CLOSE WINDOW

Ng26.4: mdo chen po stong pa nyid chen po zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མ་ཧཱ་ཤཱུན་ནྱ་ཏ་ན་མ་མ་ཧ་སཱུ་ཏྲམ། བོད་སྐད་དུ།། མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གྱིས་ཐོས་པ་དུས ་གཅིག་ན་བཅོམ་ལྡན་འདས་སེར་སྐྱའི་གནས་ན། ཤིང་ནྱ་ཀྲོ་དའི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤ། མ་ཐབས་དང་། ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། ་བསོད་སྙོམས་ཀྱི་ཕྱིར་སེར་སྐྱའི་གནས་སུ་ཞུགས་སོ།། སེར་སྐྱའི་གནས་ནས་བསོད་སྙོམས་བཞེས་ཏེ།། ཞལ་ཟས་ཀྱི་བྱ་བ་མཛད་ཅིང་།། ཟས་ཕྱིས་ལེན་པའི་ཞལ་ཟས་སྤངས་ནས།། ལྷུང་བཟེད་དང་། ཆོས་གོས ་བཞག་སྟེ། ཞབས་བསིལ་ནས།། ཤག་ཀྱ་དུས་པ་དེའི་གཙུག་ལག་ཁང་ག་ལ་བ་དེར་གཤེགས་སོ།། དེའི་ཚེ་ན་དགེ་སློང་རབ་ཏུ་མང་པོ་རག་གྱིས།། ཤག་གྱ་དུས་བདེའི་གཙུག་ལག་ཁང་དུ། ཐ་གབ་མྱེད་པར་བསྟན་རབ་ཏུ་མང ་པོ་དག་བཏིང་སྟེ་དོང་ངོ་།། དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་གི་ཕྱི་རོལ་དུ་ཞབས་བསིལ་ནས། ནང་དུ་ཡང་དག་འཇོག་གི་སླར་དུ་གཙུག་ལག་ཁང་དུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཕྱེ་བྲེད་ནང་དུ་ཡང་འཇོག ་ལས་བཞེངས་ནས། ཤག་ཀྱ་ལྟག་པཱི་རིའི་གཙུག་ལག་ཁང་ག་ལ་བ་དེར་གཤེགས་སོ།། དེའི་ཚེ་ན་ཚེ་དང་ལྡན་པ་ཀུན་དགའ་བོ།། དགེ་སློང་རབ་ཏུ་མང་པོ་དག་དང་ལྷན་ཅིག་ཏུ་ཤག་ཀྱ་ལྷག་པའི་རིའི་གཙུག་ལག་ཁང་དུ་འདི་ལྟ་སྟེ། ་ཆོས་གོས་ཀྱི་ལས་ལ་འདུས་ཏེ་འདུག་པར་གྱུརྡ་ཏོ།། ཚེ་དང་ལྡན་པ་ཀུན་དགའ་བོས་རྒྱང་རིང་པོ་ནས་བཅོམ་ལྡན་འདས་མཐོང་ངོ་།། མཐོང་ནས་ཀྱང་བསྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་བདམ ་བཤམས་ནས་འདི་སྐད་ཅེས་ཀྱང་གསོལ་ཏོ།། བཅོམ་ལྡན་འདས་ཚུར་གཤེགས་སུ་གསོལ།། བཅོམ་ལྡན་འདས་ལེགས་པར་གཤེགས་ལེགས་སོ།། བཅོམ་ལྡན་འདས་བདན་བཤམས་པ་འདི་ལ་བཞུགས་སུ ་གསོལ།། བཅོམ་ལྡན་འདས་བ་དན་ལ་བཞུགས་ནས།། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་བ།། ཀུན་དགའ་བོ་དགེ་སློང་རབ་ཏུ་མང་པོ་དག་གིས་ཤག་ཀྱ་དུས་བདེའི་གཙུག་ལག་ཁང་དུ་ཐ་གབ་མྱེད་པར་སྟན་རབ ་ཏུ་མང་པོ་དག་བཏིང་སྟེ་དོང་ངོ་།། གསོལ་པ་བཅོམ་ལྡན་འདས་ཆོས་གོས་གསལ་བའི་དུས་ལགས་སོ།། བདེ་བར་གཤེགས་པ་ཆོས་གོས་གསལ་བའི་དུས་ལགས་སོ།། བཀའ་སྩལ་པ་ཀུན་དག། ་བོ་དགེ་སློང་བྲེ་མོ་གཏམ་ལ་དཀའ་བ་དང་། བྲེ་མོ་གཏམ་ལ་ཀུན་ཏུ་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་ཏུ་དགའ་བ་ཉིད་ལ་བརྩོན་བའི་རྗེས་སུ་སྦྱོར་བ་དང་། ཚོགས་ལ་དགའ་བ་དང་། ཚོགས་ལ ་ཀུན་ཏུ་དགའ་བ་དང་། ཚོགས་ལ་ཀུན་ཏུ་དགའ་བ་ཉིད་ལ་བརྩོན་པའི་རྗེས་སུ་སྦྱོར་བ་ལ་གནས་པ་ནི་མྱི་མཛེས་ཏེ། ཀུན་དགའ་བོ་དགེ་སློང་བྲེ་མོ་གཏམ་ལ་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་དགའ་བ་དང་། བྲེ་མོ་གཏམ་ལ ་ཀུན་ཏུ་དགའ་བ་ཉིད་ལ་བརྩོན་པའི་རྗེས་སུ་སྦྱོར་བ་དང་། ཚོགས་ལ་དགའ་བ་དང་། ཚོགས་ལ་ཀུན་ཏུ་དགའ་བ་དང་། ཚོགས་ལ་ཀུན་ཏུ་དགའ་བ་གཉིས་ལ་བརྩོན་པའི་རྗེས་སུ་སྦྱོར་བ་ལ་གནས་ཤིང་། ཚོགས་ལས་གཅིག་པུ ་ལོག་ཤིག་ན། མྱི་གནས་པ་དེས་ནི་རེ་ཤིག་འཕགས་པའི་བདེ་བ་དང་། ངེས་པར་འབྱུང་བའི་བདེ་བ་དང་། རབ་ཏུ་དབེན་པའི་བདེ་བ་དང་། ཉེ་བར་ཞི་བའི་བདེ་བ་དང་། རྫོགས་པའི་བྱང་ཆུབ་པའི་བདེ་བ་དང་། དེ་ལྟ་བུའི་བདེ་བ་གང ་ཡིན་པ་དེ་དག་ཅི་འདོད་པ་བཞིན་ཐོབ་པ་དང་། དགའ་བ་མྱེད་པར་ཐོབ་པར་འགྱུར་བ་དེ་ནི་གནས་མྱེད་དོ།། ཀུན་དགའ་བོ་དགེ་སློང་བྲེ་མོ་གཏམ་ལ་མྱི་དགའ་བ་དང་། ཐེ་མོ་གཏམ་ལ་ཀུན་ཏུ་མྱི་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་ཏུ ་དཀའ་བ་ཉིད་ལ་བརྩོན་པའི་རྗེས་སུ་མྱི་སྦྱོར་བ་དང་། ཚོགས་ལ་མྱི་དགའ་བ་དང་། ཚོགས་ལ་ཀུན་ཏུ་མྱི་དཀའ་བ་དང་། ཚོགས་ལ་ཀུན་ཏུ་དགའ་བ་ཉིད་ལ་བརྩོན་པའི་རྗེས་སུ་མྱི་སྦྱོར་བ་གནས་པ་ཤིང་ཚོགས་ལས་གཅིག་པུ་ལོགས་ཤིག ་ན་གནས་པ་དེ་ནི་རེ་ཤིག་འཕགས་པའི་བདེ་བ་དང་། ངེས་པར་འབྱུང་བའི་བདེ་བ་དང་། རབ་ཏུ་དབེན་པའི་བདེ་བ་དང་། ཉེ་བར་ཞི་བའི་བདེ་བ་དང་། རྫོགས་པར་བྱང་ཆུབ་པའི་བདེ་བ་དང་། དེ་ལྟ་བུའི་བདེ་བ་གང་ཡིན་པ་དེ་དག་ཀྱི ་འདོད་པ་བཞིན་ཐོབ་པ་དང་། དགའ་བ་མྱེད་པར་ཐོབ་པར་འགྱུར་བ་དེ་ནི་གནས་ཡོད་དོ།། ཀུན་དགའ་བོ་དགེ་སློང་བྲེ་མོ་གཏམ་ལ་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་ཏུ་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་ཏུ་དགའ་བ་ཉིད་ལ། ་བརྩོན་པའི་རྗེས་སུ་སྦྱོར་བ་དང་། ཚོགས་ལ་དགའ་བ་དང་། ཚོགས་ལ་ཀུན་ཏུ་དགའ་བ་དང་། ཚོགས་ལ་ཀུན་ཏུ་དགའ་བ་ཉིད་ལ་བརྩོན་པའི་རྗེས་སུ་སྦྱོར་བ་ལ་གནས་ཤིང་། ཚོགས་ལས་གཅིག་པུ་ལོག་ཤིག་ན་མྱི་གནས་པ ་དེས་ནི་རེ་ཤིག་དུས་དང་།། སྦྱོར་ཞིང་སྲུང་བའི་སེམས་རྣམ་པར་གྲོལ། བ་འམ།། དུས་དང་མྱི་སྦྱོར་ཞིང་མྱི་ཉམས་པ་ལུས་ཀྱི་མངོན་གསུ་མ་དུ་བྱས་ནས་བསྒྲུབས་ཏེ་གནས་པར་འགྱུར་བ་དེ་ནི་གནས་མྱེད་དོ།། ་ཀུན་དགའ་བོ་དགེ་སློང་བྲེ་མོ་གཏམ་ལ་མྱི་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་ཏུ་མྱི་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་ཏུ་དཀའ་བ་ཉིད་ལ། བརྩོན་པའི་རྗེས་སུ་མྱོ་སྦྱོར་བ་དང་། ཚོགས་ལ་མྱི་དགའ་བ་དང་། ཚོགས ་ལ་ཀུན་ཏུ་ཕྱི་དགའ་བ་དང་།། ཚོགས་ལ་ཀུན་ཏུ་དགའ་བ་ཉིད་ལ་བརྩོན་པའི་རྗེས་སུ་ཀྱི་སྦྱོར་བ་གནས་ཤིང་། ཚོགས་ལས་གཅིག་པུ་ལོག་ཤིག་ན་གནས་པ་དེས་ནི་རེ་ཤིག་དུས་དང་། སྦྱོར་ཞིང་སེམས་རྣམ་པར་གྲོལ་བའམ། དུས་དང་གྱི་སྤོར ་ཞིང་གྱི་ཉམས་པ་ལུས་ཀྱིས་མངོས་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པར་འགྱུར་བ་དེ་ནི་གནས་ཡོད་དོ།། ཀུན་དགའ་བོ་ངས་གང་ལ་ཀུན་ཏུ་དགའ་བ་དང་། མངོན་དགའ་བ་དེ་གཟུགས་དེའི་རྣམ་པར་འགྱུར་བ་དང་། ཀའང་དུ་འགྱུར་བ་ལས་མྱ་ང་དང་། ་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་དག་འབྱུང་བར་མྱི་འགྱུར་བའི་གཟུགས་ནི་གཅིག་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་།། ཀུན་དགའ་པོ་དེ་ལྟ་བས་ན་ངའི་ཀན་པ་ནི་འདི་ལྟ་སྟེ། རྣམ་པ་ཐམས་ཅད་དུ ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ནས། ཕྱི་སྟོང་པ་ཉིད་སྐུས་མངོན་གསུམ་དུ་མཛད་རས་བསྒྲུབས་ཏེ་བཞུགས་པ་འདི་ཡང་རྗེས་སུ་རྟོགས་ཤིང་རབ་ཏུ་རྟོགས་སོ།། བགནས་པ་འདིས་གནས ་པ་མ། མཆོག་ཏུ་དཀའ་བ་སྐྱེས་ཏེ། ང་མཆོག་ཏུ་དགའ་བ་དེས་ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དྲན་པ་དང་། ཞེས་བཞིན་གྱིས་ལན་མང་དུ་གནས་སོ།། ང་གནས་པ་འདིས་གནས་པ་མ་དགའ་བ་དང་། ཤིན་ཏུ་སྦྱངས་པ་དང ་བདེ་བ་དང་། ཏིང་ངེ་འཛིན་སྐྱེས་ཏེ། ང་ཏིང་ངེ་འཛིནད་དེས་ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དྲན་པ་དང་། ཤེས་བཞིན་གྱིས་ལན་མང་དུ་གནས་སོ།། ང་གནས་པ་འདིས་གནས་པ་ན། དགེ་སློང་དང་། དགེ་སློང་མ་དང་། ་དགེ་བསྙེན་དང་། དགེ་བསྙེན་མ་དག་ཉེ་བར་ལྷགས་པར་གྱུར་ནས། དུ་དེ་ལ་གཞོལ་བ་དང་། དེ་ལ་འབབ་པ་དང་། དེ་ལ་འབབ་པའི་སེམས་ཀྱིས་དེ་དག་ལ་འདི་ལྟ་སྟེ། བརྩོན་འགྲུས་སུ་རུང་བར་བྱ་བའི་ཕྱིར། ཕན ་ཚུར་དགའ་བའི་གཏམ་འདྲེ་བར་སྨྲ། ཕེབས་པར་སྨྲ་ཞིང་ཆོས་ཀྱི་གཏམ་ཡང་ཟེར་རོ།། ཀུན་དགའ་བོ་དེ་ལྟ་བས་ན་དགེ་སློང་ཡང་ཀྱེ་མ་བདག་ཕྱི་སྟོང་པ་ཉིད་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་ཀརྦ། ་བར་བྱའོ།། ཞེས་འདོད་པར་གྱུར་ན།། ཞེས་འདོད་པར་གྱུར་ན།། ཀུད་དགའ་བོ་དགེ་སློང་དེས་སེམས་དང་ལོ་ནང་བཞག་པར་བྱ་ཡང་དག་པར་ས་ཀ་བར་བྱ་བསྡུས་ཏེ་གཞག་པར་བྱ། ཀྵེ་བར་ཀཞག་པར་བྱུང། དུལ་པར་བྱ་ཞེ ་མ་པའི་ཆཿ། རྒྱུང་གཅིག་ཏུ་བྱ་འིང་། ཏིང་ངེ་འཛིན་དུ་བྱའོ།། ཀུན་དགའ་བོ་དགེ་སློང་གང་འདི་སྐད་ཅེས། བདག་གིས་སེམས་ནང་ཁོ་ནར་མ་བཞག། བསྡུས་ཏེ་མ་བཞག། དུལ་བར་མ་བཞག། ཞི་བར་མ་བྱས།། ཉེ་བར་ཞི་བར་མ ་བྱས།། རྒྱུད་གཅིག་ཏུ་མ་བྱས་ཤིང་། ཏིང་ངེ་འཛིན་དུ་མ་བྱས་པར། ཕྱི་སྟོང་པ་ཉིད་ལུས་ཀྱི་མངོན་སུམ་དུ་མ་བྱས་ནས།། བསྒྲུབས་ཏེ་གནས་པར་བྱའོ་ཞེས་ཟེར་བ་ནས། ཀུན་དགའ་བོ་དེ་ནི་རྣམ་པར་འཁྲུལ་པ་ཡིན་པར་རིག་པར་བྱའོ།། ་དེ་ཅིའི་ཕྱིར་ཞེ་ན། ཀུར་དཀའ་བོ་དེ་ནི་གནས་མ་ཡིན་ཞིང་། སྐབས་མ་ཡིན་ཏེ། གང་སེམས་ནང་ཁོ་ནར་མ་བཞག། ཡང་དག་པར་མ་བཞག། བསྡུས་ཏེ་མ་བཞག། ཉེ་བར་མ་བཞག། དུལ་བར་མ་བྱས། ཞི་བར་མ་བྱས ་ཉེ་བར་ཞི་བར་མ་བྱས།། རྒྱུད་གཅིག་ཏུ་མ་བྱས་ཤིང་། ཏིང་ངེ་འཛིན་དུ་མ་བྱས་པར། ཕྱི་སྟོང་པ་ཉིད་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པར་འགྱུར་བ་དེ་ནི་གནས་བྱེད་བའི་ཕྱིར་རོ།། ཀུན་དགའ་བོ་དགེ་སློང་གང ་འདི་སྐད་ཅེསཿ། བདག་ཀྱིས་སེམས་དང་ཁོ་ནར་བཞག། ཡང་དག་པར་གཞག། བསྡུས་ཏེ་བཞག། ཉེ་བར་བཞག། དུལ་བར་བྱས། ཞི་བར་བྱས།། ཉེ་བར་ཞི་བར་བྱས།། རྒྱུད་གཅིག་ཏུ་བྱས་ཤིང་། ཏིང་ངེ་འཛིན་དུ་བྱས་ཏེ། བྱི་སྟོང ་པ་ཉིད་ལུས་ཀྱིས་མངོན་སུམ་དུ་བྱས་ནས། བསྒྲུབས་ཏེ་གནས་པར་བྱའོ་ཞེས་ཟེར་ན། ཀུན་དགའ་བོ་དེའི་ཚིག་ནི་ལེགས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་ནི་གནས་ཡིན་ཞིང་། སྐབས་ཡིན་ཏེ་སེམས ་ནང་ཁོ་ནར་བཞག། ཡང་དག་པར་བཞག། བསྡུས་ཏེ་བཞག། ཉེ་བར་གཞག། རུལ་བར་བྱས།། ཞི་བར་བྱས།། ཉེ་བར་ཞི་བར་བྱས། རྒྱུད་གཅིག་ཏུ་བྱས་ཤིང་།། ཏིང་ངེ་འཛིན་དུ་བྱས་ཏེ། ཕྱི་སྟོང་པ་ཉིད་ལུས་ཀྱིས་མངོན ་གསུམ་དུ་བྱས་ནས། བསྒྲུབས་ཏེ་གནས་པར་འགྱུར་བ་དེ་ནི་གནས། ཡོད་པའི་ཕྱིར་རོ།། ཀུན་དགའ་བོ་ཇི་ལྟར་ན་དགེ་སློང་སེཾས་དང་ཞོ།། ནར་འཇོག་པར་བྱེད། ཡང་དག་པར་འཇོག་པར་བྱེད། བསྡུས་ཏེ ་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བ.རབྱེད། ཉེ་བར་ཞི་བར་བྱེད།། རྒྱུད་གཅིག་ཏུ་བྱེད་ཅིང་། ཏིང་ངེ་འཛིན་འདུ་བྱེད་ཅེ་ན། འདི་ལ་དགེ་སློང་དགེ་དབེན་པ་ལས་སྐྱེས་པའི་དགའ་བ ་དང་། བདེ་བས་ལུས་དེ་ཉིད་མངོན་པར་རླན་པར་བྱེད། ཡོངས་སུ་ཆད་པར་བྱེད།། ཡོངས་སུ་ཚིམ་པར་བྱེད་ཅིང་། ཡོངས་སུ་ཁྱབ་པར་བྱེད་དེ། དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། དབེན་པ་ལས་སྐྱེས་པའི་དགའ་བ་དང ་བདེ་བས་ཁྱབ་པར་མ་གྱུར་པ་དང་། ཁྱབ་པར་བྱ་བ་ཅུང་ཟད་ཀྱང་མྱེད་དོ།། འདི་ལྟ་སྟེ། དཔེར་ན་འཁྲུས་འཁན་ནམ། འཁྲུས་མཁན་གི་སློབ་མ་མཁས་པ་ཞིག་གྱིས་ཁྲུས་ཆལ་ཞིབ་མོ་དག་འཁར་ཕོར་རམ།། ཞོང་བུ ་དང་། ཉ་ཕྱིས་སུ་བླུགས་ཏེ། ཆུས་བཏབ་ཅིང་མཉེས་ན། དེ་ཁྲུས་ཚལ་གྱི་རིལ་བུ་རླན་པ་རླན་དང་ལྡན་པ།། རླན་གིས་ཀུན་ཏུ་བཀང་བ། ཕྱི་ནང་བཅས་པར་རླན་གྱིས་ཁྱབ་པར་འགྱུར་ཞིང་། ཕྱིར་ཡང་མྱི་འཇིགས་ལ་ཟག་པར་ཡང ་མྱི་འགྱུར་རོ།། དེ་བཞིན་དུ་དགེ་སློང་ཡང་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བས་ལུས་དེ་ཉིད་མངོན་པར་དྲན་པར་བྱེད།། ཡོངས་སུ་བརླན་པར་བྱེད། ཡོངས་སུ་ཚིམ་པར་བྱེད་ཅིང་། ཡོངས་སུ་ཁྱབ་པར ་བྱེད་དེ།། དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། དབེན་པའི་ལས་སྐྱེས་པའི་དགའ་བ་དང་། བདེ་བས་ཁྱབ་པར་མ་གྱུར་པ་དང་། ཁྱབ་པར་བྱ་བ་ཆུང་ཟད་ཀྱང་མྱེད་དོ།། ཀུན་དགའ་བོ་དེ་ལྟར་ན། དགེ་སློང་ནང་ཁོ་ནར ་འཇོག་པར་བྱེད། ཡང་དག་པར་འཇོག་པར་བྱེད། བསྡུས་ཏེ་འཇོག་པར་བྱེད།། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་གྱུར་ད་ཅིང་། ཏིང་ངེ་འཛིན་དུ་བྱེད་པ་ཡིན་ཏེ། ཀུན ་དགའ་བོ་དགེ་སློང་དེས་ནི་སེམས་ནང་ཁོ་ནར་བཞག། ཡང་དག་པར་བཞག། བསྡུས་ཏེ་བཞག། ཉེ་བར་གཞག། དུལ་བར་གཞག། ཉེ་བར་ཞི་བར་བྱས།། རྒྱུད་གཅིག་ཏུ་བྱས་ཤིང་།། ཏིང་ངེ་འཛིན་དུ་བྱས་ཏེ། ཕྱི་སྟོང་པ་ཉིད ་ཡིད་ལ་བྱའོ།། ཀུན་དགའ་བོ་དགེ་སློང་དེ་ཕྱི་སྟོང་པ་ཉིད་ཡིད་ལ་བྱེད། པ་ན།། སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ་ཕྱིསྟོང་པ་ཉིད་ལ་དེའི་སེམས་འཇུག་པར་མྱི་འགྱུར། དང་བར་མྱི་འགྱུར། ་གནས་པར་མྱི་འགྱུར། མོས་པར་མྱི་འགྱུར་ལ། ཀུན་དགའ་བོ་གལ་ཏེ། དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ། བདག་ཕྱི་སྟོང་པ་ཉིད་ཡིད་ལ་བྱེད་པ་ན།། སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ། ཕྱི་སྟོང ་པ་ཉིད་ལ་སེམས་འཇུག་པར་མྱི་འགྱུར། དང་བར་མྱི་འགྱུར། གནས་པར་མྱི་འགྱུར། མོས་པར་མྱི་འགྱུར་བར་ཤེས་པར་གྱུར་པ་ན་ཀུན་དགའ་བོ།། དགེ་སློང་དེས་ནང་སྟོང་པ་ཉིད་ཡིད་ལ་བྱའོ།། ཀུན་དགའ་བོ་དགེ་སློང་དེས་ནང་སྟོང་པ ་ཉིད་ཡིད་ལ་བྱེད་པ་ན་ཡང་སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ་ནང་སྟོང་པ་ཉིད་ལ་སེམས་འཇུག་པར་མྱི་འགྱུར། དང་བར་མྱི་འགྱུར། གནས་པར་མྱི་འགྱུར། མོས་པར་མྱི་འགྱུར་ལ་ཀུན་དགའ་བོ། གལ་ཏེ་དགེ་སློང་དེ་དེ ་ལྟར་སོ་སོར་རྟོག་པའི་ཚེ་། བདག་དང་སྟོང་པ་ཉིད་ཡིད་ལ་བྱེད་པ་ན་ཡང་། སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ་རང་སྟོང་པ་ཉིད་ལ་སེམས་འཇུག་པར་མྱི་འགྱུར། དང་བར་མྱི་འགྱུར། གནས་པར་མྱི་འགྱུར། མོས་པར ་མྱི་འགྱུར་བར་ཤེས་པར་འགྱུར་ན།། ཀུན་དགའ་བོ་དགེ་སློང་དེས་ཕྱི་ནང་སྟོང་པ་ཉིད་ཡིད་ལ་བྱའོ།། ཀུན་དགའ་བོ་དགེ་སློང་དེ་ཕྱི་ནང་སྟོང་པ་ཉིད་ཡིད་ལ་བྱེད་པ་ན་ཡང་། སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ་ཕྱི ་ནང་སྟོང་པ་ཉིད་ལ་སེམས་འཇུག་པར་མྱི་འགྱུར། དང་བར་མྱི་འགྱུར། གནས་པར་མྱི་འགྱུར། མོས་པར་མྱི་འགྱུར་ལ།། ཀུན་དགའ་བོག་ཏེ་དགེ་བོང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ། བདག་གི་ཕྱི་ནང་སྟོང་པ་ཉིད་ཡིད་ལ་བྱས་པ ་ཡང་། སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ། ཕྱི་ནང་སྟོང་པ་ཉིད་ལ་སེམས་འཇུག་པར་མྱི་འགྱུར། དང་བར་མྱི་འགྱུར། གནས་པར་མྱི་འགྱུར། མོས་པར་མྱི་འགྱུར་བར་ཤེས་པར་གྱུར་པ་ན།། ཀུན་དག ་བོ་དགེ་སློང་དེས་མྱི་གཡོའ་བ་ཡིད་ལ་བྱའོ།། ཀུན་དགའ་བོ་དགེ་སློང་ང་དེ་མྱི་གཡོའ་བ་ཡིད་ལ་བྱེད་པ་ན་ཡང་། སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ། མྱི་གཡོའ་བ་ལ་སེམས་འཇུག་པར་མྱི་འགྱུར། ་དང་བར་མྱི་འགྱུར། གནས་པར་མྱི་འགྱུར། མོས་པར་མྱི་འགྱུར། ལ།། ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི།། ཚེ།། བདག་མྱི་གཡོའ་བ་ཡིད་ལ་བྱེད་པ་ན་ཡང་སེམས་རྣམ་པར་མྱི་གཡོ ་བར་འགྱུར་ཞིང་། འདི་ལྟ་སྟེ། མྱི་གཡོའ་བ་ལ་སེམས་འཇུག་པར་མྱི་འགྱུར། དང་བར་མྱི་འགྱུར། གནས་པར་མྱི་འགྱུར། མོས་པར་མྱི་འགྱུ་ར་བར་ཤེས་པར་གྱུར་པ་ན།། ཀུན་དགའ་བོ་དགེ་སློང་དེས་སེམས་དེ་ཏིང་ངེ ་འཛིན་དེ་དང་དེ་དག་ལ་གཞོལ་བར་བྱ། དུལ་བར་བྱ།། ཞི་བར་བྱ།། ལས་སུ་བྱ། བསྲོ་བར་བྱ། ཡང་དག་པར་བསྲོ་བར་བྱ། ཡོངས་སུ་བསྲོ་བར་བྱ།། དྲན་པར་བྱ་ཞིང་།། པས་སུ་རུང་བ་དང་། གནས་པ་དང་། བཅོས ་སུ་རུང་བ་དངང་། བཏུབ་པར་བྱའོ་ཏེ།། ཀུན་དགའ་བོ་དགེ་སློང་དེས་སེམས་དེ་ཏིང་ངེ་འཛིན་དེ་དང་དེ་དག་ལ་གཞོལ་བར་བྱས། དུལ་བར་བས། ཞི་བར་བྱས། ལས་སུ་བྱས། བསྲོ་བར་བྱས། ཡང་དག་པར་བསྲོ་བར་བྱས། ་ཡོངས་སུ་བསྲོ་བར་བྱས། དྲང་པོར་བྱས་ཤིང་། ལས་སུ་རུང་བ་དང་། གནས་པ་དང་། བཅོས་སུ་རུང་བ་དང་། བཏུབ་པར་བྱས་ཏེ།། ཕྱི་སྟོང་པ་ཉིད་ཡིད་ལ་བྱའོ།། ཀུན་དགའ་བོ་དགེ་སློང་དེ་ཕྱི་སྟོང་པ་ཉིད་ཡིད་ལ་བྱེད་པ ་དགེ་སློང་དེས་དང་སྟོང་པ་ཉིད་ཡིད་ལ་བྱའོ།། ཀུན་དགའ་བོ་དགེ་སློང་དེ་དང་སྟོང་པ་ཉིད་ཡིད་མ་བྱེད་པར་ས་སེམས་ནས་བར་ག་པོའི་སྔར་གྱི་འགྱུར་འཛི། འདིས་མེ་ང་སྟོང་པ་ཉིད་ས་སེམས་འདུགས ་དང་། གནས་པ་དང་། མོས་པར་འགྱུར་ལ། ཀུན་དགའ་བོ་གས་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ། བདག་ནང་སྟོང་པ་ཉིད་མི་ད་ལ་བྱེད་པ་ན་ཡང་། སེམས་རྣམ་པར་གསོལ་བར་མྱི་འགྱུར་ན། འདི ་སྣ་སྟེ། ནང་སྟོང་པ་ཉིད་ལ་སེཾས་འཇུག་པ་དང་།། དང་བ་དང་། གནས་པ་དང་། མོས་པར་འགྱུར་བར་ཤེས་ན། ཀུན་དགའ་བོ་དགེ་སློང་དེས་ཕྱི་ནང་སྟོང་པ་ཉིད་ཡིད་ལ་བྱའོ།། ཀུན་དགའ་བོ་དགེ་སློང་དེའི ་ཕྱི་ནང་སྟོང་པ་ཉིད་ཡིད་ལ་བྱེད་པན་ཡང་། སེམས་རྣམ་པར་གཡོའ་བར་མྱི་འགྱུར་ཞིང་། འདི་ལྟ་སྟེ་ཕྱི་ནང་སྟོང་པ་ཉིད་ལ་སེམས་འཇུག་པ་དང་། དང་བ་དང་། གནས་པ་དང་། མོས་པར་འགྱུར་དལ། ཀུན་དགའ་བོ་དགེ་སློང ་དེ་དེ་ལྟར་རྟོག་པའི་ཚེ། བདག་ཕྱི་ནང་སྟོང་པ་ཉིད་ཡིད་ལ་བྱེད་པ་ན་ཡང་། སེམས་རྣམ་པར་གཡོའ་བར་མྱི་འགྱུར་ཞིང་། འདི་ལྟ་སྟེ་ཕྱི་ནང་སྟོང་པ་ཉིད་ལ་སེམས་འཇུག་པ་དང་། དང་བ་དང་། གནས་པ་དང་། མོས་པར ་གྱུར་ད་པར་ཤེས་ན། ཀུན་དགའ་བོ་དགེ་སློང་དེས་མྱི་གཡོའ་བ་ཡིད་ལ་བྱའོ།། ཀུན་དགའ་བོ་དགེ་སློང་དེ་མྱ་གཡོའ་བ་ཡིད་ལ་བྱེད་པ་ན་ཡང་། སེམས་རྣམ་པར་གཡོའ་བར་མྱི་འགྱུར་ཞིང་། འདི་ལྟ་སྟེ་མྱི་གཡོའ་བ ་ལ་སེམས་འཇུག་པ་དང་། དང་བ་དང་། གནས་པ་དང་། མོས་པར་འགྱུར་ལ། ཀུན་དགའ་བོ་ཀལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོགས་པའི་ཚེ། བདག་མྱི་གཡོའ་བ་ཡིད་ལ་བྱེད་པ་ན་ཡང་། སེམས་རྣམ་པར་གཡོལ་བར ་ཀྱི་རྒྱར་ཞིང་འདིས་སྟེ་ཀྱི་གསོ་བ་ལ་སེམས་འདུག་པ་དང་ས་དང་། མོས་པར་གྱུ་པ་ཤེས། དེ་ས་དྲ་གཱ་དང་། ཤེས་པ་དུ་གྱུ་།། ཀུན་པ་མ་ན་སློང ་པ་རྦ། གས་ཏེ་ཆགས་པ་ལ་སེམས་འཇུག་པར་གྱུར་དན། ཀུན་དགའ་བོ་དགེ་སློང་དེས་གཙུག་ལག་ཁང་གི་ཕྱི་རོལ་ཐ་ཀ་བ་མྱེད་པའི་འཆག་སར།། དབང་པོ་རྣམས་ནང་དུ་བསྡུས་ཤིང་། ཡིད་ཕྱི་རོལ་དུ་མ་སོང་བར། སྔ ་ཕྱིའི་འདུ་ཤེས་ཀྱིས་བཅག་པར་བྱའོ།། དེ་དེ་ལྟར་བཅག་པ་ན། འཇིག་རྟེན་པ་བརྡབ་སེམས་དང་། ཡིད་མྱི་བདེ་བ་དང་། སྡིག་པ་མྱི་དགེ་བའི་ཆོས་རྣམས་ཀྱི་རྗེས་སུ་མྱི་འབྲང་ཞིང་དེ་དེ་ལ་དྲན་པ་དང་། ཤེས་བཞིན་ཅན་དུ་འགྱུར ་རོ།། ཀུན་དགའ་བོ་དགེ་སློང་དེ་གནས་པ་འདིས་གནས་པ་ན་གལ་ཏེ་འདུག་པ་ལ་སེམས་འཇུག་པར་གྱུར་ད་ན། ཀུན་དགའ་བོ་དགེ་སློང་དེས་གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པ་བཀྲུས་ཏེ། གཙུག ་ལག་ཁང་གི་རང་དུ་ཞུགས་ལ་སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲང་ལ། དྲན་པ་མངོན་དུ་བཞག་སྟེ་འདུག་པར་བྱའོ།། དེ་དེ་ལྟར་འདུག་པ་ན་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མྱི་འདེ ་བ་དང་། སྡིག་བགྱི་དགེ་བའི་ཆོས་རྣམས་སེམས་ཀྱི་རྗེས་སུ་མྱི་འབྲང་ཞིང་། དེ་དེ་ལ་དྲང་བ་དང་། ཤེས་བཞིན་ཅན་དུ་འགྱུར་རོ།། ཀུན་དག། འབོ་དགེ་སློང་དེ་གནས་པ་འདིས་གནས་པ་ར། གལ་ཏེ་རྣམ་པར ་རྟོག་པ་དག་ལ་སེམས་འདུག་པར་གྱུར་དང་། ཀུན་དཀའ་བོ་དགེ་སློང་དེས་ཀྱི་དགེ་བ། སྡུག་བསྔལ་བ། འཕགས་པ་མ་ཡིན་པ།། གནོད་པ་དང་ལྡན་པའི་རྣམ་པར་རྟོག་པ། འདི་ལྟ་སྟེ་འདོད་པའི་རྔམ་པར་རྟོག་པ ་བ་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་དང་། དེ་ལྟ་བུའི་རྣམ་པར་རྟོག་པ་གང་དག་ཡིན་པ་དེ་དག་མངོན་པར་སྤངས་ལ་དགེ་བ་བདེ་བ་འཕགས་པ་གནོད་པའི་མྱེད་པ་དང་། ་ལྡན་པའི་རྣམ་པར་རྟོག་པ་འདི་ལྟ་སྟེ། ངེས་པར་འབྱུང་བའི་རྣམ་པར་རྟོག་པ་དང་། གནོད་སེམས་མྱེད་པའི་རྣམ་པར་རྟོག་པ་དང་། རྣམ་པར་མྱི་འཚེ་བའི་རྣམ་པར་རྟོག་པ་དང་། དེ་ལྟ་བུའི་རྣམ་པར་རྟོག་པ་གང་དག ་དག་པ་། ནས་པ་ཤོག་པདྨ། མ་མས་དང་། ཀྱི་དེ་བ་དང་། ག་བ་ས་ཡོངས་སུ་ཀྱི་ཤུ ་ས་བའི་།། ན་པའ་བ་ན་འ་གམས་པ་འདིས་གནས་ས། ས་ཏེས་ས་ལམས་ས་། ཙྪ་སྤྲུ་ལ་ས ་གནོད་པ་དང་ལྡན་པའི་གཏམ་འདི་ལྟ་སྟེ། རྒྱལ་པོའི་གཏམ་དང་། རྐུན་པོའི་གཏམ་དང་། ཟབ་མོའི་གཏམ་དང་། ཟས་ཀྱི་གཏམ་དང་། སྐོམ་གྱི་གཏམ་དང་། གོས་ཀྱི་གཏམ་དང་། ལམ་སྲང་ཀྱི་གཏུམ་དང་། སྤད་འཚོང ་མའི་གཏམ་དང་། འཇིག་རྟེན་གྱི་གཏམ་རྒྱུད་ཀྱི་གཏམ་དང་། ལམ་ངན་པའི་གཏམ་རྒྱུད་ཀྱི་གཏམ་དང་། རྒྱ་མཚོའི་གཏམ་རྒྱུད་ཀྱི་གཏམ་དང་། ཡུལ་གྱི་མྱི་དང་། སྣ་ཆེན་པོ་ལ་རྟོགས་པའི་གཏམ་རྒྱུད ་ཀྱི་གཏམ་དང་།། དེ་ལྟ་བུའི་གཏམ་གང་དག་ཡིན་པ་དེ་དག་མངོན་པར།། སྤངས་ལ། འཕགས་པའི་ཡོ་བྱད་བསྙུངས་པ་སེམས་ཀྱི། སྒྲིབ་པ་མྱེད་པ་དང་། འཐུན་པར་གྱུར་པའི་གཏམ་འདི་ལྟ་སྟེ། ་ཚུལ་ཁྲིམས་ཀྱི་གཏམ་དང་། ཏིང་ངེ་འཛིན་གྱི་གཏམ་དང་། ཤེས་རབ་ཀྱི་གཏམ་དང་། རྣམ་པར་གྲོལ་བའི་གཏམ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་གཏམ་དང་། འདོད་པའི་ཆུང་བའི་གཏམ ་དང་། ཆོ་ག་ཤེས་པའི་གཏམ་དང་། རྨྱི་ཚོགས་པའི་གཏམ་དང་། ཡོ་བྱད་བསྙུངས་པའི་གཏམ་དང་། འདུ་འཛི་མྱེད་པའི་གཏམ་དང་། སྤོང་བའི་གཏམ་དང་། འདོད་ཆགས་དང་བྲལ་བའི་གཏམ་དང་། འགོག་པའི་གཏམ་དང་། ་སྟོང་པ་ཉིད་ཀྱི་གཏམ་དང་། རྐྱེན་འདི་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ་དང་། དེ་ལྟ་བུའི་གཏམ་གང་དག་ཡིན་པ་དེ་དག་གི་གཏམ་བྱའོ།། དེ་དེ་ལྟར་གཏམ་ཟེར་བ་ན། འཇིག་རྟེན་ལ་རྣབ་སེམས་དང་། ཡིད ་མྱི་བདེ་བ་དང་། སྡིག་པ་མྱི་དགེ་བའི་ཆོས་རྣམས་སེམས་ཀྱི་རྗེས་སུ་མྱི་འབྲང་ཞིང་། དེ་དེ་ལྟར་དྲན་པ་དང་། ཤེས་བཞིན་ཅན་དུ་འགྱུར་རོ།། ཀུན་དགའ་བོ་འཕགས་པ་ཉན་ཐོས་ཀྱིས་མ་ལ་བདག་གི་སེམས་འདོད་པའི་ཡོན ་ཏ་ལྔ་པོ་འདི་དག་ལས་འདོད་པའི་ཡོན་ཏན་གང་ཡང་རུང་བ་བརྟེན་ནས།། ཀུན་ཏུ་འབྱུང་བ་ཡོད་དམ། འོད་ཏེ་བདག་གི་སེམས་འདོད་པའི་ཡོན་ཏན་སྔ་པོ་འདི་དག་ལས་འདོད་པའི་སོན་ཏན་གང་ཡང་རུང་བ་ལ་བརྟེན་ནས།། ཀུན་ཏུ ་འབྱུང་བ་ཕྱེད་ཅེས་ཡང་དང་ཡང་དུ་འདོད་པའི་ཡོད་ཏན་ལྔ་པོ་འདི་དག་ལ།། རང་གི་སེམས་སོ་སོར་བརྟག་པར་བྱསྟེ།། ཀུན་དགའ་བོ་ངའི་འདོད་པའི་ཡོན་ཏད་ལྔ་པོ་དག་ལས་གཞན་བྲ་ས་སེ་མས་ཀུན་ཏུ་འཐུང་བ་གྱི་སྨྲའོ།། ་ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་སྐར་པོ་སོར་རྟོག་པའི་ཚེ། བདག་གི་སེཾས་འདོད་པའི་ཡོན་ཏན་ལྔ་པོ་འདི་དག་སྲ།། འདོད་པའི་ཡོན་ཏད་གང་ཡང་རུང་བ་ལ་བརྟེན་ནས།། ཀུན་ཏུ་འབྱུང་བ་ཡོད་པ་ཞེས་པར་གྱུར་དན། ཀུན་དགའ་བོ་དགེ་སློང་དེས་འདོད་སྒོ་ཏན་དེ་དང་དེ་དག་ལ་ཕྱི་རྟག་པ་རྗེས ་སུ་བལྟ་ཞིང་གས་པར་བྱ། ཟད་པར་རྗེས་སུ་བལྟ་བ་དང་། འདོད་ཆག་དང་བྲལ་བར་རྗེས་སུ་བལྟ་བ་དང་། འགོག་པ་རྗེས་སུ་བལྟ་བ་དང་། དེས་ལྔ་འབྱུང་བར་རྗེས་སུ་ལྟ་ཞིང་གན་པར་བྱའོ།། ཀུན་དག་པོ་དགེ་སློང་དེ་འདོད་པའི་ཡོན་ཏན་དེ་དང་དེ་དག་ལ་གྱི་གན་བཱ་རྗེས་སུ་ལྟ་ཞིང་གདྲ་བ་ད། ཟད་ལྔ་རྗེས་སུ་བལྟ་བ་ད། འདོད ་བཀླད་ཟས་རྗེས་སུ་བལྟ་བ་དང་། འགོག་པར་རྗེས་སུ་བལྟ་བ་དང་།། ངེས། པར་འབྱུང་བར་རྗེས་སུ་བལྟ་ཞིང་གནས་པ་ན། དེའི་སེམས་འོད་ད་པའི་ཡོན་ཏན་ལྔ་པོ་འདི་དག་ལས་འདོད་པའི་ཡོན་ཏན་གང་ཡང་ནུང ་བ་ལ་བརྟེན་ནས།། ཀུན་ཏུ་འབྱུང་བར་འགྱུར་བ་གང་ཡིན་པ་རེ་ཀུན་ཏུ་འགྱུ་ང་བར་མྱི་འགྱུར་རོ།། ཀུན་དགའ་བོ་གལ་ཏེ་དགེ་སློང་དྲེ་དེ་ལྟར་སོ་སོར་རྟོག་པའི་ཆེ། བདག་གི་སེམས་འདོད་པའི་ཡོན་ཏན་ལྔ་པོ་འན ་ངག་ལས་འདོད་པའི་ཡོན་ཏན་ལྔ་ཡང་རུང་བ་ལ་བརྟེན་ནས།། ཀུན་ཏུ་འབྱུང་བར་གྱུར་པ་གང་ཡིན་པ་དེ་སྤངས་པར་ཤེས་པར་གྱུར་ན་དེ་དེ་ལ་དྲན་པ་དང་། ཤེས་བཞིན་ཅན་དུ་འགྱུར་རོ།། ཀུན་དགའ་བོ་འཕགས་པ་ཉན་ཐོས། ་ཀྱིས་མ་ལ་བདག་གྱིས་ཉེ་བར་ལེན་པའི་ཕུང་པོ་འདི་དག་ལ་ངའོ་སྙམ་པའི་དེ་རྒྱལ་དང་། ངའོ་སྙམ་པའི་འདུན་པ་དང་། ངའོ་སྙམ་པའི་བག་ལ་ཉལ་མ་སྤངས་ཤིང་། ཡོངས་སུ་མ་ཤེས་ལ་མ་བཀག་མ་བསལ་བ་ཡོད་དམ། ་འོན་ཏེ་བདག་ཀྱིས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ངའོ་སྙམ་པའི་ང་རྒྱལ་དང་། ངའོ་སྙམ་པའི་འདུན་པ་དང་། ངའོ་སྙམ་པའི་བག་ལ་ཉལ་མ་སྤངས་ཤིང་།། ཡོངས་སུ་མ་ཤེས་ལ་མ་བཀག་མ་བསལ་བ་མྱེད་ཅེས། ཡང ་དང་ཡང་དུ་ཉེ་བར་ལེན་པའི་ཕུང་པོ་འདི་དག་ལ་རང་གི་སེམས་སོ་སོར་བརྟག་པར་བྱའོ།། ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ། བདག་གི་ཉེ་བར་ལེན་པའི་ཕུང་པོ་འདི་དག་ལ། ངའོ་སྙམ་པའི། ་ང་རྒྱལ་དང་། ངའོ་སྙམ་པའི་འདུན་པ་དང་། ངའོ་སྙམ་པའི་བག་ལ་ཉལ་མ་སྤངས་ཤིང་། ཡོངས་སུ་མ་ཤེས་ལ། མ་བཀག་མ་བསལ་བ་ཡོད་པར་ཤེས་པར་གྱུར་ད་ན། ཀུན་དགའ་བོ་དགེ་སློང་དེས་ཉེ་བར་ལེན་པའི་ཕུང་པོ་འདི་དག། ་ཡང་དང་ཡང་དུ་འདི་ལྟ་སྟེ། འདི་ནི་གཟུགས་སོ།། འདི་ནི་གཟུགས་ཀྱི་ཀུན་འབྱུང་བའོ།། འདི་ནི་གཟུགས་ཀྱི་ཟད་པའོ།། འདི་ལྟ་སྟེ། འདི་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྗེས་དང་། རྣམ་པར་ཤེས་པའོ།། འདི་ནི་རྗེ། ་པར་ཤེས་པ་ཀུན་འབྱུང་བའོ།། འདི་ནི་རྣམ་པར་ཤེས་པའི་ཟད་པ་ཞེས་ཀུན་འབྱུང་བ་དང་། ཟད་པར་རྗེས་སུ་བལྟ་ཞིང་། གནས་པར་བྱའོ།། དེ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ཡང་དང་ཡང་དུ་ཀུན་འབྱུང ་ཟང་པར་རྗེས་སུ་བལྟ་ཞིང་གནས་པ་ན། དེ་ལ་ཉེ་བར་ལེན་པའི་ཕུང། པོ་འདི་དག་ལ་ངའོ་སྙམ་པའི་ང་རྒྱལ་དང་། ངའོ་སྙམ་པའི་འདུན། པ་དང་། ངའོ་སྙམ་པའི་བག་ལ་ཉལ་མ་སྤངས་ཤིང་། ཡོངས་སུ་མ ་ཤེས་ལ། མ་བཀག་མ་བསལ་བར་གྱུར་པ་གང་ཡིན་པ་དེ་མྱེད་པར་འགྱུ་ར་རོ།། ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་པའི་ཚེ། བདག་གིས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ངའོ་སྙམ་པའི་ང་རྒྱལ ་དང་། ངའོ་སྙམ་པའི་འདུན་པ་དང་། ངའོ་སྙམ་པའི་བག་ལ་ཉས་བྱངས་གྱུར་པ་གང་ཡིན་པ་དེ་སྤངས་པར་ཤེས་པར་གྱུར་ན། དེ་དེ་ལ་དྲན་པ་དང་ཤེས་བཞིན་ཅན་དུ་འགྱུར་ཏེ།། ཀུན་དགའ་བོ་ཆོས་དེ་དག་ནི་གཅིག་ཏུ་དཀར་བ། གཅིག ་ཏུ་དགེ་བ། གཅིག་ཏུ་ཁ་ན་མ་ཕོ་བ་མྱེད་པ་སྟེ། བདུད་སྡིག་ཅན་གྱིས་འདའ་བར་བྱ་བ་མ་ཡིན་ཞིང་། སྡིག་པ་མྱི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པར་འགྱུར། ཡང་སྲི་བར་འགྱུར་བ་གདུང་བ་དང་བཅས་པ། རྣམ་པར་སྨིད་པ་སྡུག ་འཁྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་རྣམས་ཀྱིས་མྱི་འཕྲོགས་པ་ཡིན་ནོ།། ཀུན་དགའ་བོ་ཇི་སྙམ་དུ་སེམས།། ཉན་ཐོས་རང་བཅན་རྣམས་ཇི་མིད་འཚོའི་བར་དུ་ཕྱིར་བཀག་ཀྱང་སྟོརང་པའི་ཕྱི་བཞི་དེ་རྗེས་སུ ་འཐབ་པར་འོས་པ་ཅིའི་ཕྱིར་སྙམ།། གསོལ་པ།། བཙུན་པ་བཅོམ་ལྡན་འདས་ནི་ཆོས་རྣམས་ཀྱི་གཞི་སོ་ལགས་ཏེ། བཅོམ་ལྡན་འདས་ཀྱི་མཚོན་པ་དང་། བཅོམ་ལྡན་འདས་ལ་རྟེན་པ་ལགས་པས། བཅོམ་ལྡན་འདས ་ཀྱིས་དོན་དེ་དགེ་སློང་རྣམས་ལ་ལེགས་པར་བཀའ་སྩ་ལང་དུ་གསོལ།། བཅོམ་ལྡན་འདས་ལས་ཐོས་ནས། དགེ་སློང་རྣམས་ཀྱང་འཛིན་པར་འགྱུར་ལགས་སོ།། བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ལེགས་པར ་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ།། ཀུན་དགའ་བོ་ཉན་ཐོས་དད་པ་ཅན་གང་དག་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་དབྱངས་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི ་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་།། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བ་ཆོས་ཀྱི་སྡེ་དང་།། གཏན ་ལ་ཕབ་པར་བསྟན་པོའི་སྡེའི་ཆོས་དེ་དག་དང་། དེ་ལྟ་བུའི་ཆོས་རྣམས་མཉན་པའི་ཕྱིར། ཇི་སྲིད་མཚོའི་བར་དུ།། ཕྱིར་བཀག་ཀྱངསྟོན་པའི་ཕྱི་བཞིན་རྗེས་སུ་འབྲང་བ་ནི་འོས་པ་མ་ཡིན་ནོ།། དེ་ཅིའི ་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་དེ་དག་ནི་ཡུན་རིང་པོ་ནས་ཐོས་ཤིང་བཟུང་ལ། བརྟན་པར་བྱས་ཤིང་། ཁ་ཏོན་དུ་བྱ་བ་དང་། ཡིད་ཀྱིས་བརྟགས་པ་དང་། མཐོང་བར་ཤིན་ཏུ་རྟོགས་པར་བྱས་ཟིན་པའི་ཕྱིར་རོ།། ཀུན ་དགའ་བོ་ཉན་ཐོས་དད་པ་ཅད་གང་དག་འཕགས་པ་ཡོ་བྱུང་སྦྱངས་པ་སེམས་ཀྱི་སྒྲིབ་པ་མྱེད་པ་དང་། འཐུན་པར་འགྱུར་བའི་གཏམ་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་གཏམ་དང་། ཏིང་ངེ་འཛིན་གྱི་གཏམ་དང་། ཤེས་རབ་ཀྱི་གཏམ་དང ་རྣམ་པར་གྲོལ་བའི་གཏམ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་གཏ་མ་དང་། འདོད་པ་ཆུང་བའི་གཏམ་དང་། ཆོག་ཤེས་པའི་གཏམ་དང་། མྱི་སྩོགས་པའི་གཏམ་དང་། ཡོ་བྱངས་བསྙུངས་པའི་གཏམ་དང་། འདུ་འཛི། ་མྱེད་པའི་གཏམ་དང་། སྤོང་བའི་གཏམ་དང་། འདོད་ཆགས་དང་བྲལ་བའི་གཏམ་དང་། འགོག་པའི་གཏམ་དང་། སྟོང་པ་ཉིད་ཀྱི་གཏམ་དང་། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་གཏམ་དང་། དེ་ལྟ་བུའི་གཏམ ་གང་ཡིན་པ་དག་མཉན་པའི་ཕྱིར། ཇི་སྲིད་འཚོ་བའི་བར་ཕྱིར་བཀག་ཀྱང་། སྟོན་པའི་ཕྱི་བཞིན་རྗེས་སུ་འབྲང་བ་རི་རིགས་པ་ཡིན་ནོ།། ཀུན་དགའ་བོ་གསུམ་པོ་འདི་དག་ནི་གནོད་པ་ཡིན་ཏེ། གསུམ་གང་ཞེན། ་སློབ་དཔོན་གི་གནོད་པ་དང་། སློབ་མའི་གནོད་པ་དང་། ཚངས་པར་སྤྱོད་པའི་གནོད་པའོ།། ཀུན་དགའ་བོ་སློབ་དཔོན་གྱི་གནོད་པ་གང་ཞེ་ན། ཀུན་དགའ་བོ་འདི་ལ་སྟོན་པ་ཏོག་ཀེ་བ། དཔྱོད་པ་ཅན་རྟོག་གེར་གཏོགས་པའི་ས་རང ་གི་སྤོབས་པ་ལས་ཕྱུང་བ་སོ་སོའི་སྐྱེ་བོ་བ། དཔྱོད་པའི་རྗེས་སུ་སྤྱོད་པ་ལ་གནས་པ་དེ་འཇིག་རྟེན་དུ་བྱུང་ན། དེ་གནས་ལམ་དགོན་པ་འམ།། ནགས་འདབ་འམ། བས་མཐའ་དག་ཏུ་གནས་པར་བྱེད་དོ།། དེ་ལ་གནས་མལ ་དགོན་པ་འམ། ནགས་འདབ་འམ། བས་མཐའ་དག་ན་གནས་པའི་ཚེ་ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དག་རྗེས་སུ་འབྲང་བར་འགྱུར་རོ།། དེ་ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་རྗེས་སུ་ལྷགས་པ་དག་ལ་ཆུངས ་པར་བྱེད་ཅིང་རྒྱལ་བ་བསྐྱེད་པར་བྱེད་ན། མང་པོ་བསྡུས་པའི་ཕྱིར་རྗེ་ས་སུ་འཇུག་པར་བྱེད་དེ། ཀུན་དགའ་བོ་དེ་ནི་སློབ་དཔོན་གི་གནོ།། ད་པ་ཞེས་བྱའོ།། ཀུན་དགའ་བོ་སློབ་དཔོན་གི་གནོད་པས་གནོད ་པར་འགྱུར་བའི་སློབ་དཔོན་དེ་ནི། སྡིག་པ་མྱི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པར་འགྱུར་བ། ཡང་སྲིད་པར་འགྱུར་བ། གདུང་བ་དང་བཅས་པ། རྣམ་པར་སྨྱིན་པ།། སྡུག་བསྔལ་བ། ཕྱི་མ་ལ་སྐྱེ་བ་དང་། ་རྒ་བ་དང་། འཆི་བར་འགྱུར་བ་སེམས་ཀྱི་གནོད་པར་འགྱུར་རོ།། ཀུན་དགའ་བོ་སློབ་མའི་གནོད་པ་གང་ཞེ་ན། ཀུན་དགའ་བོ་འདི་ལ་ཉན་པ་པོ་དང་ལྡན་པ་སྟོན་པ་དེ་ཉིད་ཀྱི་ཚིག་ལ་མངོན་པར་དད་པར་གྱུར་ད་པ་དེ་སྟོན ་པ་དེ་ཉིད་ཀྱི་བདེན་པའི་རྗེས་སུ་སློབ་པའི་ཚེ། གནས་མལ་དཀོན་པ་འམ། ནགས་མད་བ་འམ། བས་མཐའ་དག་ཏུ་གནས་པར་བྱེད་དོ།། དེ་གནས་མལ་དགོན་པ་འམ། ནགས་མང་བ་འམ། བས་མཐའ་དག་ན་གནས ་པའི་ཚེ། ཉན་པ་པོ་ཁྱིམ་དང་། རབ་ཏུ་བྱུང་བ་དག་རྗེས་སུ་འབྲང་བར་འགྱུར་རོ།། དེ་ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་རྗེས་སུ་ལྷག་པ་དག་ལ་ཆུམས་པར་བྱེད་ཅིང་།། རྒྱལ་བ་སྐྱེད་པ་བྱེད་ལ། མང་པོ་བསྡུ་བའི་ཕྱིར ་རྗེས་སུ་འཇུག་པར་བྱེད་དེ། ཀུན་དགའ་བོ་དེ་ནི་སློབ་མའི་གནོད་པ་ཞེས་བྱའོ།། ཀུན་དགའ་བོ་སློབ་མའི་གནོད་པས་གནོད་པར་གྱུར་པའི་སློབ་མ་དེ་ནི། སྡིག་པ་མྱི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པར་འགྱུར་བར་ཡང ་སྲིད་པར་འགྱུར་བ།། གདུང་བ་དང་། བཅས་པ། རྣམ་པར་སྦྱིན་པ། སྡུག་བསྔལ་བ། ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་རྣམས་ཀྱིས་གནོད་པར་འགྱུར་རོ།། ཀུན་དགའ་བོ་ཚངས་པར་སྤྱོད་པ་གནོད་པ་གང ་ཞེ་ན། ཀུན་དགའ་བོ་འདི་ལ་སྟོནད་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ ་བླ་ན་མྱེད་པ། ལྷ་དང་། མྱི་རྣམས་ཀྱི་སྟོན་པ།། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང་ན། དེ་གནས་ལམ་དགོན་པ་འམ། ནགས་མདཔ་འམ། བས་མཐའ་དག་ཏུ་གནས་པར་མཛད་དོ།། དེ ་གནས་ལམ་དཀོན་པ་འམ། ནགས་འདབ་འམ།། བས་མཐའ་དག། ན་བཞུགས་པའི་ཚེ། ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་ད། ཀ་རྗེས་སུ་འབྲང་བར་འགྱུར་རོ།། དེ་ཉ་པ་པོ་ཁྱིམ་པ་དང་།། རབ ་ཏུ་བྱུང་བ་རྗེས་སུ་ལྷགས་པ་དག་ལ་ཆུམས་པར་མྱི་མཛད་ཅིང་བརྒྱལ་བ་སྐྱེད་པར་མྱི་མཛད་ལ།། མང་པོ་བསྡུ་བའི་ཕྱིར། རྗེས་སུ་འཇུག་པ་ར་མྱི་མཛད་ཀྱང་། དེ་ཉན་པ་པོས་ཀུན་ཏུ་གང་ཞིང་གནས་ན།། ལྷག ་པའི་སེམས་ལས་བྱུང་བ་བཞི་པོ་དེ་དག་གིས་ཚེ་འདི་ལ་བདེ་བར་གནས་པ་མཐོང་བ་ཀླུང་དག་ཡིན་པ་དེ་དག་ལས་གང་ཡང་རུང་བ་ལས་ཡོངས་སུ་ཉམས་པརང་སྦལ། གཅིག་སུམ་འདྲེས་པ་དང་། བག་ཡོད་པ་དང་། ་རྟུན་པ་དང་། སེམས་བསྡུས་པའི་བདག་ཉིད་དེ། དེ་དག་གིས་ཉམས་མྱེད་པའི་སེམས་རྣམ་པར་གྲོལ་བ།། སྐུས་མངོན་གསུམ་དུ་མཛད་ཅིང་། གནང་བ་གང་ཡིན་པ་དེ་ལ་ནི་རྣམ་གྲངས་གང་གིས་ཀྱང་ཡོངས་སུ་ཉེས ་པ་མྱེད་པར་ང་སྨྲ་མོད་ཀྱི།། འོན་ཀྱང་ཉན་པ་པོ་དང་ལྡན་པ། སྟོན་པ་དེ་ཉིད་བཀའ་ལ་མངོན་པར་དད་པར་གྱུར་ད་པ་དེ། སྟོན་པ་དེ་ཉིད་ཀྱི་དབེན་པའི་རྗེས་སུ་སློབ་པའི་ཚེ། གནས་མལ་དགོན་པ་འམ། ནགས་འདག། ་ས་ཏུགནས་པར་བྱེད་།། དེབངས་པ་དན་པ་། གས་དུས། རྣམས་འདུས་རྒྱ་ས་པ། པ་ས་དང་། ས ་གྱུར་རོ།། དེ་ཉེད་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དེས་སུ་ཞུགས་པ་དེ་གས་སུས་པ་བྱེད་ཅིང་བརྒྱལ་བ་བསྐྱེད་པར་བྱེད་ལ། མང་པོ་བསྡུ་བའི་ཕྱི་རྗེས་སུ་འདུག་པར་བྱེད་དེ། ཀུན་དགའ་བ་དེ་ནི་རྙིངས་བྱར ་སྤྱོད་པའི་གནོད་པ་ཞེས་བྱའོ།། ཀུན་དཀའ་བོ་གནོད་པ་རྣམས་ལས་འདི་ལྟ་སྟེ། སློབ་དཔོན་གྱི་གནོད་པ་དང་། སློབ་མའི་གནོད་པ་དེ་དག་ནི་ཆུང་ཟད་ཙམ་དུ་ཟད་ཀྱི། གདོད་པ་རྣམས་ལས་འདི་ལྟ་སྟེ། སློབ་དཔོན་གྱི ་གནོད་པ་དང་། སློབ་མྲའི་གནོད་པ་དེ་དག་ནི་ཆུང་ཟད་ཙམ་དུ་ཟད་ཀྱི་གནོད་པ་རྣམས་ལས་འདི་ལྟ་སྟེ།། ཚངས་པར་སྤྱོད་པའི་གནོད་པ་དེ་ནི་ཐ་ཆད་ཡིན་ནོ།། ཀུན་དགའ་བོ་ཚངས་པར་སྤྱོད་པའི་གནོད་པས། གནོད་པར ་གྱུརང་པའི་ཚངས་པར་སྤྱོད་པ་དེ་ནི། སྡིག་པ་མྱི་དགེ་བའི་ཆོས་ཀུན། ནས་ཉོན་མོངས་པར་འགྱུར་བ་ཡང་། སྲིད་པར་འགྱུར་བ།། ག། རུང་བ་དང་། བཅས་པ། རྣམ་པར་སྨྱིད་པ། སྡུག་བསྔལ་བ། ་ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ། རྣམས་ཀྱིས་གན་ད་བར་འགྱུར་རོ།། ཀུན་དགའ་བོ་ང་ནི་འཛའ་བཤེས་དང་ལྡན་པས་ཀུན་ཏུ་སྤྱོད་པར་བྱེད་ཀྱི། འགྲན་ཟླ་དང་། ལྡན་པས་ནི་མ་ཡིན་ནོ།། ་ཀུན་དགའ་བོ་ཇི་ལྟར་ན་ཉན་ཐོས་རྣམས་སྟོན་པ་ལ་འགྲན་ཟླ་དང་ལྡན་པས། ཀུན་ཏུ་སྤྱོད་ཅིང་མཛའ་བཤེས་དང་ལྡན་པས་མ་ཡིན་ཞེམ།། ཀུན་དཀའ་བོ་འདི་ལ་སྟོན་པ་རྗེས་སུ་ཐུགས་བརྩེ་དང་ལྡན་པ། ཐུགས་བརྗེ ་དང་ལྡན་པ། དོན་ཏུ་བཞེད་པ། ཕན་པར་བཞེད་པ། ཐུགས་རྗེ་བར་གྱུར་པ། ཉན་ཐོས་རྣམས་ལ་དགེ་སློང་དག་ཁྱེད་ལ་ཕན་པ་འདི་དང་། བདེ་བ་འདི་དང་ཕན་པ་དང་། བདེ་བ་འདིའི་ཕྱིར་རོ་ཞེས་ཆོས་སྟོན་པ་མཛད ་པ་ན། དེའི་ཉན་ཐོས་དེ་དག་གུས་པར་ཉན་པར་མྱི་བྱེད་ཅིང་རྔ་ཀློག་པར་མྱི་བྱེད་ཀུན་ཤེས་པར་བྱ་བའི་སེམས་ཉེ་བར་འཇོག་པར་མྱི་བྱེད།། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་བསྒྲུབ་པར་མྱི་བྱེད་ལ། སྟོན་པའི་བསྟན་པ་ལས་རྣམ་པར ་ཟུགས་ཆེ་བར་གྱུར་པ། རྒྱན་ཐོས་རྣམས་ས་དགེ་སློང་དག་བྱེད་པང་སྲི་ས་དེ་ས་ནར་ཀྱ་ན་ཆོས་སྟོན་པར་མདད་པན། དེ་ཆེན་ཐོས་དེ་དག་སུས་པར་བྱེར་པ་འགོན་པར་བྱེད། ཀུནམ ་མར་བྱ་བའི་སེམས་ཉེ་བར་འཇོག་པར་བྱེད།། ཆོས་ཀྱི་རྗེས་སུ་ལདུ་ན་པའི་ཆོས་བསྒྲུབ་པར་བྱེད་ལ། སྡོམ་པའི་བསྟན་པ་ཡང་ང། དཔར་བླངས་ཏེ། གནས་པར་བྱེད་ན། ཀུན་དགའ་བོ་དེ་ནི་ཏན ་ཟོས་རྣམས་སྟོན་པ་ལ་མཛའ་བཤེས་དང་ལྡན་པས། ཀུན་ཏུ་སྤྱོད་ཅིང་འགྲན་ཟླ་དང་ལྡན་པས་མ་ཡིན།། ཀུན་དགའ་བོ་ང་ནི་ཁྱེ་ད་ཅག་ལ་ཚར་བཅད་ཅིང་། ཟིལ་ཀྱིས་མནན་ཅིང་མནན་ཅིང་སྨྲ་སྟེ། ་རྫ་མཁན་རྫ་མ་ཚོས་པ་དག་ལས་སྲ་བ་གང་ཡིན་པ་དེ་འཇོག་པར་བྱེད་པ་བཞིན་དུ། ཁྱེད་ཅག་ལ་དབྱིག་ཏུ་མྱི་འཛིན་ཀྱིས། ངའི་ཚིག་གི་ལམ་རྣམས་ལ་ཡང་བཟོད་པར་གྱིས་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀ ་སྩལ་ནས། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། བར་སྡོམ་ནི། འཕགས་པའི་བདེ་དང་དུས་སྦྱོར་དང་།། གཟུགས་དང་མཆོག་དགའ་དགེའ་སློང་དང་། ཁྲུས་རིལ་ཕྱི་སྟོང ་ཉིད་སྩོགས་དང་། ཏིང་ངེ་འཛིན་ལ་སེམས་གཞོལ་དང་། འཆག་པ་དང་མི་འདུག་པ་དང་། རྣམ་རྟོག་གཏམ་དང་འདོད་ཡོན་དང་། ཕུང་པོ་གཅིག་དཀར་ཉན་ཐོས་དང་། གནོད་དང་མཛའ་བཤེས་ཚར་གཅོད་པའོ།། ་མདོ་སྡེ་ཆེན་པོ་སྟོང་པ་ཉིད་ཆེན་པོ་ཞེས་བྱ་བ། རྫོགས་སྷོ།། ། རྒྱ་གར་གི་མཁན་པོ་འཛིན་མྱི་ཏྲ་དང་། ཕྲད་ཉ་བར་མ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེ་ལས་བསྩོགས་པས་བསྒྱུར ་xxx ་