CLOSE WINDOW

Ng22.54: 'phags pa dga' ba can gyi mdo
Wyliee-texts produced with BDRC’s OCR application

རྫོགས་སྷོ།། །། ། རྒྱ་གར་སྐད་དུ། ཨརྱ་ནན་དི་ཀ་སུ་ཏྲ། བོད་སྐད་དུ། འཕགས་པ་དགའ་བ་ཅན་གྱི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ།། ་འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁེབ་བྱ་རྒོད་ཕུང་པོའི་རོ་ལ།། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོས་ཡོངས་སུ་བསྐོར་ཅིང་མདུན་གིས་བལྟས་ཏེ། ་ཐབས་ཅིག་ཏུ་བཞུགས་ནས་ཆོས་སྟོན་ཏེ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ་ཚིག་འབྲུ་བཟང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས ་པར་སྤྱོད་པ་ཡང་དག་པར་རབ་ཏུ་སྟོནད་ཏོ།། དེ་ནས་ཡང་དེའི་ཚེ་དགེ་བསྙེན་དགའ་བ་ཅན་འཁོར་དགེ་བསྙེན་ལྔ་བརྒྱ་དང་། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིནང་ནས། བཙོ། ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་དགེ་བསྙེན་ལྔ་བརྒྱ་པོ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ ་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འབོད་དོ།། ཕྱོགས་གཅིག་ཏུ་འཁོད་ནས། དགེ་བསྙེན་དགའ་བ་ཅན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོ་ལྡན་འད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་མཁྱེནད་ཅིང་གཟིགས་པས། དགེ་བསྙེན་གི་བསླབ་པའི་གཞི་ལྔ་པོ་གང་དག་བཅས་པ་དེ་དག་ལས་འདའ་བར་བགྱིད་པ་དེའི་རྣམ་པར་སྦྱིན་པ་ཇི་ལྟ་བུར་འགྱུར།། དེ་སྐད་ཅེས་གསོལ ་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སྙེན་དགའ་བ་ཅན་ལ་འདི། སྐད་ཅེས་བཀའ་སྩལ་ཏོ།། དགའ་བ་ཅན་ཁྱོད་དེ་བཞིན་གཤེགས།། པ་ལ་དོན་འདི་ཡོངས་སུ་ཞུ་བར་སེམས་དཔའ་གང་ཡིན་པ་ལེགས ་སོ་ལེགས་སོ།། ཁྱོད་ཀྱི་བློ་རྒྱ་ཆེ་སྟེ། དཔྱོད་པ་བཟང་ངོ་པོ།། སྤོབས་པ་དགེའོ།། དཀའ་བ་ཅན་དེའི་ཕྱིར་ཉེས་དམྱིགས་བཅུ་ཞེས་བྱ་བའི་ཆོས་ཀྱི་ན་མ་གྲངས་བཤད་པར་བྱ་ཡིས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང ་ཤིག་དང་། ངས་ཁྱོད་ལ་བཤད་པར་བྱའོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ད་ནས། དགེ་བསྙེན་དགའ་བ་ཅན་བཅོམ་ལྡན་འདས་ལ་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་བསྙེན་དགའ་བ་ཅན་ལ་འདི་སྐད ་ཅེས་བཀའ་སྩ་ལ་ཏོ།། དགའ་བ་ཅན་སྲོག་གཅོད་པའི་ཉེས་དམྱིགས་བཅུ་ནི་འདི་དག་ཡིན་པར་རིག་པར་བྱ་སྟེ། བཅུ་པོ་དག་གང་ཞེ་ན། འདི་ལྟ་སྟེ། ཚེ་འདི་ལ་མཁོན་སྐྱེད་པ་དང་། སྐྱེ་བ་གཞན་རྣམས་སུ་ཡང་མཁོན་དང་རྗེས ་སུ་འབྲེལྡ་པར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་གིས་ཡིད་མྱ་བརྟན་པར་འགྱུར་བ་དང་། སྡིག་པའི་རྨྱི་ལམ་མཐོང་བ་དང་། བདག་ཀྱང་འཇིགས་པ་སྐྱེ་ཞིང་སེམས་ཅན་རྣམས་ཀྱང་དེ་ལ་འཇིགས་པ་སྐྱེ་བ་དང་། བདེ་བར་ཉལ ་ཡང་སྡུག་བསྔལ་བར་སད་པ་དང་། སྡིག་པ་རྣམ་པར་སེམས་པ་དང་། རྨོངས་པ་དང་བཅས་པར་འཆི་དུས་བྱེད་པ་དང་། ཚེ་ཐུང་བར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས་ཞིག་སྟེ། ཤི་ནས་ཀྱང་ངན་སོང་ངན ་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མྱི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་། དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར། ཆེ་ཐུང་བར་འགྱུར་ཞིང་། ནད་མང་བར་ཡང ་འགྱུར་ཏེ། དགའ་བ་ཅན་སྲོག་གཅོད་པའི་ཉེས་དམྱིགས་བཅུ་པོ་ན་དེ་དག་ཡིན་པར་རིག་པར་བྱའོ།། དགའ་བ་ཅན་མ་བྱིན་པར་ལེནད་པའི་ཉེས་དམྱིགས་བཅུ་ནི་འདི་དག་ཡིན་པར་རིག་པར་བྱ་སྟེ། བཅུ་པོ་དག་གང་ཞེ་ན། མཁོན ་ཆེན་པོར་འགྱུར་བ་དང་། བག་ཚ་བ་ཆེན་པོར་འགྱུར་བ་དང་། དུས་མ་ཡིན་པར་འགྲོ་བར་འགྱུར་བ་དང་། ཕྱེ་འཕྲེད་ཀྱི་དུས་སུ་འགྲོ་བར་འགྱུར་པྲ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པར་འགྱུར་བ་དང་། ་དགེ་བའི་བཤེས་གཉེན་གྱིས་དེ་ཡོངས་སུ་སྤངས་པར་འགྱུར་བ་དང་། ཚུལ་ཁྲིམས་འཆལ་པར་འགྱུར་བ་དང་། རྒྱལ་པོས་གནོད་པར་འ། གྱུར་པ་དང་། ཆོམ་རྐུན་གྱིས་གནོད་པར་འགྱུར་བ་དང་། ཆད ་པས་བཅད་པས་གནོད་པར་འགྱུར་ཏེ།། ལོངས་སྤྱོད་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པས་སུསོ་ཞིག་སྟེ་ནི་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། ་གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མྱི་རྣམས་དང་བསྐལ་པ་མཉམ་པར་སྐྱེད་ཡང་།། དེ་ཀང་དང་གང་དུ་སྐྱེས་པ་དེ་དང་དེར་དབུལ་པོར་འགྱུར་རོ།། དེའི་ལོངས་སྤྱོད་དུ་འགྱུར་བ་གང་ཡིན་པ་འབད་པ་ཆེན་པོས་རྟུལ་ཅིང་དྲི་མ་ཆགས་ཆགས་སུ་ན ་ལག་གི་མཐུས་བསྒྲུབས་པ་དེ་དག་གནོད་པ་ལྔས་གནོད་པར་འགྱུར་ཏེ།། ལྔ་པོ་དག་གང་ཞེ་ན། རྒྱལ་པོ་དང་། མྱེ་དང་། ཆུ་དང་། བགོ་སྐལ་ལ་སྤྱོད་པ་མྱི་མཛའ་བ་དང་། སྦས་པ་དག་གིས་དེའི་ཆུད་ཟ་བར་འགྱུར་ཏེ། ་དགའ་བ་ཅན་མ་བྱིན་པར་ལེན་པའི་ཉེས་དམྱིགས་བཅུ་ནི་དེ་དག་ཡིན་པར་རིག་པར་བྱའོ།། དགའ་ལ་འདོད་པས་ལོག་པར་གཡེམ་པའི་ཉེས་དམྱིགས་བཅུ་ནི་འདི་དག་ཡིན་པར་རིག་པར་བྱ་སྟེ། བཅུ་པོ་དག་གང་ཞེ་ན། གང་དག ་གི་ཆུང་མ་ཁ་དྲངས་པས་དེ་དག་དེ་དཔེ་ཁོན་དང་བཅས་པར་འགྱུར་བ་དང་། ཆུང་མ་དང་རྩོད་པར་འགྱུར་བ་དང་། དེའི་མྱི་དགེ་བའི་ཆོས་མངོན་པར་འཕེལ་བ་དང་། དེའི་དགེ་བཱི་ལ་ཡོངས་སུ་འགྲིབ་པ་དང་། དེ་བདག་མ་ཞི་བར་འགྱུར་བ་དང་། ་དེའི་བུ་དང་ཆུང་མ་མ་བསྲུངས་པར་འགྱུར་བ་དང་། དེའི་ནོར་མ་སྦས་མ་སྲུངས་པར་འགྱུར་བ་དང་། དེའི་ཁྱིམ་མ་སྦས་མ་བསྲུངས་པར་འགྱུར་བ་དང་། དེའི་སྲོག་མ་སྦས་མ་བསྲུངས་པར་འགྱུར་བ་དང་། དེའི་མཛ་བཤེས་དང་། ཉེ་དུ ་དང་སྣག་གི་གཉེན་མཚམས་དང་། ཡུལ་གི་བློན་པོ་དག་ཡིད་ཕེབས་པར་མྱི་འགྱུར་བ་དང་། འགྲན་ཟླ་དང་བཅས་པར་འགྱུར་བྲི་ལྔ་བྱས་ཤིང་བསགས་པས་ལུག་ཞིག་སྟེ་ཤི་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན ་དམྱལ་བ་དག་ཏུ་སྐྱེ་ཞིང་གལ་ཏེ་དེ་ནས་ཤི་འཕོས་ཏེ་འདི་མྱི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན། ཀལ་ཏེ་བུད་མྱེད་དུ་གྱུར་ན་ཡང་འགྲན་ཟླ་དང་བཅས་པའི་ཁྱེ་རྙེད་པར་འགྱུར་རོ།། ཇི་སྟེ་སྐྱེས ་པར་མྱུར་ན། དེའི་བུ་དང་ཆུང་མ་མ་བསྲུངས་པར་འགྱུར་ཏེ། དཀའབ་ཅན་འདོད་པ་ལོག་པར་གཡེམ་པའི་ཉེས་དམྱིགས་བཅུ་ན་དེ། དག་ཡིན་པར་རིག་པར་བྱའོ།། དཀའ་བ་ཅན་བརྫུན་དུ་སྨྲ་བའི་ཉས ་དབྱིགས་བཅུ་མི་འདི་དག་ཡིན་པར་རི་ས་བྱའོ།། བཅུ་པོ་དག་གང་ཞེ་ན། དེ་ནི་ཁ་ནས་ནག་མནམ་པར་འགྱུར་བ་དང་། དེའི་ལུས་བསྲུང་བའི་ལྷའཕང་བ་དང་།། མྱི་མ་ཡིན་པས་ཀླགས་རྙེད་པར་འགྱུར་བ་དང་། ་བདེན་པ་སྨོས་ཀྱང་དེའི་ཚིག་ལ་མ་དད་པར་འགྱུར་བ་དང་།། དགོས་པ་བྱུང་ཡང་འདི་ལ་མཁས་པ་རྣམས་འདྲི་བར་གྱི་སེམས་པ་དང་།། ཡང་དག་པ་མ་ཡིན་པའི་མྱི་སྙན་པ་རྒྱ་ཆེར་གྲགས་པར་འགྱུར་བ་དང་།། ཕྱིར་ལྡང་བའི་འོས་མ ་ཡིམ་པར་འགྱུར་བ་དང་། མུག་བསྔལ་ཞིང་ཡིད་མྱི་བདེ་བར་འགྱུར་བ་དང་།། གྱི་སྙན་པ་བརྗོད་པ་ཡང་བར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས་ཞིག་སྟེ་ནི་ནས་ངམ་སོང་ངན་འགྲོ་ལོས་པར་ལྟུང་བ་སེམས་ཅན་དབྱས ་བ་དག་ཏུ་སྐྱེ་ཞིང་།། གལ་ཏེ་དེ་ནས་ཤི་འཕོས་སྟེ་འདིར་མྱི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་། དེ་གང་དང་གང་ཏུ་སྐྱེས་པ་དེ་དང་དེར་མྱི་སྙན་པ་བརྗོད་པ་མང་པོར་འགྱུར་ཏེ།། དགའ་ཅན་བརྫུན་ཏུ་སྨྲས་པའི་ཉེས ་དམྱིགས་བཅུ་ནི་དེ་དག་ཡིན་པར་རིག་པར་བྱའོ།། དགའ་བ་ཅན་འབྲུའི་རྨད་བཅོས་པའི་ཆང་བག་མྱེད་པའི་གནས་ཀྱི་ཉེས་དམྱིགས་སུམ་བཅུ་རྩ་ལྔ་པོ་དག་ཡིན་པར་རིག་པར་བྱ་སྟེ།། སུམ་བཅུ་རྩ་ལྔ་པོ་དག་གང་ཞེ་ན།། ་ཚེ་འདི་ལ་ནོར་ཟད་པ་དང་། ནད་རྣམས་རྒྱས་པར་བྱེད་པ་དང་། འཐབ་པ་དང་། རྩོད་པ་བསྐྱེད་པ་དང་། དོན་མྱེད་པ་ལ་ལྟ་བ་དང་། དན་མྱེད་པ་ལ་ལྟ་བ་དང་། གྲགས་པ་མ་ཡིན་པ་ཀུན་ཏུ་འབྱུང་བར་བྱེད་པ་དང་། ཤེས་རབ་ཉམ་ཆུང ་པར་བྱེད་པ་དང་། ལོངས་སྤྱོད་ཐོབ་པ་མྱི་ཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཐོབ་པ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་འགྱུར་བ་དང་། གསང་མྱི་ཐུབ་པར་འགྱུར་བ་དང་། དེའི་ལས་ཀྱི་མཐའ་ཡོངས་སུ་འགྲིབ་པ ་དང་། མཐུ་སྟོབས་ཆུང་ངུར་འགྱུར་བ་དང་། མར་འཛིནད་པར་འགྱུདར་བ་དང་། ཕར་འཛིནད་པར་འགྱུར་བ་དང་། དགེ་སྦྱོང་དུ་མྱི་འཛིན་ད་དཔར་འགྱུར་བ་དང་། བྲམ་ཟེར་མྱི་འཛིནད་པར་འགྱུར་དང་།། རིགས་ཀྱི ་གཙོ་བོ་ལ་བསྙེན་བཀུར་མྱེད་པར་འགྱུར་བ་དང་། སངས་རྒྱས་ལ། མ་གུས་པར་འགྱུར་བ་དང་། ཆོས་ལ་མ་གུས་པར་འགྱུར་བ་དང་། དགེ་འདུན་ལ་མ་གུས་པར་འགྱུར་བ་དང་། བསླབ་པ་ཡང་དག ་པར་གྲངས་པ་ལ་མ་གུས་པར་འགྱུར་བ་དང་། ཚུལ་ཁྲིམས་འཚལ་བར་འགྱུར་བ་དང་། དབང་པོའི་སྒོམ་བསྡམས་པར་འགྱུར་བ་དང་། བཀ་མྱེད་པར་འ་དད་ཏུ་བུད་མྱེད་དོན་གཉེས་པར་འགྱུར་བ་དང་། ཉེ་དུང ་ཁྲག་གཉིས་མརྣམས་དང་མངའ་བ་ཤེས་དང་བློན་པོ་དག་ཀྱིས་སོང་བར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་ཡིད་ན་གྱི་འང་བར་འགྱུར་བུ་དང་། ལྕེ་བོ་མང་པོ་དག་དང་ཀྱི་ས་པ་གྱུར་བ་དང་། སོས་མ་ཡིན་པར་སྤྱོད་པར་འགྱུ ་པ་དང་། ཆོས་མ་ཡིན་པ་ཡོངས་སུ་འཛིནད་པར་འགྱུར་བ་དང་། དམ་པའི་ཆོས་ཡོངས་སུ་སྤོང་བར་འགྱུར་བ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཡོང་སུ་སྤོང་བར་འགྱུར་བ་དང་། དེའི་མྱི་མཛའ་བ་དག་དང་གནས་ཀྱང་མཁས ་པ་རྣམས་ཡོངས་སུ་འདྲི་བར་མི་སེམས་པ་དང་། བག་མྱེད་པ་ཉམ་པག་ཏུ་བྱེད་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་གསུཔ་རབ་ལ་ཀུན་ནས་མྱི་གནས་པ་དང་། མྱ་ངན་ལས་འདས་པ་ལས་ཟག་རིང་བར་འགྱུམ ་བ་དང་། སྨྱོན་པར་འགྱུར་བའི་ལས་བྱས་ཤིང་བསགས་པས། ལུས་ཞིག་སྟེ་ཤི་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་།། ཀལ་ཏེ་དེ་ནས་ཤི་འཕོས་ཏེ། འདིར་མྱི་རྣམས་དང་བསྐལ་བ་མཉེ་བར ་སྐྱེས་ན་ཡང་དེ་གང་དང་གང་ཏུ་སྐྱེས་པ་དེ་དང་དེར་སྤྱོདན་པར་འགྱུར་ཞིང་དྲན་པ་མྱི་གསལ་བར་འགྱུར་ཏེ།། དཀའ་བ་ཅན་འབྲུའི་ཆང་དང་བཅོས་པའི་ཆང་། བག་མྱེད་པའི་གནས་ཀྱི་ཉེས་དམྱིགས་ནི་སུམ་བཅུ་རྩ་ལྔ་པོ་དེ་དག་ཡིན ་པར་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས།། སྟོནད་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ།། སྲོག་གཅོད་རྡེག་དང་འཆིང་བ་རྣཾས ་རྣས་ཏེ།། སེམས་ཅན་དག་ལ་བེམ་ཞིང་སྙིད་ཆེ་བ།། བདུག་གི་དཚེ་སྦུབས་དགའ་བའི་ལྟར་བར།། དེ་བཞིན་གཞན་རྣམས་ཀྱི་རིམ་ངག་ཀྱང་བསྲུངས།། སྡུག་བསྔལ་མང་པོས་བསགས་པའི་\ུ0f7f ་གྱུར་ནོར།། མ་བྱིན་དེ་ལ་ཡིད་ཀྱང་བསམ་མྱི་བྱ།། འཇིག་རྟེན་གྱིས་མཐོང་དགའ་དང་བྲལ་འགྱུར་ཞི། གཞན་ཡང་དེ་བཞིན་ཕམ་པར་གནས་པར་གྱིས།། གཞན་གི་བུད་མྱེད་རྒྱན་ཀིས་བརྒྱན་པ་དང།། ་མེ་ལྕེ་འབར་བ་བཞིན་དུ་ཡོངས་སྤོངས་ལ།། རང་གི་ཆུང་མ་རྙེད་པས་ཆོག་པར་བྱོས།། འདོད་རྒྱུ་དྲུག་དང་འདྲབ་མ་སྤྱོད་ཅིག། བ་ག་གི་དོན་དང་གནམ་གི་ཆེད་དུ་ཡང་།། སུ་ཡང་ཤེས་བཞིན ་བརྫུན་དག་མ་སྨྲ་བར།། གཞན་ལ་མྱི་གནོད་གཞན་ལ་མྱི་གདུང་བར།། བརྟགས་ཏེ་འཇམ་པའི་ཚིག་གིས་སྨྲ་བར་གྱིས།། ཆང་འཐུང་བ་ལ་མངོན་པར་དཀའི་མྱི་བདག་ལ་ཕམ་དང་གཞན་ལ་བདེ་མྱི་ནུས། ་རྨོངས་དང་མདོག་ངར་བྱེད་པ་རྒྱང་ཡིན་ཏེ།། པི་ལྟམ་ན་ལའི་དྲུག་གཞིན་དེ་རྩི་བཏུང་།། མོག་ཆགས་ཀྱི་གསོད་གཞན་གིན་ཀྱི་འཕྲོག། བརྫུན་དུ་རྩི་སྭཱ་ཆང་ཡང་མྱི་བཏུང་ཞིང་།། གཞན་གི་ཆུང་བ་ཡིད་ལ་མྱི་འོ ་།། མཐོའ་རིས་གང་འདོད་ཁྱིམ་དུ་འཇུག་པ་བཞིན།། གོས་དཀར་གྱོན་པ་ཁྱིམ་པ་རྣམས་ཀྱི་ནི།། ཁྱིམ་ན་གནས་པའི་བསླབ་པ་འདི་ཡིན་ཏེ།། རྒྱལ་བས་དེ་གོང་རབ་ཏུ་བྱུང་རྣམས་ཀྱི།། བསླབ་བཞིའི་ཆོས ་ནི་རབ་ཏུ་བསྟན་པ་ཡིན།། དེ་ནས་དགེ་སྙེན་དཀའ་བ་ཅན་བཅོམ་ལྡན་འདས་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས།། དགའ་ཞིང་མགུ་ནས་ཡི་རངས་ཏེ། རབ་ཏུ་དཀའ་བ་དང་། བདེ་བ་དང་ཡིད་བདེ་བ། ་སྐྱེས་ནས། སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱིས་བཀའ་ཡུལ་པ་ལ་མངོན་པར་དཀའ་ཞིང ་རྗེས་སུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།། དགེ་སློང་དེ་དག་ཡི་རངས་སྟེ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པ ་བསྟོད་དོ།། ། འཕགས་པ་དགའ་བ་ཅན་གྱི་མདོའོ།། རྫོགས་སོ།། ། རྒྱ་གར་མཁན་པོ་ཤག་ཀྱི་སིང་དང ་ལོ་ཙ་བན་དེ་བྱིན་གྱིས་སྙིང་པོས་བསྒྱུར། བན་དེ་དེ་བ་ཙན་ཏྲས་གཏམ་ལ་ཕབ་པ།། ། བོད་སྐད་དུ། ཟས་ཀྱི་འཚོ་བ་རྣམ་པར་དག་པ། ཐེག་པ་ཆེན ་