CLOSE WINDOW

Ng22.50: mchod rten bskor ba tshigs su bcad pa zhes bya ba
Wyliee-texts produced with BDRC’s OCR application

བསྟན་པའི་མདོའོ།། རྫོགས་སྷོ།། @རྒྱ་གར་སྐད་དུ། ཙྱཻ་ཏ་པྲ་དྷ་ཀྵི་ན་ན་མ་གྷཱ་ཟ།། བོད་སྐད་དུ། མཆོད་རྟེན་བསྐོར་བ་ཚིགས་སུ་བཅད་པ་ཞེས་བྱ་བ། ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཤེས་རབ་ལྡན་མཆོག་འཇིག་རྟེན་ན།། ཆོས་ཀྱི་འཁོར་ལོ་རྗེས་བསྐོར་བ་ཡི།། ཤེས་རབ་ཆེན་པོ་ཤ་རིའི་བུས།། སྟོན་པ་ལ་ནི་ཞུ་བ་ཞུས།། མཆོད་རྟེན་བསྒོན ་བབབགྱིས་པའི།། རྣམ་པར་སྨིན་པ་ཅིར་འགྱུར་བ།། བསྐུ་ཡང་པ་ཆེན་པོ་འཇིག་རྟེན་མཆོག།། རྣམ་པར་འདྲེན་པ་བདག་ལ་གསུངས།། རྫོགས་པའི་སངས་རྒྱས་གང་གཉིས་མཆོག། སྟོན་པས་དེ་ལ་བཀའ ་སྩལ་པ།། མཆོད་རྟེན་དག་ལ་ཕྱག་བྱས་པའི།། ཡོན་ཏན་གང་ཡིན་ཕྱོགས་ཙམ་བསྟན་།། མཆོད་རྟེན་བསྐོར་བ་བྱས་པའི།། ལྷ་ཀླུ་དེ་བཞིན་གནོད་སྦྱིན་དང་།། ཤ་ཟ་དེ་བཞིན་སྲིན་རྣམས་ཀྱིས།། ཐམས་ཅད་དུ ་ནི་མཆོད་པར་འགྱུར།། དལ་བ་རྙེད་རྐ་ཐོབ་གྱུར་ནས།། སྐད་ཅིག་གཅིག་ཙམ་ཡང་དུ་ཡག། མཆོད་རྟེན་བསྐོར་བ་བྱས་པ་ན།། མྱི་ལོམ་བརྒྱད་རྣམས་སྤོང་བར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། དྲན་དང་ལྡན་ཞིང་བློ་གྲོས ་ལྡན།། ཁ་དོག་ལྡན་ཞིང་འཛངས་དང་ལྡན།། ཐམས་ཅད་དུ་ནི་མཆོད་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ལྷ་དང་དེ་བཞིན་གྱི་རྣམས་ཀྱིས།། ཚེ་རིང་བ་ཡང་དེ་ཡིས་ཐོབ།། གྲགས་པ་ཆེན་པོའང་ཐོབ་པར་འགྱུར།། ་མཆོད་རྟེན་བསྐོར་བ་བྱས་པས་ནི།། འཛམ་བུའི་གླིང་དུ་རུས་ཀྱི་མཆོག།། ཚེ་རིགས་ཡོངས་སུ་དག་པ་དང་།། བློ་ལྡན་དེ་འདིར་སྐྱེ་བར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། སེར་སྣ་མྱེད་ཅིང་གཏོང་ཕོར་དང་།། སྦྱིན་པ ་ངག་ལ་དཔའ་བར་འགྱུར།། མཆོད་རྟེན་བསྒོ་འ་བྱས་པ་ས་མེ་ས་ང་དུ་འོང་ནིང་བག་མ་ཅུག། མངོན་པབང་མཐོ་བ་དགའ་བ་དང་། སྲོང་སྤྱོད་ཀྱི་ཆེན་སྤྱོད་པར་འགྱུར།། མཆོད་རྟེན་བསྐོར་པ་བྱས་པས་ནི། ་འདུ་བྱེད་སྟོང་པ་མཐོང་ན་ཡང་།། དེ་ནི་ཆོས་ལ་རྨོངས་མྱི་འགྱུར།། མྱུར་དུ་དཀའ་བ་ཐོབ་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས། ནི། རྒྱལ་རིགས་མཆོད་དུ་སྐྱེ་བ་དང་།། བུ་སྨད་དང་ཡང་ལྡན ་པར་འགྱུར།། སྟོབས་དཔ་བརྩོམ་འགྲུས་ལྡན་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། བྲམ་ཟེ་ཆེ་ཞིང་མཐོ་བར་སྐྱེ།། ཚུལ་ཁྲིམས་ལྡན་ཞིང་ཐོས་དང་ལྡན།། རིག་བྱེད་གསང་སྔགས་ལྡན ་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ཁྱིམ་བདག་ཆེ་ཞིང་མཐོ་བར་སྐྱེས། བྱ་ན་ཡ་བདག་ནོ་ཐུན་པ་ལྡན་ལ་ཇུག་མཆོད་རྟེན་བསྐོར་བ་བྱས་པས་ནི།། འཛམ་བུ་གླིང་དུ་མངའ་བདག་རྗེ།། ས་སྟེང་མཐའ་དག ་དབང་བྱེད་པའི།། ཆོས་དང་ལྡན་པའི་དབང་པོར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། རིན་ཅེ་བདུན་དང་ལྡན་པའི།། འཁོར་ལོ་སྒྱུར་བའི་རྒྱལ་པོར་འགྱུར།། ཆོས་བཞིན་འཁོར་ལོ་བསྐོར་བར་བྱེད།། མཆོད ་རྟེན་བསྐོར་བ་བྱས་པས་ནི།། འདི་ནས་འཕོས་ནས་མཐོ་རིས་འགྲོ།། སངས་རྒྱས་བསྟན་ལ་དཀའ་བ་དང་།། རྣལ་འབྱོར་ང་ལྡན་ཞིང་རྫུ་འཕྲུལ་ཆེ།། མཆོད་རྟེན་བསྐོར་བ་བྱས་པས་ནི།། མངལ་གི་སྐྱོན་དང་དྲི་མ་ཡིས།། ་དེ་ལ་གོས་པར་ཡང་མྱི་འགྱུར་དེ་ནི་ནོར་བུ་དག་པ་བཞིན།། མཆོད་རྟེན་བསྐོར་བ་བྱས་པས་ནི།། མ་ལྷོར་བདེ་བར་གནས་པར་འགྱུར།། དེ་ནི་བདེ་བར་བཙས་པ་དང་།། བདེ་བར་ནུ་ཞོ་འཐུང་བར་འགྱུར།། མཆོད་རྟེན་སྐོར།། ་བ་བྱས་པས་ནི།། ཕས་ཀྱང་གཡོག་འཁོར་མང་པོ་ཡིས།། དེ་ལ་གསོའ་ཞིང་གནས་པར་འགྱུར།། ཕས་ཀྱང་རྟག་ཏུ་རིམ་འགྲོ་བྱེད།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ཉེ་དུ་རྣམས་ཀྱི་སྙིང་དུ་སྟུག། དེ་བཞིན་པ་མ་ལྷག ་པར་བྱམས།། སྐྱེས་གནས་ལོངས་སྤྱོད་འཕེལ་བར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ཤ་ཟ་དང་ནི་སྲིན་རྣམས་ཀྱིས།། དེ་ལ་གནོད་པར་ཡོད་མྱི་ནུས།། ལོངས་སྤྱོད་དག་ལ་སྐྱོན་མྱེད་སྤོང་།། མཆོད་རྟེན་བསྐོར ་བ་བྱས་པས་ནི། བསྐལ་པ་བརྒྱར་ཡང་དེ་དག་རྣམས།། ཞར་བ་སྒུར་པོར་ཡོད་མྱི་འགྱུར། ལུས་ཀྱང་རྣམ་པར་དག་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། མྱག་ཀྱང་རྣམ་པར་དག་པར་འགྱུར།། ་དཀྲུགས་རིང་མཐོན་ཟིང་སྡུག་པ་དང་། ལྷའི་མྱིག་ཀྱང་ཐོབ་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ལུས་བརྟན་སེམ། ས་ཀྱང་བརྟན་པ་སྟེ།། དེ་བཞིན་བརྩོན་འགྲུས་རྟེན་པ་དང་། ་དཔུང་འགྲོ་ཟླུམ་བཞིན་བརྟན་པ་དང་། མཆོད་རྟེན་བསྐོར་བ་བྱས་པས་ནི།། སྟོབས་དང་བྱད་གཟུགས་ཕུན་གསུམ་ཚོགས།། ཡན་ལག་ཐམས་ཅད་མཚན་རྣམས་ཀྱི།། ལེགས་པར་བརྒྱན་ཅིང་ལྡན་པར ་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། སུམ་བཅུ་རྩ་གསུམ་དབང་ཕྱུག་རྗེ།། རྫུ་འཕྲུལ་ཆེ་བའི་བརྒྱ་བྱིན་དང་།། ལྷའི་དབང་པོ་ཆེན་པོར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་མི།། འཐབ་འབྲལ་ལྷའི་རྒྱ ་པོ་དང་།། དེ་བཞིན་ཡོངས་སུ་དགའ་ལྡན་དང་།། འཕྲུལ་དགའ་བཞན་འཕྲུལ་དབང་བྱེད་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ཚངས་པའི་འཇིག་རྟེན་འཚངས་པའི།། དབང་ཕྱུག་ཉིད་དུ་དེ་འགྱུར་ཞིང་།། ལྷ་རྣམ ་བྱེ་བ་སྙེད་རྗེ་ཡོད་མཆོད་རྟེན་བསྐོར་བ་བྱས་པས་ནི།། བསྐལ་པ་བྱེ་བ་སྟོང་དག་དང་།། ཕྲག་ཁྲིག་ཕྲག་བརྒྱ་དག་ཏུ་ཡང་།། ཤེས་རབ་ལྡན་པས་རྟག་ཏུ་མཆོད།། མཆོད་རྟེན་བསྐོར་བ་བྱས་པས་ནི།། བསྐལ་པ ་བྱེ་བ་སྙེད་དག་ཏུ།། ལུས་ཀྱང་གོ་གཙང་ཀོས་ཀྱང་གཙང་མ་དང་།། དཀར་པོའི་ཚོགས་དང་ལྡན་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། སྟོབས་དཔབརྩོན་འགྲུས་ཕུན་སུམ་ཚོགས།། དེ་བཞིན་ལེ་ལོ་མྱེད་པ་དང་། ་ཤིནང་ཏུ་བསྒྲུབས་ཀྱང་ཕོད་པར་འགྱུར།། དོན་རྣམས་མྱུར་ཏུ་གྲུབ་པར་བྱེད།། མཆོད་རྟེན་བསྐོར་བྱས་པས་ནི།། བརྩོན་འགྲུས་བརྟན་ཞིང་མཐུ་ཡང་བརྟན།། རྩལ་བརྟན་ཅིས་ཀྱང་མྱི་ཚུག་ཤིང་།། དོན་རྣམས་མྱ་རབ་ཏུ་གྲུལ ་པར་བྱེད།། མཆོད་རྟེན་བསྐོར་བ་བྱས་པས་ནི།། གདངས་སྙན་གསུང་ཡང་ཐོབ་པ་དང་།། ཡིད་དུ་འོང་བའི་རོ་ཅན།། གནོད་པ་མྱེད་ཅིང་ནང་མྱེད་འགྱུར།། མཆོད་རྟེ་ནང་བསྐོར་བ་བྱས་པས་ནི།། ང་ཉིད་ཀྱིས་ནི ་བས་ནང་པའི།། གནས་དེར་མྱུརང་དུ་དེ་འགྲོ་ཞིང་།། ཤས་ཆེ་སྐྱེ་བོ་ཐོབ་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི། དྲན་པ་ཉེ་བར་གཞག་པ་བཞི།། སེམས་ཀྱི་ཚད་མྱེད་བཞིའོ། ་དང་།། རྫུ་འཕྲུལ་རྐང་པའི་དབང་ཡང་ཐོབ།། མཆོད་རྟེནད། བསྐོར་བ་བྱས་པས་ནི།། འཕགས་པའི་བདེན་པ་བཞི་པོ་ད།། །། དབང་པོ་རྣམས་དང་སྟོབས་རྣམས་དང་།། བྱང་ཆུབ ་ཡན་ལག་འབྲས་བུ་ཐོབ།། མཆོད་རྟེན་བསྐོར་བ་བྱས་པས་ནི།། མངོན་ཤེས་དྲུག་ལྡན་ཟག་མྱེད་པ།། ཉོན་མོངས་ཐམས་ཅད་སྭ་ས་པ་ཡིས།། དགྲ་བཅོམ་མོ་འཕྲུལ་ཆེན་པོར་འགྱུར། ་མཆོད་རྟེནད་བསྐོར་བ་བྱས་པས་ནི།། འདོད་ཆགས་ཞེ་སྡང་གཽཏི་མུག་སྤངས།། འཁོར་རྣམས་ཐམས་ཅད་སྤངས་པ་ཡི།། རང་རྒྱལ་བྱང་ཆུབ་འབྲས་བུ་ཐོབ།། མཆོད་རྟེནད་སྐོར་བ་བྱས་པས་ནི།། འཇིག ་རྟེན་དག་དུ་དེ་བཞིན་གཤེགས།། མཚན་རྣམས་ཀྱིས་ནི་བརྒྱན་པ་དང་།། གསེར་ཀི་སྐུ་མདོག་ཐོབ་པར་འགྱུར།། ལུས་ཀྱི་ལས་ཀྱང་བསྐོར་བ་ཡིན།། ངག་གི་ལས་ཀྱང་བསྐོར་བ་ཡིན།། ཡིད ་ཀྱེ་ལས་ཀྱང་བསྐོར་བ་ཡིན།། ངག་ག་ལས་ཀྱང་བསྐུར་བ་ཡན།། ཡད་ཀྱ་ལས་ཀྱང་བསྐར་བ་ཡན།། སྨོན་ལམ་བཏབ་པའང་བསྐོར་བ་ཡིན།། འདིར་ནི་བསྐོར་བ་བྱས་པས་ནི།། སྤོད་ཀ་བདེ་དཀུར ་དོན་རྣམས་འགྲུབ་འཇིག་རྟེནད་མགོན་གི་མཆོད་རྟེན་ལ།། བསྐོར་བ་བྱས་པའི་ཡོན་ཏན་ཀང་།། དེ་ནི་ཚིག་ཙམ་ཞུ་ཙེ་ཞེས།། ལེགས་པར་བསྟནད་པར་མྱི་ནུས་སོ།། སེམས་ཅན་རྣམས་ལ་སྙིང་། ་བརྩེའི་ཕྱིར།། ཤ་རིའི་བུས་ནི་ཞུས་ནས་ཀྱང་།། མཆོད་རྟེན་ཕྱག་བྱས་ཡོན་ཏན་གང་།། འཇིག་རྟེནད་མགོན་པོས་བསྟན་པ་ཡིན།། རྟ་བརྒྱ་དང་ནི་གསེར་སྲང་བརྒྱ།། རྔ་མོ་ཤིང་རྟ་བརྒྱན་དག་དང་།། དགོད་མ ་བརྒྱ་ནི་ཤིང་རྟ་རྣམས།། བསྐོར་བའི་གོམ་པ་གཅིག་བོར་བའི།། བཅུ་དྲུག་ཆར་ཡང་མྱི་ཕོད་དོ།། ཀམ་པོ་ཛའི་བུ་མོ་བརྒྱ།། ནོར་བུ་རྣ་ཆའི་གཏུབ་འཁོར་ཐོགས།། གསེར་གི་དཔུང་རྒྱན་འཆང་བ་དང་། ་འགྲིན་པ་གསེར་གིས་ལེགས་པར་བརྒྱད།། བསྐོར་བའི་གོ་གཅིག་བོར་བའི།། བཅུ་དྲུག་ཆར་ཡང་མྱི་ཕོད་དོ།། གངས་ཀྱི་གླང་ཆེན་བརྒྱ་སྙེད་དག། ལུས་ཆེན་ནམ་ཆོང་ཡངས་པ ་དགེ།། སྣ་ཡང་གཤོལ་མདའ་དྲ་བའི་གླང་།། གསེར་དང་ནོར་བུས་བརྒྱན་པ་དག།། བསྐོར་བའི་གོམ་པ་གཅིག་བོར། བཅུ་དྲུག་ཆར་ཡང་མྱི་ཕོད་།། འཕགས་པ་གང་གིས་སངས ་རྒྱས་མཆོད་རྟེན་ལ།། དཀའ་བའི་སེམས་ཀྱིས་གོམ་པ་གཅིག་རྗེ་ར་བའི།། འཛམ་བུ་ཆུ་ཀླུང་གསེར་འབུམ་གྲངས་སྙེད་པས།། དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན།། མཁས་པ་གང་གིས་སངས ་རྒྱས་མཆོད་རྟེན་ལ།། དགའ་བའི་སེམས་ཀྱིས་གོམ་པ་གཅིག་བོར་བའི།། འཛམ་བུ་ཆུ་ཀླུང་གསེར་ཀི་ཕ་བོར་འབུམ་དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན།། མཁས་པ་གང་གིས་སངས་རྒྱས་མཆོད་རྟེནད ་ལདགའ་བའི་སེམས་ཀྱིས་མེ་ཏོག་སེལ་མ་སྤུངས།། འཛམ་བུ་ཆུ་ཀླུང་གསེར་སྡོད་འབུམ་བཞག་པས།། དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན།། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ ་དགའ་བའི་སེམས་ཀྱིས་མེ་ཏོག་འཕྲེང་བ་ཐོགས།། འཛམ་བུ་ཆུ་ཀླུང་གསེར་ཁལ་བྱེ་མ་གཉིས།། དེ་ནི་དེ་དང་མཚུངས་པ་ཡོང་མ་ཡིན།། མཁས་པ་གང་གིས་སངས་རྒྱས་མཆེད་རྟེན་ལ།། དགའ ་བའི་སེམས་ཀྱིས་སྤོས་ཆུ་བཀང་བསྐོར་བག་འཛམ་བུ་ཆུ་ཀླུང་གསེར་གི་ཕུང་པོ་འབུམ།། དེ་ནི་དེ་དང་མཚུངས་པ་ཡོང་པ་མ་ཡིན།། མཁས་པ་གང་གི་སངས་རྒྱས་མཆོད་རྟེན་ལ།། དཀའ་བའི་སེམས་ཀྱིས་མར་མེ། ་འཕྲུལ་བྱེད་པ།། འཛམ་བུ་ཆུ་ཀླུང་གསེར་སྲང་བྱེ་མ་འབུམ།། དེ་ནི་དེ་རང་མཚུངས་པ་ཡོད་མ་ཡིན།། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ།། དགའ་བའི་སེམས་ཀྱི་རྒྱལ་མཚན་འཕན་གདུགས་འདོགས། ་གསེར་གི་རི་བོ་འདྲ་བའི་ཐོགས་སངས་རྒྱས།། དེད་དཔོན་བླ་ན་མྱེད་པ་ལ།། ཕུལ་བའི་ཡོན་ཏན་བས་ནད་པ་ཡིན།། བཞུགས་པའི་ཆེན་གང་གིས་མཆོད།། མྱ་ངན་འདས་འོག་གང་གིས་མཆོག། སེམས་དགའ ་པ་ནི་མཚུངས་འགྱུར་ན།། བསོད་ནམས་གང་ལ་ཡང་ཁྱད་པར་སྐྱེ་ད།། འདི་ལྟར་སངས་རྒྱས་བསམ་གྱི་བྱང།། མཆོད་རྟེན་བསྐོར་བ་ཚིགས་སུ་བཅད་པ།། རྫོགས་སྷོ།། ་