ་པར་ལྟས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདིར་སུ་དག་སྐྱེས། བཅོམ་ལྡན ་འདས་ཀྱིས་བཀའ་བསྐུལ་པ། ཁྱེད་ཅག་སྐྱེ་བོའི་ཚོགས་འདི་དག་ལ་བལྟོས། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་མཐོང་ལགསོ་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྐྱེ་བོའི་ཚོགས་འདི ་དག་ནི་ཁྱེད་ལ་བདེ་བའི་ཕྱིར་སྐྱེསོ།། གསོལ་པ། སེམས་ཅན་འདི་དག་ཀྱང་འགུམ་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་བསྐལ་པ། གྲོགས་པོ་དག་དེ་བཞིན་ཏེ། སེམས་ཅན་ཐ~ཾད་ཀྱང་མཆི ་བབར་འགྱུར་རོ།། དེ་ན་སེམས་ཅན་གཞོནུ་སྔ་མ་གང་ཐོག་མ་ཉིད་དུ་སྐྱེས་པ་དེ་དག་གི་བཅོ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཙོ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འང་བདག་ཅག་ནི ་ཡང་སྐྱེ་བ་དང་། འགུམ་པ་བལྟ་བ་མི་སྤྲོའོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྐུལ་པ། འོ་ན་བརྩོན་འགྲུས་ཀྱི་སྟོབས་རྙེད་པར་སྤྲོ་བ་འམ། དེ་དག་གིས་གསོལ་པ། དེ་བཞིན་གཤེགས་པ་མངོན་སུམ་དུ་བལྟ་བར་བགྱིའོ།། དེ་ཆོས ་གང་མཉན་པ་ཞུགས་ཏེ། ཡིད་དུ་འོང་བ་མཉན་པར་བགྱིའོ།། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་འདུས་པ་ལ་བལྟ་བར་བགྱིའོ།། བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་རྣམས་ལ་བལྟ་བར་བགྱི་སྟེ།། ་བཅོམ་ལྡན་འདས་འདི་ལྟ་བུ་ལ་སྤྲོའི། སྐྱེས་པ་དང་འགུམ་པ་ལ་ནི་ལྟ་བར་མི་སྤྲོའི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་རྫུ་འཕྲུལ་གྱི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་པོ་དེ་དག་དང་། ལྷན ་ཅིག་ཏུ་སྟན་ལས་ལངས་ནས་དེ་དག་ཐམས་ཅད་རྫུ་འཕྲུལ་གྱིས་སྟེང་གི་བར་སྣང་ལ་འགྲོ་ཞིང་དཀྱིལ་མོ་བཀྲུང་བཅས་ནས་བསམ་གཏན་བསྐྱེད་ཏེ། དེ་དག་ཐམས་ཅད་ཀྱི་ལུས་ལ་སེང་གེ་རྣམས་ཀྱང་བྱུང་ངོ་།། སྟག་རྣམས་ཀྱང་བྱུང ་སྦྲུལ་རྣམས་ཀྱང་བྱུང་།། རྫུ་འཕྲུལ་ཆེན་པོ་རྣ་པར་འཕྲུལ་པ་སྟོན་ཏོ།། རི་ལ་ཡང་དཀྱིལ་མོ་བཀྲུང་བཅས་ཏེ་འཁོད།། སྟེང་དུ་དཔག་ཚད་ཉི་ཁྲི་སྲིད་དུ་ཡང་འགྲོ་ཟླ་བ་དང་ཉི་མ་བྱེ་བ་སྟོང་ཕྲག་བཅུ་ཡང་འབབ་པར་བྱེད།། དེ་ནས ་བཅོམ་ལྡན་འདས་ལ་སེམས་ཅན་གཞོན་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འོད་ཟེར་ཆེན་པོ་གདའ་བ་དང་། རྫུ་འཕྲུལ་ཆེན་པོ་རྣམ་པར་འཕྲུལ་པ་འཇིག་རྟེན་དུ་བྱུང་བའི་རྒྱུ ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྐུལ་པ། རིགས་ཀྱི་བུ་ཁྱེད་ཟླ་བ་དང་ཉི་མ་བྱུང་བ་འདི་ལ་ལྟོས། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་མཐོང་ལགསོ།། བདེ་བར ་གཤེགས་པ་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། འདི་ནི་བྱང་ཆུབ་སེམས་དཔའ་རང་གི་ལུས་ལས་འོད་ཟེར་སྣང་བ་དང་། རྫུ་འཕྲུལ་དང་། ཆོ་འཕྲུལ་བསྟན་པ་སྟེ། བསྟན་ནས་ཀྱང་སྐྱེ་བོ་མང་པོ ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོའི་ཚོགས་ཆེན་པོ་དང་། ལྷ་རྣམས་དང་། མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་སེམས་ཅན་རྣཾས་ལ་ཆོས་སྟོན་ཏོ ་དེ་དག་མིའི་མིའི་ལུས་དང་། སྟོབས་དང་བརྩོན་འགྲུས་བསྟན་ནས་འདི་འདྲ་བའི་སྟོབས་ཉེ་བར་སྟོན་ཏོ།། གསོལ་པ་བཅོམ་ལྡན་འདས་འོད་ཟེར་སྣང་བ་བྱུང་བར་བགྱི་སླད་དུ་ཆོས་བསྟན་དུ་གསོལ། དེ ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།། སྨན་གྱི་སྡེ་ཁྱོད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག ་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་པ་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ལགས་སོ།། བདེ་བར་གཤེགས་པ་མཐོང་ལགས་སོ།། དེས་འདི་སྙམ་དུ་བསས་ཏེ། གང་བདག་གིས་དེ་བཞིན ་གཤེགས་པ་ལ་དོན་དེ་ཞུའོ།། སྙམ་དུ་བསམས་པ་དང་། བཅོ་ལྡན་འདས་ཀྱིས་བཀྲ་བསྩལ་པ། སྨན་གྱི་སྡེ་ཅི་དང་ཅི་འདོད་དྲིས་ཤིག་དང་ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སོས་རདྲ་བར་བྱའོ་བསྟན་པར ་བྱའོ་རྣོ་བར་དབྱེ་བས་བྱའོ།། སྨན་གྱི་སྡེ་གང་འདྲ་བ་དང་མ་འོང་བ་དང་། ད་ལྟར་བྱུང་བའི་དུས་རྣམས་ཀྱི་དེ་ཐོས་ཅད་བསྟན་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་ཐེ་ཙོམ་བསལ་བའི་སླ་དུ་བསྟན་དུ་གསོལ། བཅོམ་ལྡན ་འདས་བདག་གིས་དེ་བཞིན་གཤེགས་པ་ལྷའི་བུ་སྟོང་ཕྲག་བརྒྱད་བཅུས་རྩ་བཞི་བསྐོར་བ་དང་། བྱང་ཆུབ་སེཾས་དཔའ་བྱེ་བ་ཕྲག་བརྒྱད་བཅུ་རྩ་བཞིས་བསྐོར་བ་དང་། ཀླུའི་རྒྱལ་པོ་བྱེ་བ་སྟོང་ཕྲག་བཅུ་གཉིས་ཀྱིས་བསྐོར་བ་སྣ ་འབྱུང་པོ་བྱེ་བ་སྟོང་ཕྲག་བཅོ་བརྒྱད་ཀྱིས་བསྐོར་བ་དང་། ཡི་དགས་དང་ཤ་ཟ་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔས་བསྐོར་བ་མཐོང་ངོ་།། བཅོ་ལྡན་འདས་ཀྱིས་བཀ་བསྩལ་པ། སྨན་གྱི་སྡེ་སོས་ཅན་འདི་དག་ནི་ཆོས་ཉན་པའི་ཕྱིར་ལ ་འདིར་ངའི་གན་དུ་འདུས་ཤིང་འཁོར་གོར་མ་ཆག་སྟེ། སྨན་གྱི་སྡེ་འདི་དག་ནི་དེང་ཁོ་ནར་འཁོར་བར་བསྙིལ་བར་འགྱུར་རོ།། སེཾས་ཅན་ཐམས་ཅད་ལ་ཕན་པར་འདོད་པས་དེང་ཉིད་དུས་བཅུ་རབ་ཏུ་ཐོབ་པར་འགྱུར་རོ།། ས་བཅུ ་ལ་རབ་ཏུ་གནས་ནས་མྱ་ངན་ལས་འདས་པའི་དབྱིངས་རྗེས་སུ་ཐོབ་པར་འགྱུར་རོ།། རྒ་དང་འཆི་ལས་ཐར་བྱའི་ཕྱིར།། ལས་བྱས་བདེ་བ་འཐོབ་བྱེད་ཅིང་།། ཉོན་མོངས་ཞགས་པ་འཐོབ་བྱས་ནས།། སངས་རྒྱས ་བསྟན་པ་འཐོབ་པར་འགྱུར།། གསོལ་པ་བཅོམ་ལྡན་འདས་སོས་ཅན་གྱི་གནས་མང་པོ་ལས་སྣ་ཚོགས་ཀྱིས་བྱུང་བ་འདི་ཅིའི་སླད་བཅོམ་ལྡན་འདས་ལ་བསྐོར་ཅིང་གན། བཅོ་ལྡན་འདས་ཀྱིས་བཀ་བསྩལ་པ་སྨན་གྱི་སྡེ ་ཉོན་ཅིག་སེཾས་ཅན་རྨོད་པ་ཤྭེ་པས། ཐར་པར་འགྱུར་བ་ལྟ་ག་ལ་ཡོད།། སེཾས་ཅན་གཞོན་ནུ་མང་པོ་དག། དེ་རང་གཟུང་རྣམས་འཐོབ་པར་འགྱུར། ས་བཅུ་དག་ནི་ཐོབ་པའི་ཕྱིར།། ཆོས་ཀུན་རབ་ཏུ་ཤེས་པར་འགྱུར།། ་ས་བཅུ་དག་ཀྱང་འཐོབ་པར་འགྱུར།། སངས་རྒྱས་བྱ་བ་བྱེད་པ་འགྱུར།། ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར།། ཆོས་ཆར་རབ་ཏུ་འབེབ་པར་འགྱུར།། དེ་ལྟར་སེཾས་ཅན་འདུས་པས་ན། ངའི་བསྟན་པ་དག་པ་པོ།། ལྔ། ་དདང་ཀླུ་དང་ཡི་དག་དང་།། ལྷ་མིན་ཤིན་དུ་མི་ཟད་པ།། ས་བཅུ་ལ་ནི་རབ་གན་ཏེ།། ཆོས་ཀྱི་སྒྲ་ནི་སྒྲོགས་པར་བྱ།། ཆོས་ཀྱི་རྔ་ཡང་བརྡུང་བར་འགྱུར།། ཆོས་ཀྱི་དུང་ཡང་རབ་ཏུ་འབུད།། སེཾས་ཅན་གཞོན་ནུ་འདི་དག་ཀྱང་།། བརྩོན་འགྲུས་མཐུ་དང་ལྡན། ་པར་འགྱུར།། དེ་བཞིན་གཤེགས་པས་ཐོབ་བཞིན།། དེ་དག་དེང་ནི་ཆོས་ཐོབ་འགྱུར།། དེ་ནས་སེཾས་ཅན་གཞོན་ནུ་ལྔ་སྟོང་ཅི་བསྟན་ལས་ལངས་ན།། བཅོཾ་ལྡན་འདས་གལ་བ་དེར་ལོག་སུ་ཐལ་མོ་སྦྱར་བ་བཏུད་ཏེ། བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ།། གང་ཕྱིར་མཐའ་ནི་མ་འཚལ་བ།། འཁོར་བ་ན་ནི་འཆིང་བ་སྟེ།། ལུས་ནི་ཁུར་ལྕི་བཅོམ་ལྡན་འདས།། འཇིགས་པ་ཆེན་པོ་མི་བཟད་པ། ལམ་ནི་རྣམ་པར་མ་འཚལ་ཏེ ་ལམ་ཉིད་ཀྱང་ནི་མི་གདའ་བས།། མགོན་པོ་བདག་ཅག་ལྗོངས་འགྱུར་ན།། བདག་ཅག་རྣམས་ནི་བསྡུ་བར་གསོལ།། དཔྲལ་བདག་ཅག་གསོལ་བ་འཚལ།། འདྲེན་པས་ཆོས་ནི་བཤད་དུ་གསོལ།། བདག་ཅག་ཤེས་པ་ཆུང ་དུར་སྐྱེས་བདེ་བ་མངོན་པར་མ་འཚལ་ཏོ།། བདག་ཅག་ལ་ནི་ཆོས་བཤད་གསོལ།། སྡུག་བསྔལ་མི་བཟང་གྲོལ་བར་མཛོད།། གང་དང་གང་དུ་སྐྱེས་པར་ཡང་།། བདག་ཅག་སངས་རྒྱས་མཐོང་གྱུར་ཅིག། ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི། སྡེ། སེམས་ཅན་གཞོན་ནུ་རྣམས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། འདི་སྐད་ཅེས་སྨྲས་སོ།། ཁྱེད་ཅག་རྣམས་ནི་ཟས་ཟོ་ཤིག། རྨད་དུ་བྱུང་བའི ་རོ་ཡང་འཐུང་།། འཇིགས་པ་མེད་པར་གྱུར་ནས་སུ་ཕྱིས་གདོད་འཇིགས་མེད་ཆོས་ཉོན་ཅིག། སྨྲས་པ། བཙུན་པ་གནས་བརྟན་ཁྱོད་སུ་ཞིག། བདག་ཅག་རྣམས་ཀྱིས་ཁྱོད་མི་ཤེས།། ཁྱོད་ནི་རབ་ཏུ་མཛེས་པར ་མཐོང་གཟུགས་ནི་ཞི་ཞིང་གྲགས་པ་ཆེ།། ཡི་དགས་འཇིག་རྟེན་འཇིགས་ཆེན་དང་།། སེམས་དམྱལ་དུད་འགྲོ་རྣམས་ལ་ཐར།། ཇི་ལྟར་འགྲོ་བར་མཛེས་པ་བཞིན།། ཁྱོད་ཀྱི་སྡིག་པ་ཐམས་ཅད་ཞི།། ཁྱོད་ཀྱི་ལག་ན་སྣོད ་ཡོད་ད་པ་རིན་ཆེན་སྣ་བདུན་ལྡན་པ་དང་།། ལུས་ལ་རིན་ཆེན་སྲད་བུ་དང་།། གཟི་བརྗིད་ཕུང་པོས་རྒྱན་པ་མཐོང་།། ཞི་བ་ཁྱོད་ཀྱིས་ཚིག་སྨྲས་པ།། བདག་ཅག་ལན་འདེབས་མི་ནུསོ།། བདག་ཅག་ལ་ནི་ཟས་རྣམས་དང་། ་ཞིམ་པའི་སྐོམ་ཡང་མི་དགོས་ཏེ།། ཟས་ལ་བཤང་བ་འབྱུང་བ་དང་།། དེ་བཞིན་སྐོམ་ཡང་གཅིན་དུ་འགྱུར།། ཁུ་བ་རྣམས་ལས་ཁྲག་ཏུ་འགྱུར།། དེ་བཞིན་ཁྲག་ལས་ཤར་འགྱུར་བས།། ཟས་དང་སྐོམ་རབ་སྦྱར་བ་ཡང ་བདག་ཅག་རྣམས་ལ་དགོས་མ་ཡིན།། དར་དང་སྣམ་བུ་སྦྱར་བ་དང་།། ཕྲ་མོའི་གོས་དང་བགོས་པ་མེད།། གསེར་གྱི་གདུ་བུ་མི་དགོས་ཏེ།། མུ་ཏིག་ཕྲེང་བ་དགོས་མ་ཡིན།། སོར་རྔུབ་དག་ཀྱང་མི་དགོས་ཏེ། དེ་ཀུན་མི ་རྟག་ཆོས་ཅན་ནོ།། བདག་ཅག་ངན་པར་འགྲོ་རྣམས་སུ།། འགྲོ་བར་མི་འགྱུར་སྲོག་ཚོལ་ལོ།། ལྷ་རྣམས་ཀྱིས་ནི་བདེ་བ་དང་།། ཆོས་ཀྱི་སྦྱིན་པ་དོན་དུ་གཉེར།། དགེ་བའི་བཤེས་གཉེན་རྣམ་དགོས་ཏེ།། འཁོར་ལོས་བསྒྱུར ་རྒྱལ་མ་ཡིན་ནོ།། རབ་ཏུ་བཟང་པོའི་གླིང་བོར་ནས།། འཁོར། ལོས་བསྒྱུར་རྒྱལ་འཆི་བར་འགྱུར།། བུ་ཡང་ཕྱི་བཞིན་མི་འབྲང་སྟེ།། ཆུང་མ་བུ།། མོ་རྣམས་ཀྱང་མིན།། རིན་ཆེན་སྣ་བདུན་ཕྱིན་ལས་ཕྱི་བཞིན ་འབྲང་བ་མ་ཡིན་ནོ།། སྐྱེ་བོ་མང་པོ་བསྡུས་པ་ཡང་།། ཕྱི་བཞིན་འགྲོ་བ་མ་ཡིན་ཏེ།། མདུན་དུ་རྒྱུག་པའང་མ་ཡིན་ནོ།། དེ་ལྟར་ཕྱིན་ཆད་མི་འགྱུརརོ།། ཚེ་ཅིག་གི་ནི་རྒྱལ་པོར་འགྱུར།། མི་རྟག་པས་ནི་འཁྱིས་གྱུར་ཏེ། ་སྡིག་པའི་ལས་རྣམས་མང་བྱས་པས།། དེ་དག་སེམས་དམྱལ་དུ་འབོད་ལྷུང་།། རིན་ཆེན་སྣ་བདུན་རྫུ་འཕྲུལ་ཆེས།། ཕྱོགས་བཞི་ཀུན་དུ་བསྐོར་བ་ལས།། གང་ཚེ་ངུ་འབོད་སྨིན་པའི་ཚེ།། རྫུ་འཕྲུལ་དེ་ནི་གང་དུ་སོང་།། ས་གང་དག་ན་ཡོད ་མིན་པ་ཤི་ནས་རྫུ་འཕྲུལ་བྱང་མི་ནུས།། གནས་བརྟན་བདག་ཅག་རྣམས་ལགས་གསོན།། གང་ན་དེ་བཞིན་གཤེགས་པར་བཞུད་།། པ་དང་མ་ནི་ཇི་ལྟ་བར།། དེ་ནི་མཐོང་བར་རབ་ཏུ་འདོད།། བདག་ཅག་རྣམས་ནི་མ་ཡང་མེད།། པ་མེད ་ཕུ་ནུ་རྣམས་ཀྱང་མེད།། འཇིག་རྟེན་གཙོ་བོ་དེ་བཞིན་གཤེགས།། དེ་ཉིད་པ་དང་མ་ཡིན་ནོ།། དེ་ཉིད་ཉི་མ་ཟླ་བ་སྟེ།། བདེ་བའི་ལས་ནི་རབ་སྟོན་པའོ།། གང་ཕྱིར་ཕྱིན་ཆད་མི་སྐྱེ་བའི།། དེ་ནི་འཁོར་བ་ཐར་མཛད ་བའོ།། ཉོན་མོངས་ཆུ་བོ་འཇིགས་ཅན་དང་།། ཆུ་བོ་སྒྲོལ་བའི་གྲུ་དེའོ།། དེ་ཡིས་སེམས་ཅན་རབ་བསྒྲལ་ཏེ།། ཕྱིན་ཆད་སླར་ནི་མི་ལྡོག་གོ།། བྱང་ཆུབ་མཆོག་ནི་རབ་སྟོན་པ།། དམ་པའི་ཆོས་ཀྱང་ངེས་བཤད་དོ།། བདག་ཅག་རྣམས ་ལ་ཟས་མི་དགོས།། རྒྱལ་སྲིང་འབྲས་བུ་མི་འདོང་དོ།། སེམས་ཁས་འཇིགས་པ་ནི།། ལྷ་ཡི་འཇིག་རྟེན་འགྲོ་མི་བྱ།། མི་ཡི་ཚེ་ནི་བདེ་བ་སྟེ།། དེ་ན་ཐམས་ཅད་མཁྱེན་པ་སྣང་།། རང་གི་ལས་ནི་ཉེས་བྱས་པས།། ཚེ་ཐུང་རྣམས ་ནི་འཁྱམ་པ་ཡིན།། དེ་དག་འཆི་བ་མི་ཤེས་ཀྱི།། འདོད་པ།། ལོང་སྤྱོད་རྒྱལ་སྲིད་ཤེས།། སྐྱེ་དང་འགག་པས་བསླས་པ་རྣམས།། ཤེས་པ། མེད་ཅིང་འཇིགས་པ་མེད།། མི་རྟག་པས་ནི་སེམས་འཁྲུགས་རྗེས།། ་ཕྲ་བའི་ཆོས་རྣམས་མི་ཤེས་ཏེ།། ཕྲ་བའི་དགོས་པ་མི་བྱེད་ལ། ཞི་བའི་དབྱིངས་ཀྱང་མི་ཤེས་སོ།། འཆི་འཕོ་ལ་ནི་སྐྱོ་མེད་པ།། ཡང་དང་ཡང་དུ་སྐྱེ་བར་འགྱུར། ཡུན་རིང་སྡུག་བསྔལ་རབ་གཟིར་ཅིང་།། རྟག ་ཏུ་དབྱུག་པས་བདེག་བྱས་ནས།། གཞན་དག་གི་ཡང་འཕྲོག་བྱེད་ཏེ།། དེ་བཞིན་བཅིང་ཞིང་གསད་པར་བྱས།། སྔོན་གྱི་སྡིག་པས་བསྐུལ་བས་ན།། དེ་དག་བཅིང་བ་ལྔས་བཅིངས་སོ།། རེ་ཐག་ཀྱང་ནི་ཆད་པར་འགྱུར།། མྱ་ངན་ཟུག ་རྔུས་ཟུག་པར་འགྱུར།། རྣམ་པར་ཤེས་པ་འགག་པ་ན།། སྙིང་རྗེ་བར་ནི་སྨྲེ་སྔགས་འདོན།། བདག་གི་སྐྱོབ་པར་སུ་འགྱུར་ལ།། གསེར་དང་དངུལ་དང་ཤེལ་དག་དང་།། ལོང་སྤྱོད་ཐམས་ཅད་བདག་གིས་དབུལ།། བདག་ནི་དྲན་དུའང ་འགྱུར་བར་བྱ་དྲན་གྱི་ཚུལ་དུ་གང་འགྱུར་བ།། ལས་རྣམས་ཐམས་ཅད་རབ་ཏུ་བྱ།། རྒྱལ་སྲིད་ལོང་སྤྱོད་བདག་མི་དགོས།། ནོར་དང་འབྲུ་ཡང་མ་ཡིན་ནོ།། བདག་གི་ལུས་ནི་བདག་ལ་དགོས།། སྡིག་པ་བྱེད་པ་མི་འགྲོལ་ཏེ།། དེ་ལྟས ་གནས་བརྟན་བདག་ཅག་ལ།། བཟའ་བ་བགོས་པ་མ་ཡིན་ནོ།། གང་དག་ཁ་ཟས་ཞིམ་ཟོས་པ།། རྒྱལ་པོ་རྣམས་ཀྱང་འཆི་བར་འགྱུར།། བཏུང་བ་མཆོག་ནི་བཏུངས་པ་ཡི།། ལྷ་ཡི་བུ་རྣམས་འཆི་བར་འགྱུར།། ཆོམ ་རྒུ་རོ་ལྡན་པ།། ཟས་དང་སྐོམ་ནི་རབ་བཤམས་ཏེ།། རྒྱལ་པོའི་མདུན་དུ་བླངས་ནས་སུ། ཁ་ཟས་ལ་ནི་ལྕེ་རེག་ནས།། རྒྱལ་པོ་རྣམས་ནི་རོ་ལ་ཆགས། སྡིག་པ་མི་ཆུང་རྣམས་ཀྱང་བྱེད།། གང་ལ་སྙིང་པོ་མེད་པ་ཡི། མི ་རྟག་རོ་ལ་ཆགས་པར་བྱེད།། བདག་ཅག་རྣམས་ལ་སྐོམ་མི།། དགོས།། བཟའ་བ་དག་ཀྱང་དགོས་མ་ཡིན།། བདག་ཅག་སྡུག་བསྔལ་གང་། གྲོལ་བ།། ཆོས་ཉིད་དེ་འདྲ་དགོས་པ་ཡིན།། སྲེད་པའི་བཅིངས ་ལས་རབ་གྲོལ་ཞིང་། སྲེད་པའི་ཉོན་མོངས་རྣམ་ཐར་ཏེ།། བཅིངས་པ་ཀུན་ལས་གྲོལ་བ་ཡི།། སངས་རྒྱས་དེ་ལ་སྐྱབས་དོང་།། དྲང་སྲོང་ཆེན་པོ་འཇིགས་མགོན་ལ།། བདག་ཅག་རྣམས་ནི་སྐྱབསུ་དོང་།། སེམས་ཅན་རྣཾས་ཀྱིས ་མཐོང་དགའ་ལ།། ཕྱག་འཚལ་ཕྱིར་ནི་བདག་ཅག་དོང་།། ཁྱོད་ཀྱི་མཚན་ནི་མ་འཚལ་གྱིས།། སྙན་པའི་མཚན་ནི་བསྟན་དུ་གསོལ།། སྨན་གྱི་སྡེས་སྨྲས་པ། ཁྱེད་དང་སྐྱེ་བོ་ཐམས་ཅད་ཀྱང་། དེ་བཞིན་མིང་ནི་ཐོབ་པར་འདོད།། སེས ་ཅན་གཞོན་ནུ་བྱེ་བ་ཕྲག། སྟོང་གིས་དེ་བཞིན་གཤེགས་པ་བསྐོར།། དེ་དག་གིས་སྨྲས་པ། ཁྱོད་ནི་སངས་རྒྱས་ཉན་ཐོས་ཏེ།། མིང་ནི་ཟབ་པར་གྲགས་པ་ཡིན།། སྐྱེ་བོ་ཀུན་ཀྱང་དེ་བཞིན་དུ།། ཁྱོད་ཀྱི་མིང་ནི་ཐོས ་བར་འདོད། སྨྲས་པ། ངའི་མིང་ནི་སྨན་གཱི་སྡེ།། ང་ནི་སེམས་ཅན་རྣམས་ཀྱི་སྤྲིན།། སྨན་རྣམས་ཀུན་གྱི་དམ་པ་ནི།། ཁྱེད་ཅག་རྣམས་ལ་བཤད་པར་བྱ།། ནད་ཀུན་གྱིས་བཏབ་སྐྱེ་བོ་ཡི།། ནང་རྣམས་ཐམས ་ཅད་ཞི་བར་བྱེད།། འདོད་ཆགས་ནད་ནི་ནིང་པོ་ཆེ།། འཇིག་རྟེན་འཛག་བྱེད་མི་བཟང་པ།། གང་གིས་བློ་མེད་འཁྱམ་པ་ཡི།། གཏི་མུག་ནང་ནི་ཆེ་ཞིང་དྲག། སེམས་ཅན་དམྱལ་བ་དེ་བཞིན་བདེ་འགྲོ་དང་།། ཡི་དགས་རྣམས་དང་སེམས། ་ཅན་འགྲོ།། བྱིས་པ་འདི་དག་ཞེ་སྡང་ཟིན།། དེ་དག་ཇི་ལྟར་ཞི་བར་འགྱུར།། དེ་དག་གིས་སྨྲས་པ། དགེ་བའི་ཆོས་ནི་འདིར་ཐོས་པས།། བདག་ཅག། སྡུག་བསྔལ་ཀུན་ལ་གྲོལ།། བྱིས་པ་བློ་ནི་མི་ཤེས་པ།། སྡུག་བསྔལ་ཀུན ་ལས་གྲོལ་ནས་ཀྱང་།། སྡིག་པའི་ལས་ནི་རྣམ་སྤངས་ཏེ།། བདག་ཅག་ཆོས་ཀྱི་སྦྱིན་པ་ཉན།། སྡིག་པ་ཐམས་ཅད་རྣམ་སྤངས་ནས།། འཇིགས། བ་མི་བཟང་རྣམས་ཀྱང་སྤངས།། ནད་རྣམས་ཐམས་ཅད་ཞི་བྱེད་པ། ་སྨན་པའི་རྒྱལ་པོ་སྨན་པ་ཆེ།། སྡུག་བསྔལ་བ་རྣམས་གསོ་བྱེད་པ།། ཡང་དག་སངས་རྒྱས་མྱུར་དུ་ལྟ།། དེ་བཞིན་གཤེགས་པ་ཕྱག་བྱའི་ཕྱིར།། གནས་བརྟོན་ཁྱེད་ནི་མྱུར་དུ་བཞུད།། ཕྱག་བྱས་བདག་ཅག་རྣམས་ཀྱི་ཚིག། འཇིག་རྟེན ་རྣམ་པར་འདྲེན་ལས་གསུངས།། ནང་འདི་རབ་ཏུ་ཞི་བར་མཛོད།། ལུས་འདི་ཐམས་ཅད་རབ་འབར་སྟེ།། ཚིག་ཅིང་ཞི་བ་མེད་པ་ཡི།། མི་བཟང་མེ་ནི་བཞི་པར་མཛོད།། ལུས་ཀྱི་ཁུར་ནི་ཁུར་པོ་ཆེ།། ཤིན་ཏུ་མི་བཟང་རྣོ་བའི་ཁུར།། སྡུག ་བསྔལ་གཟིར་བ་བདག་ཅག་ལ།། བརྟུལ་ཞུགས་དམ་པ་ཐུགས་རྗེ་མཛོད།། སྐྱེ་བོ་རྟག་ཏུ་ཞེ་སྡང་དང་།། གཏི་མུག་གནོད་པའི་ཁུར་ཁྱེར་ཏེ།། ཁུར་ལས་ཐར་པ་མི་ཤེས་པས།། དེ་དག་ཡང་དང་ཡང་ཁུར་ཁྱེར།། ཐར་པའི་ལམ་ནི ་མི་ཤེས་ཤིང་།། ཐར་པའི་ལམ་ནི་མེ་མཐོང་རྣམས།། འཆི་བའི་རྣམ་པར་ཤེས་མོད་ཀྱི།། འོན་ཀྱང་འཇིགས་པ་མི་བསྐྱེད་ཏོ།། བདག་ཅག་ལ་ནི་ནེམ་དུ་ཡང་།། འཆི་བ་མེད་སྙམ་བདེ་བར་གནས།། ཀུན་ཏུ་འཁྲུལ་པས་མ་ཤི་བ།། ་མཐོང་ཡང་རྣམ་པར་མི་ཤེས་སོ།། དེ་དག་པ་ཡང་མི་དྲན་ཏེ།། ནད་ཀྱིས་ཀྱང་ནི་རྟོག་གཟིར་ཅིང་། ཉོན་མོངས་ལས་ཀྱིས་རབ་བཀྲུས་ནས།། ཇི་ལྟར་ཁ་ཟས་ཟ་བར་འགྱུར།། སྡུག་བསྔལ་ཉམ་ཐག་མི་ཤེས་ཏེ།། བདག་ཅག ་ངལ་བ་དོན་མེད་དོ།། ཁྱེད་ཀྱིས་སྡུག་བསྔལ་འདི་འདྲ་བ།། མ་རིག་བཞི་ལས་སྐྱེས་པའོ།། འདུ་ཤེས་འདུ་བྱེད་ཚོར་བ་རྣམས།། འཇིགས་ཆེན་ལུའི་བའི་ཁུར་ཡིན་ནོ།། གང་ཆོས་རྣམ་པར་མི་ཤེས་པ།། བྱིས་པ་སྲེད་པས ་རབ་ཏུ་འཁྱམ།། ལུས་ཀྱི་ཁུར་གྱིས་བསྐོར་བ་ནི།། འཇིག་རྟེན་དུ་ཡང་དོན་མེད་སྐྱེས།། གོས་བཙང་ཤིན་དུ་བཟང་བ་དང་།། ཁྲུས་དང་།། བྱུག་པ་དགོས་པའོ།། ལུས་ལ་གང་ཡིད་འོང་བ་ཡི།། ཁ་ཟས ་ཞིམ་པོ་དགོས་པ་སྟེ།། ཡིད་དུ་འོང་བའི་སིལ་སྙན་ལྔ།། དེ་བཞིན་རྣ་བས་ཚོལ་བར་བྱེད།། རིན་ཆེན་བདུན་ལས་བྱུང་བ་ཡི།། གཟུགས་ལ་མིག་གིས་ཆགས་པར་བྱེད།། ཞིམ་པའི་རོ་རྣམས་ཐམས་ཅད་ནི།། ་ལྕེས་ཀྱང་ཚོལ་བར་བྱེད་པ་སྟེ།། འཇམ་ཞིང་ཕྲ་བའི་རེག་པ་ཡང་།། ལུས་ཀྱིས་རྟག་ཏུ་ཚོལ་བར་བྱེད།། ལུས་ཀྱིས་སུ་ན་ཤ་གཉིས་སོ།། དགའ་བར་ཡང་ནི་བསྒྲུབ་པ་ལས།། སེམས་དཔའ་མེད་པའི་ལུས་འདི་སྐྱེས།། དེ་ལ ་དགའ་བར་སུ་ཞིག་རྙེད།། དེ་ལ་བདག་རྒ་དགའ་བྱེད་པ།། ལྷམ་ནི་རབ་ཏུ་བཟང་གྱོན་ཀྱང་།། འཆི་བར་འགྱུར་ཚེ་གོས་རྣམས་དང་།། བྱུག་པ་སྐྱབས་སུ་མི་འགྱུར་ཏེ།། ལུས་ཀྱང་སྐྱབས་སུ་མི་འགྱུར་ན།། གོས་དང་བྱུག་པ་སྨོས་ཅི་དགོས ་མི་ཞེས་བྱ་བ་ལུས་ཡིན་ཏེ།། དབུགས་དང་སྟོབས་ཆེན་རྙེད་པར་འགྱུར།། སོ་སོར་རྟོག་པ་རྣ་བའི་སྟོབས།། དེ་ནི་ལུས་ལ་ཡོན་ཏན་ཆེ།། སྔོན་ཆད་རྟ་དང་གླང་པོ་ཡིས།། ཀུན་ཏུ་བསྐོར་ནས་རྩེ་ཞིང་འཁྱམ། ་ཐར་པའི་ཆོས་ནི་མ་ཤེས་ནས།། བདག་ནི་སྡིག་པའི་ལས་ལ་དགའ།། འཇིག་རྟེན་ཕ་རོལ་མ་ཤེས་ནས།། རྩེ་བས་སྡིག་པ་བྱེད་དུ་བྱེད་དུ་བཅུག། བདག་ནི་ཡང་དང་ཡང་སྐྱེས་ཏེ།། ཤི་བ་བདག་ལ་ཡང་འོངས་སོ།། ཡང ་དང་ཡང་དུ་མྱ་ངན་མཐོང་།། སྨྲེ་སྔགས་འདོན་པས་རབ་ཏུ་བཅིངས།། མ་རྣམས་ཀྱང་ནི་ཤི་བ་མཐོང་།། ཕ་རྣམས་ཤི་དང་གཉེན་དག་དང་།། སྲིད་མོ་དང་ནི་བུ་མོ་དག། ཆུང་མ་རྣམས་ཀྱང་ཤི་བ་མཐོང་།། མངོན་པར་འདུ།། ་བྱེད་ཀུན་སྟོང་ན།། སེམས་དང་བཅས་པ་སུ་ཞིག་ཆགས།། འདོད། པས་ཟིན་པའི་སེམས་སུ་ནི།། བདག་ཀྱིས་ཉིད་བརྟན་རུང་བར་ཤེས།། ཞི་བའི་ཆོས་ནི་མི་དམིགས་ཏེ།། འཆི་བ་ལ་ནི་མངོན་དགའ་མེད།། དེ། ་ཕྱིར་འདོད་པས་བསྒྲིབས་སེམས་ཀྱིས།། བདག་གིས་སྦྱིན་པ་མ་བྱིན་ནོ།། དེ་བས་འདོད་དང་མཉམ་སྡིག་མེད།། དེ་ན་ད་དུང་མི་ལྡོག་གོ།། ཀུན་ཏུ་ནོར་བས་བདག་སྐྱེས་ཏེ།། འགྲོ་བ་མཐའ་དག་ཀུན་ཏུ་ནོར།། ཀུན་ཏུ་ནོར་བའི་སྒྲ ་ཡང་ཉན།། དམ་ཆོས་མ་ཡིན་ཡོངས་སུ་འཛིན།། ཐར་པ་དང་ནི་བསམ་གཏན་བཙལ།། ལུས་ནི་ཁུར་དུ་བཀུར་མི་བྱ།། འཇིག་རྟེན་དོན་དུ་འགྲོ་བའི་གཙོ།། སངས་རྒྱས་སྟོན་པ་རྣམས་སུ་ཤོག། སངས་རྒྱས་འཇིག་རྟེན་པ་དང་མ།། ་སངས་རྒྱས་ལམ་ནི་རབ་མཚོན་པ།། འཛམ་བུའི་གླིང་ན་ཀུན་ཏུ་ཡང་།། རིན་ཆེན་ཆར་པ་རབ་ཏུ་འབེབས།། ཆོས་ཀྱི་བསྡུ་བ་ཅི་འདྲ་བ།། སེམས་ཅན་བླུན་པོས་མི་ཤེས་ཏེ།། བྱང་ཆུབ་ཏུ་ནི་སེམས་བསྔོས་ནས།། ཆོས་ཀྱི ་སྡུ་བ་ཐོབ་པར་འགྱུར།། འདུ་བྱེད་ཐམས་ཅད་སྟོང་པ་སྟེ།། དེ་བཞིན་ལོངས་སྤོང་ནོར་ཡང་སྟོང་།། བདག་ཀྱང་སྟོང་པར་མཐོང་བས་ན།། མཐོང་ནས་རེ་བ་མེད་པར་འགྱུར།། གནས་གརྟན་སྨན་གི་སྡེ་ཁྱོད་ཀྱིས།། བདག། ་ཅག་རྣམས་ཀྱི་ཚིག་གསོན་ཅིག། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར།། ཁྱོད་ནི་ཕོ་བཞུད་འཚལ་ལོ།། འཁོར་བའི་ཉེས་པ་རྣམ་དྲན་ནས།། བྱང་ཆུབ་སེམས་དཔའི་སྐྱོ་བ་མེད།། བརྩོན་འགྲུས་ལྡན་ཞིང་དཀའ་ཐུབ། ་ཆེཡོན་ཏན་ཀུན་ཏུ་སྡུ་བར་བྱེད།། སྟོན་ཏེ་ག་ལ་བཞུགས་པར་བཞུད།། སྟོན་པ་བདེ་བ་རབ་སད་ནས།། རྒྱལ་བའི་ཅུང་ཟད་མི་སྐྱོ་བར།། བདག་ཅག་སླད་དུ་ཞུ་བ་མཛོད།། ཁྱོད་ཀྱིས་བདུད་ནི་གཞོན་པ་དང་། ་སྟོབས་དང་བཅས་པ་ཕམ་པར་བྱས།། སེམས་ཅན་ཐམས་ཅད་ཡོངས་འཛིན་པའི།། ཆོས་ཀྱང་མྱུར་དུ་འབར་བར་བྱས།། གཱང་།། གིས་སངས་རྒྱས་འགྱུར་བ་ཡི།། ཆོས་ནི་བདག་ཅག་མ་ཐོས་གིས།། ་བདག་ཅག་རྣམས་ལ་ཕན་པའི་ཕྱིར།། གནས་བརྟན་མྱུར་དུ་བཞུད་དུ་གསོལ།། སུམ་བཅུ་རྩ་གཉིས་མཚན་མངའ་བའི།། དེ་བཞིན་གཤེགས་པ་མ་མཐོང་བ།། དེ་སྲིད་བདག་ཅག་མི་རྒལ་ཞེས། ་ཐམས་ཅད་གུས་དང་བཅས་པར་གནས།། སྨན་གི་སྡེས་སྨྲས་པ།། ཁྱེད་ཅག་ད་ལྟར་ཅི་ཞིག་མཐོང་།། རེ་ཤིག་གྱེན་དུ་ལྟ་བར་བྱོས།། དེ་དག་གྱེན་དུ་བལྟས་པ་དང་།། ཁང་པ་བརྩེགས་པ་སུམ་སྟོང་དང་།། ལྔ་བརྒྱ་ཐམ ་པར་ཚང་བ་ཞིག། ཀུན་ཏུ་ཡང་ནི་གནས་པར་འགྱུར།། རིནི་ཆེན་བདུན་གྱིས་ཀུན་ཏུ་སྤྲས།། རིན་ཆེན་དྲ་བས་ལེགས་པར་བརྒྱན།། དབུས་ན་མེ་ཏོག་རབ་ཏུ་བརྒྱན།། ལྷ་རྫས་སྤོས་ཀྱང་རབ་ཏུ་འབབ།། དེ་ནས་གནས ་བརྟན་དྲིས་པ་ནི།། ཁང་བརྩེགས་རིན་ཆེན་དྲ་བ་དང་།། པད་མ་དྲ་བར་ཀུན་གནས་པར།། འདི་ན་སྣང་བ་འདི་ཅི་ཞིག། སྨན་གྱི་སྡེས་སྨྲས་པ། གནས་འདི་དག་ནི་ཁྱེད་ཀྱིས་ཏེ།། སངས་རྒྱས་ལྟ་བུའི་ཕྱིར་དེང་། ་ཤིག། འཇིག་རྟེན་འདས་གཙོ་གང་ཡིན་པ།། འཇིག་རྟེན་སྣང་བྱེད་འདི་ལ་ཐུད།། དེ་དག་གིས་སྨྲས་པ། དེ་ཡི་ལ་ཡང་མ་འཚལ་ཏེ།། དེ་བཞིན་གཤེགས་པ་མ་མཐོང་ན། གང་ན་ལམ་ཡང་མ་འཚལ་བས།། ཕྱག་འཚལ་དུ་ནི ་གང་དུ་འཆི།། སྨན་གྱི་སྡེས་སྨྲས་པ། ནམ་མཁའ་མཐའ་ཡས་ཇིཿ8བཞིན་དུ།། རེག་པར་རུང་བ་མ་ཡིན་པས།། བདུད་རྩི་རབ་སྦྱིན་སྟོན་པ་ལ།། ཕྱག་འཚལ་ཕྱིར་ནི་འགྲོ་མི་བྱ། ཇི་ལྟར་རི་རབ་གནས་པ་ལྟར།། སྟོན་པ་དེ ་ཡང་གནས་ན་བཞུགས།། རི་རབ་གཞལ་དུ་རུང་བ་ཡིན།། རྒྱ་མཚོ། ཆེན་པོ་གཏིང་ཚོད་ཟིན།། སྟོང་གསུམ་རྡུལ་ཕྲན་དཔག་ཏུ་རུང་།། སངས་རྒྱས་འབྱུང་བ་ཤེས་མ་ཡིན།། བྱང་ཆུབ་སེམས་དཔའ་ཕྱོགས ་བཅུ་ནས།། འཇིག་རྟེན་སྣང་བར་མཛད་ལ་འདུད།། སྨྲས་པ། འཇིག་རྟེན་མགོན་པོ་བདག་ལ་གཟིགས།། བདག་ཅག་བསམ་པ་རྫོགས་པར་མཛོད།། བདག་ཅག་སེཾས་ཀྱིས་སྟོན་པ་ལ། ཕྱག་བགྱིས་དེ་ནས་འབྲས་བུ ་ཐོབ། སྨན་གྱི་སྡེས་སྨྲས་པ། སྟོན་པ་དྲི་ལ་མི་ཆགས་ཏེ།། ཕྲེང་བ་མ་ཡིན་བྱུག་པ་མིན།། གང་གིས་འདུས་བྱས་གྲོལ་འགྱུར་བ།། སེམས་ཅན་རྣཾས་ཀྱི་རྒྱུ་འཛིན་ཏོ།། གང་གིས་ཡིད་ནི་བཏུད་བྱས་ཤིང་། སངས་རྒྱས་ལ་ཡང་སྐྱབས ་སོང་བས།། དེ་ལ་བདུད་ནི་མི་བཟང་མཆོག། འཐབ་མོ་དགོལ་བར་མི་བྱེད་དོ།། འཆི་བའི་དབང་དུ་མི་འགྲོའོ།། གཟུངས་ནི་མྱུར་དུ་རྙེད་པར་འགྱུར།། ང་སེམས་རབ་ཏུ་དང་བྱས་ནས།། དེ་ནས་སྟོན་པ་མཐོང་བར་འགྱུར། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀ་ལ་བྱིང་ཀའི་སྒྲ་སྐད་ཡིད་དུ་འོང་བ་འཛུམ་པ་མཛད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས། ་སུ་ཐལ་མོ་སྦྱར་བ་བཏུད་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་བརྒྱད་ཁྲི་བཞི་སྟོང་བྱུང་སྟེ། འོད་ཟེར་དེ་དག་གིས་ཐམས་ཅད་དང་ལྡན་པའི་སྟོང་གསུམ ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཁྱབ་པར་གྱུར། སེམས་ཅན་དམྱལ་བ་ཆེན་པོ་སུམ་བཅུ་རྩ་གཉིས་པོ་ཐམས་ཅད་ཀྱང་ཁྱབ་པར་གྱུར། ལྷའི་གནས་སུམ་བཅུ་རྩ་གཉིས་ཀྱང་སྣང་བར་གྱུར། འོད་ཟེར་དེ་དག་ཀྱང ་ཁ་དོག་སྣ་ཚོགས་ཤེལ་དག་ལ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་སྟེ། འོད་ཟེར་དེ་དག་བཅོམ་ལྡན་འདས་ཀྱི ་ཞལ་གྱི་སྒོ་ནས་བྱུང་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁས་ཀྱི་སེམས་ཅན་རྣམས་ལ་བདེ་བར་སྦྱར་བ་ཐམས་ཅད་བགྱིས་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བགྱིས་ནས། ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ན་མི་གདའ་བར་གྱུར་པའི་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེས་དཔའ་སེཾས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་གལ་ཏེ་བདག་ལ་སྐབས་དབྱེ་བ་གནང་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།། སྨན་གྱི་སྡེ་ཁྱེད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ།། གསོལ། ་པ་བཅོམ་ལྡན་འདས་སེམས་ཅན་གཞོན་བྱེ་བ་སྟོང་ཕྲག་སུམ་བཅུ་བྱུང་བ་དེ་དག་གིས། དེ་བཞིན་གཤེགས་པའི་ཆོས་ཕྲ་བ་བསྟན་པ་རྟོགས་ནས། སེམས་ཅན་རྒན་པོ་རྣམས་ལ། སེམས་ཅན་རྒན་པོ་ཁྱེད་རྣམས་ནི་ཆོས་མི་ཤེས་པའོ།། ་རྟག་ཏུ་ཆོས་མ་ཡིན་པ་དང་། མི་དགེ་བ་ལ་མ་ཆགས་པའོ།། ཞེས་ཕྲ་མོ་རྣམས་མི་ཉན་པ་འཆི་ཞིང་ཡོངས་སུ་བརྗོད་ལ་གནོད་པར་བགྱིད་ན། བཅོ་ལྡན་འདས་དེ་ཅིའི་སླད་དུ་ཚིག་སྙན་པ་ཡིད་དུ་འོང་བ་འདི་དག་སྨྲས་པ། ་བཅོ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་དེ་དག་ཅིའི་ཕྱིར།། ཚིག་འདི་དག་སྨྲ་བ་མི་ཤེས་སམ་དེ་དག་ནི་དེ་བཞིན་གཤེགས་པ་འཇམ་ཞིང་།། ཤིན་ཏུ་སྙན་པར་སྨྲ་སྟེ། ཆོས་ཀྱང་ཐོས་པས་སྨན་གྱི་སྡེ་དེའི་ཕྱིར་དེ ་ངག་ཆོས་ཐམས་ཅད་ཀྱི་དོན་ཁོང་དུ་ཆུད་པར་འགྱུར། ཡོན་ཏན་ཐམས་ཅད་དང་ལྡན་པར་འགྱུར། དེ་དག་ཐམས་ཅད་གཟུངས་རྟོགས་པར་འགྱུར། དེང་ཕྱིན་ཆེད་ས་བཅུ་ལ་གནས་པར་འགྱུར་ཏེ། དེང་ཆོས་ཀྱི་རྔ་བོ་ཆེའི་སྒྲ་འབྱིན་པར་འགྱུར ་དེང་ཆོས་ཆེན་པོའི་རྣམ་པ་དང་ལྡན་པར་འགྱུར་རོ།། སྨན་གྱི་སྡེ་ཁང་པ་བརྩེགས་པ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བདེ་བར་གཤེགས་པ་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས ་བཀའ་བསྩལ་པ། སྨན་གྱི་སྡེ་དེང་ཉིད་སེམས་ཅན་གཞོན་ནུ་འདི་དག་ཁང་པ་བརྩེགས་པ་དེ་དག་གི་ནང་དུ་ཞུགས་ནས། ཆོས་མངོན་པར་རྟོགས་པ་འཐོབ་པར་འགྱུར་རོ།། དེང་ཉིད་དགེ་བའི་ཆོས་ཐས་ཅད་ཡོངས་སུ་རྫོགས་པར་བྱེད་པར ་འགྱུར་རོ།། དེང་ཆོས་ཀྱི་རྔ་ཆེན་པོ་བརྡུང་བར་འགྱུར་ཏེ། ལྷའི་རིས་དུ་མ་ཞིག་དེང་ཆོས་མངོན་པར་རྟོགས་པ་འཐོབ་པར་བྱེད་པར་འགྱུརརོ།། སེམས་ཅན་དམྱལ་བ་པའི་སེམས་ཅན་ལོག་པར་ལྟུང་བ་ལ་གནས་པ་མང་པོ་དག་ཀྱང་། དེ་བཞིན ་གཤེགས་པའི་ཡེ་ཤེས་བསྟན་པ་ཐོས་ནས། འཁོར་བ་བསྙིལ་ཏེ་རྒྱལ་བར་འགྱུར་རོ།། དེའི་ཚེ་སེམས་ཅན་རྒན་པོ་བྱ་བ་སྟོང་ཕྲག་དགུ་བཅུའི་བར་གྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེ་དག་ཐས་ཅད་ཀྱང་ཆོས་དང་ལྡན་པ་འགྱུར། ་སྨན་གྱི་སྡེ་དེ་དག་ཐས་ཅད་ནི་སྡུག་བསྔལ་ཐམས་ཅད་ཡོངསུ་སྤངས་པར་འགྱུར་རོ།། སྨན་གྱི་སྡེ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་མཐོང་བ་བསྒྲུབ་པར་འགྱུར་རོ།། སྨན་གྱི་སྡེ་དེ་དག་ཐམས་ཅད་ནི་ཆོས་ཆེན་པོའི་སྒྲ་དང ་ལྡན་པར་འགྱུར་རོ།། སྨན་གྱི་སྡེ་ཕྱོགས་བཞིར་ལྟོས་ཤིག། བྱང། ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ཕྱོགས་བཞི་ཀུན་དུ། ནི། བལྟས་པ་དང་། ཤར་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི ་ཀླུང་གི་བྱེ་བ་ཕྲག་བཅུའི་བྱེ་མ་སྙེད་འོང་། ལྷོ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་དགུ་བཅུའི་བྱེ་མ་སྙེད་འོང་། ནུབ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་བདུན ་བཅུའི་བྱེ་མ་སྙེད་འོང་། བྱང་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་བརྒྱད་བཅུའི་བྱེ་མ་སྙེད་འོང་། འོག་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླང་བྱེ་བ་ཕྲག་དགུ་བཅུའི་བྱེ་མ་སྙེད་འོང་། སྟེང་གི་ཕྱོགས ་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་བརྒྱད་བཅུའི་བྱེ་མ་སྙེད་འོང་སྟེ། དེ་དག་ལྷགས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོད་ནས། བཅོམ་ལྡན་འདས ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ནམ་མཁའ་བར་སྣང་ལ་གཟུགས་ནག་པོ་དང་། གཟུགས་དམར་པོ་གདའ་བ་ཅི་ལགས། བཀའ་བསྔལ་པ། སྨན་གྱི་སྡེ ་བར་སྣང་ལ་གཟུགས་ནག་པོ་དང་། གཟུགས་དམར་པོ་འདི་མཐོང་བ་འདི་ཅི་ཡིན་མི་ཤེས་སམ། དེ་བཞིན་གཤེགས་པས་ནི་མཁྱེན་ཏེ། སྨན་གྱི་སྡེ་འདི་ནི་བདུད་ཡིན་ནོ། སྨན་གྱི་སྡེ་མཐོང་བར་འདོད་དམ། གསོལ ་བ། བཅོམ་ལྡན་འདས་ཕྱག་འཚལ་ལོ།། བདེ་བར་ཤེགས་པ་ཕྱག་འཚལ་ལོ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྨན་གྱི་སྡེ་བྱང་ཆུབ་སེམས་དཔའ་གང་གི་ཀླུང་གི་བྱེ་བ་ཕྲག་བརྒྱའི་བྱེ ་མ་དང་མཉམ་པའི་མདའ་ལྤགས་སོ།། གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་དག་ལྷགས་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཀའ་བསྔལ་པ། སྨན་གྱི་སྡེ ་སེམས་ཅན་གཞོན་ནུ་རྣམས་ཀྱི་རྐྱེན་གྱིས་སྟེ། སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཆོས་དང་ལྡན་པར་འགྱུར་རོ།། སྨན་གྱི་སྡེ་ཁྱོད་ཀྱིས་སེམས་ཅན་གཟུགས་སྣ་ཚོགས་ལྷགས་པ་དང་། ་རྫུ་འཕྲུལ་གྱི་སྟོབས་ཀྱི་བྱིན་གྱིས་རླབས་ཀྱིས་འདིར་ལྷགས་པ་དག་མཐོང་ངམ། གསོལ་པ་བདག་གིས་ནི་བྱང་ཆུབ་སེམས་དཔའ་གང་གི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་དང་། བྱང་ཆུབ་སེམས་དཔའ་གང་གི ་ཀླུང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བྱེ་མ་སྙེད་ཅིག་རྫུ་འཕྲུལ་གྱི་མཐུས་གནས་ཏེ། གཟུགས་སྣ་ཚོགས་ཁ་དོག་སྣ་ཚོགས། དབྱབས་སྣ་ཚོགས་པ་དག་གནས་ལ། བྱང་ཆུབ་སེམས་དཔའ་དེ་དག་འཕགས་པའི་ཆོས་ཀྱི་གནས་ལ། ་གནས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་འཁོར་དང་བཅས་ནས། ཆོས་ཀྱི་གནས་ལ་གནས་པ་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྔལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་ཀུན་དུ་དཔའ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་དང་། བྱང་ཆུབ་སེམས་དཔའ་གསར་རུང་དེ་དག་ཀུན་དང་། ཐམས་ཅད་དང་ལྡན་པའི་འཁོར་དེར་ལྷ་དང་མིའི་དང་། ལྷ་མ་ཡིན ་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་བཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་རྫོག་སྷོ།། ། ་