CLOSE WINDOW

Ng26.3: mdo sde chen po stong pa nyid ces bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ།། ཤཱུན་ནྱ་ཏཱ་ནཱ་མ་མ་ཧ་སུ་ཏྲ་མ་བོད་སྐད་དུ།། མདོ་སྡེ་ཆེན་པོ་སྟོང་པ་ཉིད་ཅེས་བྱ་བ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག ་ན། བཅོམ་ལྡན་འདས་ག&ནྡོ་ཀྱི་ཤར་གྱི་ཀུན་དཀའ་ར་བ་ན།། རི་དགས་འཛིན་གི་ཁང་བཟངས་ན་བཞུགས་སོ།། དེ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ཕྱེ་དྲོ་ནང་དུ་ཡང་དག་པར་འཇོག་པ་ལས ་ལངས་ནས།། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱི་ནང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས་ཀྱང་བཅོམ་ལྡན ་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་དུས་གཅིག་ན། བཅོམ་ལྡན་འདས་གག་ཀྱ་རྣམས་ཀྱི་ནང་ན། ཤག་ཀྱ་རྣམས་ཀྱི་གྲོང་རྡལ་གྲོང་ཁྱེར་སེར་སྐྱ་ཞེས་བགྱི་བ་ན། བཞུགས་པ་དེའི ་ཚེ། དེ་ན་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་ཀུན་དགའ་བོ་ང་ནི། སྟོང་པ་ཉིད་ཀྱི་ལམ་མང་དུ་གནས་སོ་ཞེས་བཀའ་སྩལ་པའི་དོན་བདག་གིས་བཙལ་ལགས་ན། བཙུན་པ་ཅི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་བདས་ཀྱིས་ལེགས་པར་ཉན་ཅིང་ལེགས་པར་གཟུང་། ལེགས་པར་ཡིད་ལ་བགྱིས།། ལེགས་པར་བསྟེར། ལེགས་པར་རྟོགས་པ་དེ་གཞན་དུ་མ་ལགས་ཤིང་དེ་ལོན་བཞིན་ལགས་སམ། བཀའ་སྩལ་པ། ཀུན་དག ་བོ་དེ་དེ་བཞིན་ཏེ། ངས་བཤད་པ་ཁྱོད་ཀྱིས་ལེགས་པར་ཉན་ཅིང་། ལེགས་པར་བཟུང་། ལེགས་པར་ཡིད་ལ་བྱས། ལེགས་པར་བསྟེན། ལེགས་པར་རྟོགས་པ་དེ་ནི། གཞན་དུ་མ་ཡིན་ཏེ། དེ་ཁོ་ན་བཞིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཀུན ་དགའ་བོ་ང་ནི་དེའི་ཚེ་དང་། ད་ལྟར་ཡང་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པའི་ཕྱིར་རོ།། ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན། རི་དགས་འཛིན་གྱི་མའི་ཁང་བཟངས་འདི། གླང་པོ་ཆེ་དང་། རྟ་དང་། བ་ཡང་དང་། ལུག་དང་། བྱ་ཀས ་དང་། ཕག་གིས་སྟོང་ཞིང་ནོར་དང་། འབྲུ་དང་། འགྲོན་བུ་དང་། གསེར་གྱིས་སྟོང་ལ།། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ནས་འཚོ་བ་དག་དང་། སྐྱེས་པ་དང་། བུད་མྱེད་དང་། ཁྱེའུ་དང་། བུ་མོ་དག་ཀྱིས་སྟོང་ཡང ་འདི་ན་འདི་ལྟ་སྟེ། དགེ་སློང་གི་དགེ་འདུན་ཁོ་ན་འམ། དེ་ལས་ཁ་གཅིག་ལ་བརྟེན་ནས། མྱི་སྟོང་པ་ཡང་ཡོད་དོ།། ཀུན་དགའ་བོ་དེ་བཞིན་དུ་གང་ལ་ཡང་མྱེད་པ་དེ་དེས་སྟོང་ངོ་།། ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོ ་ཡང་། དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡངདག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། ཀུན་དགའ་བོསྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པའི་ཇི་ལྟ་བ་བཞིན་ཏེ། ་ཕྱི་དང་ཅི་མ་ལོག་པ་ཡིན་ནོ།། ཀུན་དགའ་བོ་དེ་ལྟ་བས་ན། དགེ་སློང་ཡང་། ཀྱེ་མ་བདག་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པར་བྱའོ།། ཞེས་འདོད་པར་འགྱུར་ན།། ཀུན་དགའ་བོ་དགེ་སློང་དེས་གྲོང་དུ ་འདུ་ཤེས་པ་དང་། མྱིང་འདུ་ཤེས་པ་ཡིད་ལ་མྱི་བྱ་བར་དགོན་པར་འདུ་ཤེས་པ་འམ། དེ་ལས་ཁ་གཅིག་ཡིད་ལ་བྱའོ།། དེ་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ཀྱི་རྣམ་པ་འདི་ལྟ་སྟེ། གྲོང་དུ་འདུ་ཤེས་པ་དང་། མྱིར་འདུ་ཤེས་པས་སྟོང ་ཡང་འདི་ལ་འདི་ལྟ་སྟེ། དགོན་པར་འདུ་ཤེས་པ་ཁོ་ན་འམ། དེ་ལས་ཁ་གཅིག་ལ་བརྟེན་ནས་མྱི་སྟོང་པ་ཡང་ཡོད་དོ་སྙམ་མོ།། དེ་ལ་གྲོང་དུ་འདུ་ཤེས་པ་དང་། མྱིར་འདུ་ཤེས་པ་ལ་བརྟེན་པ། ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག ་བྱེད་ཀྱང་དེ་ལ་འདི་ལྟ་སྟེ། དགོན་པར་འདུ་ཤེས་པ་ཁོ་ན་འམ།། དེ་ལས་ཁ་གཅིག་ལ་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ།། ཀུན་དགའ་བོ་དེ་ལྟ་བས་ན། གང་ལ་གང་མྱེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར ་རྗེས་སུ་མཐོང་ཡང་། དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་ཏུ་རབ་ཏུ་ཤེས་ཏེ། ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པའི་ཇི་ལྟ་བ་བཞིན་ཏེ། ཕྱིན་ཅི་མ ་ལོག་པ་ཡིན་ནོ།། ཀུན་དགའ་བོ་གཞན་ཡང་དགེ་སློང་ཞིག། ཀྱེ་མ་བདག་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པར་བྱའོ་ཞེས་འདོད་པར་གྱུར་པ་ན། ཀུན་དགའ་བོ་དགེ་སློང་དེས་མྱིར་འདུ་ཤེས་པ་དང་། དགོན་པར་འདུ་ཤེས་པ་ཡིད་ལ། ་མྱི་བྱ་བར། སར་འདུ་ཤེས་པ་འམ། དེ་ལས་ཁ་གཅིག་ཡིད་ལ་བྱ་ཞིང་། དེས་འདི་ལྟར་སའི་ཕྱོགས་གང་དག་མཐོན་དམན་དང་། སྡོང་དུམ་དང་། གསེར་མའི་གཞི་དང་། རྡོ་བ་དང་། གསེག་མ་དང་། གྱོ་དུམ་དང་། བཅས་པ་དང་། ་ཚ་རྒོ་ཅན་དང་དཀོན་དུང་དང་། ཐ་ཆང་དང་། སྡིག་པ་ཅན་གིས་དེ་དག་ཡིད་ལ་མྱི་བྱ་བར། སའི་ཕྱོགས་གང་དག་མཉམ་པ་དང་། མྱི་མཉམ་པ་མྱེད་པ་དང་། ལག་མཐིལ་ལྟ་བུ་དང་། གཙང་བ་དང་། ནགས་ཚལ་དང་། ་ལྡན་པ་དང་ཉམས་དགའ་བ་དེ་ལྟ་བུའི་ས་ཕྱོགས་དེ་དག་ཡིད་ལ་བྱ་སྟེ། འདི་ལྟ་སྟེ་དཔེར་ན། ཁྱུད་མཆོག་གི་ཀོ་བ་ཕུར་བུ་བརྒྱས་ཤིན་ཏུ་བ། རྒྱངས་པ། གཉེར་མ་རངས་ཤིང་། ཁམ་ཞུམ་མྱེད་པ་དེ་བཞིན་དུ ་སའི་ཕྱོགས་གང་དག་མཐོན་དམན་དང་། སྡོང་དུམ་དང་། ཚེར་མའི་གཞི་དང་། རྡོ་བ་དང་། གསེག་མ་དང་། གྱོ་དུམ་དང་བཅས་པ་དང་། རྐོ་ཅན་དང་། དཀོན་དུང་དང་། ཐ་ཆད་དང་། སྡིག་པ་ཅན་གྱིས་དེ་དག ་ཡིད་ལ་མྱི་བྱ་བར། སའི་ཕྱོགས་གང་དག་མཉམ་པ་དང་། མྱི་མཉམ་པ་མྱེད་པ་དང་། ལག་མཐིལ་ལྟ་བུ་དང་། གཙང་བ་དང་། ནགས་ཚལ་དང་ལྡན་པ་དང་། ཉམས་དཀའ་བ་དེ་ལྟ་བུའི་ས་ཕྱོགས་དེ་དག་ཡིད་ལ་བྱའོ།། དེ་འདི་སྙམ་དུ ་སེམས་ཏེ་འདུ་ཤེས་ཀྱི་རྣམ་པ་དེ་ལ་འདི་ལྟ་སྟེ། མྱིར་འདུ་ཤེས་པ་དང་། དགོན་པར་འདུ་ཤེས་པས་སྟོང་ཡང་འདི་ལ་འདི་ལྟ་སྟེ། སར་འདུ་ཤེས་པ་ཁོ་ན་འམ། དེ་ལས་ཁ་གཅིག་ལ་བརྟེན་ནས།། གྱི་སྟོང་པ་ཡང་ཡོད་དོ་སྙམ ་མོ། དེ་ལ་མྱིར་འདུ་ཤེས་པ་དང་། དཀོན་པར་འདུ་ཤེས་པ་ལ་བརྟེན་པ་ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མྱེད་ཀྱང་། དེ་ལ་འདི་ལྟ་སྟེ། སར་འདུ་ཤེས་པ་ཁོ་ན་འམ།། དེ་ལས་ཁ་གཅིག་ལ་བརྟེན་པ་ཙམ་གྱི། ་ཉོན་མོངས་པའི་གནས་ཡོད་དོ།། ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མྱེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ཡང་དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས ་ཏེ། ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི། ཡང་དག་པ་ཇི་ལྟ་བ་བཞིན་ཏེ། ཕྱིན་ཅི་མ་ལོག་པ་ཡིན་ནོ།། ཀུན་དགའ་བོ་གཞན་ཡང་དགེ་སློང་ཞིག། ཀྱེ་མ་བདག་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པར་བྱའོ་ཞེས་འདོད ་པར་གྱུར་ད་ན། ཀུན་དགའ་བོ་དགེ་སློང་དེས་དགོན་པར་འདུ་ཤེས་པ་དང་། སར་འདུ་ཤེས་པ་ཡིད་ལ་མྱི་བྱ་བར། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་འམ། དེ་ལས་ཁ་གཅིག་ཡིད་ལ་བྱའོ།། དེ་འདི་སྙམ་དུ་སེམས་ཏེ། འདུ ་ཤེས་ཀྱི་རྣམ་པ་འདི་འདི་ལྟ་སྟེ།། དགོན་པར་འདུ་ཤེས་པ་དང་།། སར་འདུ་ཤེས་པས་སྟོང་ཡང་འདི་ལ་འདི་ལྟ་སྟེ།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་ཁོ་ན་འམ།། དེ་ལས་ཁ་གཅིག་ལ་བརྟེན་ནས།། མྱི་སྟོང་པ་ཡང་ཡོད ་དོ་སྙམ་མོ།། དེ་ལ་དགོན་པར་འདུ་ཤེས་པ་དང་། སར་འདུ་ཤེས་པ་ལ་བརྟེ། ན་པ།། ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མྱེད་ཀྱང་དེ་ལ་འདི་ལྟ་སྟེ།། ནམ་མཁའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་ཁོ་ན་འམ། ་དེ་ལ་ཁ་གཅིག་ས་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་མ་ཡོད་དོ།། ཀུན་དགའ་བོ་དེ་ལྟ་བས་ན། གང་ལ་གང་མྱེད་པ། དེ་དེས་སྟོང་རྗེཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ཡང་། དེ་ལ་ལྷག་མ་གང ་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར། ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བཞིན་ཏེ། ཕྱིན་ཅི་མ་ལོག་པ་ཡིན་ནོ།། ཀུན་དགའ་བོ་གཞན་ཡང་དགེ་སློང་ཞིག་ཀྱེ ་མ་བདག་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པར་བྱའོ་ཞེས་འདོད་པར་གྱུར་པ་ན། ཀུན་དགའ་བོ་དགེ་སློང་ངེས་སར་འདུ་ཤེས་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་ཡིད་ལ་མྱི་བྱ་བར། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ ་འདུ་ཤེས་པ་འམ། དེ་ལས་ཁ་ཅིག་ཡིད་ལ་བྱའོ།། དེ་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ཀྱི་རྣམ་པ་འདི་ལྟ་སྟེ། སྣར་འདུ་ཤེས་པ་དང་། རམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པས་སྟོང་ཡང་། དེ་ལ་འདི་ལྟ་སྟེ། རྣམ་ཤེས་མཐའ ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་ཁོ་ན་འམ།། དེ་ལས་ཁ་གཅིག་ལ་བརྟེན་ནས།། མྱི་སྟོང་པ་ཡང་ཡོད་དོ་སྙམ་མོ།། དེ་ལ་ཨར་འདུ་ཤེས་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་ལ་བརྟེན་ནས།། ཉོན། ་མོངས་པའི་གནས་གང་དག་ཡིན་པ་དེ་དག་མྱེད་ཀྱང་། དེ་ལ་འདི་ལྟ་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་ཁོ་ན་འམ།། དེ་ལས་ཁ་གཅིག་ལ་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ།། ཀུན་དགའ་བོ་དེ་ལྟ་བས ་ན་གང་ལ་གང་མྱེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ཡང་དེ་ལས་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འོད ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ། ཕྱིན་ཅི་མ་ལོག་པ་ཡིན་ནོ།། ཀུན་དགའ་བོ་གཞན་ཡང་དགེ་སློང་ཞིག་ཀྱེ་མ་བདག་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པར་བྱའོ་ཞེས་འདོད་པར་གྱུར་པ་ན། ཀུན་དགའ་བོ་དགེ་སློང་དེས ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་དང་། རྣམ་ཤེས་མཐ། འཡས་སྐྱེ་མཆེད་དུ་འདུ་ཤེས་པ་ཡིད་ལ་མྱི་བྱ་བར། ཅི་ཡང་མྱེད་པ། འི་སྐྱེ་མཆེད་དུ་འདུ་ཤེས་པ་འམ། དེ་ལས་ཁ་གཅིག་ཡིད་ལ་བྱའོ།། ་དེ་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ཀྱི་རྣམ་པ་འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པས་སྟོང་ཡང་དེ་ལ་འདི་ལྟ་སྟེ། ཅི་ཡང་མྱེད་པའི། ་སྐྱེ་མཆེད་དུ་འདུ་ཤེས་པ་ཁོ་ན་འམ། དེ་ལས་ཁ་གཅིག་ལས་བརྟེན་ནས་ཀྱི་སྟོང་པ་ཡང་ཡོད་དོ་སྙམ་མོ།། ། དེ་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་དང་།། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་ལ་བརྟེན་པ་ཉོན་མོངས། ་བའི་གནས་གང་དག་ཡིན་པ་དེ་དག་མྱེད་ཀྱང་དེ་ལ་འདི་ལྟ་སྟེ། ཅི་ཡང་མྱེད་པའི་སྐྱེ་མཆེད་དུ་འདུ་ཤེས་པ་ཁོ་ན་འམ། དེ་ལས་ཁ་ཅིག་ལ་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ཡོད་དོ།། ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མྱེད་པ་དེ ་དེས་སྟོང་ངོ་ཞེས་བྱ་བས་ཡང་དག་པར་རྗེས་སུ་མཐོང་ཡང་། དེ་ལས་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ། ་ཕྱིན་ཅི་མ་ལོག་པ་ཡིན་ནོ།། ཀུན་དགའ་བོ་གཞན་ཡང་དགེ་སློང་ཞིག་ཀྱེ་མ་བདག་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པར་བྱའོ་ཞེས་འདོད་པར་གྱུར་ད་ན། ཀུན་དགའ་བོ་དགེ་སློང་དེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་དང་། ་ཅི་ཡང་མྱེད་པའི་སྐྱེ་མཆེད་དུ་འདུ་ཤེས་པ་ཡིད་ལ་གྱི་བྱ་བར་མཚན་མ་མྱེད་པའི་དབྱིངས་སམ། དེ་ལ་ཁ་ཅིག་ཡིད་ལ་བྱའོ།། དེ་ལ་འདི་སྙམ་དུ་སེམས་ཏེ་འདུ་ཤེས་ཀྱི་རྣམ་པ་འདི་འདི་ལྟ་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ ་བ་དང་། ཅི་ཡང་མྱེད་པའི་སྐྱེ་མཆེད་དུ་འདུ་ཤེས་པས་སྟོང་ཡང་། འདི་ལ་འདི་ལྟ་སྟེ། མཚན་མ་མྱེད་པའི་དབྱིངས་ཁོ་ན་འམ། དེ་ལས་ཁ་ཅིག་ལ་བརྟེན་ནས། མྱི་སྟོང་པ་ཡང་ཡོད་དོ་སྙམ་མོ།། དེ་ལ་རྣམ་ཤེས་མཐའ་ཡས ་སྐྱེ་མཆེད་དུ་འདུ་ཤེས་པ་དང་། ཅི་ཡང་མྱེད་པའི་སྐྱེ་མཆེད་དུ་འདུ་ཤེས་པ་ལ་བརྟེན་པ། ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མྱེད་ཀྱང་། དེས་འདི་ལྟ་སྟེ། མཚན་མ་མྱེད་པའི་དབྱིངས་ཁོ་ན་འམ། དེ་ལས་ཁ་ཅིག་ལ ་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ།། ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མྱེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག། པར་རྗེས་སུ་མཐོང་ཡང་དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ ་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་པར་ཏུ་ཤེས་ཏེ། ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ། ཕྱིན་ཅི་མ་ལོག་པ་ཡིན་ནོ།། དེ་ལ་འདི་སྙམ་དུ་སེམས་ཏེ། མཚན་མ་མྱེད་པའི ་དབྱིངས་ཀྱང་མངོན་པར་འདུས་བྱས་ཤིང་སེམས་པས། མངོན་པར་བསམས་པ་ཡིན་ཏེ། གང་མངོན་པར་འདུ་བྱས་ཤིང་སེམས་དཔས་མངོན་པར་བསམ་པ་དེ་ལ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བ་འམ ་ལྷག་པར་ཆགས་པར་བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མྱི་རིགས་སོ་སྙམ་མོ།། དེས་དེ་ལྟར་ཤེས་ཤིང་དེ་ལྟར་མསྔོ་བས་འདོད་པའི་གང་ཟག་པ་ལས་སེམས་རྣམ་པར་གྲོལ་ཞིང་སྲིད་པའི་ཟག་པ་དང་། མ་རིག་པའི ་ཟག་པ་ལས་ཀྱང་སེམས་རྣམ་པར་གྲོལ་ལོ།། རྣམ་པར་གྲོལ་བས་བདག་ནི་སྐྱེ་བ་ཟད་དོ།། ཚངས་པར་སྤྱད་པ་བརྟེན་ཏོ།། བྱ་བ་བྱས་སོ།། སྲིད་པ་འདི་ལས་གཞན་མྱི་ཤེས་སོ།། ཞེས་རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ ་ཁོ་ནར་འགྱུར་རོ།། དེ་འདི་སྙམ་དུ་སེམས་ཏེ་འདུ་ཤེས་ཀྱི་རྣམ་པ་འདི་འདི་ལྟ་སྟེ། འདོད་པའི་ཟག་པ་དང་སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པས་སྟོང་ཡང་འདི་ལ་འདི་ལྟ་སྟེ། སྲོག་རྐྱེན་དུ་བྱས ་པའི་མཆེད་དྲུག་གི་ལུས་འདི་ཁོ་ན་ལ་བརྟེན་ནས།། མྱི་སྟོང་པ་ཡང་ཡོད་དོ་སྙམ་མོ།། དེ་ལ་འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་ལ་བརྟེན་པ།། ཉོན་མོངས་པའི་གནས་གང་དག་ཡིན་པ་དེ ་དག་མྱེད་ཀྱང་།། དེ་ལ་འདི་ལྟ་སྟེ། སྲོག་རྐྱེན་དུ་བྱས་པའི་སྐྱེ་མཆེད་དྲུག་གི་ལུས་དེ་ཁོ་ན་ལ་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ།། ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མྱེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར ་ཡང་དག་པར་རྗེས་སུ་མཐོང་ཡང་། དེ་ལ་ལྷག་མ་གང་ཡང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བཞིན་དུ་རབ་ཏུ་ཤེས་ཏེ། ཀུན་དགའ་བོ་འདི་ལྟ་སྟེ། ཟག་པ་རྣམས་ཟད་པས། ཟག་པ་མྱེད་ཅིང་མངོན་པར་འདུ ་མ་བྱས་པ། རྣམ་པར་གྲོལ་བ་གང་ཡིན་པ་འདི་ནི་སྟོང་པ་ཉིད་ལ་འཇུག་པ་བླ་ན་མྱེད་པ་ཡིན་ནོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀང་དག་འདས་པའི ་དུས་ན་བྱུང་བར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་འོདི་ལྟ་སྟེ། ཟག་པ་རྣམས་ཟད་པས་ཟག་པ་མྱེར་ཅིང་མངོན་པར་འདུས་མ་བྱས་པ་རྣམ་པར་གྲོལ་བའི་སྟོང་པ་ཉིད་ལ་འཇུག་པ།། བླ་མ་མྱེད ་པ་འདི་ཉིད་སྐུས་མངོན་གསུམ་དུ་མཛད་ནས་བསྒྲུབས་ཏེ་བཞུགས་པར་གྱུར་ཏོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་འདི་ལྟ་སྟེ། ཟག་པ་རྣམས་ཟད་པས་ཟག་པ་མྱེད་ཅིང་མངོན་པར་འདུ་མ་བྱས་པ། རྣམ་པར་གྲོལ་བའི་སྟོང་པ་ཉིད་ལ་འཇུག་པ། བླ་ན་མྱེད་པ་འདི་ཉིད་སྐུས་མངོན་གསུམ་དུ་མཛད་ནས ་བསྒྲུབས་ཏེ་བཞུགས་སོ།། ཀུན་དགའ་བོ་དེ་ལྟ་བས་ན་འདི་ལྟ་སྟེ་ཟག་པ་རྣམས་ཟད་པས། ཟག་པ་མྱེད་ཅིང་མངོན་པར་འདུས་མ་བྱས་པ། རྣམ་པར་གྲོལ་བའི་སྟོང་པ་ཉིད་ལ་འཇུག་པ། བླ་ན་མྱེད་པ་གང་ཡིན་པ་འདི ་ཉིད་ལུས་ཀྱིས་མངོན་དུ་བྱས་ནས་བསྒྲུབས་ཏེ་གནས་པར་བྱའོ་ཞེས་དེ་ལྟར་བསླབ་པར་བྱ་སྟེ། ཀུན་དགའ་བོ་ཁྱོད་ཀྱིས་ཀྱང་དེ་བཞིན་དུ་སླབ་པར་བྱའོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་བཀ། ་སྩལ་པ་ལ་མངོན་པར་བསྟོད་ཅིང་། རྗེས་སུ་ཡི་རང་བ་བྱས་ནས།། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱིས་སྤྱན་སྔ་ནས་ཕྱིར་སོང་ངོ་།། མདོ་ཆེན་པོ་སྟོང་པ་ཉིད་ཅེས་བྱ་བ།། ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་འཛིན་མྱི་ཏྲ་དང་། པྲད་ཉ་བར་མ་དང་། ཞུ་ཆེན་གྱི་ལོ་བ་བར་དེ་ཡེ་ཤེས་སྡེ་ལས་སྩོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ་