CLOSE WINDOW

Ng26.9: mdo chen po gzugs can snying pos bsu ba zhes bya ba
Wyliee-texts produced with BDRC’s OCR application

འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། མདོ་ཆེན་པོ་རྒྱལ་མཚན་དམ་པ་ཞེས་བྱ་བ།། རྫོགས་སྷོ་། རྒྱ་གར་སྐད་དུ། བིམ་བི་སཱ་ར་པྲང་ཏུད་གམ་ད། ་ན་མ་མ་ཧཱ་སུ་ཏྲམ།། བོད་སྐད་དུ། མདོ་ཆེན་པོ་གཟུགས་ཅན་སྙིང་པོས་བསུ་བ་ཞེས་བྱ་བ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གྱིས་ཐོས་པ་དུས་ཅིག་ན།། བཅོམ་ལྡན་འདས་དགེ་སློང་སྟོང་གི་དགེ་སློང ་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་སྔོན་རལ་པ་ཅན།། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ།། བྱེད་པ་བྱས་པ།། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ།། སྲིད་པ་ཀུན་ཏུ་སྦྱོར་བ། ཡོངས་སུ། ་སུ་ཟད་པ། ཡང་དག་པའི་ཤེས་པས།། སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་དང་། ཐབས་གཅིག་ཏུ་ཡུལ་མ་ག་དྷཱང་ཡུལ་རྒྱུ་ཞིང་གཤེགས་པ་ད། མ་ཀ་དཱ་བ་རྣམས་ཀྱི་མཆོད་རྟེན་རབ་བརྟང་གི་སྨྱུག་མའི ་ནགས་གྲོང་ཀ་ལ་བ་དེར་གཤེགས་ཏེ། དེ་ན་བཅོམ་ལྡན་འདས་རབ་བརྟན་ཏུ་བྱོད་ནས།། མ་ག་དྷ་བ་རྣམས་ཀྱི་མཆོད་རྟེན་རབ་བརྟན་གྱི་སྤྱིག་མོའི་ནགས་ཁྲོད་ན་བཞུགས་སོ།། ཡུལ་མ་ཀ་དཱའི་རྒྱལ་པོ་བཟོད་དབྱིངས་གཟུགས ་ཅན་སྙིང་པོས། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་སྔོན་རལ་པ་ཅན་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ ་པ། སྲིད་པ་ཀུན་ཏུ་སྦྱོར་བ། ཡོངས་སུ་ཟད་པ། ཡང་དག་པའི་ཧེ། ས་པསྠཱ་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟཀ་དང་། ཐབས་ན། ཅིག་ཏུ་ཡུལ་མ་ག་དཱང་ཡུལ་རྒྱུ་ཞིང་གཤེགས་པ་ན། མ་ག་དཱ་བ་རྣམས ་ཀྱི་མཆོད་རྟེན་རབ་བརྟན་གྱི་སྨྱིག་མའི་ནགས་ཁྲོད་ཀ་ལ་བ་དེར་གཤེ། གས་ཏེ། དེ་ནས་བཅོམ་ལྡན་འདས་རབ་བརྟན་དུ་བྱོན་ནས། མ་ག་དཱ་པ་རྣམས་ཀྱི་མཆོད་རྟེན་རབ་བརྟན་གྱི་སྨྱིག་མའི་ནགས་ཁྲོད ་ར་བཞུགས་སོ་ཞེས་ཐོས་སོ།། ཐོས་ནས་ཀྱང་རྒྱལ་པོའི་འབྱོར་དཔའི་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོས་ཤིང་རྟ་ཁྲི་ཉིས་སྟོང་དང་རྟའི་ཁྱུ་ཚན་ཁྲི་བརྐྱང་སྟོང་དང་། ཡུལ་མ་ག་དཱའི་བྲམ་ཟེ་དང་། ཁྱིམ་བད། ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་ལྟ་བ་དང་། བསྙེན་བཀུར་ལ་འགྲོ་བའི་ཕྱིར་རྒྱལ་པོ་འཁབ་ནས་བྱུང་སྟེ། དེ་བཞོན་པས་བགྲོད་པའི་ཇི་སྲིད་པ་དེ་སྲིད་དུ་བཞོན་པས་སོང་ནས།། བཞོན་པ་ལས་བབས ་ཏེ། རྒ་བ་ཁོ་ནས་ཀུན་དགའ་ར་བ་ན་བཞུགས་ནས།། ཡུལ་མ་ག་དཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བར་སྐབས་གང་ནས།། བཅོམ་ལྡན་འདས་མཐོང་བའི་བར་སྐབས་དེར།། རྒྱལ་ཆོས་ཀྱི་མཚར་མ་ལྔ ་པོ་གཅོད་པར་དང་། གདུགས་དང་། རལ་གྱི་དང་། རྔ་ཡབ་ནོར་བུ་ཅན་དང་། ལྷམ་ཁྲ་བོ་དག་ཏུ་ཕུད་དེ་བཞག་གོ།། དེ་ནས་ཡུལ་མ་དའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་རྒྱལ་ཆོས་ཀྱི་མཚན་མ་ལྔ་པོ་དག་ཕུར ་དེ་བཞག་ནས།། བཅོམ་ལྡན་འདས་ཀ་ལ་བ་དེར་སོང་སྟེ་ཕྱི་རང་པ་དང་། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད ་དེ། བཙུད་པ་བདག་ནི་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོད་སྦྱངས་གཟུགས་ཅད་སྙིང་པོ་ལགས་སོ།། བཙུན་པ་བདག་ནི་སག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལགས་སོ།། རྒྱལ་པོ་ལགས་སོ་ཞེས་ལན་གསུམ་གྱི་བ ་དུ་རང་གི་མྱོང་རྗེས་སུ་བཟློགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩཡང་བ། རྒྱལ་པོ་ཆེན་པོ་དེ་དེ་བཞིད་དོ།། དེ་དེ་བཞིན་ཏེ། རྒྱལ་པོ་ཆེན་པོ་ཁྱོད་དི་ཡུལ་ཡ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡིན་ནོ།། ་རྒྱལ་པོ་ཆེན་པོ་ཁྱོད་ནི་ཡུལ་མ་ཀ་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡིན་ནོ།། རྒྱལ་པོ་ཡིན་ནོ།། རྒྱལ་པོ་ཆེན་པོ་ཁྱོད་རང་གི་སྟན་གྲང་ཡིན་པ་ལ་འདུག་ཤིག། དེ་ནས་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས ་གཟུགས་ཅན་སྙིང་པོས།། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོ། ས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། ཡུལ་མ་ག། ངྐའི་བྲམ་ཟེ་དང་ཁྱིམ་བདག་ཁ་གཅིག་ཀྱིས་ནི། བཅོམ་ལྡན་འདས་ཀྱི ་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། ཁ་གཅིག་གིས་ནི་བཅོམ་ལྡན་འདས་ལ་མངོན་གསུམ་དུ་ཕན་ཚུན་ཀུན་དགའ་བར་འགྱུར་བ་དང་། ཡང་དག་པར་དགའ་བར་འགྱུར་བའི་གཏམ ་སྣ་ཚོགས་དག་གསོལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། ཁ་ཅིག་གྱིས་ནི་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཕྱོགས་གཅིག་ཏུ་འཁོད་དོ།། ཁ་ཅིག་གིས་རྒྱང་རིང་པོ་ཁོ་ན་ནས། བཅོམ་ལྡན་འདས ་མཐོང་ནས། ཅང་མྱི་སྨྲ་བར་ཕྱོགས་གཅིག་ཏུ་འཁོད་དོ།། དེའི་ཚེ་ན་རལ་པ་ཅན་ཚེ་དང་ལྡན་པ་ལྡེང་རྒྱས་འོད་སྲུང་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པར་གྱུར་ད་ཏོ།། དེ་ནས་ཡུལ་མ་ག་དྷའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་འདི ་ས་ཀྱིང་ས་སྩོ་བ་མ་ཅད་ཉི་ཏུམ་འ་བྱུང་ས་ཆུང་མ་པར་བྱེད་པ་མྱོང་ངས་ཀྱིངས་པ་པ་མེ་རྒྱ་འང་སུ་བྱེད་དགེ་སྦྱོང་མང་པོའི་སུས་མ་པཏུང་བམྱོང་མམ་། ་བཅོམ་ལྡན་འདས་ཀྱི་ཡུལ་མ་ཀ་དྷའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱི་སེམས་ཐུགས་ཀྱིས་མཁྱེན་ནས།། ཚེ་དང་ལྡན་པ་ལྡེང་རྒྱས་འོད་སྲུཔ་འཚིགས་སུ་བཅད་པའི་དབྱངས་ཀྱིས་དྲི་བ་དྲིས་པ། ལྡེང་རྒྱས ་གནས་པས་འདི་ལ་ཅི་ཐོབ་ན།། ཁྱེད་ཀྱིས་མྱེ་སྤངས་བརྟུལ་ཞུགས་པོ་ལ་སྤྱོད།། ཁྱོད་ཀྱིས་ཇི་ལྟར་མྱེའི་སྦྱིན་བསྲེགས་སྤངས།། འོད་སྲུང་དེའི་དོན་ནི་དེ་ལ་སྤྲོས།། ཚེ་དང་ལྡན་པ་སྡེང་རྒྱས་འོད་སྲུང་གྱིས་གསོལ་པ།། འདི་ནི ་ཁ་ཅིག་ཟ་དང་སྐོམ་དག་དང་།། རོ་དང་འདོད་པ་བུད་མྱེད་བརྗོད་བགྱིད་པ།། རྫས་བྱུང་དེ་དག་དྲི་མར་རབ་མཐོང་བས།། དེ་སླད་མཆོད་སྦྱིན་སྲེག་ལ་བདག་མྱི་དགའ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གལ་ཏེ་ཁྱོད ་ནི་འདོད་དང་ཟས་སྐོམ་དང་།། དེ་བཞིན་རོ་རྣམས་དག་ལ་ཡིད་དཀར་མྱི་བྱེ་དདན།། ཇི་ལྟར་ལྷ་མྱིའི་འཇིག་རྟེན་དག་ལ་ཁྱོད་ཀྱི་ཡིད།། དགའ་བར་བྱེད་པ་དྲིས་པ་འོད་སྲུང་སྤྲོས།། ཚེ་དང་ལྡན་པ་ལྡེང་རྒྱས་འོད ་སྲུང་གི་གསོལ་པ། ཀོ་འཕང་ཞི་མཆོག་ཕུང་པོ་མ་མཆིས་ཤིང་།། ཡང་མ་མཆིས་འདོད་སྲིད་མ་ཆགས་ལ།། མྱི་འགྱུར་གཞན་གྱི་ས་མྱི་དཀྲི་མཐོང་ལགས་པས།། དེ་སླད་མཆོད་སྦྱིན་སྲེག་ལ ་བདག་མྱི་དགལ།། མྱི་ཉམས་གོ་འཕང་དཔ་པ་མ་མཐོང་ཚེ།། མཆོག་སྦྱིན་བརྟུལ་ཞུགས་རྣམས་ལ་ཞུགས་ཀྱིས་ཀྱང་།། གྲོལ་བར་འགྱུར་ཞེས་བདག་ཡིད་རྨོངས་གྱུར་ད་ཅིང་།། ལྡོངས་ཤིང་སྐྱེ་ཤིའི་རྗེས་སུ ་ཞུགས་པར་གྱུར་།། ཀོའུ་ཏམ་སྐྱེ་བ་མང་པོའི་དོན་ཏུ་རྔམ་འདྲེན་པ།། ཐུབ་པ་འདྲེན་པའི་ཐལ་མངའ་ཁྱོད་བྱུང་ཞིང་།། གཙོ་མཆོག་སྐྱོབ་པས་ལེགས་བཤད་ད་ལྟར་ནི།། གོ་འཕང་འདུས་ལ་བགྱིས་ཏེ་བདག་ཀྱིས ་མཐོང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ཏུ་རྣམ་པར་ཕྱེ་བའི་ཆོས་རྣམས་ལས།། དམ་པ་གང་ཡིན་དེ་ནི་རྟོགས་གྱུར་བ།། དེ་ནི་ཁྱེད་ནི་ཁྱེད་ཀྱིས་ཉེས་བསམས་མ་ཡིན་ཏེ།། ཁྱེད་ཀྱིས་ཉེས་པ ་ལེགས་པ་ཡིན།། འོད་སྲུང་འཁོར་རྣམས་སྐྱོ་བ་སྐྱེད་ཅིག། དེ་ནས་ཚེ་དང་ལྡན་པ་ལྡེང་རྒྱས་འོད་སྲུང་།། བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བས།། ཇི་ལྟར་སེམས་མཉམ་པར་བཞག་པ་བཞིན་དུ། བདག་ཀྱི ་སྟན་གི་སྟེང་ན། མྱི་སྣང་བར་གྱུར་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཤར་ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ། སྤྱོད་ལམ་རྣམ་པ་བཞི་པོ་འདི་ལྟ་སྟེ། ཆགས་པ་དང་། ་འགྲེང་བ་དང་། འདུག་པ་དང་། ཉལ་བ་དག་བྱེད་དོ།། མྱེའི་ཁམས་ལ་ཡང་སྙོམས་པར་ཞུགས་ཏེ།། ཚེ་དང་ལྡན་པ་ལྡེང་རྒྱས་འོད་སྲུང་མྱེའི་ཁམས་ལ་སྙོམས་པར་ཞུགས་པའི་ལུས་སམ། འོད་ཟེར་རྣམ་པ་སྣ་ཚོགས ་འདི་ལྟ་སྟེ། སྔོན་པོ་དག་དང་། སེར་པོ་དག་དང་། དམར་པོ་དག་དང་། དཀར་པོ་དག་དང་། བཙོད་ཀ་དག་དང་། ཤེལ་གི་ཁ་དོག་ལྟ་བུ་དག་བྱུང་ངོ་།། ཆོ་འཕྲུལ་ཟུང་དག་ཀྱང་རྣམ་པར་བསྟནད་ཏེ། ལུས་ཀྱི་སྨད་ནས་མྱེ ་འབར་ལ།། ལུས་ཀྱི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབབ་པ་དང་།། ལུས་ཀྱི་སྟོད་ནས་མྱེ་འབར་བ་ལ། ལུས་ཀྱི་སྨད་ནས་ཆུ་གྲང་མོའི་རྒྱུན་འབབ་པ་དག་ཀྱང་རྣམ་པར་བསྟན་ཏོ།། ཤར་ཕྱོགས་སུ་ཇི་ལྟ་བ་བཞིན་དུ ་ལྷོ་དང་། ནུབ་དང་། བྱང་ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་ཡང་མངོན་པར་འཕགས་ཏེ། སྤྱོད་ལམ་རྣམ་པ་བཞི་པོ་འདི་ལྟ་སྟེ། འཆག་པ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དག་བྱེད་དོ།། ་མྱེའི་ཁམས་ལ་ཡང་སྙོམས་པར་ཞུགས་ཏེ། ཚེ་དང་ལྡན་པ་ལྡེང་རྒྱས་འོད་སྲུང་མྱེའི་ཁམས་ལ་སྙོམས་པར་ཞུགས་པའི་ལུས་ལས་འོད་ཟེར་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དག་དང་། སེར ་པོ་དག་དང་། དམར་པོ་དག་དང་། དཀར་པོ་དག་དང་། བཙོད་ཀ་དག་དང་། ཤེལ་ཀི་ཁ་དོག་ལྟ་བུ་དག་ཀྱང་འབྱུང་ངོ་།། ཆོ་འཕྲུལ་ཟུང་དག་ཀྱང་རྣམ་པར་བསྟན་ཏེ། ལུས་ཀྱི་སྨད་ནས་མེ་འབར་བ་ལ། ལུས་ཀྱི་སྟོང ་ནས་ཆུ་གྲང་མོའི་རྒྱུན་འབབ་པ་དང་། ལུས་ཀྱི་སྟོད་ནས་མེ་འབར་བ་ལ། ལུས་ཀྱི་སྨད་ནས་ཆུ་གྲང་མོའི་རྒྱུན་འབབ་པ་དག་ཀྱང་རྣམ་པར་བསྟན་ཏོ།། དེ་ལྟར་ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོས་འཕྲུལ་རྣམ་པ་བཞི་བསྟན་ནས། རྫུ ་འཕྲུལལ་ངོད་པར་འདུ་བྱ་བ་དེ་དག་ཕྱིར་བསྡུས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྦ་པས་ལ་བཙུགས་ཏེ།། བཅོམ་ལྡན་འདས་གལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུང་ནས། ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་སོ།། བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ།། བཅོམ་ལྡན་འདས་ནི་བདག་གི ་སྟོན་པ་ལགས་སོ།། སྟོན་པ་ལགས་སོ།། བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ།། ཉན་ཐོས་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། འོད ་སྲུང་ང་ནི་ཁྱོད་ཀྱི་སྟོན་པ་ཡིན་ནོ།། ཁྱོད་ནི་ངའི་ཉན་ཐོས་ཡིན་ནོ།། འོད་སྲུང་ང་ནི་ཁྱོད་ཀྱི་སྟོན་པ་ཡིན་ནོ།། སྟོན་པ་ཡིན་ནོ།། ཁྱོད་ནི་དེའི་ཉན་ཐོས་ཡིན་ནོ།། ཉན་ཐོས་ཡིན་ནོ།། འོད་སྲུང་ཁྱོད་རང་གི་སྟན་གང་ཡིན ་བ་ལ་འདུག་ཤིག། དེ་ནས་ཚེ་དང་ལྡན་པ་ལྡེང་རྒྱས་འོད་སྲུང་གྱིས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། རང་རང་གི་སྟན་གང་ཡིན་པ་ལ་འདུག་གོ།། དེ་ནས་ཡུལ་མ་ག་དྷའི་བྲམ་ཟེ ་དང་། ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་ནི་རལ་པ་ཅན་ལྟེང་རྒྱས་འོད་སྲུང་གྱི་དྲུང་གྱི་དྲུང་ན།། ཚངས་པར་སྤྱད། པ་སྤྱོད་པ་མ་ཡིན་གྱི།། རལ་པ་ཅན་ལྟེང་རྒྱས་འོད་སྲུང་ཉིད ་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་པ་ཡིན་ནོ།། སྭཱ་མ་མོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་ག་དཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་བཀའ་སྩལ་ད་བ། རྒྱལ་པོ་ཆེན ་པོ་གཟུགས་མི་སྐྱེ་བོ་ཡང་མ་ཡིན། འཇིགས་པ་ཡང་མ་ཡིན་ཏེ། དེ་ནི་སྐྱེ་བ་དང་། འཇིགས་པ་ཡང་རྟོགས་པར་བྱའོ།། རྒྱལ་པོ་ཆེན་པོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ ་ནི་སྐྱེ་བ་ཡང་མ་ཡིན། འཇིགས་པ་ཡང་མ་ཡིན་ཏེ།། དེའི་སྐྱེ་བ་དང་འཇིགས་པ་ཡང་རྟོགས་པར་བྱའོ།། རྒྱལ་པོ་ཆེན་པོ་གཟུགས་ཀྱི་སྐྱེ་བ་དང་། འཇིག་པའི་ཆོས་ཉིད་རྟོགས་པའི་རིགས་ཀྱི་བུས་ནི།། གཟུགས་དེ ་ཡོངས་སུ་ཤེས་པ་ཡིན་ནོ།། རྒྱལ་པོ་ཆེན་པོ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྐྱེ་བ་དང་། འཇིགས་པའི་ཆོས་ཉིད་རྟོགས་པའི་རིགས་ཀྱི་བུས་ནི། རྣམ་པར་ཤེས་པ་དེ་ཡོངས་སུ་ཤེས ་པ་ཡིན་ནོ།། རྒྱལ་པོ་ཆེན་པོ་གཟུགས་ཡོངས་སུ་ཤེས་པའི་རིགས་ཀྱི་བུ་ནི། བདག་དང་གཞན་གྱི་ཞེས་ཁས་ལེན་པར་མྱི་བྱེད། ཉེ་བར་ལེར་བར་མྱི་བྱེད། ལྷག་པར་ཆགས་པར་མྱི་བྱེད། མངོན་པར་ཞེན་པར་མྱི་བྱེད་དོ།། རྒྱལ་པོ ་ཆེན་པོ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པར་ཡོངས་སུ་ཤེས་པའི་རིགས་ཀྱི་བུ་ནི། བདག་དང་གཞན་གི་ཞེས་ཁས་ལེན་པར་མྱི་བྱེད། ཉེ་བ་ལེན་པ་ཀྱི་བྱེད་ལྷག་པར་གནས་པར་མྱི་བྱེད། མངོན་པར་ཞེན་པར་མྱི ་བྱེད་དོ།། རྒྱལ་པོ་ཆེན་པོ་གཟུགས་བདག་གིར་མྱི་བྱེད། ཁས་ལེན་པར་མྱི་བྱེད། ཉེ་བར་ལེན་པར་མྱི་བྱེད།། ལྷག་པར་གནས་པར་མྱི་བྱེད། མངོན་པར་ཞེན་པར་བྱེད་པའི་རིགས་ཀྱི་བུ་ནི་ཚད་མྱེད་པ་དང་། གྲངས་མྱེད་པ་ཡིན ་ཏེ། མྱ་ངན་ལས་འདས་པ་ཡིན་པར་སྨྲའོ།། རྒྱལ་པོ་ཆེན་པོ། ཚོར་བ་དྲང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་གིར་མྱི་བྱེད། ཁས་ལེན་པར་མྱི་བྱེད། ཉེ་བར་ལེན་པར་མྱི་བྱེད། ལྷག་པར ་གནས་པར་མྱི་བྱེད། མངོན་པར་ཞེན་པར་མྱི་བྱེད་པའི་རིགས་ཀྱི་བུ་ནི། ཚད་མྱེད་པ་དང་། གྲངས་མྱེད་པ་ཡིན་ཏེ། མྱ་ངན་ལས་འདས་པ། ཡིན་པར་ང་སྨྲའོ།། དེ་ནས་ཡུལ་མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག ་རྣམས་འདི་སྙམ་དུ་སེམས་ཏེ། གལ་ཏེ་གཟུགས་བདག་མ་ཡིན་ཞིང་། ཚོར་པ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་བདག་མ་ཡིན་ན། འོ་ན་མི་གང་ནམ་ཡང་འབྱུང་བས་གྱུརྡ་པ་དང་། ་འབྱུང་བར་བྱ་འགྱུར་བ་དང་། ད་ལྟར་ཡང་མྱེད་པ་ཡང་མ་ཡིན་ཞིང་། གང་དེ་དང་དེ་དག་ཏུ་དགེ་བ་དང་། སྡིག་པའི་ལས་བྱས་ཤིང་། བྱས་པ་དག་གི་རྣམ་པར་སྦྱིན་པ་སོ་སོར་མྱོང་བར་བྱེད་པ་དང་། གང་ཕུང་པོ་འདི་འདོར་ཞིང་། ་ཕུང་པོ་ཀ་ཞན་དང་། ཉིང་མཚམས་སྦྱོར་བར་འགྱུར་བའི་བདག་གམ། སེམས་ཅད་དམ། སྲོག་གམ། སྐྱེ་བུ་འམ། གསོལ་བ་འམ། གང་ཟག་གམ། ཤེད་ཅན་ལས་སྐྱེས་སམ། ཤེད་བུ་འམ།། བྱེད་པ་པོ་འམ། བྱེད་དུ ་འདུག་པ་པོ་འམ་སྐྱེད་པ་པོ་འམ་། ཀུམ་དས་སྐྱེད་པ་པོ་འམ་། གྲོང་བཔོའམ། སུས་ངས་སྤོང་བ་པོ་འམ། སྲབ་པོ་འམ།། མྱོང་བ་པོ་འམ། མོ་སོར་མྱོང་བ་པོ་གང་ཞིག་ཡིན་པས་སོ།། དེདས་བཅོམ་ལྡན་འ ་ཀྱིས་ཡུལ་མ་ཀ་དཱའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱི་སེམས་ཐུགས་ཀྱིས་མཁྱེན་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མྱི་ལྡན་པ་ནི། བདག་བདག ་ཅེས་ཐ་སྙད་འདོགས་པའི་རྗེས་སུ་ལྷུང་སྟེ། དེ་ལ་ནི་བདག་ཀམ། བདག་གིར་བྱ་བ་མྱེད་དོ།། དགེ་སློང་དག་སྡུག་བསྔལ་འདི་སྐྱེ་བ་ནི་སྐྱེ་ལ། སྡུག་བསྔལ་འགག་པ་ནི་འགག་ཀོ། འདུ་བྱེད་རྣམས་སྐྱེ་བ་ནི་སྐྱེ་ལ། འདུ་བྱེད ་རྣམས་འགག་པ་མི་འགག་སྟེ། རྒྱུ་དེ་དག་དང་། རྒྱན་དེ་དག་དང་། རྐྱེན་དེ་དག་ལ་བརྟེན་ནས། སེམས་ཅན་རྣམས་ཀྱི་འདུ་བྱེད་ཀྱི་རྒྱུན་འབྱུང་བར་འགྱུར་ཏེ།། དགེ་སློང་དག་དེ་བཞིན་གཤེགས་པ་ནི། འདུ་བྱེད་རྣམས ་ཀྱི་རྒྱུ་ཉིང་མཚམས་སྦྱོར་བར་ཐུགས་སུ་ཆུད་ནས། སེམས་ཅན་རྣམས་ཀྱི་འཆི་འཕོ་དང་། སྐྱེ་བ་འདོགས་པར་མཛད་དོ།། དགེ་སློང་དག་ངས་ལྔའི་སྤྱན་རྣམ་པར་དག་པ་མྱིའི་ལས་འདས་པས་སེམས་ཅན་འཆི་ཕྲོ་བ་དག ་དང་། སྐྱེ་བ་དག་དང་། མདོག་བཟང་བ་དང་། མདོག་ངན་པ་དག་དང་། བཟང་པོ་དག་དང་། བདེ་འགྲོར་འགྲོ་བ་དག་དང་། ངན་འགྲོར་འགྲོ། བ་དག་ཀྱང་གཟིགས་ལ།། སེམས་ཅན་ཤེས་པ་དང་ལྡན་པ་འདི་དག ་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ། ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་འདེབས་པ་ལོག་པར་ལྟ་བ་དག་སྟེ། ལོག་པར་ལྟ་བའི་ལས་དང་། ཆོས་ཡང་དག་པར ་བླངས་པའི་རྒྱུས་ལུས་ཞོག་སྟེ།། ཤི་བའི་འོག་ཏུ་རྒྱུ་དེ་དང་། རྐྱེད་ངེས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དང་། སེམས་ཅན་ཤེས་པ་དང་ལྡན་པ་འདི་དག་ནི་ལུས་ཀྱིས་ལེགས་པར ་སྤྱོད་པ་དང་ལྡན་པ། ངག་དང་ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་བ་མྱི་འདེབས་པ། ཡང་དག་པའི་ལྟ་བ་དག་སྟེ། ཡང་དག་པར་ལྟ་བའི་ལས་དང་།། ཆོས་ཡང་དག་པར་བླངས་པའི་རྒྱུས་ལུས ་ག་སྟེ། ཤི་བའི་འོག་ཏུ་རྒྱུ་དེ་དག་དང་། རྐྱེན་དེས་བདེ་འགྲོ་མཐོ་རིས་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་སྐྱེ་བར་འགྱུར་རོ་ཞེས་སེམས་ཅན་རྣམས་ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ ་མཁྱེནང་ཏོ།། དགེ་སློང་དག་ངས་དེ་ལྟར་མཁྱེན་ཅིང་དེ་ལྟར་གཟིགས་པས་ན།། ང་ནི་གང་ནམ་ཡང་བྱུང་བར་མ་གྱུར་པ་དང་། འབྱུང་བར་མ་གྱུར་པ་དང་། འབྱུང་བར་མྱི་འགྱུར་བ་དང་། ད་ལྟར་ཡང་མྱེད་པ་མ་ཡིན་ཞིང ་གང་དེ་དང་དེ་དག་ཏུ་དགེ་བ་དང་། སྡིག་པའི་ལས་བྱས་ཤིང་བྱས་པ་དག་གི་རྣམ་པར་སྦྱིན་པ་སོ་སོར་མྱོང་བར་བྱེད་པ་དང་། གང་ཕུང་པོ་འདི་འདོར་ཞིང་ཕུང་པོ་གཞན་དང་ཉིང་མཚམས་སྦྱོར་བ་དེ། ཆོས་ཀྱི་བརྡ་མ་གཏོགས་པར། ་བདག་གམ། སེམས་ཅན་རམ།། སྲོག་ཀམ། སྐྱེ་བ་འམ། གསོ་བ་འམ། གང་ཟག་གས།། ཤེད་ལས་སྐྱེས་སམ། ཤེད་བུ་འམ། བྱེད་པ་པོ་འམ། བྱེད་དུ་འདུག་པ་པོ་འམ། སྐྱེད་པ་པོ་འམ། ཀུན་ནས་སྐྱེད་པ་པོ་འམ ་སྲོང་བ་པོའི་ཀུན་ནས་སློང་བ་པོའི་སྨྲབ་པོ་འམ་མྱོང་བ་པོའི་སོ་སོར་མྱོང་བ་པོ་ཡིན་ནོ་ཞེས་མྱི་སྨྲའོ།། དེ་ལ་ཆོས་ཀྱི་བརྡ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་འདི་ཡོད་པའི་ཕྱིར་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟ་སྟེ་མ་རིག་པའི་རྐྱེན་ཀྱིས ་འདུ་བྱེད་རྣམས་འདུ་བྱེད་ཀྱི་རྐྱེན་ཀྱིས་རྣམ་པར་ཤེས་པ། རྣམ་པ། ར་ཤེས་པའི་རྐྱེན་ཀྱིས་མྱིང་དང་གཟུགས། མྱིང་དང་གཟུགས་ཀྱི་རྐྱེ་ན་ཀྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་ཀྱིས་རེག་པ། རེག་པའི ་རྐྱེན་ཀྱིས་ཚོར་བ། ཚོར་བའི་རྐྱེན་ཀྱིས་སྲེད་པ། སྲེད་པའི་རྐྱེན་ཀྱིས་ལེན་པ། ལེན་པའི་རྐྱེན་ཀྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ་སྐྱེ་བའི་རྐྱེན་ཀྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། ་སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འབྱུང་བར་འགྱུར་རོ།། འདི་ལྟ་སྟེ་འདི་མྱེད་པས་འདི་མྱི་འབྱུང་ལ། འདི ་འགགས་པས་འདི་འགགས་སྟེ། འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག། རྣམ་པར་ཤེས་པ་འགགས་པས་མྱིང་དང་གཟུགས་འགག། ་མྱིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགག་པས་རེག་པ་འགག། རེག་པ་འགགས་པས་ཚོར་བ་འགག། ཚོར་བ་འགགས་པས། སྲེད་པ་འགག་སྲེད་པ་འགགས་པས། ་ལེན་པ་འགག། ལེན་པ་འགགས་པས་སྲིད་པ་འགག། སྲིད་པ་འགགས་པས་སྐྱེ་བ་འགག། སྐྱེ་བ་འགགས་པས། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང ་འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འགག་པར་འགྱུར་རོ།། དགེ་སློང་དག་དེ་ལྟར་ན་འདུ་བྱེད་རྣམས་ནི་སྡུག་བསྔལ་བ་ཡིན་ལ།། མྱ་ངན་ལས་འདས་པ་ནི་ཞི་བ་ཡིན ་ཏེ། ཀུན་འབྱུང་བ་ལས། སྡུག་བསྔལ་ཀུན་འབྱུང་བར་འགྱུར་ལ།། རྒྱུ་འགགས་པ་ལས་སྡུག་བསྔལ་འགག་པ་དང་། ལམ་གྱི་རྒྱུན་འཆད་པ་དང་། མྱི་འབྱུང་བ་དང་། ཉིང་མཚམས་སྦྱོར་བ་མྱེད་ཅིང་འགག་པར་འགྱུར་ཏེ། ་སྡུག་བསྔལ་གྱི་མཐའ་ནི་དེ་ལྟ་བུ་ཁོ་ན་ཡིན་ནོ།། དགེ་སློང་དག་དེ་ལ་སྡུག་བསྔལ་གང་ཡིན་པ་དེ་འགགས་པ་དང་། དེ་ཉེ་བར་ཞི་བ་དང་། དེ་བསིལ་བར་གྱུར་ད་པ་དང་། དེ་ནུབ་པར་གྱུར་པ་མ་གཏོགས་པར། སུ་ཞིག ་ཡོངས་སུ་མྱ་ངན་ལས་འདས་ཏེ། དགེ་སློང་དག་འདི་ལྟ་སྟེ། ཕུང་པོཀུན་སྤངས་པ། སྲེད་པ་ཟད་པ།། འདོད་ཆགས་དང་བྲལ་བ་འགོ་དག་པ།། མྱ་ངན་ལས་འདས་པའི་གོ་འཕང་འདི་ནི་ཞི་བའོ།། དེ ་ནས་བཅོམ་ལྡན་འདས་ཀྱིས་ཡང་ལན་གཉིས་སུ་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་བཀའ་སྩལ་ད་པ།། རྒྱལ་པོ་ཆེ་ན་པོ་ཇི་སྙམ་དུ་སེམས།། གཟུགས་རྟག་པ་ཞིག་གམ། མྱི་རྟག་པ ་ཞིག་ཡིན་སྙམ། རྒྱལ་པོས་གསོལ་པ། བཙུན་པ་དེ་ནི་མྱི་རྟག་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྒྱལ་པོ་ཆེན་པོ་གང་མྱི་རྟག་པ་དེ་སྡུག་བསྔལ་བ་ཞིག་གམ།། སྡུག་བསྔལ་བ་མ་ཡིན་རྒྱལ ་བོས་གསོལ་པ།། བཙུན་པ་དེ་ནི་སྡུག་བསྔལ་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་པ། རྒྱལ་པོ་ཆེན་པོ་འོན་གང་མྱི་རྟག་པ་དང་། སྡུག་བསྔལ་བ་དང་། རྣམ་པར་འགྱུར་བའི་ཆོས་ཅན་དེ་ལ། འཕགས ་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་འདི་ནི་བདག་གིའོ།། འདི་ནི་བདག་གོ།། འདི་ནི་བདག་གི་བདག་གོ་ཞེས་བདག་ཏུ་ཁས་ལེན་པར་བྱེད་དམ། རྒྱལ་པོས་གསོལ་པ། བཙུན་པ་མྱི་བགྱིད་ལགས་སོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་ང་པ།། རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་པ་ཞིག་གས། མྱི་རྟག་པ་ཞིག་ཡིན་སྙམ།། རྒྱལ་པོས་གསོམང་བ ་བཙུན་པ་དེ་ནི་མྱི་རྟག་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་མྱི་རྟག་པ་དེ་སྡུག་བསྔལ་བ་ཞིག་གམ། སྡུག་བསྔལ་བ་མ་ཡིན།། རྒྱལ་པོས་གསོལ་པ། བཙུན་པ་དེ་ནི་སྡུག་བསྔལ་བ ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འོ་ན་གང་མྱི་རྟག་པ་དང་། སྡུག་བསྔལ་བ་དང་། རྣམ་པར་འགྱུར་བའི་ཆོས་ཅན་དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག། འདི་ནི་བདག་གིའོ།། ་འདི་ནི་བདག་གོ།། འདི་ནི་བདག་གི་བདག་གོ་ཞེས་བདག་ཏུ་ཁས་ལེན་པ་ངར་བྱེད་དམ། རྒྱལ་པོས་གསོལ་པ། བཙུན་པ་མྱི་བགྱིད་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ ་དེ་ལྟ་བས་ན། གཟུགས་གང་ཅི་རུང་བ། འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་འམ། ནང་གི་འམ། ཕྱི་རོལ་གི་འམ། རགས་པ་འམ། ཕྲ་བ་འམ། བཟང་པོ་འམ། ངན་པ་འམ། གང ་རྒྱང་རིང་བ་འམ། གང་ཟག་ཉེ་བ་དེ་དག་ཐམས་ཅད་ལ་ཡང་དག་པའི་ཤེས་རབ་ཀྱིས་འདི་ནི་བདག་གི་མ་ཡིན་ནོ།། འདི་ནི་བདག་མ་ཡིན་ནོ།། འདི་ནི་བདག་གི་བདག་མ་ཡིན་ནོ་ཞེས་དེ་ལྟར་དེ་དག་ལ་ཡང་དག་པ་ཇི་ལྟ་བ ་བཞིན་དུ་བལྟ་བར་བྱའོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་གང་ཅི་ཡང་རུང་བ་དང་། རྣམ་པར་ཤེས་པ་གང་ཅི་ཡང་རུང་བ་འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་འམ། ནང་གི་འམ། ཕྱི་རོལ་གྱི་འམ ་རགས་པ་འམ་ཕྲ་བ་འམ་བཟང་བའི་ངན་པ་འམ། གང་རྒྱང་རིང་བ་འམ། གང་ཟག་ཉེ་བ་དེ་དག་ཐམས་ཅད་ལ། ཡང་དག་པའི་ཤེས་རབ་ཀྱིས་ནི་བདག་གི་མ་ཡིན་ནོ།། འདི་ནི་བདག་མ་ཡིན་ནོ།། འདི་ནི་བདག་གི་བདག་མ་ཡིན་ནོ།། ་ཞེས་དེ་ལྟར་དེ་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ།། རྒྱལ་པོ་ཆེན་པོ་དེ་ལྟར་ལྷའི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་གཟུགས་ལ་ཡང་སྐྱོ་བར་འགྱུར། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་ལ་ཡང་སྐྱོ་བར་འགྱུར་རོ།། སྐྱོན་འདོད་ཆགས་དང་བྲལ་བར་འགྱུར་རོ།། འདོད་ཆགས་དང་བྲལ་མཇམ་པར་གྲོལ་བར་འགྱུར་རོ།། རྣམ་པར་གྲོལ་བས་བདུག་ནི་སྐྱེ་བཟང་ངོ་།། ཚངས ་པར་སྤྱོད་པ་བསྟེན་ཏོ།། བྱས་པ་བྱས་སོ།། སྲིད་པ་འདི་ལ་གཞན་མྱི་ཤེས་སོ་ཞེས་རྣམ་པར་གྲོལ་བར་ཤེས་ཤིང་མཐོང་བར་འགྱུར་རོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ཡུལ་མ་ག་དཱའི་རྒྱལ་པོ་གཟོ་སྦྱངས་གཟུགས་ཅད་སྙིང ་དལྟ་བརྒྱད་ཁྲི་དང་། ཡུལ་མ་ཀ་དྷའི་བྲམ་ཟེ་དང་། ཁྱིམ་བདག་འབུམ་ཕྲག་དུ་མ་དག་ཆོས་ཀྱི་མྱིག་རྡུལ་མྱེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ།། དེ་ནས་ཡུལ་མ་ག་དཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཆོས་མཐོང་ཞིང་། ཆོས་ཐོབ་ལ། ་ཆོས་རྟོགས་ཤིང་། ཆོས་ཀྱི་གཏིང་སླེབས་ཏེ། ནེམ་ནུར་ལས་རྒལ་ཏེ། ཐེ་ཙོམ་ལས་རྒལ་ཞིང་གཞན་གྱི་དྲིང་མྱི་འཇོག་པ་དང་། གཞན་གིས་དཀྲིར་མྱི་ཟུག་པ་དང་། སྟོན་པའི་སྟན་ཆོས་རྣམས་ལ། མྱི་འཇིགས་པ་ཐོབ་ནས། སྟན་ལས། ་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ། ་ཏོ།། བཙུར་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ།། བདག་མི་མངོན་པར་ཞུགས་པ་ལགས་སོ།། བདག་བཅོམ་ལྡན་འདས་རང་ཆོས་དང་དགེ་འདུད་ལ་སྐྱབས་སུ་མཆི་བ་ལགས་ཀྱིས། བདག་རེང་སྐན ་ཆད་ཇི་སྲིད་འཚོ་བའི་བར་དུ་སྲོག་གཅོད་པ་ལས་སྩོགས་པ་སྤངས་པ། སྐྱབས་སུ་མཆིས་པ། མངོན་པར་དད་པར་གྱུརྡ་པའི་དགེ་སྙེན་ལགས་པར་གཟུང་དུ་གསོལ། བདག་གིས་ཇི་སྲིད་འཚོའི་བར་དུ་བཅོམ་ལྡན་འདས་དགེ་སློང་གི། ་དགེ་འདུན་དང་བཅས་པ་ལ། ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། གདན་དང་། སྙུན་གི་གསོས་སྨན་ཡོ་བྱད་ཀྱིས་བསྙེན་བཀུར་བགྱི་བར་འཚལ་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་དུ་གཤེགས་པར་ཅི་གནང་། ་བཅོམ་ལྡན་འདས་ཀྱིས་ཡུལ་མ་ཀ་དཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་ཅང་མྱི་གསུང་བར་གནང་བ་མཛད་དོ།། དེ་ནས་ཡུལ་མ་ཀ་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཀྱིས་ཅང་མྱི་གསུང ་བས་གརང་བར་རིག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མངོན་པར་སྟོད་ཅིང་རྗེས་སུ་ཡི་རང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱད་སྔ་ནས་ཕྱིར་དོང་ངོ་།། མདོ ་ཆེན་པོ་གཟུགས་ཅན་སྙིང་པོས་བསུ་བ་ཞེས་བྱ་བ་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་འཛིན་མྱི་ཏྲ་དང་། བྲད་ཉ་བར་མ་དང་། ཞུ་ཆེན་གྱི་ལོ་ཙེ་བ་བར་དེ་ཡེ་ཤེས་སྡེ་ལས་སྩོགས་པས ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། ཨཱ་ཊ་ན་ཊཱི་ཡཱ་མ་སུ་ཏྲན་ནཱ་མ་ལཧཱ་སུ་ཏྲམ། བོད་སྐད་དུ། མདོ་ཆེན་པོ་ཀུན་ཏུ་རྒྱུ་བ་དང་། ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་། མཐུན ་