CLOSE WINDOW

Ng3.7: 'phags pa ting nge 'dzind kyi mchog dam pa
Wyliee-texts produced with BDRC’s OCR application

།། རྒྱ་ཀར་སྐད་དུ། ཨ་ནྱ་ས་མ་དཱི་མ་ཏྲ་ཨུ་ཏ་མ།། བོད་སྐད་དུ། འཕགས་པ་ཏིང་ངེ་འཛིནད་ཀྱི་མཆོག་དམ་པ། བམ་པོ་གཅིག་ཀོ།། ། འདི་སྐད་བདག་གིས་ཐོས་པའི ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། དགེ་སློང་ཆེན་པོའི་དགེ་འདུན་སུམ་ཁྲི་དང་། བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོ་ལྔ་སྟོང་ཙམ་དང་། ལྒ་དང་། ཀླུ་ལས་སོགས་པ་སྡེ་བརྒྱད་དང་། ལྦ་དང་མྱི ་ལས་སྩོགས་པ་འཁོར་མང་པོ་དང་ཐབས་གཅིག་ཏུ་བཞུགས་སོ།། དེ་མ་ཡིན་པ་གཞན་ཡང་ཕྱོགས་བཞིའི་འགོན་པོ་བཞི་དང་། སྲིན་པོ་དང་ཡི་དགས་ལས་སྩོགས་པ་སྡེ་བཞི་འཁོར་དེར་འདུས་པར་གྱུརྡ་ཏོ།། ་དེའི་ཚེ་ན་བཅོམ་ལྡན་འདས་འོད་ཟེར་གི་ཏིང་ངེ་འཛི་ནད་དུ་ཞུགས་ནས། ཅང་མྱི་གསུང་ཞིང་བཞུགས་པ་ལས་འཁོར་མང་པོ་ཐེ་ཙོམ་དུ་གྱུརྡ་ཏོ།། དེ་ནས་འཇམ་དཔལ་གཞོན་ནུ་ཆོས་ཀྱི་རྒྱལ་བུ་འདུག་པར ་མས་སྤངས་ཏེ། སངས་རྒྱས་ལ་ལན་གསུམ་བསྐོར་བ་བྱས་ནས། ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད།། གི་ནད་ཏུ་ལེགས་སོ་ཆོས་ཀྱི་རྗེ།། ཏིང་ངེ་འཛིན་ལ་ཞི་བར་བཞུགས།། འཁོར ་ཀྱི་དཀྱིལ་འཁོར་མང་པོ་རྣམས།། ཐམས་ཅད་ཐེ་ཙོམ་སྐྱེས་པར་གྱུར་།། ནད་ཏུ་ལེགས་པོ་ཉི་ཟླའི་འོད།། ཅང་མྱི་གསུང་བར་སྣང་མྱི་མཛད།། ཤིནད་ཏུ་ལེགས་སོ་རིན་ཆེན ་གཏེར།། དབུལ་འཕོངས་རྣམས་ལ་སྦྱིན་མྱི་མཛད།། ཤིནད། ཏུ་ལེགས་སོ་མྱའི་རྒྱལ།། ཏིང་ངེ་འཛིནད་ལས་བཞེངས་སུ་གསོལ།། ནད་ཏུ་ལེགས་སོ་ཀླུའི་རྒྱལ།། བདུད་རྩིའི ་ཆར་པ་དབབ་དུ་གསོལ།། ཤ་ནིད་ཏུ་ལེགས་སོ་ལྷའི་མཆོག། མྱུར་དུ་ཆོས་རྣམས་བསྟནད་ཏུ་གསོལ།། ཤིནད་ཏུ་ལེགས་སོ་སེམས་ཅན་ལ།། ཐེག་པ་གཅིག་དོན་བསྟནད་དུ་གསོལ།། དེ་ནས ་བཅོམ་ལྡན་འདས་ཏིང་ངེ་འཛིནད་དེ་ལས་བཞེངས་ནས། འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལྡ་ཏོ།། པ་ལ་རིན་པོ་ཆེ་བླ་ན་མྱེད་པའི་ཡེ་ཤེས་མང་དུ་ཡོད་པ་ཁྱེད་ལ་ཕན་པ་དང་། བདེ་བར ་མཛད་ཅིང་དབུལ་འཕོངས་པ་དང་བྲལ་བ་ཡོད་ཀྱིས། ཐེ་ཙོམ་མ་བྱེད་པར་ཅི་དང་ནི་འདོད་པ་དྲིས་ཤིག། དེ་ནས་དཀའ་བོ་སྟན་ལས་ལངས་ཏེ་སངས་རྒྱས་ལ་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་བདག ་གིས་ནི་མང་དུ་ཐོས་པས་ཐ་ན་མྱེད་པའི་བྱང་ཆུབ་མྱུར་དུ་ཐོབ་སྙམ་སྙམ་ན། མདོ་སྡེ་དག་ལས་བཤད་པ་ཐོས་པ་ལྟར་ན་མང་དུ་ཐོས་ཤིང་ཤེས་རབ་རྣོ་བའི་དབང་པོ་དང་ལྡན་པ་ནི་བྱང་ཆུབ་ཐོབ་པར་ཤི་ནད་ཏུ་དཀའ་སྟེ། ་བཀྱེགས་བརྒྱད་དུ་སྐྱེའོ་ཞེས་བྱུང་ན། བདག་གིས་ཇི་ལྟར་བླ་ན་མྱེད་པའི་བྱང་ཆུབ་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་དཀའ་བོ་ལ་བཀའ་སུ་ཁད་པ། དགའ་བོ་མང་དུ་ཐོས་པ་ལ་སེམས ་རྣམ་པ་གཉིས་ཏེ། ཀང་ཞེ་ན་ཏིང་ངེ་འཛིནད་ཀྱི་སེམས་དང་འཁྲུལ་པའི་སེམས་སོ།། སེམས་ཏིང་ངེ་འཛིན་ལ་གནས་ན་ནི་མང་དུ་ཐོས་ཀྱང་གནོད་པ་མྱེད་དོ།། སེམས་འཁྲུ་ལད་པ་ལ་གནས་ན་ནི་མང་དུ་ཐོས་ཀྱང ་ཕན་པ་མྱེད་དེ། གང་གིས་ཏིང་ངེ་འཛིན་དང་ཤེས་རབ་ཤི་ནད་ཏུ་ལྡན་ན། མྱུར་དུ་བླ་ན་མྱེད་པའི་བྱང་ཆུབ་འཐོབ་པར་འགྱུར་རོ།། དགའ་བོས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་མདོལ་ཀུན་ལས་ཏིང་ངེ ་འཛིནད་དང་། ཤེས་རབ་ནི་མཆོག་དམ་པ་ཞེས་བསྟོད། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩ་ལད་པ། དགའ་བོ་ཏིང་ངེ་འཛིནད་དང་ཤེས་རབ་ཏུ་ལྡན་པ། དཔེར་ན་རི་དགས་ཀྱི ་ན་ན་སེང་གེ་མཆོག་ཏུ་གྱུར་པ་དང་། སྣང་བ་ཐམས་ཅད་ཀྱི་ནང་ན་ཉི་མ་མཆོག་ཏུ་གྱུར་པ་དང་། རིའི་ནང་ན་རི་རབ་ལྷུན། པོ་མཆོག་ཏུ་གྱུར་པ་ལྟ་བུའོ།། དེ་ཡང་ཅིའི་ཕྱིར་ཞེ་ན། ་ཏིང་ངེ་འཛིན་དང་ཤེས་རབ་ཏུ་ལྡན་པའི་ཤུགས་ནི་མཆོག་དམ་པ་ཡིན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་དཀའ་བོ་ལ་བཀའ་སུ་ལད་པ། དཀའ་བོ་ཀལ་ཏེ་མྱི་ཞིག་གིས་ཤིང་ཙན་དན་ལས ་སྟོང་གསུམ་ཀི་སྟོང་ཆེན་པོའི་འཇིག་རྟེན་ཀི་ཁ་བས་གང་བའི་གཙུག་ལག་ཁང་བརྩིགས་པ་དང་། མྱི་གཞན་ཞིག་གིས་རིན་པོ་ཆེ་སྣ་བདུན་ལས་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་ཀི་ཁམས་གང་བའི་གཙུག་ལག ་ཁང་བྱས་ན། མྱི་གཉིས་ཀྱི་བསོད་ནམས་མཉམ་པ་ཡིན་ནམ། དགའ་བོས་གསོལ་པ། མྱི་དེ་གཉིས་ཀྱི་ནང་ན་རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་བསོད་ནམས་མཆོག་གོ།། སངས་རྒྱས་ཀྱིས་དགའ་བོ ་ལོ་བཀའ་སུ་ལད་པ། གཞན་ཡང་མྱི་ཞི་ཀ་ཀིས་གསེར་ཐ་མལ་བ་ལས་སྟོར་གསུམ་ཀི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ཀང་བའི་གཙུག་ལཀ་ཁང་བྱས་པ་དང་། མྱི་གཞན་ཞིག་ཀིས་ཀསེར་གཙོམ་ལས ་སྟོང་གསུམ་ཀི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ཀང་བའི་གཙུག་ལག་ཁང་བྱས་ན། དེ་གཉིས་བསོད་ནམས་མཉམ་པ་ཡིན་ནམ། དཀའ་བོས་གསོལ་པ། གསེར་ཀཙོམ་ལས་བྱས་པའི་བསོད་ནམས་རབ ་ཏུ་ཆེའོ།། སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩ་ལ་པ། གལ་ཏེ་མྱི་ཞིག་གིས་ཤིང་ཙན་དན་དང་སྤོས་ཀྱི་ཤིང་གཞན་དག་ལས། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་ཀ་ཁམས་གང་བའི་སྐུ་གཟུགས་བྱས ་ཏེ་མཆོད་ཅིང་ཕྱག་འཚལ་བ་དང་། མྱི་གཞན་ཞིག་ཀི་གིརྗེ་གཙོམ་དང་། རིན་པོ་ཆེ་སྣ་བདུན་ལས་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ཀང་བའི་སྐུ་གཟུགས་བྱས་ཏེ་མཆོད་པ་བྱེད་ཅིང་ཕྱག་འཚལ་ནས ་མྱི་གཉིས་ཀྱི་བསོད་ནམས་ལ་ཁྱད་པར་ཡོད་དམ། དག་བོས་གསོལ་པ།། རིན་པོ་ཆེ་སྣ་བདུན་དང་། ཀསེར་གཙོམ་ལས་སྐུ་གཟུགས་བགྱིས་པའི་བསོད་ནམས་ཆེའོ།། སངས ་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩ་སད་པ། གལ་ཏེ་མྱི་ཞིགཀིས་སྦྱིན་པ་ཆེན་པོའི་སེམས་བསྐྱེད་དེ། རིན་པོ་ཆེ་ལྔ་བདུན། ཀི་མཛོད་དང་། ཆུང་མ་དང་བུ་སྦྱིན་པ་བྱིན་ན། མྱི་གཞན ་ཞིག་གིས་ཡན་ལཀ་ཀི་དམ་པ་མགོ་དང་། མྱིག་དང་ལུས་དང་རྙེད་དཀའ་བའི་རིན་པོ་ཆེ་སྣ་བདུན་གི་བར་མཛོད་ཀྱི་སྦྱིན་པ་བྱིན་པ་ན་མྱི་གཉིས་ཀྱི་བསོད་ནམས་ལ་ཁྱད་པར་ཅི་ཡོད། དགའ་བོས་གསོལ། ་པ། རིན་པོ་ཆེ་སྣ་བདུན་དང་། སུས་དང་ཆུང་མ་དང་། བུར་བཅས་པའི་སྦྱིན་པ་བྱིན་པའི་བསོད་ནམས་ཆེ་བ་ལགས་སོ།། སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སུ་ཡད་པ། གལ་ཏེ་མྱི་ཞིག་ཀིས་མདོ་སྡེ་བཅུལ ་གཉིས་ཀྱིས་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་གང་བའི་མྱི་རྣམས་དང་། འཇིག་རྟེན་ཀི་ཁམས་གང་བའི་ཕྱི་རྣམས་ལ་འཇིག་རྟེན་དུ་སྤེ་ལང་ཏེ། ཀློག་ཅིང་ཁ་ཏོན་བྱེད་དུ་འཇུག་པ་དང་། དེ་ལ། ་མྱི་ཞིག་གིས་སྟོང་གསུམ་ཀི་སྟོང་ཆེན་པོའི་འཇིག་རྟེན་ཀི་ཁམས་གང་བའི་མྱི་རྣམས་ཡི་གེ་བཞིན་དུ་འདོནད་ཅིང་། གང་ཡི་གེ་ཡང་དོན་སྟོནད་ཅིང་ཁོངས་སུ་ཆུད་ན། མྱི་དེ་གཉིས་ཀྱི་བསོད་ནམས་ཀར་ཆེ ་དཀའ་བོས་གསོལ་པ།། ཡི་གེ་བཞིན་དུ་འདོནད་ཅིང་ཁོང་དུ་ཆུད་པའི་བསོད་ནམས་ཆེའོ།། སངས་རྒྱས་ཀྱིས་དཀའ་བོ་ལ་བཀའ་སྩལ་ད་པ། གལ་ཏེ་མྱི་ཞིག་ཀིས་མདོའ་སྡེ་བཅུ་གཉིས་ཀྱང་ཐོགས་པ་མྱེད ་ཁ་ཏོན་ཤེས་ལ། དོན་ཟབ་མོ་མྱི་ཤེས་པ་མདོ་རྗེ་གླེགས་པ་མ་འམ། སྟོང་གསུམ་ཀི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ག་བ་ཙམ་འཆད་ན། དེས་ཀྱི་ཞིག་མདོ་སྡེ་བཅུ་གཉིས་བྱང་བར་ཁ་ཏོན་ཤེས་ལ ་དོན་ཟབ་མོ་ཡང་རྟོགས་ཏེ། མདོ་སྡེ་འདི་གླེགས་བམ་ཡང་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་གང་བ་ཙམ་འཆད་ན། མྱི་དེ་གཉིས་ཀྱི་བསོད་ནམས་གང་མཆོག་ཏུ་འགྱུར་བ་ཡིན། དཀའ་བོས ་གསོལ་པ། ཁ་ཏོན་བགྱིས་ལ་དོན་ཡང་རྟོགས་ཏེ། གཞན་ལ་ཡང་སྟོནད་ཅིང་འཆད་པའི་བསོད་ནམས་མཆོག་ཏུ་གྱུརྡ་། པ་ལགས་སོ།། སངས་རྒྱས་ཀྱིས་དཀའ་བོ་ལ་བཀའ ་སྩ་ལད་པ། གལ་ཏེ་མྱི་ཞིག་གི་ས་བཅུ་གཉིས་འགྲེལྡ་ཅིང་། འཆད་ཅིང་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་།། བྱམས་པ་དང་། སྙིང་རྗེ་དང་། དཀའ་བ་དང་། བཏང་སྙོམས ་མྱི་སྤྱོད་པ་དང་། གལ་ཏེ་མྱི་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང་འགྲེལ་ཅིང་འཆད་ལ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང ་མས་དང་། ཚུལ་ཁྲིམས་དང་། བཟོད་པ་སྤྱོད་ཅིས་སེམས་ཅན་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཆེ་ཞིང་མང་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་དཀའ་བོ་ལ་བཀའ་སྩ་ལ་པ། གལ་ཏེ་ཕྱི་ཞིག་གིས ་མདོ་སྡེ་བཅུ་གཉིས་ཀྱང་འགྲེལ་ཅིང་འཆད་ཤེས་ལ། བསྟན་ཆོས་འུ་ཐ་བཅོ་ལྔ་ཡང་བྱང་བར་འཆད་ཤེས་ཏེ། འཇིག་རྟེན་དུ་སྤེལ་བ་དང་། དེ་ལ་མྱི་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང་འགྲེལ་ཅིང་འཆད་ཤེས ་དཀྲི་བའི་བསྟན་ད་ཆོས་དང་། ངེས་པའི་བསྟན་ཆོས་དང་། ཕུང་པོའི་བསྟན་ཆོས་དང་། རྟེནད་ཅིང་འབྲེལྡ་པར་འབྱུང་བ་བཅུ་གཉིས་ཀྱང་འགྲེལ་ཅིང་འཆད་ལ་ངེས་པའི་བསྟན་ཆོས་དང་། ཕུང་ལོ་ལྔའི། ་བསྟན་ཆོས་དང་། རྟེནད་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ཀྱི་བསྟན་ཆོས་དང་། ཁམས་བཅོལ་བརྒྱད་ཀྱི་བསྟན་ཆོས་དང་། སྟོང་པ་ཆེན་པོའི་བསྟན་ཆོས་དང་། ཉི་ཟླའི་བསྟན་ཆོས་དང་། ཟླ་བ་སྦྱིན་ཀ་བསྟན།། ་ཆོས་དང་། མདོ་སྡེ་བརྒྱད་ཀྱི་བསྟན་ཆོས་དང་། དོན་དམ་པ་ཉིད་ཀྱི་བསྟན་ཆོས་དང་། རྡོ་རྗེ་སྙིང་པོའི་བསྟན་ཆོས་དང་། རྣམ་པ་ཐམས་ཅད་མཁྱེནད་པའི་བསྟན་ཆོས་དང་། རྣམ་པར་ཐརྡ་པའི་སྒོ་གསུམ་ཀི་བསྟན ་བཅོས་ལས་སྩོགས་པ་བསྟན་བཅོས་ཤུ་ཏ་བཅོ་ལྔ་ཡང་ཤེས་ལ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱང་སྤྱད་དེ། ཚུལ་ཁྲིམས་འཆལ ་བ་དང་། ཚུལ་ཁྲིམས་བསྲུང་བ་དང་། སེམས་གཉིས་སུ་མྱེད་ཅིང་ནམ་མཁའ་ལྟར་མཉམ་པ་དང་། སེམས་ཅན་གི་སྐྱོན་ཐམས་ཅད་མྱི་མཐོང་ཞིང་། སེམས་ཅན་རྣམས་ལ་བུའི ་གཅིག་པ་དང་འདྲ་བར་སྙོམས་ཏེ། དགྲ་སྡང་བ་ལ་ནམ་མཁའ་ལྟར་མཉམ་པ་དང་། དེ་ལ་མྱི་ཞིག་གིས་ཕྱོགས་བཅུ་རྒྱས་པ། འི་མདོ་སྡེ་བཅུ་གཉིས་ལ་སྐུར་པ་མྱི་འདེབས་ན། མྱི་དེ ་གཉིས་ཀྱི་བསོད་ནམས་གང་ཆེ་བ་ཡིན། དགའ་བོས་གསོལ་པ། ཕྱོགས་བཅུར་བརྒྱས་པའི་མདོ་སྡེ་བཅུ་གཉིས་ལ་བསྐུར་བ་མ་བཏབ་ན། མྱི་དེའི་བསོད་ནམས་ཚད་མ་མཆིས་གྲངས་མ ་མཆིས་ཏེ། བསམ་གིས་མྱི་ཁྱབ་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལད་པ། གཞན་ཡང་མྱི་ཞིག་གིས་གོང་དུ་སྨོས་པའི་བསོད་ནམས་ཐམས་ཅད་ཀྱང་། སྟོང་གསུམ་གི་སྟོང་ཆེན་པོའི ་འཇིག་རྟེན་གི་ཁམས་གང་བར་བྱེད་ནུས་ལ། མདོ་སྡེ་བཅུ་གཉིས་དང་བསྟན་ཆོས་འུ་ཏ་མ་བཅོ་ལྔ་རྙེད་ཀྱང་ཁ་ཏོན་དང་འགྲེལྡ་ཅིང་འཆད་ནུས་ཏེ། ཚུལ་ཁྲིམས་དང་། བཟོད་པ་དང་། བྱམས་པ་ལས ་སྩོགས་པ་དག་ཀྱང་སྤྱོད། སྦྱིན་པ་ཡང་བྱེད་དེ། མང་དུ་ཐོས་པའི་མཆོག་ཏུ་ཡང་གྱུར་ལ། ཆོས་ཐམས་ཅད་སྟོང་ཞིང་ཞི་བའི་དོན་ཡང་སྟོན་ཏེ། ཉན་པའི་མངོན་པར་ཤེས་པ་ལྔ་ཐོབ་པར་བྱེད་དེ། ་དེ་ལྟམ་ཕན་པ་དང་། བདེ་བའི་དོན་བྱས་ཀྱང་། དེས་ནི་མྱི་ཞིག་ཉིན་ཅིག་ཀམ། མཚན་ཅིག་ཏིང་ངེ་འཛིན་དུ་ཞུགས་པ་ཙམ་དུ་གྱི་ཡོད་དོ།། དེ་ཅིའི་ཕྱིར་ཞེ་ན། མང་དུ་ཐོས་པའི་གང ་ཟག་ནི་རི་འམ་རྒྱ་མཚོ་ལྟར་བརྒྱལ་གི་སེམས་ཆེའོ།། དེ་ལྟར་རྒྱ་ཆེ་བ་ནི་ངན་སོང་དུ་བསྐལ་པ་གྲངས་མྱེད་པའི་བར་དུ་ལུག་བསྔལ་མྱོང་བར་འགྱུར་རོ།། དམྱལ་བ་དེ་ལས་ཐ་ར་ན་ཡང་མདབ་ཆགས་ཀྱི་བྱར་སྐྱེ་བར ་འགྱུར་ན། མང་དུ་ཐོས་པ་ལ་ཕན་པ་ཅི་ཡོད། རལ་བསམ་གཏན་གི་ཏིང་ངེ་འཛིན་ཡོད་པ་ནི་ལྕེ་ཤི་འཁོར་བའི་སྡིག་ཥ་ན་མ་ཐོ་བོའི་ལས་ལྕི་བ་བྱང་བར་ནུས་སོ།། མང་དུ་ཐོས་པ་ནི་རྩ་དཔའདྲའོ།། ཏིང་ངེ་འཛིདད ་ནི་མེ་དང་འདྲའོ།། མང་དུ་ཐོས་པ་ནི་ལུགས་དང་འདྲའོ།། བས་གཏན་གི་ཏིང་ངེ་འཛིན་ད་ནི་རྩའི་སྡོང་པོ་དང་འདྲའོ།། མང་དུ་ཐོས་པ་ནི་རྩང་པོ་དང་འདྲའོ།། བསམ་གཏན་གི་ཏིང་ངེ་འཛིན་ནི ་རྒྱ་མཚོ་དང་འདྲ་སྟེ། ངས་བསམམ་གཏན་ཀི་ཏིང་ངེ་འཛིན་།། ཀི་བསོད་ནམས་དང་། ཡོན་ཏན་བཤད་ན་ཟད་པའི་མཐའ་མྱེད། དེ་བསྐལ་བར་ཡང་མྱི་རྫོགས་སོ།། བཅོམ་ལྡན་འདས་ཀྱིས ་དཀའ་བོ་ལ་བཀའ་སྩལ་པ། ང་མངོན་གསུམ་དུ་དྲན་པ་སྔོན་འདས་པའི་དུས་ན། མང་དུ་ཐོས་པའི་སྐྱེ་བོར་གྱུར་པའི་ཚེ། འཇམ་དཔལ་དང་ང་གཉིས་ཡོད་མྱེད་གཉིས་ལ་རྩོད་པར་གྱུར་ད་ཏེ། ་འཇམ་དཔལ་ནི་ཡོད་ཅེས་སྤ། རས་ནི་མྱེད་དོ་ཞེས་སྨྲས་ཏེ། ཡོད་མྱེད་གཉིས་ཀྱི་བདེན་པ་ལ་རྩོད་པར་གྱུརྡ་ཏེ། གཅིག་ཏུ་མ་ཆད་དོ།། མཐའ་ཚེ་འཕོས་ན་ངན་སོང་གསུམ་དུ་ལྟུང་སྟེ། བསྐལ་པ་གྲངས་མྱེད ་ཀྱི་བར་དུ་ལྕགས་ཀྱི་ཐུ་ལུམ་ཟ་བར་གྱུར་ཏེ། དམྱལ་བ་དེ་དེ་ལས་ཐ་རད་ཏེ། སངས་རྒྱས་འོད་སྲུང་དང་འཕྲད་ནས་ཡོད་པ་དང་མྱེད་པ་གཉིས་འོད་སྲུང་ཀྱིས་འདི་སྐད་དུ་བཤད་དོ།། ཆོས་ཐམས་ཅད་ཀྱི་རང་བཞིན ་ནི་གཅིག་ཏུ་ངེས་ཤིང་ཚད་བྱེད་དེ། ཕྱེད་ཡོད་པ་མྱེད་པར་སྨྲ་བ་ནི་དོན་དེ་ལྟ་བུ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱིས་ཞི་བ་སྟེ། བདེན་པ་གཉིས་ནི་ཡོད་པ་ཡང་མ་ཡིན ་བྱེད་པ་ཡང་མ་ཡིན་ཏེ། ཁྱེད་ཤེས་པ་ནི་ཡི་གེའི་དོན་ཤེས་པར་ཟད་ཀྱི་དོན་ཟབ་མོ་མྱི་ཤེས་པས། དོན་འདི་ལྟ་བུ་ནི་ཁྱེད་དམུས་ལོང་མ། འོན་པ་འདི་ལྟ་བུ་ཡིན་ན། དོན་ཟབ་མོ་འདི་ལྟ་བུ་ཇི་ལྟར་ཤེས་ཤིང་རྟོགས་པར། ་འགྱུར་ཞེས་བཤད་པ་ཐོས་ནས་རི་དབེན་པར་སོང་སྟེ། བདག་ཡིད་ལ་བྱས་ནས་བསམ་གཏན་ཀི་ཏིང་ངེ་འཛིན་ལ་ཞུགས་སོ།། ཞག་བདུན་ལོན་པ་དང་བསམ་གཏན་བཞི་པའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིནད ་རྣམ་གསུམ་གསམ་དང་། ཡེ་ཤེས་རྣམ་གསུམ་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་འདི་དག་རྟོགས་ཤིང་ཁོང་དུ་ཆུད་པར་འགྱུར་ཏེ། ཆོས་ཐམས་ཅད་སྟོང་པ ་ཉིད་ཀྱིས་ཞི་བ་ཅི་ཡང་མྱེད་པར་རྟོགས་སོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ།། དེ་བས་ན་བསམ་གཏན་བསྒོམ་པ་ནི་མཆོག་དམ་པར་རིག་པར ་བྱ་སྟེ། གང་ཞིག་ཉིན་ཅིག་གམག་མཚན་གཅིག་གམ། ཉིན་ཞག་བདུད་གི་བར་དུ་བསམ་གཏན་ཀི་ཏིང་ངེ་འཛིནད་བསྒོམ། ཀེ་ན། བསྐལ་པ་གྲངས་མྱེད་པ་ཚུན་ཆད་ཀྱི་ཁ་ན་མ་ཐོ་བའི་སྡིག་ཀྱི། ་བ་ཡང་ཁད་ཀྱིས་ཞི་ཞིང་བྱང་བར་འགྱུར་རོ།། གཞན་ཡང་ཁ་ན་མ་ཐོ་བའི་སྡིག་ལྕི་ཡང་འབྱང་བར་འགྱུར་ཏེ། དེ་གང་ཞེ་ན་ཕ་མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། མཆོད་རྟེན ་དང་གཙུག་ལག་བཤིག་པ་དང་། དགེ་འདུན་ཀི་ཁང་པ་མེས་བཏང་བ་ཡིན་ཏེ། ཕས་ཕམ་པ་བཞི་དང་། ཕས་ཕམ་པ་བརྒྱད་དང་། ལྕི་བ་ལྔ་དང་། རང་བཞིན་ནི་ལྕི་བ་དྲུག་ཉམས་པ་ཡིན་ཏེ། ཕྱོགས་བཅུ་རྒྱས་པའི ་མདོའི་སྡེ་ལ་བསྐུར་བ་བཏབ་པ་ཡིན་ན་ཕ་རོལ་པའི་ཉེས་པའི་སྐྱོན་སྤ་ཞིང་བཀུར་བསྟི་མྱི་བྱེད་པ་ཡིན། གོང་དུ་སྨོས་པའི་ང་རྒྱལ་ཆེ་བ་དང་། རང་བཞིན་ཀིས་སྡིག་ལྕི་བ་ལྔ་ཡིན་ཏེ། དེ་ཡང་བསམ་གཏན་གི ་ཏིང་ངེ་འཛིནད་བསྐོས་ན་རང་ཞི་ཞིང་འབྱང་བར་འགྱུར་ཏེ། དེ་ཡང་བསམ་གཏན་ཀི་ཏིང་ངེ་འཛིན་གི་མཐུས་འབྱང་གི། གཞན་གི་མཐུས་འབྱང་བ་མ་ཡིན་ནོ།། ཉིན་ཞག་བདུན་ཙམ་གྱིས་ཀྱང་དེ་ལྟར་ཡོན་ཏན་དང ་བསོད་ནམས་དཔག་ཏུ་མྱེད་པ་འཐོབ་ན། ཚིགཅིག་ཏུ་དབེན་སར་རི་ད་ཤིང་དྲུང་དུ་འདུག་ཅེ། ཏོག་ལ་བམས་པ་དང་། འཇུག་པ་དང་རློ་པ་ཡི་ས་བྱེད་པ་། ཆོས་ཀྱང་ཀྱི་དགོས།། དེ་ཅིའི་ཕྱི ་ཞེ་ན། སེམས་ནི་འབབ་ཆུ་དང་། འདྲ་སྟེ་སྐད་ཅིག་ཀྱང་མྱི་སྡོད། སེམས་ནི་སྤྲེའུ་དང་མཚུངས་ཏེ་གཅིག་བཏང་ཡང་གཅིག་འཛིནད་ཏོ།། མདོར་ན་སེམས་ནི་ཏིང་ངེ་འཛིན་གི་དབང་གིས་ཀཡོའོ།། གལ་ཏེ་སེམས ་གཡོལ་ན་ཆོས་ཐམས་ཅད་ལ་འཁྲུལ་པའི་འདུ་ཤེས་སྐྱེའོ།། གལ་ཏེ་ཏིང་ངེ་འཛིན་ལ་གནས་པ་ནི་འཇིག་རྟེན་སྐྱེ་བ་དང་། གནས་པ་དང་འགོག་པའི་འདུ་ཤེས་ཤིང་རྟོགས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཞི་བའི ་མྱི་རྟག་པར་འགྱུར་ཞིང་འཕོ་བ། སྟོང་ཞིང་བདག་མྱེད་པ་སྐྱུ་མ་དང་འདྲ་བ། སྤྲུལ་པ་ལྟ་བུ་ཀློཀ་དང་རླུང་དང་། དྲི་ཟའི་ཀྲོང་ཁྱེར་ལྟ་ནུ་ཆུའི་ཁུ་བ་དང་། སྨྱིག་རྒྱུ་དང་བྲག་ཆ་དང་། བར་སྣར ་གི་བྱ་རྗེས་ལྟ་བུར་རྟོགས་སོ།། འཇིག་རྟེན་ན་སྲིད་པའི་རི་དང་། ཚལ་དང་རྩང་པོ་དང་འབང་ཆུ་དང་། མཚེའུ་དང་ལྟེང་། ཀ་དང་། རྒྱ་མཚོ་ལས་སྲོགས་པ་ཆུ་ཐམས་ཅད་ཀྱང་མེའི ་བསྐལ་པ་ཆེན་པོ་འབྱུང་བའི་ཚེ། ཐམས་ཅད་ཚིག་ཅིང་ཟད་པར་འགྱུར་ཡང་བསམ་གཏན་བཞི་དང་། གཟུགས་མྱེད་པའི་ཏིང་ངེ་འཛིན་བཞི་མ་རྟོགས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ ་གེས་ན་བསམ་གཏན་གི་མཐུ་ནི་ཤིནད་ཏུ་བསམ་གིས་མྱི་ཁྱབ་པར་རིག་པར་བྱའོ།། སེམས་ཏིང་ངེ་འཛིན་ལ་གནས་ན་ཕྱོགས་བཅུའི་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ཉི་མ་དང་། ཟླ་བ་དང ་སྐར་མ་དང་། འབབ་ཆུ་དང་། མང་པོ་དང་། རྒྱ་མཚོ་དང་རི་དང་། ཚལ་དང་ཀྲུང་དུ་ལུང་གཱ་གྷུ་རུ་རའི་འབྲས་བུ་ལག་མཐིལ་དུ་བཞག་པ་བཞིན་དུ་མཐོང་བར་འགྱུར་རོ།། བསམ་གཏན་གི་ཏིང་ངེ་འཛིནད་ལ་གནས ་ནས་རྫུ་འཕྲུལ་གྱིས་ཕྱོགས་བཅུ་འཇིག་རྟེན་གི་ཁམས་གང་འགའི་ཀླུང་གི་བྱེ་མ་སྙེད་དུ་ཡང་ཕྱི་ནད་ཅིང་། ཕྱོགས་བཅུའི་འཇིག་རྟེན་གི་ཁམས་ཀྱི་རླུང་དང་། མེ་དང་ས་དང་། ཆུ་དང་ཉི་མ་དང་། ཟླ་བ་དང་སྐར་མ་དང ་གཟའ་དང་རི་དང་། ཚལ་དང་ཆུ་དང་། ཤིང་དང་ལྷའི་ཕོ་བྲང་དང་། ཀླུའི་ཕོ་བྲང་ཡང་རྫུ་འཕྲུལ་ཀིས་སྦྲུལ་ནུས་ཏེ། དེ་བས་ན་བསམ་གཏན་གི་མཐུས་ནི་གནད་ཏུ་བསམ་གྱིས་མྱི་ཁྱབ་པར་རིག་པར་བྱ། བསམ་གཏན་ཀི་ཏིང་། ་ངེ་འཛིནད་ཀྱི་ཤུགས་ཀྱིས་སྟོང་གསུམ་གི་སྟོང་ཆེན་པོའི་ཕྱོགས་བཅུའི་འཇིག་རྟེན་གི་ཁམས་ཀྱང་སྤྲུལ་ནུས་སོ།། དཀའ་བོ་མེའུ་འགལ་གི་བུ་ཆེན་པོ་ཏིང་ངེ་འཛིནད་དུ་ཞུགས་ནས། ཏིང་ངེ་འཛིནད་ཀྱིས་རྣམ་པ་སྣ་ཚོགས ་སུ་སྤྲུལ་ཅིང་། ས་ཆེན་པོ་འདི་ཡང་འགལ་མེ་བསྐོར་བ་བཞིན་དུ་བསྐོར་ནུས་ཏེ། མང་དུ་ཐོས་པ་ནི་དེ་ལྟར་གྱི་ནུས་པར་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དཀའ་བོ་ལ་ཁྱོད་ས་ཆེན་པོ་བསྒུལ་ཅིག་ཅེས་བཀའ ་སུ་ཡད་པ་དང་། དཀའ་བོས་གསོལ་པ། བདག་ལ་བསམ་གཏན་གི་ཏིང་ངེ་འཛིན་མ་མཆིས་པས་བསྐུལ་རྡོ་མྱི་ཐོག། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩ་ལད་པ།། བསམ་གཏན ་ཀི་ཏིང་ངེ་འཛིན་བསྒོམ་པ། དགེ་སྦྱོང་གི་འབྲས་བུ་བཞི་མ་ཐོབ་ཀྱང་མང་དུ་ཐོས་པ་ལས་ཁྲི་ཕྲག་བརྒྱ་སྟོང་གིས་འཕགས་སོ།། དེའི་ཚེ་དེའི་དུས་ན་འོད་མའི་ཚལ་ན་གནས་པའི་དགེ་སློང་ལྔ་བརྒྱ ་ཙམ་ཞིག་ཐམས་ག་བས་ཕག་འཚལ་ནས། སངས་རྒྱས་ལ་འདི་སྐད་ཅེས་གསོལྡ་ཏོ།། བཅོམ་ལྡན་འདས་བདག་ཅག་མང་དུ་ཐོས་པ་བསླབས་ཏེ། མདོ་སྡེ་བཅ་གཉིས་ཀྱང ་ཅད་མང་དུ་ཐོས་པ་ལྟ་ཞིག་ལས་། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་མེའུ་འགལ་ཀི་རྫུ་འཕྲུལ་དང་། ཏིང་ངེ་འཛིནད་མཆོག་གོ་ཞེས་གསུངས་པ་ཐོས་ནས། སངས་རྒྱས་གང་ན་བ་དེར་ལྷགས་ནས། བཅོམ་ལྡན ་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་མང་དུ་ཐོས་པ་བསླབས་ཏེ། མདོལ་སྡེ་བཅུ་གཉིས་ཀྱང་ཁོང་དུ་ཆུད་ནས་རྒྱལ་ཞེས ་ཆེན་པོ་བཅུ་དྲུག་རྙེད་ཀྱང་བདག་ཅག་ལ་སངས་རྒྱས་དང་འདྲ་བར་གུས་ཤིང་བཀུར་བསྟིར་བགྱིད་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་མང་དུ་ཟོས་པ་ནི། ནམ་ཡང་བླ་ན་མྱེད་པའི་བྱང་ཆུབ་ཐོབ་པར་མྱིལ ་འགྱུར་རོ་ཞེས་གསུངས་ཞེས་གསོལྡ་པ་དང་། བཅོམ་ལྡན་འདས་ལ་དགེ་སློང་ལྔ་བརྒྱ་པོ་མཐུན་པར་དུས་གཅིག་ཏུ་བདག་ཅག་ནི་མང་དུ་ཐོས་པ་སྤང་ཞིང་། བསམ་གཏད་ཀི་ཏིང་ངེ་འཛིན་ལ་རྨོ། ་བོ་ཞེས་གསོལྡ་ཏོ།། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩ་ཡད་པ། དགེ་སློང་ཁྱེད་མང་དུ་ཐོས་པ་སྤངས་ཏེ། བསམ་གཏན་གི་ཏིང་ངེ་འཛིན་ལ་འཇུག་གོ་ཞེས་མ་སྨྲ་ཞིག། ངས་བལྟས་ན་ཁྱེད་ཀྱི་ཤེས་རབ ་ནི་སྦྲང་བུའི་འདབ་མས་ཉི་ཟླ་སྒྲིབ་པར་འདོད་པ་དང་། དམུས་ལོང་གིས་རི་རབ་ལྷུན་པོ་འཛེག་པར་འདོད་པ་དང་། གྲུ་གཟིངས་མྱེད་པར་རྒྱ་མཚོ་ལ་རྒལ་བར་འདོད་པ་དང་། བྱ་འདབ་མ་ཆག་པ་ནམ་མཁའ་ལ་འཕུར ་འདོད་པ་བཞིན་ཁྱོད་ཀྱང་དེ་དང་འདྲའོ་ཞེས་བཀའ་སྩ་ཁད་པ་དང་། དགེ་སློང་རྣམས་ཤི་བ་ཙམ་དུ་འཇིགས་ཤིང་སྐྲག་པའི་སེམས་སྐྱེས་སོ།། དེ་ནས་བཅོམ་ལྡན་འདས་དགེ་སློང་རྣམས་ལ་བཀའ་སྩ་ལད་པ ་དགེ་སློང་ཁྱེད་མ་འཇིགས་མ་སྐྲག་པར་སེམས་ཏིང་ངེ་འཛིན་ད་ལ་ཞོག་ཅིག། བདག་ཅག་ལ་བསམ་གཏན་གི་མཐུ་ཡང་མ་མཆིས་ན་ཏིང་ངེ་འཛིནད་དུ་ཀ་ལ་འགྱུར། བཅོམ་ལྡན་འདས ་ཀྱིས་བཀའ་སྩ་ལད་པ། ང་ལ་སྨན་དམ་པ་ཡོད་དེ། ཁྱེད་ཏིང་རེ་འཛིན་ཐོབ་པར་བྱའོ་ཞེས་བཀའ་སུ་ལད་པ་དང་། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྟནད་ཏུ་གསོལ།། བདག་ཅག ་གིས་དེ་བཞིན་དུ་སྤྱོད་པར་འཚལ་ལོ་ཞེས་གསོལྡ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩ་སད་པ། སྨན་དམ་པ་ཞེས་བྱ་བ་འདི་ལྟ་སྟེ། རྟོག་པ་དང་བསལ་བ་དང་། འཇུག་པ་དང་སྤོང་བའོ།། དགེ་སློང་རྣམ ་ཀྱིས་གསོལ་བ་རྟོག་པ་དང་། བསལ་བ་དང་འཇུག་པ་དང་། སྤོང་བ་ཅི་ལགས་བདག་ཅག་གིས་མ་འཚལ་ན། བཅོམ་ལྡན་འདས་ཀྱིས་བསྟནད་ཏུ་གསོལ། དེ་ནས་ཡང་སངས་རྒྱས་ཀྱིས་འདི་སྐད་ཅེས་བཀའ ་སུ་ཡང་ཏོ།། དང་པོའི་སེམས་ནི་རྟོག་པ་ཞེས་བྱ་འ། སེམས་གཉིས་ཐུབ་བ་ནི་བསམ་པ་ཞེས་བྱ། སེམས་གསུམ་འབྱུང་བ་ནི་འཇུག་པ་ཞེས་བྱ། སེམས་བཞི་འཐུང་བ་ནི་སྤོང་བ་ཞེས་བྱའོ།། གཞན། ་ཡང་འདི་ལྟ་སྟེ། བས་མ་གཏན་དང་པོས་རྟོག་པ་ཞེས་བྱབ།། བསམ་གཏན་གཉིས་པ་ལ་བསམ་པ་ཞེས་བྱ་། བསམ་གཏན་གསུམ་པ་ས་འདུག་པ་ཞེས་བྱ། བསུམ་གཏན་བཞི་པ་ལ་སྤོང་བ་ཤེས་བྱའོ།། ་གཞན་ཡང་འདི་ལྟ་སྟེ། བསམ་གཏན་ཞེས་བྱ་བ་ནི་ལུས་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། ་བཞིན་དུ་མངོན་པར་ཤེས་པ་བཞི་དང་། ཆོས་ཐམས་ཅད་འདི་ལྟར་ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་ཀི་རྐང་པ་བཞི་དང་། བདེན་པ་བཞི་དང་། ཏིང་ངེ་འཛིནད་བཞི་དང་། མཚན་མ་མྱེད་པ་བཞི་དང་། བྱང ་ཆུབ་བཞི་ཡིན་ན། དགེ་སློང་ཁྱེད་བསམ་གཏན་དང་པོ་ཡང་བསལ་བར་མ་རྟོགས་ན། བསམ་གཏན་བཞི་དང་། ཆོས་ཟས་ཅད་ལྟ་ཅི་སྨོས། དགེ་སློང་དག་ཐབས་སྣ་ཚོགས་བསམ་གཏན ་གི་ཏིང་ངེ་འཛིནད་ལ་འཇུག་པར་བྱའོ།། གལ་ཏེ་མྱི་རྩང་བལ་རྟོག་ན་ལུས་ཀྱི་ཆེན་པོ་བཞི་པགས་པ་དང་། རུས་པ་དང་། ཚིགས་པ་དང་། བརྣག་ཁྲག་ཟག་པ་དང་། སྡོང་བུ་ཀ་དགུ ་ཡོད་པའི་ནང་དུ་ཆུ་ཟུགས་ན། ཟག་པ་བཞིན་དུ་མྱི་རྩང་བའི་དངོས་པོ་ཀ་ཤང་གྱི་ཆེ་ཆུང་དང་རྩོག་པ་ཤིན་ཏུ་སྦྱོར་རུང་བ་ཟག་པ་མཐོང་ངོ་།། ཏིང་ངེ་འཛིནད་དེ་ལས་ཀྱང་དངོས་པོ་རྣམ་པ ་སྣ་ཚོགས་མཐོང་བ་འདི་ནི་འདི་ལྟར་གཡོ་བ་དང་། གནས་པ་དང་རྣམ་པར་བསྔོས་པ་དང་། རྣམ་པར་སེར་བ་དང་། རྣམ་པར་དཀར་བ་དང་། རྣམ་པར་བརྣག་པ་ཐ་དད་པ་སྣ་ཚོགས་མཐོང་བས་སེམས་མ་འཁྲུལ་བར ་གྱུར་ད་ན་དངོས་པོ་དེ་དག་མཐོང་བའི་ཚེ། ཕྱིར་ཟློག་པར་བྱའོ།། རུས་པ་དཀར་པོ་དང་དབུགས་ཀྱི་ནང་དུ་རྒྱུ། བགྲང་བའི་རྟོག་པ་ཡང་དེ་དང་འདྲའོ།། གང་ཏེ་ཆུས་གླིའི་ཁྱིས་པ་ཉེས་པ་། དགེ་བོང་ས་ཅབ་བརྒྱད་ཉམས་པ་དང་། དགེལ ་བསྙེན་མས་ཁྲིམས་ཀྱི་རྩ་བ་བཞི་ཉམས་པ་དང་། དགེ་ཚུལ་གྱི་ཁྲིམས་ཉམས་པ་དང་། དགེ་སློང་མས་ལྕི་བ་དྲུག་ཉམས་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་གི་སྤྱི་དཀོར་བརྐུས་པ་དང་། མཁན་པོ། ་སོ། དང་སློབ་དཔོན་དང་། བླ་མ་དང་ཕ་མ་དང་། དགེ་འདུན་ཀྱི་དཀོར་བརྐུས་པ་དང་། ཕྱོགས་བཅུ་བརྒྱས་པའི་མདོ་སྡེ་ལ་བསྐུར་བའི་གང་བག་དེ་ལྟ་བུ་ནི། བསམ་གཏན་ཀི་ཏིང་ངེ་འཛིན་ལ་འཇུག་པའི་ཚེ། ་བདག་གི་ལུས་དང་རག་དང་། རླུང་ནག་པོ་ལྟ་བུ་དང་ཁྲག་ནི་མེ་རབ་ཏུ་འབར་བ་དང་། རུས་པ་ན་རི་དང་བྲག་ལྟ་བུ་དང་། རྩ་ནི་ཤིང་ལྟ་བུ་དང་། ནང་གྲོལ་ལཱ་ནི་སྦྲུལ་ལམ་རྩར་སྤྲེ་ལྟ་བུར་མཐོང་བ་དང་། ལཀ་ན་མེ་ཏོག་ཆེན ་པོ་ཐོགས་ཏེ་རླུང་ཆེན་པོ་ལ་རྒྱུག་པ་དང་། མགོ་ལ་རིན་པོ་ཆེ་ཁྱེར་ནས་ལངས་ཀྱང་རྡབ་འཆོས་པ་དང་། སེང་གེ་འབྱུང་བ་དང་། མྱིག་ནས་འབར་བ་མོ་འབྱུང་བ་དང་། སྣ་ལས་སྦྲུལ་ཆེན་པོ་འབྱུང་བ་དང་། རྣ་བའ ་ནས་འཕར་སྤྱང་འབྱུང་བ་དང་། གཤར་ལྕི་ཏ་ཆུང་ལྟ་བུར་འབབ་ཅིང་རྒྱ་མཚོའི་ཆུ་ལྟ་བུར་མཐོང་བ་དང་། གལ་ཏེ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཆོ་འཕྲུལ་རྣམ་པ་མང་པོ་སྟོནད་པའ ་མཐོང་ན་མཚན་དེ་ལྟ་བུ་མཐོང་བའི་ཚེ་ག་བསམ་གཏན་ལས་ལངས་ཏེ། ཚལ་ལམ་རི་དགོན་པར་མཐོང་སྟེ། ཕྱོགས་བཅུ། རྒྱས་པའི་མདོ་སྡེ་འདོནད་ཅིང་འགྱོད་ཚངས་བྱའོ།། དེ ་ལྟར་སྔོན་གི་ཁ་ན་མཐོ་བའི་སྡིག་འགྱོད་ཚངས་བྱ་བ་ཡ་ཡང་ན་ཞག་བདུན་ནམ། བདུད་གཉིས་སམ། བདུན་གསུམ་བ་མམ། བདུན་བཞི་འམ། བདུན་ལྔ་འམ་བདུན་དྲུག་གམ ་བདུན་བདུན་གི་བར་དུ་འཐོལ་ཚངས་བྱའོ།། དེ་ལྟར་སྡིག་སྦྱངས་ནས་བསམ་གཏན་བསྒོམ་པར་བྱ་སྟེ། དེ་ལ་སྡིག་ཆུང་བ་ནི་བགས་ཀྱིས་བདག་གི་ལུས་བྱེ་དུ་རྱའི་རི་རེབ་ལྟ་བུར་མཐོང་བར་འགྱུར་རོ།། གང ་རྩ་བ་བཞི་མ་ཉམས་པ་ནས། རང་བཞིན་ཀི་ཁྲིམས་ལྕི་བ་ལྔའི་བར་དུ་མ་ཉམས་པ་ནི་ཏིང་ངེ་འཛིནད་དུ་འཇུག་པའི་ཚེ། ཕྱོགས་བཅུའི་སངས་རྒྱས་དུས་གཅིག་ཏུ་ཆོས་སྟོནད་པ་དང་། དེ་ན་ཡང་བདེན་པ་བཞི་འམ ་རྫུ་འཕྲུལ་ཀི་རྐང་པ་བཞི་འམ། སྡུག་བསྔལ་དང་། བཟོད་པ་དང་། ཀྱི་བོ་དང་། འཇིག་རྟེན་མཆོག་གི་ཆོས་སྟོནད་པ་དང་། ཡང་དགྲ་བྱང་ཆུབ་ཀྱི་ཡན་ལག་བདུན་དང། བསམ་གཏན་བཞི་དང་། སྐྱེས་བུ་སྱ་བརྒྱད ་ཀྱི་ཆོས་དང་། སྟོང་པ་ཉིད་བཞི་དང་། ཏིང་ངེ་འཛིན་གསུམ་དང་། རྣམ་པར་ཐ་རད་པ་བརྒྱད་སྟོནད་པར་མཐོང་བ་དང་། ཏིང་ངེ་འཛིནད་ལས་སུན་ནག་མཐོང་བ་དང་། སྡང་བ་མཐོང་ན་ཏིང་ངེ་འཛིན་ལས་ལངས་ཏེ། ཤིནང་ཏུ ་དགའ་བའི་སེམས་བསྐྱེད་པར་བྱའོ་ཞེས་བཀའ་སྩལྡ་པ་དང་། དགེ་སློང་དག་ཕྱིར་གནས་པའི་ཚུལ་དུ་དོང་སྟེ། བསམ་གཏན་ཀི་ཏིང་ངེ་འཛིན་ཉིན་ཞག་བདུན་བསྒོམས་པས། ཐམས་ཅད་ཀྱིས་དགྲ་བཅོམ་པ་ཐོབ་པར་གྱུར ་ནས། བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ཏེ། སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ནི་སངས་རྒྱས་ཀྱིས་བསྟནད་པ་བཞིན་འཁོར་བ་ལས་ཐ་རད་ཏེ། བླ་ན་མྱེད་པའི་འབྲས ་བུར་ཐོབ་བོ།། བཅོམ་ལྡན་འདས་ཀྱིས་བཀའ་སུ་ལད་པ་དེ་ལྟར་ཐོབ་ན་ཆོ་འཕྲུལ་བསྟནད་པའི་དུས་ལ་བབ་བོ་ཞེས་བཀའ་སྩལ་ད་པ་དང་། དགེ་སློང་ལྔ་བརྒྱ་རྣམས་སྟེང་ཀི་བར་སྣང་ལ་འཕཀྲ ་ཏེ་ཉམ་པ་དང་། འདུག་པ་དང་། འགྲོ་བ་དང་། སྡོད་པ་དང་། ལུས་ལ་མེ་དང་། ཆུ་ལས་སྩོགས་པའི་འབྱུང་བའི་ཆོ་འཕྲུལ་རྣམ་པ་བཅོལ་བརྒྱད་མངོན་པར་བསྟནད་ཏེ། དེའི་ཚེ་མང་དུ་ཐོས ་པའི་དགེ་སློང་རྣམས་བསམ་གཏན་བསྒོམས་པས། མེའུ་འགལ་གི་བུ་ཆེན་པོ་དང་འདྲ་བར་རྫུ་འཕྲུལ་ཐ་མྱི་དད་པར་འགྱུར་རོ།། དེ་ནས་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལྡ་ཏོ།། ་བཅོམ་ལྡན་འདས་དམ་པའི་ཆོས་འདི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས། ཇི་སྲིད་དུ་གནས་ཤིང་དུས་ངན་པའི་ཚེ། སེམས་ཅན་ཇི་སྙེད་ཅིག་ཆོས་འདི་བསྒོམས་པས་དགེ་སློང་གི་འབྲས་བུ་བཞི་ཐོབ་པར་འགྱུར། ་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་ས་སད་པ། པར་བྱིན་ཆད་དཔྱིད་སྐྲ་འབྲིང་པོ་ལ་མ་མཆོག་གི་གྲོང་ཁྱེར་དུ་མྱ་ངན་ལས་འདས་སོ།། མྱ་ངན་ལས་འདས་ནས་ལོ་བརྒྱ་བཅུའི་བར་དུ་ཆོས་ལ་སྤྱོད་པའི་སེམས་ཅན ་མང་དུ་འབྱུང་སྟེ། དུར་ཁྲོད་དང་ཤིང་དྲུང་ན་གནས་ཤིང་། འདི་ཡིད་ལ་བྱེད་དེ་རྟོག་པ་དང་གསལ་བ་དང་། འཇུག་པ་དང་། སྤོང་བའི་ཆོས་སྤྱོད་པ་སྟོང་ཕྲག་བཅུ་ལ། སྟོང་ཕྲག་དཀུས་དགེ་སྦྱོང་ཀི་འབྲས་བུ་བཞི་ཐོབ་པར། ་འགྱུར་རོ།། མོ་སུམ་བརྒྱའི་བར་དུ་ནི་སེམས་ཅན་སྟོང་ཕྲག་བརྒྱལ། སྟོང་ཕྲག་བཅུས་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པར་འགྱུར་རོ།། ལོ་སུམ་བརྒྱ་ཕན་ཆད་ལོ་ལྔ་བརྒྱ་ཚུན་ཆད་ནི། ངའི་ཉེ་གནས། ་རྣམས་བཀས་ཀྱིས་མྱི་དགེ་བའི་ཆོས་སྤྱོད་དོ།། འཕྲ་དོག་གི་སེམས་ཀྱིས་ལོག་པའི་འཚོ་བའི་འཚོ་བར་འགྱུར་རོ།། སྟོང་ཕྲག་བརྒྱ་ལ་སྟོང་ཕྲག་བཅུས་དགེ་སྦྱོང་གི་འབྲས་བུ་འཐོབ་བོ།། ལོ་ལྔ་བརྒྱ་ཕན་ཚད་བརྒྱད་བརྒྱ་ཚུན་ཆད ་ཀྱི་ངའི་ཉེ་གནས་རྣཾས་ལྕི་བའི་ཀོས་གྱོན་ནས། བ་ལང་དང་། ལུཀ་དང་། བྱི་ལ་དང་། བོང་བུ་དང་། རྟ་གསོལ་ཞིང་འབྲུ་མང་པོ་སོག་སྟེ། རང་གིས་ལག་དར་ཞིང་རང་ཟ་བ་དང་། བྲན་པོ་དང་། བྲན་མོ་ཡང་གསོལ་བར་འགྱུར་ཏེ། ་དེའི་ཚེ་སྟོང་ཕྲག་སྟོང་ལ། སྟོང་ཕྲག་གཅིག་གིས་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པར་འགྱུར་རོ།། སོ་བརྒྱད་བརྒྱ་ཕན་ཆད་ནས། ལོ་སྟོང་ཚུན་ཆད་ནི་ངའི་ཉེ་གནས་རྣམས་སྡིག་པའི་ཆོས ་སློབ་སྟེ།། རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ་ཆེན་པོ་དང་། ཁྱིམ་བདག་ལ་གྲོགས་པོར་བསྟེནད་ཅིང་། ཕན་ཚུན་ཐ་ན་ཕྲིནགིས་འདྲུལ་ཞིང་མོ་རྐོ་བྱེད་དེ། འབྲུ་བཟན་མང་པོ་དང་། གསེར ་དང་། དངུལ་དང་། རིན་པོ་ཆེ་སྣ་བདུན་སོག་ཅིང་ཤ་ཟ་ཞིང་ཆང་འཐུང་སྟེ། ཆེན་པོ་བཞི་གསོལ་ཞིང་རྟས་པར་བྱེད་པ་དང་། སྨད་འཚོང་མ་ལྟར་མདོག་སྡུག་གུ་དང་། ཀོས་གྱོན་ཅིང་འདྲིད་པ་དང་།། སླུ་བའི ་ལས་བྱེད་དེ།། དེ་ལ་འབུམ་ཕྲག་ཁྲི་ལ། བརྒྱ་ཙམ་ཞིག་ཀིས་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་བོ།། ལེ་སྟོང་ཕན་ཆད་སུམ་བརྒྱ་ཚུན་ཆད་ནི། ཚེ་ཟང་དུ་འཁྲུགས་ཏེ། ངའི་ཉེ་གནས་རྣམས་ལུས་ཆོས་གོས་གྱོན་ཡང་ཤིང ་ཁ་ལ་འཕན་སྙིང་བཏགས་པ་དང་འདྲ་སྟེ། གཟིའ་བྱིན་ཡང་མྱེད། ཁྱིམ་པས་མཐོང་ན་ཡང་བཀུར་བསྟི་ཡང་མྱི་བྱེད་པས་ཤན་པ་དང་འདྲ་བར་འགྱུར་རོ།། དེའི་དུས་ན་ཡུལ་ཁམས་ཀྱང་འཁྲུགས་ཏེ། གཅིག ་པ་གཅིག་དགྲ་བྱེད་ཅིང་གསོད་པས། རྒྱལ་པོ་དང་། བློན་པོ་དང་། ཕ་མ་དང་། བུ་དང་། ནུ་བོ་དང་། གཅིག་ལ་གཅིག་དགྲ་བྱེད་དེ། བྱམས་པ་དང་། སྙིང་རྗེ་བའི་སེམས་ཀྱང་མྱེད་པས་བཟའ་བ་དང་། བཏུང ་བསེ་ཉོན་མོངས་ཏེ་ཁྱིམ་ཏབ་མྱེད་པ་དང་། ཆུང་མ་མྱེད་པ་དང་། བུ་བོ་མྱེད་པ་དང་། བུ་མོ་མྱེད་པ་དང་། ལོང་བ་དང་། འོན་པ་དང་། རྒུག་པ་དང་། དབང་པོ་མ་ཚང་བ་དང་། བྲན་མོ་དང་། བྲན་མོ་ལས་བྲོས་པ ་ཡུལ་ཁམས་ཕུང་བར་བྱེད་པ། འཚོ་བས་རང་མྱི་སོས་པ་དག་ངའི་ཆོས་ལ་ཞུགས་ན། ཁྱིམ་པ་རྣམས་ཀྱིས་ཀྱང་རྔོན་པ་དང་འདྲ་བར་ལྟ་སྟེ། དཔེར་ན་ལྷའི་གླིང་ངམ།། རྟ་རྒོད་དམ། བ་ལང་མྱོས་པ་ལྟར་གདུལ་དཀའ ་བ་དང་། རང་དཀར་ཡང་འགྲོ་བ། སློབ་དཔོན་དང་། སློབ་མ་ཡང་མྱི་རྒོད་མ་རུངས་པ་དང་འདྲ་སྟེ། འདོད་ཆགས་ལ་བཀ་མྱེད་པར་ཀར་གནས་ཀྱང་། ཆང་འཆང་བ་དང་། ཤན་པ་དང་། རྔན་པ་དང་། སྨད་འཚང་མ ་སྤྱོད་ཅིང་། བླ་མ་དང་ཀོང་མའི་རིམ་པ་ཡང་མྱེད་པ་དང་། བཟང་ངན་གི་རིམ་པ་ཡང་མྱེད་དེ། དུད་འགྲོ་ཕྱུགས་དང་འདྲ་བ། ཁ་ན་མཐོ་བའི་སྡིག་པ་མང་པོ་བྱེད་ཅིང་། ངན་སོང་གསུམ་ཀིས་མྱི ་འཇིགས་པར་གར་སོང་གར་གནས་ཀྱང་། ཆང་འཚོང་བ་དང་ཤན་པ་དང་། རྔོན་པ་དང་། སྨད་འཚོང་མ་དང་སྟེན་ཅིང་འགྲོགས། པ་ཁ་ནས་ཀྱང་ངག་སྡིག་པ་སྨྲ་ཞིང་། སེམས་ལ་ཡང་སྡིག ་པ་སེམས་པ་དང་། ཡང་ན་བློན་པོ་དང་སྟེན་ཅིང་དགེ་བའི་མྱི་དག་ལ་ཐབས་སྣ་ཚོགས་ཀྱིས་བསྡིགས་ཤིང་། ནོར་འཕྲོགས་ཏེ་བུ་སྨདགསོའ་ཡང་ན། རྔོན་པའི་ཡོ་བྱད་ཉ་བརྒྱ་ལས་སྩོགས་པ་འཆང ་ཞིང་། ཉ་ལས་སྩོགས་པ་བཅུས་ནས་རང་གི་ལག་དར་ཏེ་གསོད་པ་དང་། བསྲེག་པ་དང་། ཟླ་བ་ཉ་བ་དང་། ཤི་བའི་ཚེ་གསོལ་སྤྱོད་མྱི་བྱེད་དེ། རང་ཉམས་སུ་གཏོང་བ་དང་། ཚུལ་ཁྲིམས་ཀྱི་ལས་བྱེད་པ་རྣམས་ཕན་ཚུན ་རྩོད་ཅིང་བླ་མ་འམ། འོག་མ་འམ་གྲོགས་པོ་ལ་ཞེ་སྡང་བ་དང་། གདུག་པའི་སེམས་བསྐྱེད་པ་དང་། སློབ་དཔོན་དང་། སློབ་མ་ཡང་གཅིག་ལ་གཅིག་སྐྱོན་འདྲུ་ཞིང་འཕྱ་བ་དང་། སྒྲོགས་པའི་གཏམ་སྨྲ་སྟེ། དཔེར། ་ན་རྩངས་སྤྲ་མང་པོ་ཀུན་གཅིག་ཏུ་འདུས་པ་དང་འདྲ་བ་དང་། ཕན་ཚུན་དཔུང་དང་སྡེ་གཅིག་ལ་གཅིག་ཚིག་ངན་ཀྱིས་སྨ་འབེབས་པ་དང་། བླ་འོག་གི་རིམ་པ་ཡང་མྱེད་པ་དང་། མྱི་རྒོད་མ་རུངས་པ་ལྟར་དགེ་བ་བྱེད་པ ་ལས་ཕྲོག་རློམ་བྱེད་པ་དང་། ཁྱེ་དང་གྲགས་པ་ལ་ཆགས་སྟེ་ཆོག་ཀྱི་ཞེས་པར་གྱུར་ད་པ་དེའི་ཚེ། མདོ་སྡེ་བཅུ་གཉིས་ཀྱང་ནུབ་པར་གྱུར་ད་ཏེ། ཀློག་པ་དང་། འདོན་པ་ཡང་མྱེད་པ་དང་། དེའི་སྲོག ་མ་རྣམས་ཀྱང་དགྲ་ཆོས་དང་། གཙུག་ལག་ཁང་དང་། ཡི་གེ་དང་རྩེ་བ་དང་། བཞོན་པ་དང་། བོན་ཆོས་དང་། མྱིག་མངས་དང་། གླུ་གར་དང་། རུ་བ་དང་། སྤྱུགས་པ་དང་། འཕོང་རྩལ་དང་། རྟ་རྒྱུག་པ་ལས་སྩོགས་པའི ་ཆོས་མ་ཡིན་པའི་སློབ་ཅིང་སྤྱོད་དེ། དེ་ལྟར་མ་ལགས་པའི་ཆོས་སྤྱོད་པས། ཚེ་འཕོས་མ་ཐག་ཏུ་ངན་སོང་གསུམ་དུ་ལྟུང་སྟེ། བསྐལ་པ་གྲངས་མྱེད་པར་ངན་སོང་གི་སྡུག་བསྔལ་མྱོང་ནས། དེ་ལས་ཐ་རད་ནས་ཡང་བྱོལ ་སོང་དུ་སྐྱེ་སྟེ། ལྟོགས་པ་དང་སྐོམ་པ་དང་། སྡུག་བསྔལ་གྱིས་ཉེནད་པ་དང་། ཁལ་ལྕི་བ་འགྱེལ་ཞིང་འགྲོ་བར་འགྱུར་རོ།། ཅི་ཞིག་ན་སྦྱངས་པའི་ཡོན་ཏན་སློབ་པ་ཡང་། ཆོས་མ་ཡིན ་བ་མང་དུ་བྱེད་དེ། རི་དང་ཚལ་དང་། དུར་ཁྲོད་དང་། ཤིང་དྲུང་ན་མྱི་གནས་ཤིང་རྟག་ཏུ་གྲོང་རྒྱུ་སྟེ། སེམས་ལ་རྟོག་པ་མང་ཞིང་ཁྱེ་དང་གྲགས་པ་ཚོལ་ཏེ། ནོར་རྫས་དང་། ལོང་སྤྱོད ་ལ་ཆགས་ཤིང་ཆོ་ག་མྱི་ཤེས་པ་དང་། ཆོས་སྟོནད་པའི་བཤད་མཁན་ཞིག་ཡིན་ན་ཡང་། སངས་རྒྱས་ཀྱི་ཆོས་སྟོནད་པ་ཡང་ཁྲི་ཙམ་ལ་གཅིག་ཙམ་ཡང་ཐོག་ཏུ་མྱི་ཕེབས་ཏེ། འཁོར་མང་པོ་དང ་འགྲོགས་ནས། གྲོང་རྒྱུ་ཞིང་ཁྱིམ་དུ་ཞུགས་ནས། ཁྱིམ་པ་ལ་ཆོས་སྟོནད་པ་ཡང་ཁྱེ་དང་ཀླགས་པའི་ཕྱིར་ཏེ། ལོངས་སྤྱོད་མང་དུ་སོགས་ཤིང་ཤེན་པ་དང་འདྲའོ།། ཤ་དང་ཆང་ལ་མྱི་སྤྱོད་པ་དག་གིས་དགེ ་སློང་དག་ཁྱེད་ནི་བཙུན་པ། ཁྱིམ་ནས་ཁྱིམ་མྱེད་པར་རབ་ཏུ་འབྱུང་བ་ཡིན་ན། སྙིང་རྗེ་བའི་སེམས་ཀྱང་མྱེད་དེ། འདི་ལྟར་ཆོས་མ་ཡིན་པ་མང་དུ་སྤྱོད་པས། ཁྱེད་ནི་ཤེན་པ་དང་འདྲའོ་ཞེས་སྤྲོ་ཞིང་བརྒྱད་པར ་འགྱུར་རོ།། དགེ་སློང་དག་དེ་སྐད་གཤེལ་ཞིང་ཐོས་ནས་ཀུན་ལོག་སྟེ། དེ་ལ་བརྡེག་པ་དང་། གཤེའ་བ་དང་། གཅིག་ལ་གཅིག་འདི་སྐད་སྨྲས་སོ།། དེ་བཞིན་གཤེགས་པ་བཞུགས་པའི་ཚེ་ན་ནི། དེ་དག ་རང་ཆང་འཐུང་བར་མ་གནང་སྟེ། དེ་དེད་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས། ད་ནི་ཐབས་ཅི་ཡང་ཀནང་ཟས་ཉེ་དག་དང་ཆང་འཐུང་བ་ཡིན་ནོ།། ཁྱིམ་པ་དང་བྲལ་བའི་འོག་ཏུ་དེ་དག་གཅིག་ལ་གཅིག། ་བདག་ཅག་གིས་ཤེས་པ་ནི་སངས་རྒྱས་ཀྱི་ཞལ་ནས་གསུངས་པ་དང་འདྲའོ་ཞེས་སྨྲ་ཞིང་། ལ་ལ་ན་ཚིག་ཁྱལ་བ་དང་དོན་མྱེད་པའི་ཚིག་དང་། འགྲན་དོར་གི་ཚིག་དང་འཁྲུལྡ་པའི་ཚིག་ཏུ་གཏམ་སྨྲ་ཞིང་། དཔེར་ན ་དམུས་ལོང་ཞིག་འཛུམ་མོ་གཉིས་ཉི་མ་ལ་བཙུགས་ཏེ། ཉི་མ་ཡ་ཀྱི་ནི་ཆུང་ངོ་ཡངས་སོ་དོག་གོ་ཞེས་སྨྲ་ཞིང་། མྱི་འོན་པ་ཅིག་བདག་ཅག་གི་གནས་ཀྱི་སྟེང་ན། ཆོས་འཆད་པའི་སྒྲ་ཐོས་སོ་ཞེས་ཟེར་བ་དང ་འདྲ་བར་དམུས་ལོང་མང་པོ་ཚོགས་ཏེ། འཇིག་རྟེན་ན་འཇམ་དཔལ་དང་། འོད་སྲུང་ཆེན་པོ་ལས་སྩོགས་པ་སྤྲུལ་ཏེ། དེའི་ནང་ན་བཞུགས་ཀྱང་ཀྱིས་བརྡེག་ཅིང་གཤེལ་སྟེ། དེ་ནས་སྨོད ་ཅིང་འདུག་ཏུ་མྱི་སྟེར་རོ།། གཞན་ཡང་དཔེར་ན་སེང་གེ་ནཱི་སྤོས་ཀྱི་རི་ལ་གནས་ཏེ། རི་དགས་དང་གཅན་ཟན་དང་ཡང་ཉེར། མྱི་བཟོད་དོ།། སེང་གེ་ནི་རི་དེ་ལས་བྱུང་སྟེ། སོང་བའི ་འོག་ཏུ་ནི་ཀ་ཅན་ཟན་ཀ་དུཀ་པ་ཁྲོ་བོ་ལས་སྩོགས་པ་གཅིག་གིས་ཀཅིག་ཐོས་ཏེ། སྤོས་ཀྱི་མི་ལས་ལྷགས་ནས། འབྲས་བུ་ཞིམ་པོ་ཟ་ཞིང་ཆུ་དམྱིག་ལ་འཐུང་ངོ་།། དེ་ལྟར་ཟ་ཞིང་འཐུང་བ་ལས ་ཐམས་ཅད་སྐམས་ཤིང་མྱེད་པར་གྱུར་ད་ཏེ། སྤོས་ཀྱི་རི་ལ་གནས་པའི་ལྷ་རྣམས་ཀྱང་སྐྱོབ་པར་མྱི་འགྱུར་བས། རྩ་གདུག་པ་སྐྱེས་ཏེ། ཟོས་མ་ཟག་ཏུ་དེའི་ཚེ་དུས་བྱས་པར་འགྱུར་རོ།། མྱ་ངན་ལས་འདས་པའི་འོག་ཏུ ་དགེ་སློང་ཐམས་ཅད་ཀྱིས་ངས་བསྟནད་པའི་མདོའི་སྡེ་བཅུ་གཉིས་འདོནད་ཅིང་། ཀློག་པ་ཡང་གོང་མའི་ནི་བར་དུ་བཅུག། བར་པ་ནི་འོག་ཏུ་བཅུག། འོག་མ་ནི་ཀོང་དུ་བཅུག། བར་པ་ནི་འོག་དང་ཐ་མར་བཅུག་སྟེ། དོན་མ ་ཡིན་པ་ལ་ནི་དོན་ཞེས་ཟེར། དོན་ལ་ནི་དོན་མ་ཡིན་ཞེས་ཟེར་ཏེ། ཇི་ལྟར་མུ་སྟེགས་ཅན་དག་སོ་སོ་ནས་ངའི་གཞུང་ནི་བདེན་པ་ཡིན་ནོ་ཞེས་ཟེར་བ་དང་འདྲའོ།། དེའི་དུས་ན་མདོའི་སྡེ་བཅུ་གཉིས་འཇིག་རྟེན་ན་སྤྱོད་ཀྱང ་གཟིལ་བརྗིད་ཀྱང་མཐུ་མྱེད་དེ། ལ་ལ་ཞིག་འདོན་ད་ཏམ་ཀློག་ཀྱང་། མྱི་གཅིག་འགའ་ཡང་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པ་མྱེད་དོ།། དེ་ལྟར་ངའི་སློབ་མ་རྣམས་ཀྱང་རྒྱལ་པོ་སྲིད་སྟོན་པ་འམ ་བྱ་འདབ་མ་མྱེད་པ་དང་འདྲ་སྟེ། གཙུག་ལག་ཁང་དང་མཆོད་རྟེན་ཡང་སྟོངས་ཤིང་ཞིག་རལ་གསོའ་བ་ཡང་མྱེད་དོ།། དེ་ལྟར་སྐུ་གཟུགས་དང་བ་དན་དང་། རིན་པོ་ཆེའི་གདུགས་ཡོད་པ་ཡང་དགྲ་ཅ་ཞིག་པ་འདྲ་སྟེ། ཕུག་རོན ་དང་བྱེའུ་དང་། ཕག་དང་ཁྱི་དང་། སུ་ཀ་ལས་སྩོགས་པའི་ཚད་དང་གནས་སུ་འགྱུར་རོ།། དགེ་སློང་སོ་སོ་ན་འདུག་པའི་གནས་ནི་གྱི་དོར་བཟང་དུ་བྱེད་དེ། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལད་པ། འདི་ཡང་ཁྱེད་ལ ་མདོའ་ཙམ་ཞིག་བཤད་པ་ཡིན་ནོ།། དཀའ་བོས་སངས་རྒྱས་ཀྱིས་གསུངས་པ་ཐོས་ནས་མཆི་མ་བླགས་ཏེ། རུས་སོ།། དེ་ལྟར་དཀའ་བོ་ཡིད་གདུང་ཞིང་མཆི་མ་བཏང་བ་ལས། བཅོམ ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་དེ་ལྟར། མ་ངུ་བར་མདོའི་སྡེ་འདི་གཟུངས་སུ་ཟུང་ལ། འཇིག་རྟེན་དུའ་རྒྱས་པར་སྤེལ་ཅིག། དེ་ནས་དཀའ་བོས་གདོང་མཆི་མ་ཕྱིས ་ནས། བཅོམ་ལྡན་འདས་ལ་བདག་གིས་གཟུངས་སུ་གཟུང་། ཞེས་གསོལ་ཏོ།། བརྒྱ་བྱིན་དང་། ལྒ་དང་། མྱི་རྣམས་ཀྱིས་ཀྱང་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་བདག ་ཅག་གིས་ཀྱང་ཡོངས་སུ་བཟུང་སྟེ། གང་ཞིག་མདོལ་སྡེ་འདི་རི་འམ། ཚལ་ལམ་ཤིང་དྲུང་ངམ། བས་མཐའ་འམ། དུར་ཁྲོད་ན་གནས་ཏེ། འདོནད་ཏམ་ཀློག་ན་བདག་ཅག་གིས་ལྷ་དང་མྱིའི་འཁོར་དང ་མྱི་མ་ཡིན་པ་དང་བཅས་ཏེ་ཀ་ནས་དེར་འགྲོ་ཞིང་ཆུང་ངུ་ན། ཚིགས་སུ་བཅད་པ་ཀཅིག་ཀམ། ཚིག་ཅིག་ཙམ་ཡང་མྱི་བརྗེད་མྱི་ཉམས་པར་བཏང་ངོ་ཞེས་གསོལྡ་ཏོ།། མདོའི་སྡེ་འདི་གསུངས་པའི་ཚེ། དགེལ། ་སློང་སྟོང་སྙེད་ཀྱིས་དགེ་སྦྱོང་གི་འབྲས་བུ་ཐོབ་པར་གྱུར་ད་ཏོ།། དགེ་སློང་མ་སྟོང་ལྔ་བརྒྱས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ད་ཏོ།། དགེ་བསྙེན་ལྔ་བརྒྱས་ཡོངས་སུ་དག་པར་གྱུརྡ་ཏོ།། ལྒ་དང་མྱི ་ཀྱི་དང་། ལྷ་མ་ཡིན་ལས་སྩོགས་པས་ཕྱག་བྱས་ནས་ཕྱིར་དོང་ངོ་།། འཕགས་པ་ཏིང་ངེ་འཛིནད་ཀྱི་མཆོག་དམ་པ།། རྫོགས་སོ།། ་རྒྱ་ཀར་སྐད་དུ། ཨ་རྱ་པྲ་ཤན་ཏ་པི་ནི་ས་ཙ་ཡཱ་པྲ་ཏི་ཧ་རྱ་ན་མ་ས་མ་དཱི། མ་ཧ་ཡ་ན་སུ་ཏྲ།། བོད་སྐད་དུ། འཕགས་པ་རབ་ཏུ་ཞི་བ་རྣམ་པར་ངེས་པ་མོ་འཕྲུལ་ཀི་ཏིང་ངེ་འཛིན་དུ་ཅེས ་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་མིས ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུས་འཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་དང་ཐབས་གཅིག་ཏུ ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་འཇམདཔལ་གཞོན་ནུར་གྱུར་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། སྨན་ཀི་རྒྱལ་པོ་དང་། སྨན་ཡང་དག་བྱུང་དང ་སྨན་མངོན་བསྒྲགས་དབྱངས་ཀྱི་རྒྱལ་པོ་དང་། ལཀ་ན་པད་མ་དང་། ཉི་མའི་འོད་དང་། རྡུལ་མྱེད་རྣམ་པར་གནོན་དང་། ངན་སོང་སྤོང་དང་། ཡེ་ཤེས་བླ་མའི་ཡེ་ཤེས་ལྡན་དང་། རིན་ཆེན་བླ་མའི་ཡེ་ཤེས ་ལྡན་དང་། སེམས་ཅན་ཀྱི་སྐད་ཡེ་ཤེས་ལྡན་དང་། མེ་ཏོག་བླ་མའི་ཡེ་ཤེས་ལྡན་དང་། ཟླ་བའི་བླ་མའི་ཡེ་ཤེས་ལྡན་དང་། དྲི་མ་མྱེད་པའི་བླ་མའི་ཡེ་ཤེས་ལྡན་དང་། རྡོ་རྗེ་བླ་མའི་ཡེ་ཤེས་ལྡན་དང་། རྡུལ ་མྱེད་བླ་མའི་ཡེ་ཤེས་ལྡན་དང་། རྣམ་པར་སྣང་བྱེད་བླ་མའི་ཡེ་ཤེས་ལྡན་དང་། སྐར་མའི་རྒྱལ་མཚན་དང་། རི་བོའི་རྒྱལ་མཚན་དང་། ལྷུན་པོའི་རྒྱལ་མཚན་དང་། ཆགས་མྱེད་རྒྱལ་མཚན་དང་། མེ་ཏོག་རྒྱལ ་མཚན་དང་། དྲི་མ་མྱེད་པའི་རྒྱལ་མཚན་དང་། ཉི་མའི་རྒྱལ་མཚན་དང་། མཛེས་པའི་རྒྱལ་མཚན་དང་། རྡུལ་ཕྲ་རབ་རྒྱལ་མཚན་དང་། རྣམ་པར་སྣང་བྱེད་རྒྱལ་མཚན་དང་། སའི་གཟིའི་བརྗིད་དང་། རིན་ཆེན ་གཟིལ་བརྗིད་དང་། ཐེ་གྲོས་ཆེན་པོའི་གཟིའི་བརྗིད་དང་། ཡེ་ཤེས་རྡོ་རྗེའི་གཟིའི་བརྗིད་དང་། དྲི་མ་མྱེད་པའི་གཟིའི་བརྗིད་དང་། ཉི་མའི་གཟིལ་འཛིད་དང་། བསོད་ནམས་རི་བོའི་གཟིལ་བརྗིད་དང་། ཡེ་ཤེས ་སྣང་བའི་གཟིལ་བརྗིད་དང་། མཚུངས་མྱེད་དཔལ་གི་གཟིའི་བརྗིད་དང་། སའི་སྙིང་པོ་དང་། ནམ་མཁའི་སྙིང་པོ་དང་། རིན་པོ་ཆེའི་སྙིང་པོ་དང་། པད་མའི་སྙིང་པོ་དང་། ཉི་མའི་སྙིང་པོ་དང་། ཡོན་ཏན་རྣམ་པར་དག་པའི་སྙིང ་པོ་དང་། ཆོས་ཀྱི་ཕྱག་རྒྱའི་སྙིང་པོ་དང་། རྣམ་པར་སྣང་བྱེད་སྙིང་པོ་དང་། ལྟེ་བའི་སྙིང་པོ་དང་། པད་མའི་དཔལ་ཀི་སྙིང་པོ་དང་། ཉི་མའི་མྱིག་དང་། རྣམ་པར་དག་པ་དྲི་མ་མྱེད་པའི་མཆོག་དང་། རྣམ་པར་སངས་རྒྱས ་པའི་མྱིག་དང་། ཆགས་པ་མྱེད་པའི་མྱིག་དང་། ཀུན་ཏུ་ལྟ་བའི་མྱིག་དང་། ཤིནད་ཏུ་རྣོ་བའི་མྱིག་དང་། རྡོ་རྗེའི་མྱིག་དང་། རིན་པོ་ཆེའི་མྱིག་དང་། ནམ་མཁའི་མྱིག་དང་། ཀུན་ནས་མྱིག་དང་། ་ལྷའི་ཅོད་པན་དང་ཆོས་ཀྱི་དབྱིངས་སྣང་བའི་ནོར་བུའི་ཅོད་པན་དང་བྱང་ཆུབ་ཀྱི་སྙིང་པོའི་ཅོད་པན་དང་། རྣམ་པར་སྣང་བྱེད་ཅོད་པན་། དང་། སངས་རྒྱས་ཐམས་ཅད་འབྱུང་བའི་སྙིང་པོའི་ཅོད་པན་དང ་འཇིག་རྟེན་གི་ཁམས་ཐམས་ཅད་ལས་མངོན་པར་འཕགས་པའི་ཅོད་པན་དང་། དུས་ཐམས་ཅད་མངོན་པར་འཕགས་པའི་ཅོད་པན་དང་། དུས་ཐམས་ཅད་དུ་མངོན་པར་འཕགས་པའི་ཅད་པན ་དང་། ཀུན་ཏུ་སྣང་བར་སྣང་བྱེད་ཅོད་པན་དང་། ཟིལ་ཀྱིས་མྱི་ནོན་པའི་ཅོད་པན་དང་། ཆོས་ཐམས་ཅད་ཀྱི་སྙིང་པོ་དེ་བཞིན་གཤེགས་པའི་སེང་གེའི་ཁྲི་འཛིནད་པའི་ཅོད་པན་དང་། ཀུན་ནས་ཆོས་ཀྱི་དབྱིངས་ནམ ་མཁའ་སྡང་བའི་ཅོད་པན་དང་། ཚངས་པའི་དབང་པོའི་གཙུག་ཕུད་དང་། ཀླུའི་དབང་པོ་འི་གཙུག་ཕུད་དང་། སངས་རྒྱས་འཕྲུལ་པ་ཐམས་ཅད་སྣང་བའི་གཙུག་པུད་དང་། བྱང་ཆུབ་ཀྱི་སྙིང་པོའི་གཙུག་པུད་དང་། ་སྨོན་ལམ་རྒྱ་མཚོ་ལ་ཐམས་ཅད་ཀྱི་དབྱངས་ནོར་བུ་རིན་པོ་ཆེ་རྒྱལ་པོའི་གཙུག་པུད་དང་། དུས་གསུམ་ཐམས་ཅད་ཀུན་ནས་དབྱངས་ཀྱི་གཙུག་བུད་དང་། དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་འཕྲུལ་པ་སྣང ་བའི་རྒྱལ་མཚན་ནོར་བུའི་རྒྱལ་པོ་ནོར་བུ་རིན་པོ་ཆེའི་དྲ་བ་བྲེས་པའི་གཙུག་བུད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་དབྱངས་ཀྱི་གཙུག་པུད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཀྱི ་