| Wylie | e-texts produced with BDRC’s OCR application |
རྒྱ་གར་ཀི་མཁན་པོ་ཀ་མ་ལ་ཀུབ་ཏ་དང་། ཞུ་ཆེན་གི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ།། གཏན་ལ་ཕབ་པ།། ། འཕགས་ལ་ཁར་སིལ་གི་མདོའ།། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཁྱེད་ཀྱིས་ཁར་བསིལ་འདི་ཡོངས་སུ་བཅང་བར་བྱ ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཁར་བསིལ་འདི་བསྡམས་སོ།། མ་བྱོན་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཁར་བསིལ་འདི་བསྡམས་པའི་ཕྱིར་རོ།། བསྟར་གི་སངས ་རྒྱས་རྣམས་ཀྱིས་ཀྱང་ཁར་བསིལ་འདི་བསྡམས་པ་ཡིན་ཏེ། ཇི་ལྟར་དང་སྔར་མངོན་པར་རྫོགས་པར་སངས་རྒྱས་ནས་ཁར་བསིལ་བསྡམས་པ་དེ་བཞིན་དུ། འདས་པ་དང་མ་བྱོནད་པ་དང་། ད་ལྟར་བཞུགས་པའི ་སངས་རྒྱས་རྣམས་ཀྱིས་ཀྱང་། ཉན་ཐོས་རྣམས་ལ་ཁར་བསིལ་བཅང་བར་བྱའོ་ཞེས་སྟོནད་པར་མཛད་པས། དེ་བང་མངོན་པར་རྫོགས་པར་སངས་རྒྱས་ནས། སངས་རྒྱས་རྣམས་ཀྱི་ཆོས་ཇི་ལྟ་བ་བཞིན་དུ་ཁྱེད་ལ ་བསྟནད་པ་ཡིན་ཀྱིས་ཁྱོད་ཀྱིས་ཀྱང་ཁར་བསིལ་འདི་བཅང་བར་དའོ།། ། དེ་ཅིའི་ཕྱིར་ཞེན། ཁར་བསིལ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཁར་བ་ཞེས་ཀྱང་བྱའོ།། ཡོན་ཏན་ཀི་ཥ་བ་ཞེས་ཀྱང་བྱའོ།། འཕ། ་པའི་ཡེ་ཤེས་རབ་ཏུ་བསྟོནད་པའི་ཕྱིར་ཡེ་ཤེས་ཀྱི་ཁར་བ་ཞེས་བྱའོ།། ཡོན་ཏད་ཀྱི་གའི་སྒྲུབ་པའི་ཕྱིར་ཡོན་ཏན་ཀི་ཁར་བ་ཞེས་བྱའོ།། ཁར་སིལ་འདི་ནི་འཕགས་པའི་གང་ཟག་གི་རིགས་ཅན ་སྐྱེས་བུ་དམ་པར་མཚོན་པ། ལམ་གི་ཆོས་ལ་ཕྱོགས་པའི་རྒྱལ་མཚན་རྗེས་སུ་དྲན་པ་རྣམ་པར་བཞག་པའི་དོན་གི་སྤྱོད་པ་ཡིན་པས་དེའི་ཕྱིར་ཁྱེད་ཀྱིས་ཆོས་བཞིན་དུ་བཅང་པར་བྱའོ།། དེ་ནས་ཚེ་དང་ལྡན ་བ་འོད་སྲུང་ཆེན་པོ་བསྟནད་ལས་ལངས་ཏེ་གོས་ཆགས་བཅོས་ནས་བླ་ཀོས་ཕྲག་པ་གཅིག་ཏུ་གབར་ཏེ། ཐལ་མོ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་ཅིའི་སླད་དུ་ཁར་ས་ལ། ་ཞེས་བགྱི། ཇི་ལྟར་ནི་བཅང་བར་བགྱིབཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བདག་ཅག་རྣམས་ཀྱིས་ཀྱང་བཀའ་བཞིན་དུ་སྤྱོད་པར་འཚལ་ལོ་ཞེས་གསོལ་པ་དང་།། བཅོམ་ལྡན་འདས་ཀྱིས་འོད་སྲུང ་ཆེན་པོ་ལ་བཀའ་སྩ་སད་པ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ།། དེ་ལ་ཁར་བསིལ་ཞེས་བྱ་བ་ཡང་བ་ཡིན་ཏེ། གང་གྲི་ཁང་སིལ་འདི་ལ་བརྟེན་པ་དེ་དག་ཉོན་མོངས་པ་བསྩལ་ད་ནས། ་ཁམས་གསུམ་ལས་ངེས་པར་འབྱུང་བའི་ཕྱིར་ཡང་བ་ཞེས་བྱའོ།། ཁར་སིལ་ཞེས་བྱ་བ་ནི་སྡང་བ་བྱེད་པ་ཡིན་ཏེ། ཁར་སིལ་འཛིནད་པའི་གང་ཟག་ཡིན་པ་དེ་དག་ཡེ་ཤེས་ཀྱི་སྣང་བ་ཐོབ་པའི་ཕྱིར་སྣང་བ ་བྱེད་པ་ཞེས་བྱའོ།། ཁར་སིལ་ཞེས་བྱ་བ་ནི་མྱོ་ལྡོག་པར་བྱེད་པ་ཡིན་ཏེ། ཁར་སིལ་འཛིནད་པའི་གང་ཟག་གང་ཡིན་པ་དེ་དག་སྲེད་པ་གསུམ་ལས་ངེས་པར་འབྱུང་ཞིང་། ཡང་མངོན་པར་ཞེ་ནད་པར་འབྱུང་བ་ཉིད་དུ ་ཀྱི་འགྱུར་བའི་ཕྱིར་མྱི་ལྡོག་པར་བྱེད་པ་ཞེས་བྱའོ།། ཁར་སིལ་ཞེས་བྱ་བ་ཁོང་དུ་ཆུད་པར་བྱེད་པོ་ཡིན་ཏེ། ཁར་སིལ་འཛིནད་པར་བྱེད་པ་དེ་དག་སྡུག་བསྔལ་དང་། སྟོང་པ་དང་། ཁམས་གསུམ་གི་ཉོན་མོངས་པ ་ཀུན་ནས་དཀྲིས་པ་ཁོང་དུ་ཆུད་པ་དང་། བདེན་པ་བཞི་དང་། རྟེན་ཅིང་འབྲས་པར་འབྱུང་བ་བཅུ་གཉིས་པོ་འདི་དག་གསལ་བར་རྟོགས་པར་འགྱུར་པོའི་ཕྱིར་ཁོང་དུ་ཆུད་པར་བྱེད་པ་ཞེས་བྱའོ།། ཁར་མིམ ་ཞེས་བྱ་བ་ནི་ང་རྒྱལ་མྱེད་པར་བྱེད་པ་ཡིན་ཏེ། ཁར་སིས་ལ་འ།། ཇི་ནད་པ་དེ་དག་ང་རྒྱལ་གི་ལས་རབ་ཏུ་སྤོང་བར་འགྱུར་བའི་ཕྱིར། དང་རྒྱས་མྱེད་པར་བྱེད་པ་ཞེས་བྱའོ།། ཁར་སིལ་ཞེས་བྱ་བའི ་ནི་རྒྱང་བསྲིངས་པ་ཡིན་ཏེ། ཁར་མིལ་འདི་འཛིནད་པར་བྱེད་པ་འི་གང་ཟག་གང་ཡིན་པ་དེ་དག་འདོད་པ་ལྔ་ཐག་རིང་དུ་སྤོང་བ.རབྱེད་པ་དང་། འདོད་པའི་སྲེད་པས་ཀུན་ནས་དཀྲིས་པ་སྤོང ་བ་དང་། ཕུང་པོ་ལྔ་པོ་རྣམས་རྣམ་པར་འཐོར་བ་དང་། སྒྲིབ་པ་ལྔ་པོ་དག་ཡོངས་སུ་སྤོང་བ་དང་། མྱ་ངན་ལས་འདས་པ་ལ་ཕྱོགས་ཤིང་འདུས་བྱས་ཀྱི་སས་ཀྱང་ཐག་རིང་དུ་སྤོང་བའི་ཕྱིར་རྒྱང་འསྲིངས་པའ་ཞེས་རྒྱུརོ ་ཁར་མི་ལི་ཞེས་བྱ་བ་ནི་ལེན་པར་བྱེད་པ་ཡིན་ཏེ། ཀང་ཁར་སིལ་འཛིན་དུ་པར་བྱེད་པ་དེ་དག་སངས་རྒྱས་རྣམས་ཀྱི་ཆུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་རིན་པོ་ཆེ་བླངས་པས་རྣམ་པར་གྲོས་པ་ཐོབ་པ ་འགྱུར་བའི་ཕྱིར་ལེ་ནད་པར་བྱེད་པ་ཞེས་བྱའོ།། ཁར་སིལ་ཞེས་བྱ་བ་ནི་ཡོངས་སུ་འགྲུབ་པར་འགྱུར་བ་ཡིན་ཏེ། ཁར་མིལ་འཛིནང་པ་དེ་དག་སངས་རྒྱས་ཀྱི་ཆོས་ཀྱི་སྡེ་སྡོད་མངོན་པར་འགྲུབ་པ་དང་། ཅི་ལྟར་བསྟན ་པ་བསྒྲུངས་པསས་ཉམས་པར་ཕུན་སུམ་ཚོགས་པར་འགྱུར་བའི་ཕྱིར་མངོན་པར་འགྲུབ་པར་འགྱུར་བ་ཞེས་བྱའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཁར་སིལ་ཞེས་བྱ་བ་ཡི་གེའི་དོན་ནི་རྒྱ་ཆེ་ཞིང་མང་བས། ་ཡོངས་སུ་རྫོགས་པར་མྱི་ནུས་ཀྱང་། ཁྱེད་ཀྱིས་རེ་ཤིཀ་དེ་བཞིན་དུ་ཡོངས་སུ་གཟུང་བར་བྱའོ།། བཅོམ་ལྡན་འདས་ལ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཁར་སིལ་ཞེས་བྱ་བའི་དོན་ནི་འདི་ལྟ་བུ ་ལགས་ན། ཅིའི་སླད་དུ་ཡེ་ཤེས་ཀྱི་ཁར་བ་ཞེས་བགྱི་བ་ནས། དྲན་པ་རྣམ་པར་གཞག་པའི་དོན་གྱི་སྤྱོད་པ་ཞེས་བགྱི་བའི་དོར་གང་ལགས་པ་བཅོམ་ལྡན་འདས་ཀྱིས་བཀའ་བཞིན་དུ་བཤད་དུ་གསོལ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་བ། ཁར་མིས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་སྤྱོད་པ་གྲུབ་པ་དང་། མང་དུ་ཐོས་པ་རྒྱ་ཆེར་སྒྲུབ་པ་དང་། ཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཤེས་པ་དང་། དཀ ་དང་མྱི་དགེ་བ་དང་འདུས་བྱས་དང་འདུས་མ་བྱས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མྱེད་པ་རྣམ་པར་འབྱེད་པ་ཐོགས།། པ་མྱེད་པ་ཁོང་དུ་ཆུད་ཅིང་ཤེས་རབ་མངོན་པར་འགྲུབ་པར ་བྱེད་པའི་ཕྱིར་ཡེ་ཤེས་ཀྱི་ཁར་བ་ཞེས་ཀྱང་བྱའོ།། ཚུལ་ཁྲིམས་རབ་པོར་མྱང་བ་དང་། བཟོད་པ་དང་བསམ་གཏན་ལ་སེམས་ཀྱིགཅིག་ཏུ་སེམས་ཀ་སང་བ་མྱེད་པར་སྨོས་པ་དང་། རྟག་ཏུ ་བསོད་ནམས་ཀྱིས་ས་བསྒྲུབ་པས་མགོ་ཐོངས་མེ་འབར་བ་བཞིན་དུ་ཡང་མྱི་བཏང་བའི་ཕྱིར་སོན་ཏན་གི་ཁར་བ་ཞེས་བྱའོ།། ཁར་བ་འདི་ཡོངས་སུ་འཛིནད་པ་གང་ཡིན་པ་དེ་དག་ནི་ནང་གི་སྤོད་པ་རྣམ་པ་བཅུ་དྲུག་པ ་འདྲི་སྡིག་བདེན་པ་བཞི་པོ་སྡུག་བསྔལ་པ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དང་། ཚད་མྱེད་པ་བཞི་པོ་བྱམས་པ་དང་། སྙིང་རྗེ་དང་། དཀའ་བ་དང་། བཏང་སྙོམས་དང་། ཐམས་ཀ་དྷན ་བཞི་ཐེ་ཐམ་མ་གཏན་དང་བ་རི་ལསམ་གཏན་གཉིས་པ་དང་། བམམ་གཏན་གསུམ་པ་དང་། བསམ་གཏན་བའི་པ་དང་། གཟུགས་བྱེད་པའི་གོམས་པར་འཇུག་པ་བཞི་པོ་ནས་ཤེས་མཐའ་ལས་སྐྱེ་མང། ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མྱེད་པའི་སྐྱེ་མཆེད་དང་། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ཕུན་སུམ་ཚོགས་པ་དང་། གཞན་ཡང་སྤྱོད་པ་སུམ་བཅུ་རྩ་བདུན་པོ་འདི་ལྟ་སྟེ། ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཕུན་སུམ་ཚོགས་ཤིང་། ཆོས་དེ་དག་གསལ་བར་རྣམ་པར་འབྱེད་པ་དང་། བདག་ཉིད་ལུས་ཀྱི་ལུས་ཀྱིས་མངོན་སུམ་དུ་བྱས་པ། སྒྲའི་རྗེས་སུ་འབྲང་བ་དང་། ཆོས་རོ ་དག་བདག་ཉིད་རྣམ་པར་ཆེ་བ་དང་། སྟོང་པ་དང་། མཚན་མ་མྱེད་པ་དང་། སྨོནད་པ་མྱེད་པ་དང་། རྣམ་པར་ཐ་རད་པའི་སྒོར་འཇུག་པ་ལ་རང་དབང་དུ་གྱུར་ད་ཅིང་། རྒ་བ་མྱེད་པ་གང་ཡིན་པ་དེ་ནི་འཕགས་པ་ཞེས་བྱ་སྟེ། ་ནང་ཡོན་ཏན་དེ་ལྟ་བུ་དང་ལྡན་པས་ཕྱི་རོལ་ཁར་སིལ་འཛིནད་པ་ཡིན་ཏེ། འདིས་ནི་གང་དེ་གདོན་མྱི་ཟ་བར་འཕགས་པའི་ཡོན་ཏན་ཚུལ་ཁྲིམས་དང་། བཟོད་པ་དང་། བསམ་གཏན་དང་། ་ཤེས་རབ་དང་རིག་པ་གསུམ་དངམངོན་པར་ཤེས་པ་དྲུ་ག་དང་། རྣམ་པར་ཤེས་པ་བརྒྱད་པོ་དེ་དག་ཕུན་གསུམ་ཚོགས། པར་མཚོན་པ་ཡིན་ཏེ། གང་ཟག་དེ་འཕགས་པ་ཡིན་མཚོན ་པ་ཉིད་ཀྱིས་གུས་པ་བསྐྱེད་པར་འགྱུར་བའི་ཕྱིར་འཕགས་པའི་གང་ཟག་གི་རྟགས་ཤེས་བྱའོ།། སྐྱེས་བུ་དམ་པར་མཚོན་པ་ཞེས་བྱ་བ་ནི་ནང་ན་ཡེ་ཤེས་ཀྱི་ངོ་བོ་ཉིད་དང་ལྡན་པས་དམ་པ་ཞེས་བྱ་སྟེ། ་གང་ཟག་དེ་ནང་ན་ཡེ་ཤེས་ཀྱི་ངོ་བོ་ཉིད་ལྡན་པས་ཡོན་ཏན་གྱི་གཞི་བསྒྲུབ་པ་དང་།། ཆོས་གོང་ནས་གོང་དུ་རྩོལ་ཞིང་ལེགས་པར་བསྒྲུབ་པར་བྱེད་དོ།། ཞེས་སྟོནད་པར་བྱེད་པའི་ཕྱིར། སྐྱེས་བུ་དམ་པར་མཚོན་པ་ཞེས་བྱའོ།། གང ་ཟག་གསལ་བར་དེ་རིང་པོར་མྱི་ཐོགས་པར་ཤེས་རབ་ཀྱིས་མངོན་པར་གྲུབ་ནས། འདུས་མ་བྱས་ཀྱི་གནས་རབ་ཏུ་ཞི་ཞིང་། བདེན་པ་མྱ་ངན་ལས་འདས་པའི་བདེ་བ་དོན་དམ་པའི་གནས་ཀྱི་ལམ་དུ་འཇུག་པར་འགྱུར་རོ།། ་ཞེས་ཤེས་པར་བྱེད་པའི་ཕྱིརལམ་ག་ཆོས་ཕྱོགས་པའི་རྒྱལ་མཚན་ཞེས་བྱའོ།། རྗེས་སུ་དྲན་པོའི་རྣམ་པར་གཞག་པའི་དོན་སྤྱོད་པ་ཞེས་བྱ་བ་ནི། ཁར་བ་འདི་རིམ་པ་གསུམ་དང་ལྡན་པར་དུམ་བུ་གསུམ་གི ་རིམ་པ་མཐོང་བ་ཉིད་ཀྱིས།། ངན་སོང་གསུམ་གྱི་སྡུག་བསྔལ་རྗེས་སུ་དྲ་ནས། ཚུས་ཁྲིམས་དང་། ཏིང་ངེ་འཛིན་དང་། ནས་རབ་སྒོམ་པར་བྱེད་པ་དང་། གནོད་པ་གསུམ་པོ་དགའ་བྱུ་དང་། ནམ་དང་འི་རྗེས་སུ་དྲན་ན། ་དུག་གསུམ་པོ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡོངས་སུ་སེལ་བར་བྱེད་པ་དང་། ཁམས་གསུམ་པོ་དག་མྱི་རྟག་པ་ཉིད་དུ་རྗེས་སུ་དྲན་ནས། དཀོན་མཆོག་གསུམ་པོ་ལ་མངོན་པར་ཡིད་ཆེས་ཤིང་གུས་པ་དང་། ་སྲིད་པ་གསུམ་བསལ་བ་དང་། དག་པ་གསུམ་བཅང་བ་དང་། ལམ་རྣམ་གསུམ་རྣམ་པར་སྦྱང་བ་དང་། རིག་པ་གསུམ་དང་ལྡན་པར་འདོད་པ་དང་། རྣམ་པར་ཐ་རདྭ་པ་གསུམ་ལ་འཇུག་པ་དང་། རྗེས་སུ་དྲན་པ་དྲུག ་གི་གནས་གསུམ་ལ་ཐོབ་པ་དང་། ཡེ་ཤེས་ཐག་རིང་དུ་བྱེད་པགསུམ་དུ་རྟོགས་པར་འགྱུར་བའི་ཕྱིར། དུམ་བུ་གསུམ་རིམ་པར་གཞག་པོ་ཡིན་ནོ།། གཞན་ཡང་བཞི་སྨོལ་དུ་བྱས་པ་ནི། སྐྱེབ ་རྣམ་བཞི་ཡོངས་སུ་ཆད་པ་དང་། བདེན་པ་བཞི་ཡོངས་སུ་དྲན་བར་བྱ་བ་དང་། ཚད་མྱེད་པ་བཞི་བསྒོམ་པ་དང་། བསམ་གཏན་བཞི་ལ་འཇུག་པར་བྱ་བ་དང་། སྙོམས་པར་འཇུག་པ་བཞི་ཡོངས ་དག་པར་བྱ་བ་དང་། དྲན་པ་ཉེ་བར་གཞག་པ་བཞི་རབ་ཏུ་བས་ནད་པ་དང་། ཡང་དག་པར་སྤོང་བ་བཞི་བརྟན་པར་བྱ་བ་དང་། ཏིང་ངེ་འཛིནང་གི་རྐང་པ་བཞི་ཐོབ་པར་བྱ་བའི་ཕྱིར་བཞི་སྒྲིལ་དུ ་རྣམ་པར་གཞག་པར་བྱ་བ་ཡིན་ནོ།། དབུས་ཀྱི་ཤིང་རྟོགས་པ་ལྔར་བཞག་པ་ནི། སྔ་པོ་དག་སྤང་བ་དང་། འགྲོ་བ་ལྔ་པོ་དག་གི་འཁོར་བའི་སྡུག་བསྔལ་གི་འཁྲུལ་པ་ཡོངས་སུ་སྤང་བ་དང་། དབང་པོ་ལྔ་བསྒོམ་པ་དང་། ་སྟོབས་ལྔ་དང་ལྡན་པར་བྱ་བ་དང་།། སྒྲིབ་པ་ལྔ་པོ་དག་བསལ་བ་དང་། ཕུང་པོ་ལྔ་པོ་དག་རྣམ་པར་གཞིག་པ་དང་། ཆ་ལྔ་དང་ལྡན་པའི་ཆོས་ཀྱི་སྐུ་ཐོབ་པར་བྱ་བའི་ཕྱིར་ནུམ་སྔར་བཞག་པ་ཡིན་ནོ།། སི་ལོ་སྨྲབ་བཅུ ་གཉིས་སུ་བསྟན་པ་ནི། རྟེན་ཅིང་འབྲེལ་བར་བསྟནད་པ་དང་། སོ་བཅུ་གཉིས་སུ་དྲན་པར་བྱ་ཞིང་ཐོགས་པ་མྱེད་པར་བྱ་བ་དང་། སྒོ་བཅུ་གཉིས་པོའི་བསམ་གཏན་སྒོམ་པར་བྱ་བ་དང་། ཆོས་ཀྱི་འཁོར་ལོ་སན ་བཅུ་གཉིས་བསྐོར་བས། སེམས་ལ་སྐྱོན་མྱེད་པར་རྗེས་སུ་དྲན་པར་བྱའོ།། རིམ་པ་གསུམ་དང་། བཞི་སྒྲིལ་དུ་བསྡུས་ཏེ་གྲངས་བདུན་དུ་བསྟནད་པ་ནི། དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡན་ལག ་བདུན་རྗེས་སུ་དྲན་པར་བྱ་བ་དང་། འཕགས་པའི་ནོར་བདུན་མངོན་པར་བསྒྲུབ་པར་བྱའོ།། མར་རྩེ་གཏོགས་པར་བརྒྱད་དུ་བསྟནད་པ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྗེས་སུ་དྲན་པར་བྱ་བ་དང་། རྣམ ་བྱར་ཐ་རད་པ་བརྒྱད་ཐོབ་པར་བྱ་བ་དང་། མྱི་ཁོམ་པ་བརྒྱད་ཡོངས་སུ་གསལ་བའི་ཕྱིར། རྣམ་པ་བརྒྱད་དུ་བསྟནད་པ་ཡིན་ནོ།། ཁར་སེལ་གི་དོན་མདོར་བསྟན་པ་དེ་ལྟ་བུ་ཡིན་པས་ཁྱོད་ཀྱིས། ལེགས་པར ་ཡོངས་སུ་བཟུང་བར་བྱའོ།། བཅོམ་ལྡན་འདས་ལ་འོད་སྲུང་གི་ས་གསོལ་ད་པ། བཅོམ་ལྡན་འདས་འཕགས་པའི་གསུང་རབ་ས་ཇི་སྐད་བསྟན་པ་དེ་བཞིན་དུ་སྤྱོད་པར་འཚལ་ལོ་ཞེས་གསོལ་ལོ།། ་དེ་ནས་འོད་སྲུང་ཆེན་པོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས།། གསོལ་ཏོ།། བཅོམ་ལྡན་འདས་དུས་གསུམ་གི་དེ་བཞིན་གཤེ། ཀས་པ་རྣམས་ཀྱི་ཆོས་ཀུན་མཚུངས་པ་ཞིག་ལགས་སམ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་ཅིག་ཁར་སིལ་མཆུ་ངས་ཀྱང་སྤྱོད་པ་མྱི་མཚུངས་པས། ཁ་ཅིག་གི་ཚེ་ན་ནི་བཞི་སྒྲིལ་དུ་བྱས་པ་ཡིན་ནོ།། ཁ་ཅིག་ནི་ཉེས་སྒྲིལ་དུ་བྱས་པ་སྟེ། ཁར ་སིལ་གི་གྲངས་ལ་ནི་བྱེ་བྲག་ཏུ་གྱུརྡ་པ་མྱེད་དོ།། ད་ནི་དེང་འདིར་བཞི་སྒྲིལ་ཁར་སོལ་བཅུ་གཉིས་སུ་བྱས་པའི་བསྟནད་པ་དེ་སྤྱོད་དོ།། ཉེས་སྒྲིལ་དུ་བྱས་པོ་ནི་དེ་བཞིན་གཤེགས་པ་འོད་སྲུང་གིས་རྣམ་པར་གཞག ་པ་ཡིན་ཏེ།། སེམས་ཅན་རྣམས་བདེན་པ་གཉིས་པོ་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའི་རྗེས་སུ་དྲན་པར་བྱ་བའི་ཆེད་དུ་དོན་འདི་རྣམ་པར་གཞག་པོ་ཡིན་ནོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད ་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འཁོར་སྟོང་ཉིས་བརྒྱ་དང་། འཁོར་འདུས་པ་ཆེན་པོ་རྣམས་དང་ཤི་ནང་ཏུ་དཀའ་ཞིང་མགུ་བས་མངོན་པར་བསྟོད་དོ།། ་འཕགས་པ་ཁ་སིལ་གཽ་མདོ། རྫོགས་སྷོ།། །། ཁར་མིས་བཅང་བའི་ཀུན་ཏུ་སྤྱོད་པའི་ཆོ་ག། ཁར་སིལ་ཡང་དག་པར་ལེ་ནད་པར་འདོད་པས། བཙུན་པ་གཅིག་གི་མདུན་དུ་པུས་མོ་ས་ལ། ་