CLOSE WINDOW

Ng22.46: 'phags pa yongs su mya ngan las 'das pa'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་གི་མཁན་པོ་ཕྲད་ཉ་བར་མ་དང་། ཞུ་ཆེན་ཀི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ།། ། རྒྱ་ཀར་སྐད་དུ། མ་ཧ་པ་རི་ནི་ར་པ་ན་སུ་ཏྲ། ་བོད་སྐད་དུ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པ་དུས་ཅིག་ན། བཅོམ་ལྡན་འདས་ཀུ་ཤ ་གྲོང་ཁྱེར་ཀྱང་ཀི་ཉེ་འཁོར་ཤིང་ས་ལ་ཟུང་གི་ཚལ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ།། དེ་ཕྱི་མའི་དུས་དང་ཉེ་གྱུ་རང་པ་ན། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དཀའ་བོ་ང་ཡོད། ས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་དང་པོ་ལ་ནི་བསྟན་པ་ལ་ཆོས་ལ་བླ་མར་བྱེད་པར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང་ཆོས་ཀྱི ་དཀའ་ར་བ་ལ་དཀའ་བ་དང་ལྡན་པར་གནས་པར་འགྱུར་ཞིང་། ཞིང་ཤེས་པ་ལ་མཁས་པ་དང་། ཤེས་རབ་དམ་པ་དང་ལྡན་པའི་རང་བཞིན་ཅན་དུ་འགྱུར་རོ།། ཀུན་དགའ་བོ་ཡང་དེའི་ཚེ་རྒྱལ་པོ་མྱ་ངན་མྱེད་ཅེས་བྱ ་བ་འཛམ་བུའི་གླིང་གི་དབང་ཕྱུག་ལ་དབང་བྱེད་པར་འགྱུར་ཏེ། དེ་པ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་གི་རིང་བསྲེལ་གི་མཆོད་རྟེན་རྒྱ་ཆེར་བྱེད་པར་འགྱུར་རོ།། ཀུན་དཀའ་བོ་ང་ཡོངས་སུ་མྱ་ངན་འདས་ནས་ལོ་བརྒྱ་ཕྲག ་གཉིས་པ་ལ་ནི། བསྟན་པ་རྣམ་པར་གྲོལ་བའི་སྙིང་པོ་ཅན་དུ་འགྱུར་རོ།། ཉན་ཐོས་རྣམས་ཀྱང་ངས་སྟོན་པར་རྟོག་ཅིང་སྟོནད་པར་མཁས་པར་བྱེད་པར་འགྱུར་རོ།། ཀུན་དགའ་བོར་ཡོངས་སུ་མྱ་ངན་ལས་འདས་ནས་ལོ ་བརྒྱ་ཕྲག་གསུམ་པ་ལ་ནི། བསྟནད་པ་བསྒྲུབ་པ་སྙིང་པོར་བྱེད་པར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང་གཉི་གའི་ཆ་ལས་རྣམ་པར་གྲོལ་བར་འགྱུར་བ་ལུས་ཀྱི་མངོན་གསུམ་དུ་བྱེད་ཅིང་། མཐོང་བས་ཐོབ་པ་དང་། ཤེས་རབ་ཀྱིས ་རྣམ་པར་གྲོལ་བར་འགྱུར་རོ།། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་བཞི་པ་ལ་ནི་བསྟན་པ་ལ་རྣོ་པར་དབེན་པ་སྙིང་པོར་བྱེད་པར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང་ནང་དུ་ཡང་དག་འཇོག་ལ། ་དགའ་བར་འགྱུར་རོ།། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་ལྔ་པ་ལ་ནི་བསྟན་པ་ལ་མོས་བླ་མར་བྱེད་པར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང་ཆོས་ཀྱི་ཀུན་དཀའ་ཡ་བ་ལ་མངོན་པར་དགའ་བར་འགྱུར་རོ།། ། ་ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས། ལོ་བརྒྱ་ཕྲག་དྲུག་པ་ལ་ནི། བསྟན་པ་ལ་ཀློག་པ་དང་། འདོནད་པ་ལ་མངོས་པར་དགའ་བར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང་བརྩོན་འགྲུས་རྩོམ་པར་འགྱུར་རོ།། ཀུན ་དཀའ་བོ་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་བདུན་པ་ལྲ་ནི། བསྟན་པ་ལ་མཆོད་པ་སྙིང་པོར་བྱེད་པར་འགྱུར་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། ་མྱི་འམ་ཅི་དང་། ལྟོ་ཕྱེ་ཆེན་པོ་དང་། མྱི་དང་མྱི་མ་ཡིན་པ་རྣམས་བསྟ།། ནད་པ་ལ་བསྙེན་བཀུར་བྱེད་ཅིང་བླ་མར་བྱེད་པར་འགྱུར་བ་དང་། བརྗེད་། པར་འགྱུར་བ་དང་། མཆོད་པར་འགྱུར་རོ།། ངའི་ཉན་ཐོས་རྣམས ་ཀྱང་རྙེད་པ་དང་། བཀུར་བསྟི་དང་། ཚིགས་སུ་བཅད་པ་ལྷུར་ལེན་པར་འགྱུར་རོ།། ཀུན་དགའ་བོ་ཡོངས་མྱ་ངན་ལས་འདས་ནས་བརྒྱ་ཕྲག་བརྒྱད་པ་ལ་ནི། བསྟན་པ་ལ་ཞལ་ཏ་བྱེད་པའི་སྙིང་པོར ་བྱེད་པར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང་ཕན་ཚུན་གནོད་པ་བྱེད་པར་འགྱུར་ཞིང་། ཡི་གེ་ལ་སེམས་དཔར་ལྟ་བ་ལ་མཁས་པ་པ་དང་། མཁན་པོ་དང་། སློབ་དཔོན་ལ་མ་གུས་པ་དང་། ཤེས་བཞིན་མྱེད་པར་གནས་པར ་འགྱུར་རོ།། རྒྱུ་དང་ལྡན་ཞིང་། རང་ཉིད་སྐྱེས་བུ་ངན་པའི་ཚིག་ཏུ་སྨྲས་པ་དང་། དགེ་འདུན་དང་། མཆོད་རྟེན་ཀི་ནོར་ཁྱིམ་ན་གནས་པ་དང་། རྒྱལ་པོའི་ཕོ་བྲང་དུ་བསྡུ་བ་བྱས་ནས། རྣམ་པར་འཇིག་པར་བྱེད་པ་སུ་འགྱུར་རོ།། ཀུན ་དགའ་བོ་ང་ཡོངས་སུ་མྱ་ངན་འདས་ནས། ལོ་བརྒྱ་ཕྲག་དགུ་པ་ལ་ནི། བསྟནད་པ་ལ་ལས་སྙིང་པོར་བྱེད་པར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང་ཁྱིམ་ཀྱི་བྱ་བའི་ལས་བྱེད་པ་ལ་བརྩོན་པར་འགྱུར་ཏེ། ཞིང་གི་ལས་ཀྱི་མས ་ལ་དཀའ་བ་དང་། ཉོ་ཚོང་ལ་མངོན་པར་དགའ་བ་དང་། འདོད་པ་ལ་རབ་ཏུ་འཇུག་ཅིང་། ཕོ་ཉར་གཏོང་བས་འཚོ་བ་བསྒྲུབ་པར་འགྱུར་བ་དང་། ལེ་ལོ་ཅན་དུ་འགྱུར་བ་དང་། དེ་བཞིན་གཤེགས་པས་ལེགས་པར་བཅས་པའི་བསླབ་པ་རྗེས ་བསྲུང་བར་མྱི་འགྱུར་རོ།། ཀུན་དགའ་བོ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་གི་ནི་བསྟན་པ་ལ་གཏམ་ཀི་སྙིང་པོར་བྱེད་པར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང་གཏམ་སྣ་ཚོགས་ལ་མངོན་པར་དཀའ་བ་དང་ལྡན་པར་འགྱུར་ཞིང། ་གང་གི་འཇིག་རྟེན་ལས་འདས་པའི་སངས་རྒྱས་ཀྱི་གསུང་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་སྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་བཞིའི་སྡེ་དང་། ་རྟོགས་པར་བརྗོད་པའི་སྡེ་དང་། དེ་ལྟ་བུའི་འབྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིནང་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་སྡེ་དང་། ཆོས་རྣམ་པར་གཏན་ལ་ཕབ་པར་བསྟན་པའི་སྡེ་རྣམས་སྤངས་ནས། ་སྦྱོར་བ་གཞན་དང་ལྡན་པར་གནས་པར་འགྱུར་ཏེ། འདི་ལྟ་སྟེ། རྒྱལ། པོའི་གཏམ་དང་། རྐུན་པོའི་གཏམ་དང་། ཟབ་མོའི་གཏམ་དང་། ཟས་ཀྱི་གཏམ་དང་། བཏུང་བའི་གཏམ་དང་། གྲོགས་ཀྱི་གཏམ་དང་། ་བདག་གི་གཏམ་དང་། ཁྱད་པར་གྱི་གཏམ་དང་། གཞོ་ནུའི་གཏམ་དང་། གཞོ་ནུའི་མའི་གཏབ་དང་། གྲོང་ཁྱེར་གི་གཏམ་དང་། རྒྱ་མཚོའི་གཏམསྟེ། དེ་ལྟ་བུ་ལས་སྩོགས་པའི་གཏམ་རྣམས་ལ་ངེས་པར་དགའ་བཱ ་འགྱུར་རོ།། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱང་ངའི་དམ་པའི་ཆོས་སྤོང་བར་བྱེད་པར་འགྱུར་རོ།། ཆོས་འདུལ་བ་འདི་ལ་བཏང་སྙོམས་སུ་བྱེད་པར་འགྱུར་རོ།། གང་དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་བསྙེན་དང་། ་དགེ་བསྙེན་པ་རྣམས་སྟེ། དེ་དག་ཀྱང་ལུས་ལ་བསྒོམས་པ་དང་། ཚུལ་ཁྲིམས་མ་སྡོམས་པ་དང་། ཤེས་རབ་མ་བསྒོམས་པ་དང་། འཐབ་པར་བྱེད་པ་དང་། འཚང་འདྲུ་ཞིང་། ཅོད་པར་སྨྲ་བ་ལ་བརྩོན་པར་བྱེད་པར་འགྱུར་རོ།། ལུང ་བཟེད་བཟང་པོ་དང་། ཆོས་ཀོས་བཟང་པར་འགྱུར་ཞིང་། ཁོ་ཀྱ་ཡུས་ཀྱིའི་ཚུལ་ཁྲིས་ཀྱང་ཆུ་སུ་འདོད་བར་འའོ།། དི་ལྟ་སྟེ་སྡིག་པ་ས་དྲེས་མོས་ཤིང་རྗེས་པས་སྡིག་པ་དང་། ཡཾ་དེ་བདེ་བ་ལས་མཚོགས་པས། དེ་བཞིན་དུ་བྱ་རྒྱར་བསགས་པའི་དགེ་བའོ་རྩེ་བ་རྣམས་ཀྱང་མྱུར་ཏུ། ་འཇིག་པར་བྱེད་པར་འགྱུར་རོ།། ཀུན་དགའ་བོ་པ་ཡོངས་ཨུ་མྱ་ངན་ལས་འདས་ནས། ལོ་སྟོང་ཅིག་བརྒྱན། དགེ་སློང་ཚུལ་ཁྲིམས་འཆལ་པ་རྣམས་བྱུང་བར་གྱུར་པ་ནི་འཁོར་དང་གཡོག་མང་བར་འགྱུར་རོ།། ཚུལ་ཁྲིམས ་དང་ལྡན་པ་རྣམས་ནི་འཁོར་ཉུང་ཞིང་གཡོག་ཉུང་བར་འགྱུར་རོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྡུག་བསྔལ་བ་དང་། ཡིད་མྱི་བདེ་བར་གྱུ་རད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་འདུལ ་བ་འདི་ལ་སྙིང་པོར་གྱུར་པ་ཀ་པ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལྡ་པ། ཀུན་དཀའ་བོ་དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། ་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། ཞི་གནས་དང་། ལྷག་མཐོང་དང་། རྣམ་པར་ཐ་རད་པའི་སྒོ་གསུ་མུ་སྟེ། ཀུན་དགའ་འདི་དག་ནི་ཆོས་འདུལ་བ་འདི་ལ་སྙིང་པོ་ཡིན་ནོ།། ་ཀུན་དགའ་བོ་དགེ་སློང་ཚུལ་ཁྲིམས་འཆལ་པ་རྣམས་ཀྱིས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་གཤེ་ཞིང་འཚང་འདྲུ་བར་འགྱུར་ཏེ།། དེ་དག་ཐམས་ཅད་ནི་ལུས་དང་བྲལ་ཞི་བ་འཆི་བའི་འོག་ཏུ་ངན་འགྲོ ་ངན་སོང་དུ་རྣམ་པར་ལྟུང་ནས། སྡུག་བསྔལ་བར་འགྱུར་རོ།། དེའི་ཚེ་ལ་ཞིག་ཁྲོ་བ་མྱེད་པར་གྱུར་པ། དེ་དག་ཐམས་ཅད་ནི་བདེ་འགྲོ་རྣམས་སུ་སྐྱེ་བར་འགྱུར་ལོ།། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ ་ནས། ཚེ་དང་ལྡན་པ་ཀུན་དཀའ་བོ་དང་། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་ཀྱི་དང་། ལཱ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རེངས་ཏེ། བཅོམ་ལྡན་འདས ་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོལ།། རྫོགས་སྷོ།། ། རྒྱ་གར་གི་མཁན་པོ་ཀ་མ་ལ་ཀུབ་ཏ་དང་། ཞུ་ཆེན་ག་ལ ་ཙབ་དགེ་སློང་འོདེ་ཅེན་བཟང་པོས་བསྒྱུར་།། རྒྱ་གར་སྐད་དུ། སད་དྷ་མ་སྨིད་དུ་པ་སྠཱ་ན་ཀ་རི་ཀ། བོད་སྐད་དུ། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་ཚིག ་