| Wylie | e-texts produced with BDRC’s OCR application |
ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། མཱ་ཡཱ་ཛྭ་ལན་ནཱ་མཱ་མ་ཧཱ་སུ་ཏྲམ། བོད་སྐད་དུ། མདོ་ཆེན་པོ་སྒྱུ་མའི་དྲ་བ་ཞེས་བྱ་བ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ ་འདི་སྐད་བདག་ཀྱིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གཏན་དུ་ཡོད་པ་མ། རྒྱལ་བུ་རྒྱལ་བྱེད་ཀྱི་འཚལ་འགོན་མྱེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་བཅོམ་ལྡན་འདས ་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོད་ལ། ལྷག་པའི་སེམས་མྱེད་ཅིང་། ལྷག་པའི་ཤེས་རབ་མྱེད་པ་དང་། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས ་ཀྱི་བསླབ་པ་ཡོད་ལ། ལྷག་པའི་ཤེས་རབ་མྱེད་པ་ཡང་ཡོད་དེ། འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་བརྩོན་པའི་རྗེས་སུ་སྦྱོར་བ་ལ་གནས་ན། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་ཀྱི་བསླབ་པའི ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན། འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནཱི། ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང ་ན། བླ་མ་མྱེད་པས་འཚོ་བ་ཡིན་ནོ།། དགེ་སློང་དག་ཇི་ལྟར་ར་འང་ཀས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞྀ། གས་པ་ས་གནས་པ་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་དངར་བླ་ན་མྱེད ་པས་འཚམ་ཡིན་ཞེན། དགེ་སློང་དག་འདི་ལ་འཕགས་པ་ཉན་མོ། ས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་བ་ནི་བདག་སྟོར་གི་མྱིག་གྱིས་རྣམ་པར་ཤེས་པར་བྱ་བའི་གཟུགས་ཡིད ་བདེ་བའི་གནས་སྣ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་འགྱུར་ལ། རྩིག་ཀྱིས་རྣམ་པར་ཤེས་པར་བྱ་བའི་གཟུགས་ཡིད་ཀྱི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང་གནས་པར་གྱུར་། མྱིག་ཀྱིས་རྣམ་པར། ་ཤེས་པར་བྱ་བའི་གཟུགས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་གནས་པར་འགྱུར་ཏེ། དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ་རྗེས་སུ་སྲོབ་ཅིང ་རྗེས་སུ་བྱེད་པ་ན། རྒ་བ་དང་། འཆི་བ་ཉམས་སུ་མྱོང་ཞིང་། སྔོན་གྱི་མཐའ་མྱི་མངོན་པར་གྱུརང་པས། བདག་ཀྱིས་ད་ནི་མྱིག་གི་རྣམ་པར་ཤེས་པ་བྱ་བའི་གཟུགས་དག་ལ་སྔོན་ཇི་ལྟ་བ་དེ་ལྟར་བསླབ་པར་མྱི་བྱ་ཞིང་། བདས ་གིས་མྱིག་གི་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་དག་ལ་ལོག་པར་མོས་པ་དང་། འདུ་ཤེས་ཕྱི་ནད་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག ་ཏུ་གྱུ་རང་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་དུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མཛོ ་པར་ཞེརན་ཅིང་། མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་།། དེ་དག་སྤངས་པར་གྱུར་ད་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ།། དགེ་སློང་དག་འོད་ཀྱང་འདི ་ན་ཁ་ཅིག་ལ་ནི་མྱིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ།། གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་བ་ཡང་ཡོད་ལ་དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས ་ལྟ་བུའི་ངག་ཏུ་འགྱུར་ཞིང་། དུས་ལ་ལར་ནི་ཡིད་མྱི་བདེ་བའི་གནས།། ལྟ་བུ་དག་དུ་འགྱུར།། དུས་ལ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ། བུ་དག་ཏུ་འགྱུར་ཏེ།། དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣཾས ་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་སེམས་ཀྱིས་བྲིང་། སེམས་ཀྱིས་བསྒྲུབས་ནས་ཉེས་དམྱིགས་སུ་མྱི་མཐོང་ཞིང་། ངེས་པར་འབྱུང་བར་རབ་ཏུ་མྱི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན ་བྱེད་དུ་འཇུག་གོ།། དགེ་སློང་དག་དགེ་སློང་ངམ།། བྲམ་ཟེ་གང་དག་ཁ་ཅིག་མྱིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་འདི་དག་ཉིད་བདེན་པ་དང་།། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས ་བ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས།། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ།། ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི།། མྱིག་གི་རྣམ་པར་ཤེས་པ་ཞེས་བྱ་བའི་གཟུགས ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད ་ས་ཅར་པ་དོད་པ་པན་བྱེ་ཟུག་པ་འང་།། རས་སོང་དག་དགེ་སློང་དང་། ཟས་གང་དག་འཙུག་ཀྱིག་གི་སྔནས་པ་ས་ཤཱ་འདིས་ཉིད་ད ་མ་མཐོང་ཞིང་། ཇི་ལྟར་རང་དང་ལོག་པར་མོས་པ་དག་ལ་རན་གྱིས་བཟུང་སྟེ། མངོན་པར་ཞེད་པར་བྱས་ནས།། འདི་ཉིད་བདེན་གྱི་གཞན་གྱི་བརྫུན་པའོ་ཞེས་རྗེས་སུ་བསྙད་འདོགས་པར་བྱེད་པ་དེ་དག་ནི་མྱིག ་རྣམ་པར་ཤེས་པར་བྱ་བའི་གཟུགས་ཡིད་མྱི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ། དགེ་སྦྱོང་དང་བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་། ་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག། མྱིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་འདི་དག་ཉིད་བདེན་པ་དང་། ་གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོ། ས་པ་དག་ལ་ནན་ཏན་གྱིས་བཟུང་སྟེ།། མངོན་པར་ཞེན་པར་བྱས།། ནས།། འདི་ཉིད་བདེན་གི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད ་འདོགས་པར་བྱེད་པ་དེ་དག་ནི། མྱིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ། སོ་སོར་སོ་སོར་བ་རྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་ངམ། བྲམ ་ཟེ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་དུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིར་བྱེད་དུ་འཇུག་པ་ཡིན་ནོ། ་དགེ་སློང་དག་འདི་ལྟ་སྟེ། དཔེར་ན་མྱི་སྤྱོར་པ་སེམས་གཡེངས་པ་ནི་གཅེར་བུར་དེ་དང་དེ་དག་ཏུ་མཁྱམ་པར་བྱེད་ཅིང་། དེ་དེས་མངོན་པར་དགའ་བར་བྱེད་ལ། དེ་ལ་ཉེས་དམྱིགས་སུ་མ་མཐོང་བ་ལས་གང་གི་ཚེ་དེས་རང་གི། ་སེམས་ཕྱིར་ཐོབ་པ་དེའི་ཚེ། དེ་སྔོན་གི་སྨྱོན་པའི་སྤྱོད་པ་དང་། སེམས་གཡེངས་པའི་སྤྱོད་པ་དང་། གཅེར་བུ་སྤྱོད་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོད་པར་བྱེད་ཅིང་རྣམ་པར་སྤོང་བར་བྱེད་དོ།། དགེ་སློང་དག ་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་། འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས། སྔོན་གྱི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཆལ་པའི་སྤྱོད་པ་དེས་གདུང ་པར་བྱེད། ངོ་ཆེ་བར་བྱེད།། གནོང་པར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་ལ།། རེ་འདི་སྙམ་དུ་སེམས་ཏེ། བདག་གྱིས་ནི་སྔོན་མྱི་རྟག་པ་ཁོ་ན་ལ་རྟག་པར་བསམས་ཤིང་། བདག་གིས་སྡུག་བསྔལ་ཁོ་ན་ལ་ནི་བདེ་བར་བསམས།། བདག ་གི་མྱི་གཙང་བ་ཁོ་ན་ལ་ནི་གཙང་བར་བསམས། བདག་གིས་བདག་མྱེད་པ་ཁོ་ན་ལ་ནི། བདག་ཏུ་བསམས་ཏེ། དེ་ལྟར་ན་བདག་ནི་སྔོན་མྱི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མྱི ་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མྱེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ད་ཏོ་སྙམ་དུ་སེམས་སོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གི་སློབ་མ་མཁས་པ་ཞིག ་ལམ་པོ་ཆེའི་གཞི་མདོར་འདུག་སྟེ། སྒྱུ་མ་རྣམ་པ་བཞི་པོ་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚེ། ས་དང་། དཔུང་བུ་ཆུང་གི་ཚོགས་དག་བྱས་ཏེ། རྣམ་པར་བསྟན་པར ་གྱུར་ད་ན། དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་འཆལ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གླང་པོ་ཆེའི་ཚོགས་དང་། རྟའི ་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གང་སྣང་བ་འདི་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམས་སོ།། སེམས་ཅན་བྱིས་པའི་རང་བཞིན་ཅན་མ་ཡིན་པ་དང་། རྨོངས་པའི་རང ་བཞིན་ཅན་མ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གང ་སྡང་བ་འདི་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། སྒྱུ་མར་བྱས་པ་འདི་འབའ་ཞིག་ཡོད་དོ།། མྱིག་སླུ་བར་བྱེད་པ་འདི་འབའ་ཤིག་ཡོད་དོ་སྙམ་དུ་སེམས་སོ།། དགེ་སློང་དག་དེ་བཞིན་དུ་འཕག ་ཚལ་པ་ང་བ་ཡང་དས་ཀྱིག་ཤིརྣཔ་པ་ཤེས་པ་འདས་པ་ད་ཡོངས་པ་དང་། ས་བྱུ་འིག་སུས་ས ་བར་ཐུག་པ་ཉིད་ངམ། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དམ།། གཞན་མ་ཡིན་པ་དེ་བཞིན་དམ། ཡང་དག་པ་ཉིད་དམ། བདེད་པ་ཉིད་དམ། དེ་ཁོར་ཉིད་ངམ། ཇི་ལྟ་བ་བཞིན་ཉིད་དམ། མ་ནོར་པ་ཉིད་དམ། ་ཕྱིར་ཅི་མ་ལོག་པའི་ཉིད་མྱེད་དེ། གསོག་ཀྱང་དེ་ཉིད་ཡིན། གསོབ་ཀྱང་དེ་ཉིད་ཡིན།། སྙིང་པོ་མྱེད་པ་ཡང་རེ་ཉིད་ཡིན། བརྟུན་པ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་ཀྱང་དེ་ཉིད་ཡིན ་བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས།། དེ་ལ་ནི་མདོ་ན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བ་འམ།། ལྐུག། ་པར་ཆག་པར་བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ་བ་ར་མྱི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ། འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར། ་རྟོག་པར་བྱེད་དོ།། དེས་དེ་ལྟར་ཤེས་ནས་མྱིག་གི་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་དང་དབྱ་ཡང་དག་པར་རྗེས་སུ་མཐོང་ཞིང་འབྲས་དང་། ཟུག་ཏུ་དང་། སྡིག་ས ་དང་། མྱི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མྱེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་།། དེས་མྱིག་གི་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་རྫས ་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་།། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མྱི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མྱེད་པར་རྗེས་སུ་མཐོང་བ་ན། དེའི་མྱོ་ག་གིས་རྣམ་པར་ཤེས་པར་བྱ་བ། ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་དག་ལ་ལོག་པར་མོས་པ་དང་། འདུ་ཤེས་ཕྱིར་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིར་ང་ཅི་ལོག་དུ་གྱུརང་པ་འདི་ལྟ་སྟེ། བརྡབ་སེམས་ཀྱི ་བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་གཡུལ་ཆེན་པོ་གསུལ་སྤྲད་དེ། གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་རོ་དེ་ཉིད་མངོན་པར་འཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་སྨྲས ་པའི་ཞེས་རབ་ལ་སྦྱོར་བ་རྗེས་སུ་ཞུགས་པ་ལ་གནས་པ་ནི།། ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ར། ཟ་ར་མྱེད་པས་འཚོ་བ་ཡིན་ནོ།། དགེ་སློང་དག་ཡང་ཇི་ལྟར་ན།། འཕགས་པ་ཉད་ཐོས་ལྷག་པའི་ཤེས ་རབ་སྦྱོར་བ་རྗེས་སུ་ཞུགས་པ་ལ་གནས་པ། ཤེས་རབ་ཀྱིས། འཚོ་བ་རྣམས་ཀྱི་ནང་ན། བླ་ན་མྱེད་པས་འཚོ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི། བདག་སྔོན་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་འགྱུར་ལ། རྣ་བས་རྣམ ་པར་ཤེས་པར་བྱ་བའི་སྒྲ་ཡིད་མྱི་བདེ་བའི་གནས་ལྟ་བུ་དག་ལ་ནི་ལོང་ཁྲོ་བ་དང་ལྡན་ཞིང་གནས་པར་གྱུརང། རྣབས་རྣམ་པར་ཤེས་པར་བྱ་བའི་སྒྲ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བཏགས་པ་མ་ཡིན ་སོ་སར་བརྟགས་པ་མ་ཡི་པའི་བཏང་སྙོམས་སུ་གནས་པར་འགྱུར་ཏེ། དེ་ལྟར་བདག་ཡུང་རིང་པོ་ནས་འདི་ལ་རྗེས་སུ་ཐོབ་ཅིང་རྗེས་སུ་བྱེད་པ་ན་། རྒ་བ་དང་། འཆི་བ་ཉམས་སུ་མྱོང་ཞིང་། སྣོང་གི་མཐའ་གྱི་མངོར་པར ་གྱུརང་བས། བདག་གིས་ང་རི་རྔབས་རྣམ་པར་ཤེས་པར་བྱ་བའི་སྒྲ་ངག་ལ་སྔོད་ཇི་ལྟ་བ་དེ་ལྟར་བསླབ་པར་གྱི་བྱའི་ཞིང་། བདག་གིས་རྣབས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི ་སྒྲ་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་ཕྱི་ནང་ཅི་ལོག་གམ། སེམས་ཕྱི་ནད་ཅི་ལོག་དུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ་ཚུལ་ཁྲིམས་དང་། བརྟུལ་ཤུགས་མཆོག་དུ་འཛིནད་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་། མཆོག་དུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤངས་པའི་ཕྱིར། བསླབ་པར་བྱ་ཞིང ་དེ་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ།། དགེ་སློང་དག་འོད་ཀྱང་འདི་ནི་ཁ་གཅིག་ལ་ནི་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ།། གཞན་དག་ལ་ནི་དེ་དག་ཉིད ་ཡིད་དུ་མྱི་འགྱུར་བར་འགྱུར་བ་ཡང་ཡོད་ལ།། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་དུ་འགྱུར་ཞིང་། དུས་ལ་ལར་ནི་ཡིད་མྱི་བདེ་བའི་གནས་ལྟ་བུ་དག་དུ་འགྱུར།། དུས་ལ་ལར་ནི་བཏང ་སྙོམས་ཀྱི་གནས་ལྟ་བུ་དག་དུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས། ཤིང་། སེམས་ཀྱིས་བྲིད། སེམས་ཀྱིས་བསླུས་ནས་ཉེས་དམྱིགས ་སུ་མྱི་མཐོང་ཞིང་། ངེས་པར་འབྱུང་བ་རབ་ཏུ་མྱི་ཤེས་ཏེ། བདུད་སྡིག་ཅར་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་རྣ་བས་རྣམ་པར་ཤེས་པར་བྱ་བའི ་སྒྲ་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་རས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་བསྣང ་འདོགས་པར་བྱེད་པ་དེ་དག་ནི། རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ།། བྲམ་ཟེ་གང་དག་ཁ་ཅིག་རྫབས་རྣམ་པར་ཤེས་པར་བྱ་བའི་སྒྲ་འདི་དག ་xxx ་བྱེད་པ་རེདས་མིང་བས་རྣམ་པར་ཤེས་པར་བྱ་བའི་ན་མྱི་བདེ་བའི་གངས་ག་སུ་དས་སུ་ཁོང་ཐོ་བ་དང་ལྡང་པར་གནས་ཏེ།། དགེ་སློང་དང་། བྲས་པ་གདོང་སེམས་ཀྱི་བདུང་པས་ཀུན་ནས་སུར་བྱུང་བ་ངན་པའི་བུ་སྦྱོར་བ་ས ་ལྡམ་པ་དེ་དག་ཀྱང་བདུད་སྡིག་ཅར་ཇི་ལྟར་འདོད་པ་བཞིན་དུ་བྱེད་དུ་འདུག་པ་ཡིན་དོ།། དགེ་སློང་དག་དགེ་སྦྱོང་ངམ།། ཟམ་ཟེ་གང་དག་ཁ་ཅིག་རྣབས་རྣམ་པར་ཤེས་པར་བྱ་བའི་སྒྲ་འདིདག་ཉིད་ད་དང་། གནས་པའི་སྒོ་ནས། ་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས། བཟུང་སྟེ། མངོན་པར་ཞེན་པར་བྱས་ནས། འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག ་ནི།། རྣ་བས་རྣམ་པར་ཤེས་པའི་བྱ་བའི་སྒྲ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པའི་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་འདི ་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་དུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ།། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག ་འདི་ལྟ་སྟེ་དཔེར་ན་མྱི་སྤྱོད་པ་ཆད་ཀྱིས་ར་རོ་བར་གྱུར་ང་བ་ནི་མ་དང་ལྷན་ཅིག་ཉལ་པོ་བྱེད་ཅིང་། དེ་དེས་མངོན་པར་དགའ་བར་བྱེད་ལ། དེ་ལ་ཉེས་དམྱིགས་སུ་མ་མཐོང་བ་ལས་གང་གི་ཚེ་སྨྱོས་པ་འམ། ར་རོ་བ་སངས་པར་གྱུར། ་པ་དེའི་ཚེ། ས་དང་ལྷན་ཅིག་ཉལ་པོ་བྱས་པ་རེས་གདུང་བར་བྱེད་ངོ་ཆེ་བར་བྱེད། གནོང་བར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་དོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པ་འཇིག ་རྟེན་ལ་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས་སྔོན་གི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཆལ་བའི་སྤྱོད་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོད་བར་བྱེད་ལ། རྣམ་པར་སྨོད་པར་བྱེད་ལ ་དེ་འདི་སྙམ་དུ་སེམས་ཏེ། བདག་ཀྱིས་ཇི་སྔོན་གྱི་ཕྱི་རྟག་པ་ཁོ་མ་ལ་རྟག་པར་བསམས་ཤིང་། བདག་གི་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བར་བསམས། བདག་གྱིས་མྱི་གཙང་བ་ཁོ་ན་ལ་ནི་གཙང་བར་བསམས། ་བདག་གྱིས་བདག་མྱེད་པ་ཁོ་ན་ལ་ནི་བདག་ཏུ་བསྲེས་ཏེ་དེ་ལྟར་ན་བདག་གི་ནི་སྔོན་མྱི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མྱི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག ་མྱེད་པ་ལ་བདག་དུ་འདུ་ཤེས་པར་གྱུར་ད་ཏོ་སྙམ་དུ་སེམས་སོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། ཆུ་རླུང་ཀྱི་འགྲམ་འམ། ཡུར་པོ་ཆེའི་འགྲམ་ན། སྨ་རྙན་གི་སྒྲ་གྲག་པར་གྱུར་ད་ན། དེ་ལ་སེམས་ཅན་བྱིས་པའི་རང་བཞིན ་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་འཆལ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་ལ་ས་སྒྲ་འདི་གྲག་པའི་སེམས་ཅན་དེ་ནི་བདེན་པ་དང་། གནས་པའི་སྒོ། ་ནས་ཡོད་དོ་སྙམ་དུ་སེམས་སོ།། སེམས་ཅན་བྱིས་པའི་རང་བཞི། ན་ཅན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དེ།། ཤེས་རབ་འཆལ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི ་འདི་སྙམ་དུ་སེམས་ཏེ། གང་ལས་སྒྲ་འདི་གྲག་པའི་སེམས་ཅན་དེ་དག་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། སྒྲ་བརྙན་འདི་འབའ་ཤིག་ཡོད་དེ། རྣ་བ་སླུ་བར་བྱེད་པ་དེ་འབའ་ཤིག་ཡོད་དོ། ་སྙམ་དུ་སེམས་སོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་། བདག་གིས་རྣ་བས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྒྲ་གང་དག་ཡིན་པ་འདི་དག་ལ་རྟག། ་པ་ཉིད་དམ། བརྟན་པ་ཉིད་དམ། ཐེར་ཟུག་པ་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་དམ། ཡང་དག་པའི་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟ་བ་དེ ་བཞིན་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མྱེད་དེ། གསོག་ཀྱང་དེ་ཉིད་ཡིན། གསོབ་ཀྱང་དེ་ཉིད་ཡིན།། སྙིང་པོ་མྱེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་ཀྱང་དེ་ཉིད ་ཡིན། བདུད་ཀྱང་དེ་ཉིད་ཡིན།། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན།། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས།། དེ་ལ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བ་འམ། ལྷག་པར་ཆགས་པར།། ་བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མྱི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ། འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།། དེས་དེ་ལྟར་ཤེས་ནས ་རྣབས་རྣམ་པར་ཤེས་པར་བྱ་བ་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྒྲ་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མྱི་རྟག་པ་དང་། སྡུག་བསྔལ་བ་དང་། ་སྟོང་པ་དང་། བདག་མྱེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་།། དེ་ནས་རྣ་བས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྒྲ་རྣམས་ནང་དུ་ཡང་དག་པར་རྗེས་སུ་མྱི་མཐོང་ཞིང་འབྲས ་དང་། ཟུག་རྔུ་དང་། སྡིག་པ་དང་། མྱི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མྱེད་པར་ཡང་དག་པར་རྗེས་སུ་མནོ་དང་བ་ར། དེའི་རྫབས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས། ་བ་དང་། ར་ལྟར་བྱུང་བའི་སྒྲ་ངག་ལ་ལོག་པར་མོས་པ་དང་། འདུ་ཤེས་ཕྱི་ནང་ཅི་ལོག་ཀམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་དུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་། མཆོག་དུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན ་བ་དེ་དག་སྤོང་བར་བྱེད་དོ།། དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་། ཡི་ཆད་པ་དང་། ཕྱོགས་མྱེད་པར་བྱས་ཏེ། གནས་ཤིང་བདུད་སྡིག་ཅན་ཀྱིས་མྱི་མཐོང་བར་སོང་ནས། བདུད་དམ་བདུད་ཀྱི་འཁོར་བཅོམ་ཞིང་། ་གཡུལ་ཆེན་པོ་གཡུལ་སྤྱད་དེ། གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་པོ་དེ་ཉིད་ཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བ་རྗེས་སུ་ཞུགས་པ་ལ་གནས་པ་ནི། ་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་དངདུ། ཐར་བྱེད་པས་འཚོ་བ་ཡིན་དོ།། དགེ་སློང་དག་ཡང་ཇི་ལྟར་ན། འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བ་རྗེས་སུ་ཞུགས་པ་སག་དུ་ཀྵེར་བ་ཀྱིས་འཚོབ་རྣམས ་ཀྱི་ནང་ན། བླ་ན་མྱེད་པས་འཚོ་བ་ཡིན་ལེན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྐུག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་གནས་པ་ཡི། བདག་སྔོང་སྔས་རྣམ་པར་ཞེས་པར་བྱ་བའི་དྲི་ཡི་བདེ་བའི་གནས ་ལྟ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་གྱུར་ང་ལ། སྔས་རྔམ་པར་ཤེས་པར་བྱ་བའི་དྲི་ཡིད་མྱི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང་གནས་པར་འགྱུར། སྔས་རྣམ་པར་ཤེས་པར་བྱ་བའི་དྲི་བ་ཏང་སྙོམས ་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན། སོ་སོར་བ། གས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་པར་གྱུར་ཏེ། དེ་ལྟ་རུ་བདག་ཡུན་རིང་པོ་ནས་འདི་ལ་རྗེས་སུ་སློབ་ཅིང་རྗེས་སུ་བྱེད་པ་མ ་རྒ་བ་དང་། འཆི་བ་ཉམས་སུ་མྱོང་ཞིང་། སྔོན་གྱི་མཐའ་མྱི་མངོན་བར་གྱུར་ད་པས་བདག་གིས་ད་ནི་སྣས་རྣམ་པར་ཤེས་པར་བྱ་བའི། དྲི་དག་ལ་སྔོན་ཇི་ལྟ་དེ་ལྟར་བསླབ་པར་མྱི་བྱ་ཞིང་། བདག་གྱིས་སྨྲས ་རྔམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དྲི་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་ཕྱི་ནད་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་བ་འདི་ལྟའོ། ་བརྡབ་སེམས་ཀྱི་ཚོགས་ཀྱི་མདུང་བ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིནད་པ་ཚོགས་ཀྱི་མདུད་པ་དང་། འདི་བདེན་དོ་སྙམ་དུ་མངོན་པར་ལེན་ཅིང་མཆོག་ཏུ་འཛིན་པའི ་རྟོགས་ཀྱི་སདྲུང་བ་ཀང་དག་ཡིན་པ་དེ་དག་སྤངས་པའི་ཕྱིར་བསླབ་པར་བྱ་ཞིང་། དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་པོ་མ་རྟོག་པར་བྱེད་པའི་ཕྱིར་རོ།། དགེ་སློང་དག་འོན་ཀྱང་འདིམ་ལ་ཅིག་ལ་ནི་སྔས་རྣམ་པར ་བར་བྱ་བའི་དྲི་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ། གཞན་དག་ལ་ནི་དེ་དག་ཡིད་མྱི་འོང་བར་ཡང་འགྱུར་བ་ཡང་ཡོད་ལ།། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་དུ་འགྱུར་ཞིང་། དུས་ལ་ལར་ནི་ཡིད་ཀྱི ་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར། དུས་ལ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་སེམས་ཀྱིས་བྲིད། སེས ་ཀྱིས་སླུས་ནས་ཉེས་དམྱིགས་སུ་མྱི་མཐོང་ཞིང་། ཉེས་པར་འགྱུར་བར་རབ་ཏུ་མྱི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་དུ་བྱེད་དུ་འཇུག་གོ།། དགེ་སློང་དག་དགེ་སྦྱོང་དང་། བྲམ་ཟེ་དག་ཁ་ཅིག་སྔས་རྣམ་པར ་ཤེས་བྱ་བའི་དྲི་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས། འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ།། ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་སྔས་རྣམ་པར་ཤེས་པར་བྱ་བའི་དྲི་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སྦྱོང་དང་བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན ་རས་སུར་བྱུང་བ། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་། བདུད་ཀྱི་སྡིག་ཅན་ཇི་ལྟར་འདོད་པ་བཞིན་དུ་བྱེད་དུ་འདུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་དང་། ཟམ་ཟེ་གང ་ངག་འ་ཅིག་སྔས་རྔས་པར་ཤེས་པར་བྱ་བ་དྲི་འདི་དག་ཉིད་བདེན་དང་། གནས་པའི་སྒོནས་མ་མཐོང་ཞིང་། ཇི་སྙམ་དང་རང་མོག་པ་ཐོས་པ་དག་ལ་ནན་ཀྱིས་བཟུང་སྟེ། མངོད་པར་ཞེས་པར་བྱས་དས། ་xxx ་ནི་རྡོ་མིསེམ་ཀྱིས་ཚོགས་ཀྱི་མདུང་ནས་གྲ་རས་སྤྱ་བྱུང་བ། མཇམོ་པའི་བུན་ཏུ་མྱོང་བ་དང་བྱུང་བ་དེ་དག་ཀྱང་། བདུད་སྨྲིག་པསཇི་འདོང་བ་བའི་བྱེད་དུ་འདུག་པ་ཡིད་ནོ།། དགེ་ཐོང་པ། ་དེ་སྦྱོང་ཐས་ཟེ་གང་ངས་འཅིག་ལྡམ་རྣས་མི་རིགས་པར་བྱ་བའི་དྲི་འདི་དག་ཉིད་བདེད་པ་པའི་གོངས་པའི་ནི་རས་མ་མཐོ་ཞིང། རིས་པར་དང་ལོག་པར་མོས་པ་དག་ཡི་ད་ད་ཀྱིས་བཟུང་སྟེ།། མངོད་པར་འོས ་པར་བྱས་ནས་འདི་ཅིང་བན་གྱི།། གཞན་ནི་བདུན་པསྷོ།། ཞེས་རྗེས་ས་པ་སྣད་འདོགས་པར་བྱེད་པ་དེ་དག་ནི་སྔས་རྣམ་པར་ཤེས་པ་བྱ་བ་དྲི་ལ་སྙོམས་ཀྱི་གནས་ག་ཟུ་དགས་པ་པོ་གས་པ་རྣས་པ། ་སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས།། ཀུན་ནས་སུན་ཕྱུང་བ།། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་། ་ལྡན་པ་དེ་དག་ཀྱང་། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། མྱི་ཞིག་གི་ཕྱི་ཐོག་ཐག་དུ་གཤེད་མ་ཕྱིར་རྒོལ་བར་དགྲ་བོ་ཞིག་རྗེས་སུ་འབྲང་བར་གྱུར་ད་ཅིང་། དེ་དེ ་ལ་མངོན་པར་དགའ་བར་བྱེད་ལ།། དེ་ལ་ཉེས་དམྱིགས་མ་མཐོང་བ་ལས་གང་གི་ཚེ་དེ་སོ་སོར་རྟོག་པར་བྱེད་པ་ན། འདི་ནི་བདག་གི་གཤེ་དྲ་མ་ཕྱིར་རྒོལ་བ་དགྲ་བོ་ཡིན་ནོ་ཞེས་ཤེས་པར་གྱུར་པ་དེའི་ཚེ་དེ་དེས་གདུང་། ་བར་བྱེད། ངོ་ཚ་བར་བྱེད། གནོང་པར་བྱེད་ཅིང་། རྣམ་པར་སྤོད་བ། ར་བྱེད་དོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི ་ཤེས་རབ་འདི་ཉིད་ཟོས་ནས། སྡོང་གི་བྱིས་པའི་སྤྱོད་པ་དང་། རྨོངས་པ་འི་སྤྱོད་པ་དང་། ཤེས་རབ་འཆལ་བའི་སྤྱོད་པ་དེས་གདུང་བར་བྱེད་། ཚ་བར་བྱེད།། གནོང་བར་བྱེད་ཅིང་། རྣམ་པར་སྤོང་བར་བྱེད་ལ། དེ ་འདི་སྙམ་དུ་སེམས་ཏེ། བདག་ཀྱིས་ནི་སྔོན་གྱི་རྟག་པ་ཁོ་ན་ལ་རྟག་པར་བསམས་ཤིང་། བདག་གྱིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བ་བས་པས།། བདག་གིས་ཀྱི་གཙང་བ་ཁོ་ན་ལ་ནི་གཙང་བར་བསམས། བདག་གྱིས་འ། ་བྱེད་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ། དེ་ལྟར་བདག་ནི་སྔོན་མྱི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མྱི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མྱེད་པ་ལ་བདག་ཏུ ་འདུ་ཤེས་པར་གྱུར་ཏོ་སྙམ་དུ་སེམས་སོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་མྱིག་དང་ལྡན་པ་ཞིག་ཀྱིས་མྱེ་ལོང་ཀྱི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་བླངས་ཏེ།། རང་གི་བཞིན་གྱི་མཚན་མ་སོ་སོར་རྟོག་པར ་བྱེང་བམ། དེས་སེམས་ས་ཀྱིས་པའི་རང་བའི་ལྡན་དང་། སོངས་པའི་རང་བཞི་། ཤེས་ས་ཡས་པའི་ང་བནི་ག་དེདན་ས་ནམ ་དེད་པ་དང་། གནས་པའི་རྣནས་ཡོང་ངོསས་རྒྱ་སེམས་སོ།། སེམས་པར་བྱིས་པའི་ང་བཛི་བནས་ཡི་ས་པ ་འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་སེམས་ཅན་འདི་ནི་བདེ་པ་དང་གནས་པ་སྒོ་ནས་ཡོད་པ་མ་ཡིན་ཏེ། གཟུགས་བརྒྱན་འདི་འབ་ཞིས་ཡོད་དོ།། རྩིག་སླུ་བར་བྱེད་པ་འདི་འའ་ཞིག་ཡོ་རྡོ་སུམ་ཏུ་སེམས ་སོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཟོས་པ་དང་། ལྡན་པ་ཡང་། བདག་གྱིས་སྔས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དྲི་གང་དག་ཡིན་པ་འདི་དག ་ལ་རྟག་པ་ཉིད་དམ། བརྟན་པ་ཉིད་དམ།། ཐེར་ཟུག་ཉིད་དག། རེ་ཞིན་ཉིད་དམ།། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ། དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། ་དེ་ཁོ་ན་ཉིད་དག། ཇི་ལྟ་བ་བཞིན་ཉིད་དས། མ་ནོར་པ་ཉིད་དམ། ཀྱི་ཅིམ་ལོག་པ་ཉིད་བྱེད་དེ། གསོག་ཀྱང་དེ་ཉིད་ཡིན།། གསོབ་ཀྱང་དེ། ཉིད་ཡིན། སྙིང་པོ་མྱེད་པ་ཡང་དེ་ཉིད་ཡིན།། བརྫུན་པ་ཡང་དེ་ཉིད ་ཡིན། སླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན།། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས། དེ་ལ་ནི་མངོན་པར་དགའ་བར་བྱ་བའམ། མངོན་པར་བརྗོད། ་པར་བྱ་བ་འམ། ལྷག་པར་ཆགས་པར་བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མྱི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ། འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར ་རྟོག་པར་བྱེད་དོ།། དེས་དེ་ལྟར་ཤེས་ནས་སྣས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དྲི་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། ་མྱི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མྱེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་།། དེས་སྣས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དྲི་རྣམས་ནད་དུ་ཡང་། ་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མྱི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མྱེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན། དེ་ནི་སྣས་རྣམ་པར་ཤེས་པར་བྱ་བ་འདས་པ ་བ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དྲི་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་ཕྱིན་ཅི་ལོག་གམ།། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་དུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ་ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མ་དད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ།། དེ་དག་སྤས ་པའི་ཕྱིར་བདུད་ལྡོངས་པ་དང་། ཡི་ཆད་པ་དང་། ཕྱོགས་མྱེདཔར་བྱས་ཏེ་གནས་ཤིང་། བདུད་སྡིག་ཅན་གྱིས་མྱི་མཐོང་བར་སོང་ནས། བདུད་དང་བདུད་ཀྱི་འཁོར་བཅོམ་ནས། གཡུལ་ཆེན་པོའི ་གཡུལ་སྤྱད་དེ། གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ ་ནི། ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མྱེད་པས་འཚོ་བ་ཡིན་ནོ།། དགེ་སློང་དག་ཡང་ཇི་ལྟར་ན། འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ། ཤེས་རབ་ཀྱིས་འཚོ ་བ་རྣམས་ཀྱི་ནང་ན། བླ་ན་མྱེད་པས་འཚོ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པའི་ནི་བདག་སྔོན་ལྕེས་རྣམ་པར་ཤེས་པར་རོ་ཉིད ་བདེ་བའི་གནས་ལྟ་བུ་དག་ལ་ནི། རྗེས་སུ་ཆགས་ཤིང་གནས་པར་འགྱུར་ལ། ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་ཡིད་མྱི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང་གནས་པར་གྱུར་པ།། ལྕེས་རྣམ་པར་ཤེས ་པར་བྱ་བའི་རོ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི། སོ་སོ་སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་པར་གྱུར་ད་ཏེ། དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ་རྗེས་སུ་སློབ་ཅིང་།། རྗེས་སུ་བྱེད་པ་ན། རྒ་བ་དང་། འཆི ་བ་ཉམས་སུ་མྱོང་ཞིང་སྔོན་གྱི་མཐའ་མྱི་མངོན་པར་གྱུར་པས། བདག་གྱིས་ང་ནི་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་དག་ལ་སྔོན་ཇི་ལྟར་བསླབ་པར་མྱི་བྱའི་ཞིང་། བདག་གི་ལྕེས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ ་དང་། ད་ལྟར་བྱུང་བའི་རོ་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད ་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་དུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་།། ། ་དེ་དག་སྤངས་པར་གྱུར་ད་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི།། ཕྱིར་རོ།། དགེ་སློང་དག་འོན་ཀྱང་འདི་ན་ཁ་ཅིག་ལ་ནི་ལྕེས་རྣམ། པར་ཤེས་པར་བྱ་བའི་རོ་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ།། གཞན ་དག་ལ་ནི་དེ་དག་ཉིད་ཡིད་དུ་མྱི་འོང་བར་འགྱུར་བ་ཡང་ཡོད་ལ། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ར་ཞིང་། དུས་ལ་ལར་ནི་ཡིད་མྱི་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར ་དུས་ལ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་དུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན། འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་། སེམས་ཀྱིས་བྲིད། སེམས་ཀྱིས་སྐུས་ནས། ཉེས ་དམྱིགས་སུ་མྱི་མཐོང་ཞིང་། ངེས་པར་འབྱུང་བ་རབ་ཏུ་མྱི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་སྡེས་རྣམ་པར་ཤེས་པར་བྱ་བའི་རོ ་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ ་བྱ་ད་མྱོང་ང་ས་དེས་ཀྱང་འ་ས་ཤཱའི་མས་ང།། དགེ་བོངས་སུ་ང ་བདེ་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ལེ་པར་བྱས་ནས་འདི་ཉིད་བདེན་གྱི་། གཞན་ནི་བཙུར་པཚོཞེས་རྗེས་སུ་བསྲུང་འདོག་པ་པར་བྱེད་པ ་ངག་ནི་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་ཡིད་མྱི་བདེ་བའི་གནས་ལྟ་བུ་ད་དག་ལ། ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་གནོད་སེམས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ཁོང་ཁྲོ་བའི་ཀུན ་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་དུ་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་སྐྱེས་རྣམ་པར་ཤེས་པར་བྱ་བའི་རོ་འང ་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་ཏན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས། འདི་ཉིད་བདེད་གྱི་གཞར་ནི་དོན་མྱེད་པའོ་ཞེས་རྗེས ་སུ་བ་ལྟང་འདོགས་པར་བྱེད་པ་དེ་དག་ནི། སྡེས་རྔམ་པར་ཞེས་པར་བྱ་བའི་རོ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ས་སོར་བཏགས་པ་མ་ཡིན། སོ་སོར་བཏགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང ་དང་། བྲམ་ཟེ་འདི་དག་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་། མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ།། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་དུ་འཇུག་པ ་ཡིན་ནོ།། དགེ་སློང་དག་འདིས་སྟེ་དཔེ་པད་། སློབ་པ་ཞིག་གྱིས་སློབ་དཔོ་ཟས་སྦྱིན་པར་བྱའོ་ཞེས་པ་ཡང་གི་ལྕི་བ་ཟར་བཅུག་ཅིང་། རྐོམ་སྲུང་བར་བྱའོ་ཞེས་གཅིར་འཐུན་དུ་བཅུག་ལ། དེ་རེས་མངོད་པར་དགའ་བར་བྱེད་ཅིང་། ་དེ་ལ་ཉེས་དམྱིགས་སུ་མ་མཐོང་བ་ལས། གང་གི་ཚེ་དེ་སོ་སོར་བརྟགས་པར་བྱེད་པ་ན། བདག་གྱིས་སློབ་དཔོན་ཟས་སྦྱིན་པར་བྱའོ།། ཞེས་པ་ལང་གི་ལྕི་བ་ཟར་བཅུག་ཅིང་།། སྐོམ་གྲུད་པར་བྱའོ་ཞེས་གཅིན་འཐུང་དུ་བཅུག་པར ་རྐྱང་བ་རོ་མ། རེ་རེས་གདུང་བར་བྱེད་འཇོམ་པར་བྱེད། གདོ་བར་བྱེད་ཅིང་། རྣམ་པར་སྤོང་བར་བྱེད་དོ།། དགེ་སློང་དག་དེ་བཞིར་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡང་པ་ཡང་འབིགས་པའི་འཇིག་རྟེན་ལས ་འདས་པཡིནས་རབ་འདི་ཉིད་ཐོབ་ངས་ལྡོད་གི་བྱས་པའི་སྤྱོད་པ་དང་མོངས་པའི་སྤོད་པ་དང་། ཤེས་རབ་འཆས་པར་སྤྱོད་པ་དེས་གཏུ་བུར་བྱེད། འོས་བར་བྱེད། གདོང་བར་བྱེད་ཅི་དམ་པར་སྤྱོད་པར་བྱེད ་མ་འདི་སྙམ་དུ་སེམས་ཏེ། བདག་ཀྱིས་མི་སྡོད་མྱི་རྟག་པ་ཁོ་མརྟག་པར་བསམས་ཤིང་། བདག་ཀྱིས་སྡུག་བསྔལ་བ་ཁོ་མ་ལ་ནི་བདེ་བར་བསམས། བདག་ཀྱིས་མྱི་གཙང་བ་ཁོ་ར་ལ་ནི ་གཙང་བར་བསམས། བདག་ཀྱིས་བདག་མྱེད་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ། དེ་ལྟར་ང་བདག་ནི་སྔོན་མྱི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མྱི་གཙང་བ་ལ་གཙང་། ་བར་འདུ་ཤེས་པ་དང་། བདག་མྱེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ་སྙམ་དུ་སེམས་སོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན་སོས་ཀའི་ཟླ་བ་ཐ་མ་ལ། སྤྲིད་མྱེད་ཅིང་། སྤྲིན་དང་བྲལ་བའི་ཉི་མའི་གུང་ཚིགས་ལ ་བབ་པའི་ཚེ། ཚ་བས་སྨྱིག་རྒྱུ་དག་གཡོའ་བར་གྱུར་ང་བ་ན་དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན། རྨོངས་པའི་རང་བཞིན་དང་ཤེས་རབ་འཆལ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། ་གང་འདི་ལྟར་སྡང་བའི་ཆུ་འདི་ནི་འདེད་པ་དང་། གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམས་སོ།། སེམས་ཅན་བྱིས་པའི་རང་བཞིན་ཅན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་། ཤེས་རབ་དང་ལྡན ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་ཆུ་འདི་ནི་བདེན་པ་དང་གནས་པའི་སྒོ་ནས་ཡོད་པ་མ་ཡིན། སྨྱིག་རྒྱུ་འདི་འབའ་ཞིག་ཡོད་དོ།། མྱིག་སླུ་བའི་བྱེད་པ ་པ་འབའ་ཤིག་ཡོད་དོ་སྙམ་དུ་སེམས་སོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་། བདག་གྱི་ལྕེས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རོ་གང་དག ་ཡིན་པ་འདི་དག་ལ་རྟག་པ་ཉིད་དམ། བརྟན་པ་ཉིད་དམ། ཐེར་ཟུག་པ་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། ་ཁོ་ན་ཉིད་དམ། ཇི་ལྟ་བ་བཞིན་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མྱེད་དེ། གསོག་ཀྱང་དེ་ཉིད་ཡིན། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མྱེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད ་ཡིན། སླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན།། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན།། རོ་ཡང་དེ་ཉིད་ཡིན། རོའི། གཟུགས་ཀྱང་དེ་ཉིད་ཡིན་པས།། དེ་ལ་ནི་མངོན་པར་དགའ་བར ་བྱ་བའམ། མངོན་པར་བརྗོད་པར་བྱ་བ་འམ་ལྷག་པར་ཆགས་པར་བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ་བ་མྱི་རེག་ས་ཀྱི།། བཅོམ་ལྡན་འདས་ཀྱིས་གསུངས་པ། འཕགས་པ་འཇིག ་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།། དེས་དེ་ལྟར་ཤེས་ནས། ལྕེས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རོ་རྣམས་ནང་དུ་ཡང་དག་པར་རྗེས་སུ ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མྱི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མྱེད་པར་ཡང་དག་པར་རྗེས་སུ་མཐོང་།། དེས་ལྕེས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ ་འོངས་པ་དང་། ད་ལྟར་བྱུང་བའི་རོ་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མྱི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མྱེད་པར་ཡང་དག་པར་རྗེས ་སུ་མཐོང་བ་མ།། དེའི་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རོ་དག་ལ་སོག་ག་ཡོས་པ་འི། འདུ་ཤེས་བྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་དུ་གྱུར་པ་འདི་ལྟ་སྟེ། ་བརྡབ་སེམས་ཀྱི་ཚོགས་ཀྱི་མདུང་བ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཤུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདྲི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་། མཆོག ་དུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ།། དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་། ཡི་ཆད་པ་དང་། ཕྱོགས་མྱེད་པར་བྱས་ཏེ་གནས་ཤིང་བདུད་སྡིག་ཅན་གྱིས་མྱི་མཐོང་བར་སོང་ནས། ་བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་། གཡུལ་ཆེན་པོའི་གཡུལ་སྤྲད་དེ། གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག ་པའི་ཤེས་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི། ས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན།། བླ་ན་མྱེད་པས་འཚོ་བ་ཡ~ཾ། ན་ནོ།། དགེ་སློང་དག་ཡང་ཇི་ལྟར་ན་འཕགས་པ་ཉན་ཐོས་ལྷག་པའི ་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ། ཤེས་ར་བ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན། བླ་ན་མྱེད་པས་འཚོ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར ་བརྗེས་སུ་ཞུགས་པ་ལ་གནས་པ་ནི། བདག་སྔོན་ལུས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་གྱུར་ད་ལ། ལུས་ཀྱི་རྔམ་པར་ཤེས་པར་བྱ་བའི་རེག་བྱ་ཡིད་ཀྱི་བདེ་བའི ་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་ལྡན་ཞིང་གནས་པར་གྱུར་ད།། ལུས་ཀྱི་རྣམ་པར་ཤེས་པར་བྱ་བའི་རེག་བྱ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པའི་མ་ཡིན་པའི་བཏང་སྙོམས ་སུ་གནས་པར་གྱུར་ཏེ། དེ་ལྟར་བདག་ཡུན་རིང་པོ་རས་འདིས་རྗེས་སུ་སློབ་ཅིང་། རྗེས་སུ་བྱེད་པ་ཡ་རྒ་བ་དང་། འཆི་བ་ཉམས་སུ་མྱོང་ཞིང་སྔོན་གྱི་མཐའ་མྱི་མངོད་པར་གྱུརང་པས། བདག་གིས་ང་ནི་ལུས་ཀྱིས་རྣམ་པར ་ཤེས་པར་བྱ་བའི་རེག་བྱ་དག་ལ་སྔོན་ཇི་ལྟ་བ་དེ་ལྟར་བསླབ་པར་མྱི་བྱ་ཞིང་། བདག་གི་ལུས་ཀྱི་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རེག་བྱ་དག་ལ་ལོག་པར་མོས་པ་འམ། ་འདུ་ཤེས་ཕྱིན་ཅི་ལོག་ཀམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྡབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས ་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་། དེ་དག་སྤངས་པར་གྱུར་ད་ཅིག་ཅེས་དེ ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ།། དགེ་སློང་དག་འོན་ཀྱང་འདི་ན་ཁ་ཅིག་ལ་ནི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ།། གཞན་དག་ལ་ནི་དེ་དག་ཉིད་དུ་མྱི་འོང་བར་འགྱུར་བ་ཡང་། ་ཡོད་ལ། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་ད་ཀ་འགྱུར་ཞིང་། དུས་ལ་ལར་ནི་ཡིད་མྱི་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར།། དུས་ལ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར ་ཏེ། དགེ་སློང་དག་དེ་ལྟར་ན། འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་། སེམས་ཀྱིས་བྲིད།། སེམས་ཀྱི་ས་བསྐུས་ནས།། ཉེས་དམྱིགས་སུ་མྱི་མཐོང་ཞིང་། ངེས་པར་འགྱུར། ་བ་རབ་ཏུ་མྱི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ལུས་ཀྱི་རྣམ་པར་ཤེས་པར་བྱ་བའི་རེག་བྱ་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མཐོ ་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེད་ཀྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི། སུས་ཀྱི་རྔབ་པར་ཤེས་པར་བྱ ་བའི་རེག་བྱ་ཡིད་བདེ་བའི་ལྟ་བུ་དག་ལ་ཆགས་ཤིང་གནས་ཏེ། དགེ་སློང་དང་། བྲམ་ཟེ་བརྡབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི ་ལྟར་འདོད་པ་བཞིན་དུ་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་གང་དག་ལུས་ཀྱི་རྣམ་པར་ཤེས་པར་བྱ་བའི་རེག་བྱ་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག ་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི། གཞན་ནི་དོན་མྱེད་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ལུས་ཀྱི་རྣམ་པར་ཤེས་པར་བྱ་བའི་རེག་བྱ་བའི་ཡིད ་མྱི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི ་ལྟར་འདོད་པ་བཞིན་དུ་བྱེད་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ། དབྲམ་ཟེ་གང་དག་ཁ་ཅིག་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེ་དཀ་བྱ་འདི་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང ་ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ།། ཞེས་རྗེས་སུ་ཐ་སྙད་འདོད་པར་བྱེད་པ་དེ་དག་ནི།། ལུས་ཀྱིས ་རྣམ་པར་ཤེས་པར་བྱ་བའི་རེག་བྱ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན ་ཅིང་། མཆོག་དུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ།། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་དུ་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་འདི་ལྟ་སྟེ་དཔེར ་ན། མྱི་ཞིག་རྐུན་པོ་དག་གིས་གཙེས་པ་ན། རང་གི་བུ་བུ་ཡིན་ནོ་སྙམ་དུ་སེམས་ཤིང་གཞན་གི་བུ་བླངས་ཏེ། གྲོང་ནས་འབྲོས་པར་བྱེད་ཅིང་། དེ་དེས་མངོན་པར་དགའ་བར་བྱེད་ལ། དེ་ལ་ཉེས་དམྱིགས་སུ་མ་མཐོང་བ་ལས། ་གང་གི་ཚེ་དེ་སོ་སོར་རྟོག་པ་བྱེད་པ་ན་འདི་ནི་བདག་གི་བུ་མ་ཡིན་གྱི། འདི་ནི་གཞན་གི་བུ་ཡིན་ནོ་ཞེས་ཤེས་པར་གྱུརྡ་པ་དེའི་ཚེ། དེ་དེས་གདུང་བར་བྱེད།། ངོ་ཚ་བར་བྱེད། གནོད་པར་བྱེད་ཅིང་།། རྣམ་པར་སྨོད་པར་བྱེད་དོ།། ་དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས། སྔོན་གྱི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཆལ ་བའི་སྤྱོད་པ་དེས་གདུང་བར་བྱེད།། ངོ་ཆེ་བར་བྱེད། གནོང་བར་བྱེད་ཅིང་།། རྣམ་པར་སྤོང་བར་བྱེད་ལ།། དེ་འདི་སྙམ་དུ་སེམས་ཏེ། བདག་ཀྱིས་ནི་སྔོན་མྱི་རྟག་པ་ཁོ་ན་ལ་རྟག་པར་བསམས་ཤིང་། བདག་ཀྱིས་སྡུག་བསྔལ་བ་ཁོ ་མལ་བདེ་བར་བསམས།། བདག་ཀྱིས་མྱི་གཙང་འཁོ་མ་ལ་ནི་གཙང་བར་བསམས།། བདག་གིས་བདག་མྱེད་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ། དེ་ལྟར་བདག་ནི་སྔོན་མྱི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ ་བ་ལ་བདེ་བར་འདུ་ཤེས་པ་དང་། མྱི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མྱེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ།། སྙམ་དུ་སེམས་སྟེ། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་གཉིད་ཀྱིས་ལོག་པའི་རྨྱི་ལམ་མ ་འདོད་པའི་ཡོན་ཏན་ལྔས་ཆེ་ཞིང་དགའ་ལ་དགའ་མགུམ་སྤྱོད་པར་བྱེད།། པ་ལས་ཕྱིས་སད་པ་ན་ཆུང་ཟད་མྱི་སྣང་བར་གྱུར་པའི་ཚེ། དེ་ལ། སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ་ཤེས་རབ་འཆལ་བའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་དག་བདག་ཅག་གིས་རྨྱི་ལམ་ན་དགའ་མགུར་སྤྱོད་པའི་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ནི་བདེ་དང་གནས་པའི་སྒོ་ནས་ཡོད་དོ།། སྙམ་དུ། ་སེམས་སོ།། སེམས་ཅད་བྱིས་པའི་རང་བཞིན་ཅན་མ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་དག་བདག་གྱིས་རྨྱི་ལམ་ན། དགའ་མགུར་སྤྱོད་པའི་ཡོན་ཏན་ལྔ་པོ ་དེ་དག་རི་བདེར་པ་དང་། གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། རྨྱི་ལམ་དེ་འབའ་ཤིག་ཡོད་དོ།། སེམས་སླུ་བར་བྱེད་པ་དེ་འབའ་ཤིག་ཡོད་དོ།། སྙམ་དུ་སེམས་སོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཟོས་པ་དང་ལྡན་པ ་བ་ཡང་། བདག་གི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རེག་བྱ་གང་དག་ཡིན་པ་འདི་དག་ལ་རྟག་པ་ཉིད་དམ། བརྟན་པ་ཉིད་དམ། ཐེར་ཟུག་ཉིད་དམ། དེ་བཞིན་ཉིད་དམ།། མ་ནོར་བ་དེ་བཞིན། ་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཉིད་དང། ཇི་ལྟ་བ་བཞིན་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མྱེད་དེ། གསོག་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང ་དེ་ཉིད་ཡིན། སྙིང་པོ་མྱེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས། དེ་ལ་མི ་མངོན་པར་དཀའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བ་འམ། ལྷག་པར་ཆགས་པར་བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མྱི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ། འཕགས་པ་འཇིག་རྟེན་ལས་འདས། ་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།། དེས་དེ་ལྟར་ཤེས་ན་ས།། སུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དྲང་། ད་ལྟར་བྱུང་བའི་རེག་བྱ་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འདྲ ་དང་། ཟུག་རྔུ་དང་། སྡིག་པ་དང་། མྱི་རྟག་པ་དང་། སྡུག་བསྔལ་བར་། སྟོང་པ་དང་། བདག་མྱེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན་དེ་ལུས་ཀྱི་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར། ་བྱུང་བའི་རེག་བྱ་རྗེས་ནད་དུ་ཡང་དག་པཱ་རྗེ་སུ་མཐོ་ཞིང་། འབྲས་དང་། ཟུག་རྔུ་དང་སྡིག་པ་དང་། མྱི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མྱེད་པ་ཡང་དག་པར་རྗེས་སུ་ཡ་བ་ན། དེའི་ལུས་ཀྱི་རྣ་བཱ་ཤེས་པ་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རེག་བྱ་དག་ལ་ལོག་པཱ་མོས་པའི ་འདུ་ཤེས་བྱིན་ཅི་ལོག་གམ། སེཾས་ཕྱིན་ཅི་ལོག་གམ།། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུ་ད་པ་འདི་ལྟ་སྟེ། བརྡབ་མོས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུག་མཆོག་ཏུ་འཛི་འི་ལོག་ཀྱི་མདུད་པ་དང་། འདི་བདེདན་ནོ་སྟེ་དུ་མངོན་པར་ཞེན་ཅིང་། མཆོག་ཏུ། ་འོག་ཀྱི་རུང་བ་གང་དག་དིའི་དག་ཐོལ་བྱེད་དེ་དག་སྲས་འི་ཕྱི་བདུད་རྫོས་པ་དང་། པིད་པདག་མ་ཆེད་བྱ་ཏེ་སུབ་གྱི་ཁྱིམ་མཐར་མངདཔ། བདུད་དང་། བདུད་ཀྱི་འཁོར་བཅོམ་ཞིང་། གསུལ་ཆེན་པོའི་གསུམ་སྨད་དེ། གསུམ་སས ་རྣམ་པར་རྒྱལ་བ་དང་། གཡུལ་ངོ་དེ་ཉིད་ཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་མ་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་བརྩོན་པའི་རྗེས་སུ་སྦྱོར་བ་ལ་གནས་པ་ནི། ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ར། བྲ་མ་མྱེད་པ ་འཚོ་བ་ཡིན་ནོ།། དགེ་སློང་དག་ཡང་ཇི་ལྟར་ན་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་བཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན། བླ་ན་མྱེད་པས་འཚོ་བ་ཡིན་ཞེ་ན། དགེ ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི། བདག་སྔོན་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་གྱུར ་ལ། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་ཀྱི་བདེ་པའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་པ་ཞིང་གནས་པར་གྱུར་པ།། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི ་པོསོར་བཏགས་པ་མ་ཡིད། ས་སོར་བཏགས་པ་མ་ཡིན་པའི་སྙོམས་སུ་གནས་པར་གྱུར་ཏེ། དེ་ལྟར་བདག་ཡུན་རིང་པོ་ནས་རིས་རྗེས་སུ་ཐོབ་ཅིང་། རྗེས་སུ་བྱེད་པ་ཡ་རྒ་བ་དང་། འཆི་བ་ཉམས ་སུ་མྱོང་དང་སྡོད་ཁྱིམ་བལ་གྱི་མདོད་པར་གྱུར་པས་བདག་ཀྱིས་པ་ཡོད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་དག་ལ་བྱ་བའི་ཆོས་པ། ས་སྡོད་དེ་སྟེ་དེ་ལྟར་སྲབ་པར་སྟི་བྱ་ཞིང་། བདག་ཀྱིས་ཡིད་ཀྱིས་མས ་ཤེས་པར་བྱ་བ་འང་ས་བ་དང་། མ་འོངས་པ་དང་། དལྟར་བྱུང་བའི་ས་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་ཕྱིན་ཅི་ལོག་ཀཱས་སེམས་བྱིན་ཅི་ལོག་གས། སྨྲ་བ་ཕྱིན་ཅི་ལོག་དུ་གྱུ་ར་པ་འདི་ལྟ་སྟེ། ་བརྙན་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གདོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཤུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེད་པའོ་སྙམ་དུ་མངོན་པར་ཞེད་ཅིང་། མཆོག ་དུ་འཛིན་པའི་ཚོགས་ཀྱི་མདུང་པོ་གང་དག་ཡིན་པ་དེ་དག་སྤང་བའི་བསླབ་པར་བྱ་ཞིང་། དེ་དག་སྤངས་པར་གྱུར་པ་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ།། དགེ་སློང་དག་འོན་ཀྱང་འདི་ན་ཁ་ཅིག་ལ་ནི་ཡིད་ཀྱིས། ་རྣམ་པར་ཤེས་པར་བྱ་བའི་ཆོས་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ།། གཞན་དག་ལ་མི་དེ་དག་ཉིད་ཡིད་དུ་མྱི་འོང་བར་འགྱུར་བ་ཡང་ཡོད་ལ། དེ་དག་ལ་ཡང་དུས་ལ་ལར་མི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར། ་ང་རྣམ་པ་ཡང་དྲི་ཡི་ཀྱི་བདེ་བའི་གནས་གྲངག་འགྱུ། ནུས་ལ་ལ་ནི་ང་སྙོམས་ཀྱི་གནས་མྦུ་ས་ཏུ་གྱུར་ཏེ། དགེ་ཟུང་དག་གྱུ་། ངས་མ་མས ་ཤིང་། སེམས་ཀྱིས་ཟད། སེམས་ཀྱིས་བསླུས་ནས་ཉེས་དབྱིགས་སུ་ཀྱི་མཐོང་འདི། ངེས་པར་འབྱུང་བར་རབ་ཏུ་མྱིགས་ཏེ། བདུད་སྡིག་ཅ་ལྟར་འདོད་པ་པ་འིད་དུ་བྱེད་དུ་འདུག་སོ།། དགེ་སློང་དག་དན་མྱོང་ས་འི ་གང་དག་ཁ་ཅིག་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད ་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་བརྣབ ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། རྗེས་སུ་ཆག་ས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་དུ་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག ་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་ཇི་ལྟར་རང་རང་ལོག་པར་མོ་བ་དག་པ་ནན་གྱིས་བཟུང་སྟེ།། མངོན་པར ་ཞེན་པར་བྱས་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་མྱི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ། དགེ ་སྦྱོང་དང་། བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་དུ་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང ་ངོས།། བྲམ་ཟེ་གང་དག་ཁ་ཅིག་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས ་ནས། འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོར་བརྟགས་པ་མ་ཡིན། ་སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་། མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ཏུ་སུན་ཕྱུང་བ། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག ་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་དུ་བྱེད་དུ་འཇུག་པ་ཡིན་ནོ།། ངག་སླང་དགེ་སློང་དག་འདི་ལྟ་སྟེ་དཔེར་ན།། སྐྱེས་བུ་ཞིག་གྱིས་རིན་པོ་ཆེའི་ཟ་མ་ཏོག་ཡིན་པར་སེམས་ཤིང་། སྦྲུལ་གྱི་ཟ་མ་ཏོག་བླངས་ཏེ་གྲོང་ཁྱེར་ཀུན་ཏུ་འབར ་བ་ནས་འབྲོས་པར་བྱེད་ཅིང་། དེ་དེས་མངོན་པར་དགའ་བར་བྱེད་པ་དེ་ལ་ཉེས་དམྱིགས་སུ་མ་མཐོང་བ་ལས་གང་གི་ཚེ་དེ་སོ་སོར་རྟོག་པར་བྱེད་པ་ན། འདི་ནི་རིན་པོ་ཆེའི་ཟ་མ་ཏོག་མ་ཡིན་ནོ་ཞེས་ཤེས་པར་གྱུར་པ་དེའི་ཚེ།། ་དེ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོད་བར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོ་ས་པ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ ་འདི་ཉིད་ཐོབ་ནས། སྔོན་གི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཆལ་བའི་སྤྱོད་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་ལ། དེ་འདི་སྙམ་དུ་སེམས ་ཏེ། བདག་གྱིས་ནི་སྔོན་གི་མྱི་རྟག་པ་ཁོ་ན་ལ་ནི་རྟག་པར་བསམས་ཤིང་།། བདག་གིས་སྡུག་བསྔལ་ཁོ་ན་ལ་ནི་བདེ་བར་བསམས།། བདག་གྱིས་མྱི་གཙང་བ་ལ་གཙང་བར་བསམས། བདག་ཀྱིས་བདག་མྱེད་པ་ཁོ་ན་ལ་ནི་བདག་ཏུ ་བསམས་ཏེ། དེ་ལྟར་ན་བདག་ནི་སྔོན་མྱི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་།། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མྱི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མྱེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ད་ཏོ་སྙམ་རྩཝ ་སེམས་སོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གི་སློབ་མ་མཁས་པ་ཞིག་ལམ་པོ་ཆེའི་གཞི་མདོར་འདུག་སྟེ། སྒྱུ་མ་སྣ་ཚོགས་འདི་ལྟ་སྟེ། ནོར་བུ་དག་གམ། རྣ་ཆ་གདུབ་འཁོར་དག་གམ ་མགུར་བརྒྱན་ཅན་དག་གམ།། གདུ་བུ་རྒྱན་ཅ་དག་གམ། དཔུང་རྒྱན་དག་ཀམ། ལག་རྒྱན་དག་གམ། རྐང་རྒྱན་དག་གམ། སོར་དུབ་རྒྱན་དག་ཀམ། གསེར་དང་དངུལ་གྱི་འཕྲེང་བ་དག་བྱས་ཏེ། རྣམ་པར་བསྟན་པར་གྱུར་ད་ན། དེ་ལ། ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་འཆལ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་ནོར་བུ་དག་ཀཱམ། རྣ་ཆ་གདུབ་འཁོར ་རག་གམ། མགུལ་རྒྱན་དག་གམ། གདུ་བུ་རྒྱན་ཅན་དག་གམ། དཔུང་རྒྱན་དག་གམ། ལག་རྒྱན་དག་གམ། རྐང་རྒྱན་དག་གམ། སོར་དུབ་རྒྱན་དག་གམ། གསེར་དང་དངུལ་གྱི་ཕྲེང་བ་འདི་དག་ལ་ནི་བདེན་པ་དང་། གནས ་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམས་སོ།། སེམས་ཅན་བྱིས་པའི་རང་བཞིན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅད་མ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ལ་ནི་འདི་སྙམ་དུ་སེམས། ་ཏེ། ཀང་འདི་ལྟར་སྣང་བའི་ནོར་བུ་དག་གམ། རྣ་ཆ་གདུབ་ཀོར་དག་ཀ། མ། མགུལ་རྒྱན་དག་གམ། གདུ་བུ་རྒྱན་ཅན་དག་གམ། དཔུངརྒྱན་དག་གམ། ལག་རྒྱན་དག་གམ། རྐང་རྒྱན་དག་གམ། སོར ་གདུབ་རྒྱན་ཅན་དག་གམ། གསེར་དང་དངུལ་གྱིས་འཕྲེང་བ་འདི་དག་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། གྱི་ན་སྦྱ་མར་བྱས་པ་འདི་ལ་འབའ་ཤིཀ་ཡོད་དོ།། མྱིག་སླུ་བར་བྱེད་པ་འདི ་འབའ་ཤིག་ཡོད་དོ་སྙམ་དུ་སེམས་སོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་། བདག་གྱིས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་གང་དག ་ཡིན་པ་འདི་དག་ལ་རྟག་པ་ཉིད་དམ་བརྟན་པ་ཉིད་དམ། ཐེར་ཟུག་པ་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཉིད་དམ། ་ཇི་ལྟ་བ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མྱེད་དེ། གསོག་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མྱེད་པ་ཡང་དེ་ཉིད་སྟི་བརྫུན་པ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་ཀྱང་དེ་ཉིད ་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས།། དེ་ལ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བའམ། ལྷག ་པར་ཆགས་པར་བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མྱི་རིགས་ཀྱི།། བཅོམ་ལྡན་འདས་ཀྱིས་གསུངས་པ། འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།། དེས་དེ ་ལྟར་ཤེས་ནས། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ལ་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མྱི་རྟག་པ་དང་། སྡུག ་བསྔལ་བ་དང་། སྟོང་པ་དང་། བདག་མྱེད་པར་ཡང་དག་པར་རྗེས་སུ་མཐོང་དྲོ།། དེས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང ་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མྱི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མྱེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན། དེའི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་དག་ལ་ལོག། པར་མོས་པ་འམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེས ་ཀྱི་ཚོགས་ཀྱི་མདུང་བ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཤུགས་མཆོག་དུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་དུ་འཛིནད་པའི་ཚོགས ་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ།། དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་། ཡི་ཆད་པ་དང་། ཕྱོགས་མྱེད་པར་བྱས་ཏེ་གནས་ཤིང་། བདུད་སྡིག་ཅན་གྱིས་མྱི་མཐོང་བར་སོང་ནས། བདུད་དང་བདུད ་ཀྱི་འཁོར་བཅོམ་ཞིང་། གཡུལ་ཆེན་པོ་གཡུལ་སྤྲད་དེ། གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར ་ཁ་རྗེས་སུ་ཞུགས་པ་ལ་གནས་པ་ནི། ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་དངས། ཐ་ན་མྱེད་པས་འཚོ་བ་ཡིན་ནོ།། ཅོམ་ལྡན་འདས་ཀྱིས་དེ་སྐད་ཀྱིས་བཀའ་བྲཡ་དམ།། དགེ་སློང་དེ་ངན་མི་ས་ཉི་ལྡན་མ ་ཀའབྲལ་ནས། རས་ཀྱང་དདག་ལ་འདས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། བར་སྔོབ་དི། སྦྱིན་པ་དང་དྲི་སྒྲ་བ་དང་།། རརོ་བ་དངུས་པནན་དང་། གཞེད་པ་དང་གྱི་སོང་དག། ་སྦྱིན་པ་དང་སྨིག་རྒྱུ་དང་།། རྐུམ་པོས་གཅེས་པ་གྲོང་ནས་དང་།། རྨྱི་ལམ་དགའ་སྤྱོད་ཟ་མ་ཏོག། ནོར་བུ་དཔུང་རྒྱད་རྣམས་ངག་ནི།། སྒྱུ་མོའི་དྲ་བས་ཀུན་བསྡུས་པའོ།། མདོ་ཆེན་པོ་སྒྱུ་མའི་དྲ་བ་ཞེས་བྱ་བ། རྫོགས་སྷོ།། ་རྒྱ་གར་གི་མཁན་པོ་འཛིན་མྱི་ཏྲ་དང་། པྲད་ཉེ་བར་མ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེ་ལས་སྩོགས་པས་བསྦྱར་ཅིང་། ཞུས་ཏེ་གཏན་ལ་ཕབ་པ། ་