CLOSE WINDOW

Ng26.8: mdo chen po rgyal mtshan dam pa zhes bya ba
Wyliee-texts produced with BDRC’s OCR application

བབ་པ།། ། རྒྱུ་གར་སྐད་དུ། དྷ་དག་ཀྲན་ནཱ་མ་མ་ཧཱ། སུ་རྔམ།། བོད་སྐད་དུ། མདོ་ཆེན་པོ་རྒྱལ་མཚན་དམ་པ་ཞེས་བྱ་བ ་དཀོར་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གྱིས་ས་པ་དུས་ཅིག་ན། བཅོམ་ལྡན་འདས་གཉར་ཡོད་ན།། རྒྱལ་བུ་རྒྱལ་བྱེད་ཀྱི་འཚལ་མགོར་མྱེད་ཟས་སྤྱིང་གི་ཀུན་དགའ་ར་བ་ན་བཞུག ་སོ།། དེ་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གལ་ཏེ་བྱེད་ཅག་དགོད་པ་ར་འདུག་ཀྱང་རུང་། ཤིང་དྲུང་མ་འདུག་ཀྱང་རུང་། ཁྱིམ་སྟོང་ན་འདུག་ཀྱང་རུང་སྟེ། འཇིགས་པ་འམ། བཀ ་ཆ་བ་འམ། སྲུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་ད་ན། དེའི་ཚེ་ཁྱེད་ཀྱིས་འདི་ལྟར་བཅོམ་ལྡན་འདས་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས ་བ་འཇིག་རྟེར་མཁྱེན་པ།། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མྱེད་པ། ལྷ་དང་མྱི་རྣམས་ཀྱི་སྟོང་པ་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ་ཞེས་པ་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག། དེའི་ཚེ་ཁྱེད་ཀྱིས ་ང་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་བྱས་ནས་ན།། འཇིགས་པ་འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མྱེད་པར་འགྱུར་རོ།། དགེ་སློང་དག་སྔོན་ལྷ་དང་། ལྷ་མ་ཡིན་གྱི་གཡུལ ་ཉེ་བར་གནས་པར་གྱུར་ད་པ་ན། ལྷའི་དབང་པོ་བརྒྱ་བྱིན་གྱིས། སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་གལ་ཏེ་ཁྱེད་ཅག་ལྷ་དང་ལྷ་མ་ཡིན་གྱི་གཡུལ་དུ་ཞུགས་པ་ན། འཇིགས་པ་འམ། བག་ཚ་བ་འམ། ་སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་འགྱུར་ན།། དེའི་ཚེ་ཁྱེད་ཀྱིས་ངའི་རྒྱལ་མཚན་མཆོག་རྣམ་པར་རྒྱལ་བྱེད་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག། དེའི་ཚེ་ཁྱེད་ཀྱིས་ངའི་རྒྱལ་མཚན་མཆོག་རྣམ་པར་རྒྱལ་བྱེད་ཡང་དག་པར་རྗེས་སུ ་དྲན་པར་བྱས་ན།། འཇིགས་པ་འམ་བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མྱེད་པར་འགྱུར་རོ།། དགེ་སློང་དག་དེ་བཞིན་དུ་གལ་ཏེ་ཁྱེད་ཅག་ཀྱང་དགོན་པ་ན་འདུག་ཀྱང་རུང་། ཤིང ་རླུང་ན་འདུག་ཀྱང་རུང་། ཁྱིམ་སྟོང་ན་འདུག་ཀྱང་རུང་སྟེ། འཇིགས་པ་འམ་བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་ད་ན།། དེའི་ཚེ་ཁྱེད་ཀྱིས་འདི་ལྟར་བཅོམ་ལྡན་འདས་དེ་ནི། དེ་བཞིན་གཤེགས། ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབ་ས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེནད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མྱེད་པ། ལྷ་དང་མྱི་རྣམས ་ཀྱི་སྟོ་དད་པ་ལ་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ་ཞེས། ངའི་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱི་ཤིག། དགེ་སློང་དག་དེའི་ཚེ་ཁྱེད་ཀྱིས་ང་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་བྱས་ན། འཇིགས་པ ་འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མྱེད་པར་འགྱུར་རོ།། དགེ་སློང་དག་ལྷའི་དབང་པོ་བརྒྱ་བྱིན་དེ་ནི་དེ་དུང་འདོད་ཆགས་དང་བཅས་ཞེ་སྡང་དང་བཅས། གཏི་མུག་དང་བཅས་ཤིང་། ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱ་བདེ་བ་དང་། འཁྲུག་པ་དག་ལས་ཡོངས་སུ་མ་ཐར་ལ།། འཇིགས་པ་ཡོད། བ་ཚ་བ་ཡོད། ་སྡང་བ་ཡོད། འབྲོས་པ་ཡོད་ཅིང་། དེ་ནི་ལན་འགའ་འཇིགས་པ་ཡང་འགྱུར།། བག་ཚ་བར་ཡང་འགྱུར། སྡང་བར་ཡང་འགྱུར། འབྲོས་པར་ཡང་འགྱུར་ཏེ། དགེ་སློང་དག་ད་དུང་འདོད་ཆགས་དང་བཅས ་ཞེ་སྡང་དང་བཅས། གཏི་མུག་དང་བཅས་ཤིང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མ་ཐར་ལ། ་འཇིགས་པ་ཡོད། བག་ཚ་བ་ཡོད། སྡང་བ་ཡོད། འབྲོས་པ་ཡོད་པའི་ལྷའི་དབང་པོ་བརྒྱ་བྱིན་དེའི་ཚིག་ཀྱང་ཕུན་སུམ་བཅུ་གསུམ་པོའི་ལྷ་རྣམས་དད་པས། མཉན་པར་བྱ་བར་སེམས་ཤིང་། ཚིག་བཞིན་དུ་བྱ་བར་སེས ་ན། དགེ་སློང་དག་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། ་མྱ་ངན་དང་། སྨེ་སྔགས་འདོན་པ་དང་།། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་དག་ལས་ཡོངས་སུ་ཐར་པ། འཇི། གས་པ་མྱེད་པ། བག་ཚ་བ་མྱེད་པ་སྡང་བ་མྱེད་པ། འབྲོས་པ ་མྱེད་པ་ཡིན་པས། དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདོད་ཆགས་དང་བྲལ་པ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ།། སྐྱེ་བ་དང ་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་དག་ལས་ཡོངས་སུ་ཐར་པ། འཇིགས་པ་མྱེད་པ། བག་ཚ་བ་མྱེད་པ། སྡང་བ་མྱེད་པ ་འབྲོས་པ་མྱེད་པ། ངའི་ཚིག་མཉན་པར་བྱ་བ་དང་། བཏམས་པ་བཞིན་བྱ་བ་དང་། རྗེས་སུ་བསྟནད་པ་བཞིན་བྱ་བའི་གནས་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད ་གསུངས་ནས།། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ད་ཏོ།། དགོན་པ་དང་ནི་ཤིང་དྲུང་དང་།། ཁྱིམ་སྟོང་དག་དུ་འཇིག་རྟེན་གཙོ།། རྣམ་པར་འདྲེན་པ་རྫོགས་སངས་རྒྱས།། རྗེས་སུ་དྲན་གྱིས་དགེ་སློང་དག། ་གལ་ཏེ་རྣམ་འདྲེན་འཇིག་རྟེན་གཙོ།། རྫོགས་སངས་རྒྱས་པ་མྱི་དྲན་ན།། འདོད་ཆགས་བྲལ་བ་རྣམས་ཀྱི་མཆོག།། ཆོས་དེ་རྗེས་སུ་དྲན་པར་གྱིས།། གལ་ཏེ་འདོད་ཆགས་བྲལ་བའི་མཆོག། ཆོས་དེ་རྗེས་སུ་མྱི་དྲན་ན ་དགེ་འདུན་བླ་མྱེད་བསོད་ནམས་བཞི་།། དེ་ནི་རྗེས་སུ་དྲན་པར་གྱིས།། སངས་རྒྱས་ཆོས་དང་དགེ་འདུན་རྣམས།། དེ་ལྟར་རྗེས་སུ་དྲན་བྱས་ན།། འཇིགས་དང་བ་སྐུ་ལྡང་བ་རྣཾས།། མྱེད་པར་འགྱུར་རོ་དགེ་སློང་དག། ་འཇིགས་པས་སྐྲག་པའི་མྱི་མང་པོ།། རི་དང་ནགས་ཚལ་རྣམས་དག་དང་།། ཀུན་དགའ་མཆོད་པའི་ལྗོན་ཤིང་ལ།། སྐྱབས་སུ་འགྲོ་བར་གང་བྱེད་པ།། དེ་ནི་སྐྱབས་གཙོ་མ་ལྡེ་ཞིང་།། དེ་ནི་སྐྱབས་མཆོག་མ་ལཱ་ཏེ་སྐྱབས་དེ་དག་ལ་རྟེན་བྱེད་པ།། ་སྡུག་བསྔལ་ཀུན་ལས་གྲོལ་མྱི་འགྱུར།། གང་ཞིག་སངས་རྒྱས་ཆོས་དང་ནི།། དགེ་འདུན་དག་ལ་སྐྱབས་སོང་བ།། སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་།། སྡུག་བསྔལ་ཡང་དག་འགགས་པ་དང་།། བདེ་ཞིང་མྱ་ངན ་འདས་འགྲོ་བའི།། འཕགས་ལམ་ཡན་ལག་བརྒྱད་པ་ཡི།། འཕགས་པའི་བདེན་པ་བཞི་པོ་དག། ཤེས་རབ་ཀྱིས་དེ་ལག། ས་མཐོང་འགྱུར།། དེ་ནི་སྐྱབས་ཀྱི་གཙོ་བོ་དང་།། འདི་ནི་སྐྱེ་བས ་ཀྱི་མཆོག་ཡིན་ཏེ།། སྐྱབས་དེ་དག་ལ་རྟེན་བྱས་ན།། སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་པ་ཀའ་སྩལ་ནས།། དགེ་སློང་དེ་དག་ཡིད་རངས་ཏེ།། བཅོམ་ལྡན ་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། མདོ་ཆེན་པོ་རྒྱལ་མཚན་དམ་པ་ཞེས་བྱ་བ།། རྫོགས་སྷོ་། རྒྱ་གར་སྐད་དུ། བིམ་བི་སཱ་ར་པྲང་ཏུད་གམ་ད། ་