CLOSE WINDOW

Ng22.41: gnas brtan spyan drang ba
Wyliee-texts produced with BDRC’s OCR application

རྒྱ་ཀར་སྐད་དུ། སྦ་བི་རོ་བ་ནི་མན། ཏྲ་ན།། བོད་སྐད་དུ། ཀ་ནས་བརྟན་སྤྱན་དྲང་བ།། ཐམས་ཅདམཁྱེནད་པ་ལ་ཕྱག་འཚལ་ལོ།། བཙུན་པ་རྣམས་དགོངས་སུ ་གསོལ།། དཀོངས་ནས་ཀྱང་། ཤེལ་དང་། ནོར་བུ་དང་། དངུལ་དང་། ཀུ་མུ་ཏ་ད་དང་། ཁ་བའི་ཕུང་པོ་དང་། ཟླ་བའི་འོད་གཟེར་དང་། སྟོན་ཀི་ཆུ་དང་། ནམ་མཁའ་དང་པད་མའི་རྩ་ལག་ལྟར་དྲི་མ་མྱེད་པར་མཛོད་ལ། ་རླུང་ཀི་སྟབས་ཀྱིས་ཤིང་ཀི་ལྕུག་ཕྲན་བསྐྱོད་པ་དང་། སྤྱིག་ཎྱ་དང་། སྒྱུ་མ་དང་། རྨྱི་ལམ་དང་། ཀློཀ་དང་། རྟའི་ཤིང་རྟའི་རྡུལ་དང་། བལ་གླང་གི་ཕྲུ་གུའི་ན་མཆོག་དང་། སྦྲུལོ་ཀ་ལྕེ་དང་། ཟིལ་པ་དང་། རྒྱ་མཚོ་བསྐྱོད་པའི ་རླབས་ལྟར་གཡོ་བའི་ཡིད། སྐད་ཅིཀ་རེ་རཾ་ལ་ཡང་མྱི་སྡོད་པར་འགྲོ་བ། རྩེ་གཅིག་པའི་ཏིང་ངེ་འཛིན་ཀི་སྟོབས་ཀྱིས་ཡུད་ཙམ་ཞིག་རྒྱུ་བ་ནང་དུ་དཀག་ཏུ་གསོལ།། སྨྲས་པ། རི་ཀ་ཟར་འབབ་པའི་དཔའ་རླབས་གྱུརྡ་པས་ཀྱང་།། ་གང་གི་དཔའ་རླབས་འགྱུར་ལ་བསྐྲུན་མྱེད་པར།། འཇིག་པ་ཐོགས་མྱེད་གཡོ་བའི་ཡིད་དེ་ནི།། ཡུད་ཙམ་ཆེ་གཅིག་མཛོད་ཅིག་བཙུན་པ་རྣམས།། ལྷའི་བུ་མོ་ཡི་ཆད་ཤུགས་བྱུང་སྐད་ཅིག་ཟི་མྱིང་བྱས་པའི་མྱིཀ།། རིང་ཞིང་གཟིར ་ལྡན་བཀྲ་ལ་འོད་འཚེར་མྱིག་ཆགས་ལྟ་བ་གཡོལ་བ་ཡིས།། གང་གི་ཐུགས་ནི་སྐྱེ་བ་རྒྱན་གཅོད་རྒྱལས་འཁྲུགས་པར་མ་གྱུར་ད་པ།། བདུད་ཀྱང་འཇོམས་མཁས་གཅིག་པུ་ཐམས་ཅད་མཁྱེནད་པ་དེ་ལ་ཕྱག་མཛོད་ཅིག། སྐྱེ ་ལྡན་ཀང་དུ་བརྟེན་ནས་དུད་འགྲོའི་སྐྱེ་གནས་སེམས་ཅན་དམྱལ་བཞི་དང་།། ཡི་དགས་འཇིག་རྟེན་གནས་སུ་འགྲོ་བར་མྱི་འགྱུར་སྡུག་བསྔལ་འཇིག་བྱེད་པ།། འཁོར་བ་དག་ན་འགྲོ་བ་ཆེན་པོ་རྣམས་ཀྱི་གྲོགས་གྱུར་འཕགས་གཅིག ་པོ།། ཞི་བདེ་ཀྲོང་ཁྱེར་སྒོར་གཞོལ་དེ་ལ་ཤི་ནད་ཏུ་གུས་པས་བསྟེན་པར་མཛོད།། ཞི་བའི་བདག་ཉིད་གང་ཞིག་བདེ་གཤེགས་གསུངས་རབ་མཐར་ཕྱིན་འབྱུང་སྨྲ་ཞིང་། གར་ལ་གུས་པར་ཆུང་ཟད་ཙམ་ཞིག་བྱིན་ཡང་སྦྱིན་པ་འཕེལ ་གྱུར་ད་ཡ།། ཡེ་ཤེས་སྣང་བས་མུན་པ་ཟད་བྱས་དགེ་སློང་དགེ་འདུན་དེ་ལ་ནི།། ཉོན་མོངས་གཅད་པའི་ཆེད་དུ་ཐམས་ཅད་ཀྱིས་ཀྱང་གུས་པར་ཕྱག་མཛོད་ཅིག། ལྕང་ལོ་ཆུན་པོའི་སྒྲ་མར་མགོ་ལ་ཐོགས་ཤིང་དཔུང་མགོ་གཉིས ་གཡོག་ལ།། རང་གི་འོད་གཟེར་ཕྱོགས་མཐར་འཕྲོ་བ་རྣམས་ཀྱི་ས་འཇིག་རྟེན་ཀུན་འགེངས་པ།། ལྷ་དབང་བརྒྱ་བྱིན་ཅོད་པན་བཏུད། དེ་ཚངས་ལ་ཕྱག་བྱས་ཀར་ཡིན་ཏེ། ཕྱི་ནད་ནས་དཀའ་བྱས་སེམས ་ཀྱི་ཏིང་འཛིན་ད་ཤིནད་ཏུ་ཆེན་པོའི་འབྲས་བུ་ཡིན།། རྡོ་རྗེ་འོད་འ་ཟོ་འཕྲེང་བས་དཔུང་རྒྱན་འདྲེས་ནས་མཛེས་གྱུར་ཅིང་།། ལྷ་ལ་བཀའ་སྩོལ་དབང་པོ་མཐོ་རིས་སྦྱོར་བ་གང་ཡིན་པ། དེ་དག་དགེ་བ་དག་འབྲུག ་དམ་སྦྱིན་འགྱུར་དུས་ཉམས་དཀའ་ཞིང་། མངོན་པར་འདོད་པའི་འབྲས་བུ་ཕུན་གསུམ་ཚོགས་པའི་རྒྱ་རྣམས་ཡིན།། ཁ་ནས་རྒྱགས་འགྱུར་དྲི་ཞིམ་འབྱུང་ཞིང་མྱིག་གི་མཐའ་དཔའ་ལ།། དབུགས་འབྱུང་དེ་ཤལ་གཡོས ་པས་ནུ་མ་འབུམ་ལ་འདྲུད་བྱེད་པ། སྡུག་དགུའ་ལྷན་ཅིག་ནོར་བདག་འགའ་ཚལ་འདུག་པ་གང་ཡིན་པ། དེ་ཡང་འགྲོ་བ་ཉམས་དགའ་སྦྱིན་པའི་ཉིད་ཆེན་པོ་ཡིན།། འབྲུག་སྒྲ་སྒྲོག་ཅིང་སྤྲིན་རྣམས་ཙུ་ནི་ཀུན་ཏུ་ལེན་བྱེད་པ། ་རླབས་འབྱུང་དུས་ན་ནོར་བུ་བྱི་རུ་དུང་དང་ཉ་ཕྱིས་འབྱུང་།། རིན་ཅེན་གནས་ནི་ཆུ་ལྷ་ཉིད་ཀྱི་འབྱོར་ད་པས་གང་སྲུང་བ།། དེར་ཡང་རྒྱུ་ནི་སྦྱིན་པས་མཆོག་ཅིང་ཐུབ་པས་བཀའ་སྩལ་ཏོ།། གང་ཡང་འོད་གཟེར་ནམས་ཀྱིས ་མཁའ་ལ་སྐམསའི་འཚམས་ཀྱིས་མནན་ཅིང་།། ས་སུ་ཏའི་མིང་ཡངས་རྣམས་སུ་དཔལ་ནི་རབ་ཏུ་ནམ་སྐྱེ་ནས།། གླང་པོ་འི་མཆེ་བའི་དཔལ་དང་ལྡན་ཞིང་ས་ཅན་པོ་གན་ཏུ་མཇམ་པ།། དེ་ཡ ་པར་སྦྱིན་པ་ཉིད་ཀྱི་འབྲས་བུ་རོ་བྲོ་མང་པོ་ཡིན།། མི་རབ་མལ་ཤིང་རྟས་ལམ་ལ་འདུག་པའི་རིན་ཅེན་རྡོ་གཅོག་ཅིང་།། རྟའི་རྐ་ལག་རྣམས་ཀྱིས་དཀུ་ཚིགས་ཆུ་བོ་རླབས་ནི་གཅོད་བྱེད་ལ། མུན་པ་བསལ་ཕྱིར་ཉི་མས་སྐར་མ། ་ཟིལ་མནན་ལམ་མེ་ཀར་ཡིན་པ།། དེ་རྒྱུ་ཡིད་ཀྱིས་ཏཾང་ངེ་འཛི་ནད་ཀྱིས་བསྐྱེད་པའི་སྦྱིན་པར་ཐུབ་པར་གསུངས།། རྒྱལ་མཚན་ཆེར་བཏགས་རིན་ཅེན་འོད་གཟེར་སྣང་བས་ནམ་ཀ་དམར་གྱུརྡ་ཅིང་།། ཏ་རྨྱ་ཀ་འདོར་བས ་མཁའ་ལ་སྤྲིན་ཀི་འཕྲེང་བ་དག་ཀྱང་འབྲེལ་བྱེད་ལ།། རྔ་ཡབ་དཀར་པོས་གཡབས་ཤིང་འཁོར་ལོས་སྒྱུར་བ་སོང་བ་ཀང་ཡིན་པ།། འདོད་པའི་འབྲས་བུ་དེ་ཡང་སྦྱིན་པས་བསྒྲུབས་ཤེས་ཐུབ་པས་བཀའ་སྩལ་ཏོ།། ་ཀསེར་ཀི་པད་མའི་རྡུལ་ཀི་ཕྱེ་མས་དཔར་བྲིས་མཚོན་ནི་ཞུས་བྱས་ཏེ།། དེའི་ནགས་འདབ་བུ་བ་སྐྲ་འབྱིན་རྣམས་སུ་ཉལ་བ། འི་བདེ་རྙེད་ནས།། རིགས་འཛིནང་ཆུང་མ་ལྟ་ཅིག་འཇིགས་མྱེད། ་མཁའ་ལས་འགྲོ་བ་ཀང་ཡིན་པ།། དེ་ཡང་འཇིལ་ཞིང་སྐྱོན་མྱེད་དཀའ་བའི་སྦྱིན་པའི་གཟི་བརྗིད་ཡོན།། མ་ལ་ཡའི་ལོ་མ་ཙན་དང་གྲིབ་མས་བསིལ་བས་ཡངས་པ་དང་།། འབི་ཀྲེས་བྱེད་ར་དང ་ཀངས་དང་ལྷུན་པོའི་རི་དང་མན་ད་རིའི་རི་བོ་ལ།། གྲུབ་པའི་ཚོགས་ཆེན་ཆུང་མ་ལྷན་ཅིག་འཇིགས་ལ་དཀའ་བ་གང་ཡིན་པ། འདོད་པའི་འབྲས་བུ་ཚེ་འདིའི་སྙིང་པོ་འབྱོར་ད་པ་དེ་ཡང་གཏོང་བ་ཡིན།། བུད་མྱེད་རྐང་གཏུབ་འཁྲུལ ་བས་འདྲོགས་ནས་འཕྱར་བའི་ཕུག་རོན་གནས་པའི།། ཁང་པ་མཐོན་པོ་རྣམས་འབྱིགས་བྱེད་རྀ་རྩེ་འགྲོན་ཁྲིན་ཀླང་དང་།། གདུགས་དང་རྔ་ཡབ་བུད་མྱེད་གཡོག་འཁོར་རིན་ཅེན་གསེར་དང་རྟ་རྣམས་དང་།། བཟང་མཛེས ་དེ་དག་ཀུན་ཀྱང་སྔོན་གི་སྦྱིན་པོའི་དགེ་བའི་ནམ་སྦྱིན་ཡིན།། བན་དུ་ཀ་ལྟར་རྩ་དམར་དཀུན་ཅང་ཀ་སེར་སྣོད་བཟང་པོར་ལེགས་བླུགས་པ།། ཡོངས་དཀ་ཨ་མྲི་སྦྱིན་ལྟར་དྲི་ཞིམ་ཨུད་དཔལ་འབྱིང་ཞིང་ལྡེམ།། ན་ཆུང་བཞིན་པ ་མནའ་སྒྲོག་དུས་ཀྱིས་སྟོབས་ཤིང་ཡམས་གྲངས་མང་འདྲིམ་པ།། མཆོག་ཏུ་དགེའ་བ་དེ་རྒྱུ་སྦྱིན་པ་ཡིན་ཞེས་བློ་གྲོས་དག་པས་གསུངས།། ཀསེར་ཀི་ཕག་སྐས་རྐེད་བཅིངས་སྙན་སྨྲ་འཛུམ་ཞིང་སྦྱིན་མ་ཡ་ཅིག་སྤྱོད།། མྱིག་ཡངས ་ནག་ཟུག་དཀར་ཀནག་འབྱེས་ལ་སྒྲ་བཀབ་མེ་ཏོག་འཕྲེང་དཀྲིགས་པའི།། ན་ཆུང་བཟང་མོ་བརླ་རྒྱས་བདག་ཉིད་ལེགས་བྱས་རྣམས་ཀྱི་བྲན་ལྟར་བྱེད།། ཚོགས་བསུགས་འབྲས་དེ་སྨྱོན་པའི་ཆེ་བོ་ཉིད་ཅེས་ཟས་གཙང་སྲས་པོ ་གསུངས། དེ་ལྟ་ལགས་པས་བདེ་བར་གཤེགས་པའི་གསུང་རབ་མཐའ་དག་ཐུགས་སུ་ཆུད་པ།། ཤི་ནད་ཏུ་རྒྱས་པའི་ཆུ་ལྟར་གྱུར་ད་བ།། སྙིང་དྲི་མ་མྱེད་པ་དང་།། ལྷོའི་སྐྱེ་བོ་དང་ཀླུའི་གནས་སུ་གྱུར་ད་པ། ཚུལ་ཁྲིམ ་འདྲེན་མ་མ་ཡིན་ཞིང་རྒྱ་ཆེ་བའི་ཆུ་དང་ལྡན་པ་དགེ་བ་ལ་རྣམ་པར་རྟོག་པའི་ཟླ་བ་ཤར་བའི་དབང་གྱིས། ཏིང་ངེ་འཛིནད་སྣ་ཚོགས་རྒྱས་པའི་དུས་ཀྱི་རླབས་ཀྱིས། བྱང་ཆུབ་ཀྱི་ཡན་ལག་སྐྱོན་མྱེད་པའི ་ནོར་བུ་མང་པོ་ཀུན་ཏུ་གཡེངས་པ། སེམས་ཀྱི་འོག་བཞི་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཆེན་པོ་བརྟེན་པ། འབྲས་བུའི་བྱེ་བྲག་ཐོབ་པ། གང་ཟག་ཆེན་པོའི་ཆུ་སྲིན་རྒྱུབ། ་འཕགས་པའི་བདེན་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་ཀྱི་རྐང་པའི་ཤིང་ལྗོན་པས་མཛེས་པར་བྱས་པ། དྲན་པ་ཉེ་བར་གནཀ་པའི་ངོགས་དང་ལྡན་པ། སྒྲིབ་པའི་རོ་མྱི་གནས་པ། སྦྱངས་པའི། ་ཡོན་ཏན་གོམས་པ་དག་པོའི་མུ་ཏིག་གི་ཉོ་ཕྱིས་ཀྱི་ཁོག་ལུས་དང་ལྡན་པ། མངོན་པར་རྟོགས་པའི་ཆོས་ཉིད་གཏིང་མྱི་དཔོགས་ཤིང་ཟབ་པ། རྒྱུན་མྱི་འཆད་པར་ཀློག་པ་དང་། ཁ་དོན་བྱེད་པའི་སྒྲ་རྒྱ་ཆེར་འབྱུང་བ། འཕགས ་པའི་དགེ་སློང་གི་དགེ་འདུན་གི་རྒྱ་མཚོ་ཆེན་པོ་ལ་བདག་གསོལ་བ་འཚལ་ལོ།། འདི་ལྟ་སྟེ་སྲིད་པའི་འགྲོ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་དུ་མ་ནས་དགེ་བའི་ས་བོན་བཏབ་པ། བདེ་བར་གཤེགས་པའི་བསྟན་པ། གཞལ ་བྱེད་ཁང་གི་ས་བཞི་གཅིག་པར་གྱུར་ད་པ། བཟོད་པ་དང་ངེས་པ་དང་བྱམས་པ་དང་། ཚུལ་ཁྲིམས་དང་ཟོས་པ་དང་ཞི་བའི་གནས། བདག་དང་གཞན་གི་གཞུང་གི་དོན་གི་དེ་ཁོ་ན་མ་ལུས་པར་རྟོགས་པ། ཡོངས་སུ ་ཤེས་པས་བསྒོམས་པས། དྲན་པ་ཉེ་བར་གནས་པ། ཡང་དག་པའི་ཡེ་ཤེས་མཐོང་བས་ལོག་པར་ལྟ་བའི་རབ་བ་བསྩལ་པ།། ལེགས་པར་བརྗོད་ཅིང་ཤིས་ལ་རྒྱ་ཆེ་བའི་མྱིང་དང་ལྡན་པ་སྐྱེ་བོ་བླ་མ། ་ལ་བསྙེན་བཀུར་བྱེད་པ་དང་། མངོན་ཏུ་སྨྲས་པ་དང་། ཕྱག་འཚལ་བ་ལས་སྩོགས་པའི་ཚུལ་བཟང་པོ་དང་ལྡན་ཞིང་མདོད་གསོལ་ཆེ་བས་སྙན་པ་རྣམས་བསྐྱེད་པ། སྟོན་ཀི་ཟླ་བ་ཉ་བའི་འོད་གཟེར་དག་པ་ལྟ་བུའི་ཡིད་འབྱུང་བ། ་སྦྱིན་བདག་ཆེན་པོ་ཆེ་བའི་བདག་ཉིད་ཅན་མྱོང་འདྀ་ཞེས་བྱ་བ་འདོ་ནི་ཁྱིམ་བདག་ལེགས་སྦྱིན་དང་། བཟང་ལྡན་དང་། བཙུན་མོ་འཁོར་ཀཽ་པྲ་དང་། མུ་ཤིལ་དང་། ཏྲ་པུ་ས་དང་། ཀོ་ཤི་ལ་དང་། སྟ་པ་ཀར་ནི་ཀ་དང་། མགོན་མྱེད་ཟས་སྦྱིན ་དང་། དྲག་པོ་དང་། ནག་པ་དང་། ནམ་གྲུ་ལས་སྩོགས་པ་དང་། གཞན་ཡང་བཅོམ་ལྡན་འདས་ལ་ཡིད་མངོན་པར་དད་པ། ཀསས་རྒྱལ་དང་། ཚངས་པས་སྦྱིན་དང་། རྒྱལ་པོ་ཤ་རད་པའི་བུ་དང་། གཏུམ་པོ་རབ་སྣང་ལས་སྩོགས ་པ་སའི་སྟེང་ལ་དབང་བའི་སྦྱིན་པ་ལས་འབྱུང་བའི་ལེགས་པ་སྤྱོད་པའི། རྗེས་སུ་སློབ་སྟེ། ལུས་དང་ལོངས་སྤྱོད་དང་སྲོག་ལ། སྒྱུ་མ་དང་སྦྱིག། རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། མགལ་མེ་བསྐོར་བ་བ་དང་། རྒྱ་ལམ ་དང་། རིའི་འབབ་ཆུའི་ཆུ་ལྟར་གཡོ་བར་རིག་ནས། སྟོབས་བཅུ་མངའ་བ་གསུངས་པས་ཚིགས་སུ་བཅད་པ་དང་ཆོས་མངོན་པ་དང་། འདུལ་བ་ད་། མདོ་སྡེ་འཛིན་ཅིང་། དགེ་བའི་ལས་ཀྱི་འབྲས་བུ་རྣམ་པར་སྦྱིན ་པ་ཡོད་དོ་ཞེས། བསོད་ནམས་ཀྱི་ས་བོན་སྐྱེད་པའི་རྒྱུ་འཁོར་བ། ཕུན་གསུམ་ཚོགས་པའི་བཞི། སྐྱེ་བོ་ངན་པས་རྙེད་པར་དཀའ་བ། སེར་སྣ་ཅན་གྱི་ཡིད་འཇོམ་པ་སྒྲུབ་པ་ན། སྟོན་ཀི་ཟླ་བ་དྲི་མ་མྱེད་པ་ལྟར་དང་བའི་ཐུགས་མང ་པ། སྲིད་པའི་ཉོན་མོངས་པའི་ས་བོན་གཅོད་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་མཁྱེནད་པ། གྲགས་པ་འཇིག་རྟེན་གསུམ་དུ་ཁྱབ་པ། བདུད་ཀྱི་བུ་མོ་སྟེག་པ་རྒྱུན་གཅོད་པའི་རྒྱུ།། སྐྱབས་སུ་འོས་པ་ཆོས་སྟོནད་པ ་འགྲོ་བ་ལ་དགེ་བའི་བྱ་དཀའ་བའི་འཕྲིན་ལས་རྣམས་ཀྱིས། ཆོས་ཐམས་ཅད་ཐུགས་སུ་ཆུད་པས་རྣམ་པར་སངས་རྒྱས་པའི།། སངས་རྒྱས་ཉི་མའི་འོད་གཟེར་གི་སྣང་བ་གསལ་བས་རེཀ་ནས་པད་པོའི་འདབ་མ་རྒྱས་པ་ལྟར་རིང་ཞིང་བྱས ་རྫི་མ་ལེགས་པའི་སྤྱན་དང་ལྡན་པ། གནོད་སྦྱིན་གི་བདག་པོའི་གཙུག་ཀི་ནོར་བུ་ཆེན་པོས་ཞབས་ཀྱི་སོར་མོ་ཀུནད་ཏུ་བསྐོར་པ། ཀ་སེར་ཀི་མཆོད་སྡོང་ལྟར་གསལ་བ། སྐུ་ལ་རྡོ་རྗེ་དང་ལྕག་ཀྱུ་དང་། པད་མ་དང་ཉ་དང་། རྒྱལ་མཚན་དང་། ་གདུགས་དང་། འཁོར་ལོ་ལས་སྩོགས་པའི་མཚན་རྣམས་ཀྱི་མཚན་མངའ་བ། པད་མའི་འབྱུང་གནས་རྣམས་ལ། སྣར་མཛད་ཀྱི་འོད་ཀྱི་འཕྲེང་བ་བྱེ་བྲག་མྱེད་པར་ཁྱབ་པར་རྒྱས་པར་འགེངས་པ། ཕུང་པོའི་ཚོགས་ལྟར་སྔོ་བའི་གཙུག་ཏོར། ་ཀི་ནང་ནས་ཀུན་ཏུ་འབྱུང་བའི་འོད་ཀྱི་དྲ་བས་ཕྱོགས་ཀྱི་དཀྱིལ་འཁོར་མ་ལུས་པར་བཀྲ་བར་བྱས་པ། ཁ་ན་མ་ཟོ་མྱེད་པར་ཞུགས་པ། འཕགས་པའི་བདེན་པ་སྟོནད་པ། ཞི་བར་གཞོལ་བའི་ལམ་དུ་འདྲེན་པ། འཇིག་རྟེན་སྒྲོལ་བ་མཉེ ་གཤིན་པ། གཉེན་གཅིག་པུ། མུ་སྟེགས་ཅན་ངན་པའི་སྒྲོལ་བ་ནམས་ཀྱིས་གསུ་དང་ཐུགས་དང་དཔའ་བ་དང་། མཐུལ་ཀྱཻ་གནོད་པ་ཀཙམའི་སྲས།། ཡུལ་རྣམས་ཀུན་ལ་མེད་པ་འབྱུང་བ་རྒྱུན་སྐམས་བྱེད། ་པའི་རྒྱུ།། སྐྱེ་བོ་མཁས་པ་རྣམས་ནི་སད་པར་བྱ་ཕྱིར་ཤར་གྱུར་ད་པ། བཀ་ལ་ཉལ་ཀཽ་རབ་རིབ་སེལ་བ་ཡེ་ཤེས་སྣང་བའི་མཆོག། ས་ནས་མཐའ་དག་སྣང་བ་ཕྱོགས་རྣམས་ཐམས་ཅད་སྣང་མཛད་པ། ་ཕྱག་དང་ཞབས་དང་དཤུ་ནི་རབ་ཏུ་བྱིན་ཞིང་ཚུལ་ཁྲིམས་དང་། སྨོན་ལམ་དག་གིས་བྱང་ཆུབ་ལམ་བཟང་ཡང་དག་བསྒྲུབས་གྱུརྡ་པ། སྲིད་པའི་འགྲོ་བའི་དུག་ཀྱིས་སྙེ་མའི་སྟེང་དུ་ལྟུང་བའི།། སྐྱེ་དགུ ་ནམས་ལ་ཁ་ན་མ་ཡོ་མྱེད་པ་སྟོན་མཛད་པ། ཟིད་པ་རྣམ་པ་གསུམ་འཇིག་པ།། བཅོམ་ལྡན་འདས་སྟོབས་བཅུའི་སྟོབས་དང་ལྡན་པ། མྱི་འཇིགས་པ་བཞི་མངའ་བ། དཔའ་བ་དང་མཐུ་ཁ་ན་མ་ཐོ་བ་མྱེད་པ། མཚན་དང ་དཔེ་བྱད་བཟང་པོ་ས་བརྒྱན་པས་སྐུ་བརྗིད་པ།། ཕ་རོལ་ཏུ་ཕྱིནད་པ་དང་། བཀའ་བ་བརྒྱ་ཕྲག་དུ་མས་དམ་པའི་ཆོས་དཀོན་མཆོག་བསྒྲུབས་པ། བསྩལ་པ་ཙམ་ཀིས་སེམས་ཅན་མཐའ་དག་གི་བསམ་པ་ཞུགས་སུ ་ཆུད་པ། ཐམས་ཅད་མཁྱེནད་པའི་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་རབ་ཏུ་ཞི་བ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། ཏིང་ངེ་འཛིནད་དང་། བཟོད་པ་དང་། བྱམས་པ་དང་། སྦྱངས་པའི་ཡོན་ཏན་དང་ལྡན་པ། ཉོན ་མོངས་པའི་རབ་རིབ་དང་། ལིང་ཏོག་མ་ལུས་པར་བསྩལ་པ། འཁོར་བའི་རང་བཞིན་རིག་པ་དང་། ཕྱོགས་ཕྱོགས་ཀྱི་གཙུག་ལག་ཁང་དང་། ཀུན་དགའ་ར་བ་དང་། རྀ་དང་ནགས་འདབ་དང་། ཝད་ཁྲོད་དང་། ་ཆུ་དང་རི་སུལ་དང་། གཤེམས་དང་། ནེའུ་སིང་དང་། ཤིང་ཀི་ཀྲིབ་མ་ནམ་པ་སྣ་ཚོགས་ལ་དགྱེས་པ། ཡུལ་དང་ལྗོངས་ཏུ་མ་ལ་ཕན་གདགས་པར་ཚོལ་བ་མཛད་པ། ཡང་དག་པོའི་དྲན་པ་དང་། ཏིང་ངེ་འཛིནད་དང་། དགའ་བ ་ཐོབ་པ་ལས་མ་ཉམས་པ། ཕུང་པོ་ལྔ་སྤྱིར་སྐད་གཅིག་པར་ཡང་དག་པར་སོ་སོར་རྟོག་པའི་ཡིད་ལ་བྱེད་པ་སྐྱེད་པ། མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་དང་། སྐྱེས་པའི་རབས་དང་། གླེང་གཞི་དང་། ཚིགས་སུ་བཅད་པ་དང་། རྟོགས ་པ་བརྗོད་པ་དང་། དེ་ལྟ་བུ་བྱུང་བ་དང་། གཏན་ལ་ཕབ་པའི་གཏམ་ཀྱིས་སེམས་སྦྱངས་པ། རང་གི་ལུས་དང་ངག་དང་ཡིད་ཀྱི་འཇུག་པ་དྲ་ན་པ་ཉེ་བར་གནས་པར་རྒྱུ་བ། དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི ་ཡན་ལཀ་དང་བདེན་པ་དང་། འཕགས་པའི་ལམ་དང་ཛྫི་དྲན་པ་ཉེ། གཞག་པ་བསྒོམ་པ་གོམས་པས་དད་པ་ཐོབ། བུ་མོ་ཕྲུགས་ཀྱིས་ཉམས་དགའ་ལ།། རི་སུལ་མཐོན་པོ་དཔག་བསམས་ནགས་མང ་དང་།། རི་བཀའ་རྣམས་ན་ཀང་དག་བཞུགས་པ་དང་། ཤིང་གི་མེ་ཏོག་འབྲུལ་བས་ཏྲི་ཞིམ་བྱས་པ་ཡི་སེར་བུ་རད་ལྡན་ཞིང་།། ནགས་ན་གླང་པོ་འདྲེག་པ་ཟག་པས་བསྒོམས་པའི་རིན་ཅེན་འཁྲི་ཤིང་ཁྱིམ། ་ཁྱིམ་ལ་ཆགས་པ་མྱེད་པའི་ལྷ་ཡིས་བསྟེན་པའི་བསོད་ནམས་ཆུ་གླིང་གི།། གཉའ་ཤིང་འཛིན་ཁྲི་བྱ་ཏྱགས་ཞུ་གནས་པ་ན་གང་དག་བཞུགས་པ་དང་།། བལ་མོས་བསྙོགས་སྡོད་པའི་ཐུབ་འགྱུར་ཚལ།། མེ་ཏོག་ལྡན་ཞིང་སེར་བུ་རང ་ལྡན་པ། ས་ཧྱ་རི་བོ་ངོས་ནི་ཡངས་པ་ལ།། ཡོངས་དག་ཤུགས་མངའ་ཐུབ་པ་བཞུགས་དཀུ་དང་།། པད་མ་ཨུད་པ་ལ་རྒྱས་པ་འབྱུང་བའི་གནས།། ཉིན་རེ་ཉི་མའི་ཤིང་རྟས་རྡོ་སྣད་ཅན།། སྲིད་པའི་འཇིགས་བྲལ་རབ་ཏུ ་ཡིད་འོང་བ།། འཆར་བའི་སྟེང་ཀང་དག་བཞུགས་པ་དང་།། རིའི་རྩེ་མོས་སྔོ་སངས་སྤྲིན་ཐལ་སྨན་ལྕོང་ཅན།། ངོགས་ལྡན་ཆུ་བོ་མན་ད་རས་ནི་རི་སུལ་བཀྲུས།། གླང་པོའི་མཆེ་བས་བསྙོགས་པས་ས་ཕྱོགས་ཀློགས་པའི་།། ་འབྱིགས་བྱེད་རྨ་བྱ་རྒྱགས་གནས་པ་ན་བཞུགས་དགུ་དང་།། སྣ་ཚོགས་འབྱུང་ཀུན་ཚོན་གྱི་ཁ་བསྒྱུར་པུཀ་དང་ལྡན་ཞིང་སྤྲིན་ཀྱང་ཆགས་གྱུར་པ་ལ།། ཀོ་ལྤགས་ལྡན་པ་གཙང་མའི་ཆུ་ཡིས་ངོགས་ཀྱི་རྡོ་བ་མང་པོ་བཀྲུས་གྱུར་ད་ཅིང་།། ་གོསོལ་པ་ཡང་མཇུག་མ་མང་པོ་འབྱང་ཞིང་ཀློག་འགྲུས་སྣང་བྱས་པ།། ཡོངས་འདུས་རི་རྩེ་ཕྲག་ན་གཅིག་པུ་སྲེད་དང་བྲལ་བ་ཀང་དག་བཞུགས་པ་དང་།། གང་དག་ཤིང་དང་ཁྲི་རྣམ་པ་མང་པོ་འདབ་ཆགས་པར་གནས་པ། ནེའུ་སིང ་འཇམ་ལ་སྔོ་བའི་སྟེང་ན། མ་བྱའི་ལྕགས་བྱེད་ཅིང་། སྒྲ་སྙན་པ་འབྱིན་པ། མི་དགས་ཀྱི་ཚོགས་པག་ཡངས་སུ་གནས་པའི་ཆོམ་བཅས་པ་མ་ཁའི་ཆུ་གུ་ཡོད་པ་མེ་ཏོག་གི་དྲྀ་ཞེམ་པོས་བསྐོས་པའི་སེར་བུ་འཇམ་ཞིང་བསལ ་བའི་རད་ལྡང་བའི་ནགས་འདབ་རྣམས་སུ་གནས་བཅས་ཏེ་བཞུགས་པ་རྣམས་དང་། ཡང་གང་དག་དུས་སུ་རླབས་འབྱུང་པོའི་ཆུའི་དཔའ་རླབ་ས་ཀྱིས་གཡེངས་པའི་ན་ལེ་ཞམ་དང་། ཡི་ཤི་དཔལ་བ་ལའི་འབྲས་བུ ་སྔོན་པོ་མང་པོ་འགྲིགས་པའི་ཚན་དང་ཨ་ཀ་རུའི་ཤིང་ཁྲོད་ན་གནས། པའི་སྤྲུལ་མགོའི་གདེངས་ཁ་གདེངས་ཤིང་འཇིགས་སུ་རུང་བ་ཡོད་པ། གླང་པོ་དྲེགས་དང་བཅས་པའི་སྣས་བྱུ་རུའི་སྡོང་བུ་སྐྱེལ་པ ་དང་ལྡན་ཞིང་། ཉི་མའི་འོད་གཟེར་གིས་རེག་པའི་དབང་ཀྱིས་བུ་ཏིན་ཡོད་པའི་ཉཕྱིས་འབྱེ་བའི་ལོག་པས་རྣམ་པར་སྨྲས་པ་ཉེ་བར་འུ་ལ་བ་དང་ལྡན་ལ། ནོ་ཞུ་མཆོག་གི་རྡོལ་གྲུབ་པའི་ཆུང་མའི་སྐྱེན ་གནས་ཤིང་བྱའི་ཁྲུ་དགའ་སྟེ་སྒྲ་འབྱིན་པས་ཀླུ་ལེན་པ་ལྟ་བུ་ཡོད་པའི་རྒྱ་མཚོ་ཀློང་དག་ན། ཀླུའི་བདག་པོའི་ལུས་ཆེན་པོས་སྐུ་དཀྲིས་ཏེ། གདེངས་ཀའི་གཏུགས་ཀྱིས་ཉི་མའི་འོད་གཟེར་བསྒྲིབས་ཤིང་བསམ་གཏན་མཛད་པ་རྣམ ་དང་ཎཾ་སྨན་སྲོང་དག་ན་ཕྱོགས་ཀྱི་གླང་ཆེན་བྲང་ཀྱིས་རྡོ་བ་ཁྱེབས་པའི་ཁྱུ་འཁོད་ཅིང་།། ཁྱོར་བཅས་ལྷན་ཅིག་མ་ཡིན་ར་རོ་བའི་གནོད་སྦྱིན་མོ་དག་གནས་གྱུར་པ་ལ།། ཀླུའི་རྒྱལ་པོ་མགོ་བོ་བསྡོད་དེ་ཁ་ནས་འོད་འབར་བྱུང་བས་ཤིང་ཐེ ་ཅིང་།། གངས་རི་ཏི་སེ་ལ་ནི་བློ་གཙང་གང་དག་ཞལ་ཏོན་མཛད་ཅིང་བཞུགས་པ་དང་།། རྒྱ་མཚོ་རླབས་ཀྱིས་བཤལྡ་པའི་ར་བཀབ་ལྡན་པ་མ་སྨད་པ།། རི་བོ་མན་ད་མལ་ཉིན་ཕྱེད་ཚུན་ཆད་བཞུགས་བཞུགས་ཤིང་།། ཉི་མ་ཕྱེ་བར། ་ག། མུརང་ནས་གང་དག་བཞན་དུ་འཁྲུགས་པའི་ཕྱིར།། ནོར་བུས་རྩེ་མོ་བཀྲས་པ་ཁོར་ཡུག་རིལ་སྟེནད་པ་དང་།། གང་དག་འབྲི་ཤིང་གཞོན་ནུས་རྡོ་བ་ཁྱེབས་གྱུ་རང་བའི།། དབང་ཆེན་རྩེ་མོ་ཉིད་དུ་འོང་བར་བདེར་གནས་ཏེ། ་མཁའ་ལྡིང་ཤུགས་ཀྱིས་ནང་དུ་ཀླུ་རྣམས་དཀྲུགས་པ་ཡ~ཾ།། རྒྱ་མཚོ་རིན་ཅེན་གནས་ལ་རྣམ་པར་གཟིགས་པ་དང་།། ངང་པའི་ཚོགས་ཅན་ཤིན་ཏུ་གཙང་བ་དྲག་འབབ་ཆར་གི་ཆུ་ཡིས་མི་བཀབ་བཀྲུས་གྱུརྡ་ཅིང་།། ཕྱོགས་ཀྱི་གླང་པོས། ་བཀྱེལ་ད་པོའི་ས་ལ་ཀི་ཡིས་རྡོ་བ་ཆེན་པོ་མང་པོ་ཁྱེབས་གྱུར་ད་ལ།། གཅན་ཟན་དབང་པོ་རལ་པ་འཁྱིལ་ཅིང་གསལ་བས་དཔུང་པོའི་ཕྱོགས་འབར་ཉལ་བས་དགར་གྱུརྡ་ཅིང་།། སྦལ་མྱིག་འཐོན་པའི་ལྕུག་མས་འཁོར་ད་པ་གྲུབ་པ། ་ངལ་སོས་རི་བོ་ཀྲོན་ཛར་ཀང་གཤེགས་དང་།། ཀང་དག་མུན་བརྩལ་ཁྱད་པར་ཅན་གི་བློ་མངའ་ཤིང་ལྗོན་སྣ་ཚོགས་མེ་ཏོག་རྒྱས་གྱུརྡ་ཅིང་། རི་དགས་རྒྱུ་བས་ནེའུ་ཀ་སིང་གཞོན་སྨད་པ།། ཀ་ཊི་རྣོ་ནགས་རྣམས ་མྱི་སྤོང་བཞུགས་པ་དང་།། ཡང་ཀང་དག་ཆུབ་ཀྱི་བན་ལང་སྤྱོད་དང་། ཤར་གྱི་ལུས་འཕགས་པོ་དང་། བྱང་ཀཻ་སྒྲ་མྱི་སྙན་དང་། གླིང་གཞན་དག་ན་སྐྱེས་པའི་ལྕུག་ཕྲན་མདོག་སྣུམ་ཞིང་སྔོ་ལ་འཇམ་པ་མང་པོས ་ས་གཞི་ཀུན་ཏུ་ཁྱེབས་པ། ཤིང་གི་གྲོབ་མའི་དཀྱིལ་འཁོར་པོ་སིལ་བ་དང་། ཁྲི་ཤིང་གིས་འཁོར་ཅིང་། མི་དགས་མང་པོ་གནས་པའི་ནགས་ཚལ་དེ་དང་དེ་དག་ན་བཞུགས་པ་རྣམས་དང་། ཡང་ཀང་དག་ད་ར་ད་དང་ཀས ་དམ་དང་སུ་ཅན་མི་དང་། ག་རིད་དང་། བག་ས་དང་། མིག་དང་། ཡུལ་དང་། ནྱ་ཡུལ་དང་། གོར་ཁྱེ་བས་འདྲ་དང་། རྡོ་འཇོག་པས་འདྲ་དང་། སྐྱེས་པའི་གྲོང་རྐྱེ་དང་། ཕྱོགས་མཚས་དང་། ཀུན་ཉིམ་ལ་པ་དང ་བྱེད་དང་། གྲོང་བྱེར་དང་། ཤུཀ་དང་། བཏྟ་དང་། གཅུ་ག་པ་དང་། གཟུགས་ཀྱི་དང་། སེར་སྣའི་གནས་དང་། མཉན་མེད་དང་། ཀྱི་གྲུབ་པ་དང་། གྲོང་མེ་ཏོག་དང་ཏི་དང་། འཅོས་རྦག་དང་། ཟོབ་ཀྱིར་ལོངས་སྤྱོད་དང་། ་བཀ་དང་རྒྱམ་པོའི་མ་དང་། དབང་པོའི་ཐག་ཟུག་དང་། འབྲོག་དང་། གོས་གྲོང་དང་། ཀུ་དག་འགྲོང་དང་། མནོད་རྟེད་གི་གྲོང་དང་། འབྲུ་ཁྲག་མི་གྲོང་དང་། ནམ་པར་རྒྱལ་བ་འགྲོང་དང་། ཡངས་པ་དང་ལོ་མ་མགས་སོ། ་བ་དང་། འཕེལ་བྱེད་དང་། ཟངས་ཀྱི་ས་གཡོགས་དང་། སྔོ་རྙོགས་འཛིནད་དང་། ཀོ་ས་ལ་དང་། ཨན་དྲ་དང་། ཨ་ལིང་ཀ་དང་། བར་བ་ར་དང་། ནས་གླིང་དང་། སིང་པ་ལའི་གླིང་དང་། ཀ་ལ་ཤའི་གྲོང་ཁྱེར་དང་། ཀསེར་ཀ~ཾ་ས་དང་། ་ད་རི་ཀ་ལ་དང་། བོ་རོ་ཤ་ཀ་ཏ་ཧ་དང་། ན་ལི་ཀེ་ར་དང་། པ་ན་སའི་གླིང་དང་། ཤུར་པ་དང་། ནིམ་པའི་གྲོང་ཁྱེར་དང་། དཔལ་གི་ཞིང་དང་། དངུལ་ཆུའི་གནས་ལས་སྩོགས་པ། ཡུལ་དང་། ཆ་བྱད་དང་། སྐད་དང་། གནས་པ་དང་། ་མོག་དང་། རིགས་དང་། ནུས་དང་། ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཅན་དུ་མའི་ཡུལ་གྱི་གནས་པའི་ཡུལ་གཞན་དག་ན། བཞུགས་པ་རྣམས་དང་། ཙུཾ་གང་དག་སྔོན་ཆད་ཉི་ཟླའི་འོད་ཀྱིས་མ་ཕོག་ཅིང་། ཤེས་ཤ་སྤྲུལ་ཀི། ་ལུས་ཀྱི་འོབས་གནས་རིའི་དྲུང་། དེའི་གཙུག་ཀཽ་རིན་ཅེན་འོད་གིས་མུན་བསལ་བའི།། ས་འོག་ཏུ་ནི་རིང་པོ་མ་ཐོགས་གཤེགས་ཀྱུར་དང་།། གང་དག་ཆུ་ལྟར་ས་ལ་ཐོགས་མྱེད་བྱེའུ་བྲལ་མཛད་པ་དང་། ་གང་དག་སར་གནས་ཕྱག་གི་རྩེ་མོས་ཟླ་བ་རེཀ་མཛད་དང་།། ཀ་པ། དཀ་བྱ་ལྟར་ནམ་ཀ་ལ་ནི་ཤུགས་ཀྱིས་རྒྱུ་མཛད་ཅིང་།། ན་བཟའི་ཐ་མས་སྤྲིན་མཐར་རེག་པས། སྤྲིན་ཡིད་འཇིག་མཛད་དང་།། ་གང་དག་ལྔ་དང་། ཀླུ་གྲུབ་པ་དང་། འཁོར་གི་ཚོགས་རྣམས་ཀྱིས་རྟག་ཏུ་མཆོད་པའི་མི་འཇིགས་མྱེད་དང་། བུང་བའི་ཡི་དང་། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དང་། ཤར་གྱི་རིའོ་དང་ནུབ་ཀྱི་རི་བོ་དང་། ཤ ་ཀུན་ད་པ་ཏ་དང་། ཀུན་དཔོ་མ་དང་། ཏ་མ་པའི་ཚལ་དང་། བསིལ་ཚལ་དང་། ལྷས་སྤྲུལ་དང་། འཇིགས་མྱེད་རི་དང་། ནགས་ཚལ་ཆེན་པོ་དང་། ཚེར་མ་ཅན་གི་ནགས་ཚལ་དང་། བྱམས་པའི་མི་དང་། ཆུ་ཟིམ་བྱིས་པ ་གསོད་ཀྱི་རི་དང་། རི་ནག་པོ་དང་། གནས་ཀྱི་རི་དང་། སེར་སྐྱའི་རི་དང་། མེ་ཏོག་གི་རྀ་དེར་། ཙན་དན་ཀི་རི་དང་། ཀླུའི་རི་བོ་དང་། ཙན་དན་རི་བོ་དང་། ཚེར་མའི་རིའོ་དང་། ལྷ་ཡུལ་བབས་དང་། ཨ་པ་སིམ་བྷ་དང་། ཀུན་རྐ ་སྟོང་ལྡན་དང་། རི་བོའི་རྒྱལ་མཚན་དང་། གཞི་བཀྲུས་དང་། རང་གིས་མཆོད་རྟེན་དང་། ས་སུ་སྤུངས་པ་ལ་ཚེ་རབས་གཞན་དང་གཞན་ན་བསྩགས་པའི་དགེ་བའི་རྣམ་པར་སྨིན་པས་གྲུབ་པ། ཇི་ལྟར་འབྱོར་ད་པར་ནུས་པ། ་དང་མཐུན་པའི་རྩོམ་པས་ཚོགས་བསྩགས་པ། ཕན་ཡོན་ལྔའི་རྒྱུ་སེམས་ཅན་ཐམས་ཅད་གནས་པར་བྱེད་པ།། འཇིག་རྟེན་ཕ་རོལ་ཏུ་བདེ་བ་ཐོབ་པར་བྱེད་པ། ཁ་དོག་དང་དྲི་དང་། རོ་དང་། རེག་པ་དང་ལྡན ་པ། ཡིད་དུ་འོང་བ། གྱ་ནོམ་པོའི་བཟའ་བ་དང་། བཅའ་བ་དང་། བལྡག་པ་དང་། བརྔུབ་པ་དང་། བཞིབ་པ་ལས་སྩོགས་པ་ཞལ་ཟས་བཤམ་པར་བྱ་བ་རྣམ་པ་སྣ་ཚོགས་ཞལ་ཟས་ཁྱད་པར་ཅན་གིས་སྤྱན་འདྲེན་ཏོ།། དེ ་ལ་ཐོག་མར་བཅོམ་ལྡན་འདས་ཤག་ཀྱ་ཐུབ་པས་ཡོངས་སུ་མྱ་ངན་ལས་མ་འདས་པའི་ཚེ། གང་དག་ཡེ་ཤེས་ཀྱི་མེས་ཉོན་མོངས་པའི་ཤིང་ཐམས་ཅད་མ་ལུས་པར་བསྲེགས་པ། གཏོང་བའི་ངང་ཚུལ་ཅན་གི་སྦྱིན་པའི་ས ་བོན་འཕེལ་བའི་རྒྱུར་གྱུརྡ་པ་ཕྲ་བ་གཟིགས་པ་མཁས་པ་དེ་ཁོ་ན་ལ་བསྒོམ་པ་འདི་ལྟ་སྟེ། གནས་བརྟན་པ་ར་དཱ་ཛ་བསོད་སྙོམས་ལེནད་དང་། འཕགས་པ་སྒྲ་གཅན་ཟིན་དང་། སྦྱིན་བྱེད་དང་། ལམ ་བསྟན་དང་། སྐྱེད་བྱེད་དང་། གསེར་བེའུ་དང་། རྟོགས་བྱེད་དང་། རྡོ་རྗེ་ཅན་ཀཽ་བུ་དང་། འཕགས་པ་སྲུང་བའི་ཀླུ་དང་། ཀླུ་སྡེ་ལས་སོ།། ཀས་པ་སློབ་མ་བསྟནད་པ་གནས་པར་བྱ་བའི་ཕྱིར་གནོད་པར ་གྱུར་ཀྱང་ལུས་ཀྱི་ཁུར་ཁྱེར་བ་རྣམས་དང་། གཞན་ཡང་གང་དག་སུམ་བཅུ་རྩ་གསུམ་པའི་སྐྱེ་བོ་ལ་ཕན་པའི་ཕྱིར། གསེར་གི་རྡོ་ལེ་ཆེན་པོའི་སྟེང་ན་འདུག་པའི་རིགས་སྔགས་འཆང་དུ་མ་ཀུའུ་ལེན ་བས་གླང་པོ་ཆེ་ཡུར་ལ་ཐུང་བའི་མཆུ་པད་མ་ལ་འཇིབ་ཅིང་འཁོད་པའི་མན་ད་ར་བའི་རྫིང་གི་ཆུ་དང་ལྡན་ཞིང་ཡལ་ག་གསལ་བའི་སྟེང་ན་རིན་པོ་ཆེའི་མེ་ཏོག་ཀཽ་འཕྲེང་བ་བྲེས་པའི་ཤིང་ཡོངས་འདུས་ཀྱིས་ཀུན་ཏུ་མཛེས་པར་བྱས ་པའི་རོའི་ལྷུན་མོའི་འབབ་ཆུ་འབབ་པའི་ས་གཞི་ལ་འཁོད་པ་རྣམས་དང་ཡང་ན་གང་དག། གསེར་རི་ཁྱེད་ནས་བསིལ་བའི་ཆུ་འབབ་ལ།། ཚུལ་ཟླ་བའི་གཟུགས་བརྙན་བྱུང་གྱུར་ད་ཅིང་།། ཟླ་བའི་འོད་ཀྱིས་ཀུ་ལུང་འབྱེ་སྟེ། ་ཀུ་ཟུང་ཙམ་ན་ཕྲད་སྲན་རང་བ་གནས། གང་པོ་མ་ཙེའུ་མ་སྒྲ་གན་ལྡན་པ་འབྱེད། མ་མོ་ངོགས་མ་བྱ་དགར་བཅས་རྒྱགས་པ་གནས།། མ་མ་རྒྱགས་སྨ་མ་འི་སུལ་སན་པ་ཟག།། མི་སུ་ལ་ཡལ་གཟུགས་པ་མ་ཏྲ~ཾ། ་རྩེ་འཁྲིགས།། རི་རྩེ་སྟོང་རྣམས་ན་ནི་སྤྲིན་ཆགས་ལ།། ལང་ལིང་སྤྲིན་གྱིས་སྨན་ལྡོང་ཝ་ཁྲོ་སྡང་།། སྨན་ལྡོང་སྐྱེས་པའི་ནོར་བུ་དུམ་བུ་གསལ།། ལྡུམ་བུ་ལས་སྦྲུལ་ལྷུང་བའི་མེ་ཏོག་ལྡན།། མེ་ཏོག་རྒྱས་པའི་དཔགས་བསམས ་ཤིང་རྩལ་མཛེས།། མཛེས་པའི་ལྷ་མོས་གསེར་གི་ཕག་སྐས་དྲུང་།། གསེར་ཀཽ་ཕག་སྐས་སྨྲས་ནི་བྱ་འདྲོགས་ཤིང་།། བྱས་འཆོས་ཤིང་ཏོག་རྩ་ལས་ཆད་ཅིང་སྤྲུལ།། རྩ་འཕྱང་ཞུ་བ་ཟག་པ་སྤོས་ཀྱི་དྲི།། སྤོས་གླང་དབང་པོ་འདྲེག ་ཟག་དྲི་རབ་ཞིམ།། དྲི་རབ་ཞིམ་པའི་ལི་ཤི་རི་འཁོར་ཡང་།། བལ་གླང་མོ་རྒྱགས་དྲག་འགྲོ་ལང་ལོར་གྱུར།། བུང་བའི་རྒྱུས་མེས་མེ་ཏོག་གཟིགས་གྱུརན་ཅིང་།། ཡལ་ག་ཡེ་ཏོག་རྒྱས་པར་གད་པ་དཀར།། གད་པ་ཆད་པས་རོ ་དུམ་བུ་སྣད།། མེ་ཏོག་འགྲོ་ལྡོགས་སྤྲུལ་པས་རྣམ་པར་བཀྲ། ནོར་བུ་སིལ་མ་ཡང་པོ་སའོ་ཞོལ་སྦས།། མེ་ཏོག་ཟེགས་པའི་ཤིང་ཡལ་ཀར་གནས་པའི་བུང་བ་དགའ་བས་འཕུར་རྣམས་དང་།། ཟླ་མ། ་འོད་གཟེར་དཀར་པོ་ངང་པ་ལྟ་བུས་ཉེ་འཁོར་རྡོ་བ་ཆག་ཆག་བཏབ།། ལྷུན་པོ་མཐོ་བའི་རི་ལ་ཐུབ་པ་གང་དག་རབ་ཏུ་ཞི་བའི་ཐུགས་ཀྱིས་བ། ཞུགས།། དེ་དག་དྲི་མྱེད་ཟླ་འདྲའི་གྲགས་ལྡན་འདིའི་སྦྱིན་པ་གནས ་ལ་བསྙེན་དུ་གསོལ།། རྒྱ་མཚོ་ཉེ་བའི་ཆུ་འགྲམ་རི་མོ་མ་ལ་ཡའོ།། རིས་ཐ་མལ་སཱལ་ཕྱག་འཐོན་པའི་འཕྲེར་བ་ཅན།། སྦྲུལ་མང་འཁྲིགས་པའི་ཙན་དན་ཤིང་གི་ནགས་ཚལ་ན།། བརྟན་པ་གང་དག་བཞུགས ་བར་གྱུར་པ་དེ་དག་དང་།། ཉི་མའི་ཏའི་ཁྲིག་པས་རྡོ་བཅག་ཅིང་། ཀེ་མྱི་འམ་ཅིའི་ལྡན་དང་། ཕོ་བྲང་འཁོར་དཔལ་ཡོད་ཅན་དང་། བྱ་རྒོད་ཀྱི་ཕུང་པོ་དང་།། རི་དགས་ཀྱི་གནས་དང་། ཀ་ཤོད་དང་། གཙུག་ལག་འཕགས་ར་ཀ་ནི་ས་ཀ་ཤ་ཧི། ་ལས་སོགས་པ་མོ་འབྲུལ་རྨང་དུ་བྱུང་བ་ལ་ཚོགས་དང་ལྡན་པ་རྣམས་དང་། དཔས་མི་ཀའི་མཆོད་རྟེརན་དུ་མ་དང་། སངས་རྒྱས་ཀཞིའི་གདམ་ནི་ཡོད་པ་བསོད་ནམས་སུ་གྱུར་ད་པའི་ས་ཕྱོགས་རྒྱུར་ཀྱི་འཆད་པར་ཀློག་པ་དང་། ལ་ཏོ་པ། ་བསམ་གཏན་དང་། ཏིང་ངེ་འཛིནད་དང་། སྙོམས་པར་ཞུགས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པས་འཇུག་པ་དག་པའི་དགྲ་བཅོམ་པ་རྣམས་བཞུགས་བཞུགས་པ། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོ།། ་སྨན་དང་། ཡོ་བྱད་དང་། མཆོག་ཆས་རྣམས་ཀྱིས་ལེགས་པར་བྱས་པ། མཐའ་མཐའ་ན་ནའི་ཆུའི་གནས་ཡོད་པ་ལ་ཉེ་བར་སྤྱོད་པས་ཉམས་དགའ་བ། བདེ་བར་གཤེགས་པའི་ཞབས་ཀྱིས་བཅགས་པས ་གཙང་བར་གྱུརྡ་པའི་ས་གཞི་ཅན་ཞི་བ་ཐུབ་པའི་སྐྱེ་བོ་གནས་པ་རྣམས་ན་དེ་ཁོ་ན་བསྒོམས་པས་ཉིད་ཀྱི་ཏིང་ངེ་འཛིནད་བསྐྱེད་པ། ཚེའི་ལྷག་མ་གནས་པར་མཛད་པ་རྣམས་དང་བྷྲྀ། གང་དག་གློག་འགྱུ་བྱ་གང་དག་གིས་སྐུ་ལུས ་བཀྲ་བྱས་སྤྲིན་སྣུམ་འདྲ་གྱུར་ད་ནས།། བཀྲེས་པ་སྡུག་བསྔལ་སྡོད་གྱུར་དམདའ་རྩེ་རྣོན་པོ་ལྟ་བུའི་སྤུའི་ས་རབ་གང་ཞིང་།། བསྒོམ་པས་མྱིག་ཞུ་མྱ་རྟག་བཅས་པའི་མྱེ་རྣམས་ཀྱིས་ནི་ཀུན་ནས་ལུས་བསྐོར་བའི།། ཡི་དགས ་ཀ་ནམ་དུ་ལྟ་བ་རྣམས་ལ་ཐུགས་རྗེས་སྟེང་ནས་ཆར་ཀྱི་རྒྱུན་འབེབས་དང་།། རིན་ཅེན་བྱེ་མའི་འཕྲེང་བ་གྱ་གྱུར་ད་དཀྲིགས་མཐོ་ལ།། དང་ཁྱུ་བཀ་ཡངས་གནས་ཤིང་ལང་ལོང་ཉལ་གྱུར་ད་ཅིང་།། ཆུ་དང་ཉེ་བར་ཆུའི ་ཟེར་མས་བསིལ་གྱུར་ད་པ།། མ་ན་སའི་མཚོ་གླིང་བསམ་གཏན་མ་ཛད་དགུ་དང་།། གང་དག་མྱེ་རོ་མང་པོ་ཤ་དང་ཁྲག་ཀི་རོ་བྲོ་བས་དགའ།། བར་གྱུར་ད་པའི་ཝའི་ཚོགས་ཀྱིས་གང་བར་གྱུ་རད་པའི་ས་ཕྱོགས་མགོའི ་ཐོད་པ་གས་ནས་ཚལ་ཐིགས་ཟག་པོའི་སྣུམ་གྱིས་མཆོད་པའི་མྱེས་ཆག་ཅིང་། རང་གི་མེ་ལྕེས་ཤིང་མཆེར་པ་སྐམས་ཤིང་སྙིས་པའི་ལག་པ་དང་། རྐང་པ་དང་སོ་དང་། སྭའི་དུམ་གྲུགས་ཀྱིས་གང་ཞིང་། ཟླ་བ ་དྲི་མ་མྱེད་པའི་འོད་ལྟ་བུའི་ཀེར་རུས་ཀྱི་ཕུང་པོ་ཡོད་ལ། སྐད་གཅིག་ཏུ་རོ་ལངས་བྱུང་ནས་ཨ་ལ་ལ་ཨ་ལ་ལ་ཞེས་སྒྲ་འབྱིན་ཅིང་།། མྱེ་སྟག་དང་བཅས་པའི་གད་མོ་དྲག་པོས་འབྱུང་བ་འཁྲུགས་ཤིང་སྐྲག་པར་གྱུར་ད་པ། ཅེ་སྤྱང་མྱ ་བཟད་པའི་ཁ་ནས། དུ་བ་དང་བཅས་པའི་ཕྱེ་ལྕེ་འབྱུང་བའི་དུར་ཁྲོད་ཆེན་པོ་དག་ན་བུད་བྱེད་ཀྱི་རོ་ལྦོས་ཤིང་ལྟོ་སྒང་དེར་གྱུར་པའི་སྟེང་ན་འདུག་ཅིང་།། དགའ་བའི་བྱ་རྒོད་ཀྱི་མཆུ་དང་སྡེར་མོས་ལྟོ་ཕྲད་ཅིང་ལྟོའི་ནང་ནས་སྲིན་བུའི་རིགས་ན། ་གནས་པ་ཆེ་སྤྱང་གི་སྟོབས་ཀྱི་ཤུགས་ཀྱིས་དྲངས་པའི་ནང་གྲོལ་དྲི་མྱི་ཞིམ་ཞིང་དུམ་བུས་འཁོར་ལ། བྱ་ཁྭ་བཀྲེས་པས། མྱག་གི་ཤ་བྲུས་པ་དག་ལ་གཟིགས་ཤིང་། རྟག་ཏུ་མྱི་སྡུག་པ་སྒོམ་སྟེ་རྒྷཾ་གང་དག་ཁ་ཅིག་རོལ་གནས་མལ་དོང ་ནས་ནི།། ཁྲག་དང་ས་ཆགས་དམར་ཞིང་རྩུབ་པའི་སྒྲ་འཁྱིལ་དང་།། བྱའི་མཆུ་དང་སྡེར་མོས་རྨྱིག་ཞོ་བྲུས་པ་ཡང་།། མྱེ་རོ་བོར་བའི་ལུས་ལ་གཟིགས་པར་གྱུརྡ་པ་དང་།། སྒོ་དང་སྲང་བར་ལ་ཡར་མྱེ་འབར་ཕྱེ།། ལྕེའི་རྩེ་མོ་མང་པོས། ་མགོ་རྨོངས་ཤིང་།། རལ་གྱི་གཏུན་དང་རྡོ་བས་སྣུན་ཅིང་བརྡུངས་ནས་སྐྱེ་བོའི་ཀུ་ཆོ་འདོན་གྱུར་ད་ལ།། གཤིན་རྗེའི་ཕོ་ཉ་སྙིང་རྩེ་མྱེད་པ་སྡོད་ཅིག་ཟེར་བའི་བཟད་རླག་སྒྲས་གང་བའི།། སེམས་ཅན་དམྱལ་བ་རྣམས་སུ་འང་སྲོག་ཆགས ་དོན་ཕྱིར་གང་དག་སྐད་ཅིག་འཇུག་པ་དང་།། གཞན་ཡང་ཤ་རིའི་བུའི་མྱིའི་དུག་མདས་གླང་པོ་ཆེ་འཁྲུགས་པའི་མདུན་ལོགས་ན་ཡལ་གབྲེགས་པའི་སྡོང་བུ་ཡོད་པ། ཕྱོགས་ཀྱི་བར་ནས་རླུང་ཆེན་པོ་ལངས་པས་འོད་མའི་ཚལ་བསྐྱོད ་ནས་འཁྲི་ཤིང་ཀི་དྲ་བ་དང་འདུད་པ་ལས་མྱེ་བྱུང་བའི་མྱེ་ལྕེས་ཤང་ཆོག་སྣ་ཚོགས་ནས་རི་དགས་དང་ཕག་རྒོད་མཆོག་མགྱོགས་པ་ཧྱ་དཀ་སྐྲག་ཅིང་མགོ་རྨོངས་པ་ཡོད་པ་ཤིང་ལོ་མང་པོ་ལྷགས་ཤིང་སྙིས་པ་ཅ ་བསིལ་བའི་གྲྀབ་མ་སང་སེར་མྱེད་པ་ཉམས་དགའ་བའི་ལོངས་སྤྱོད་ཡོད་པ། ནགས་ཀྱི་མ་ཧེ་དང་ཕག་རྒོད་ཀྱིས་མེ་ཏོག་ཨུད་པ་ལ་དང་། པད་མ། དང་། ཀ་ལ་ར་བསྐྱོད་པས་ཆུ་དྲི་ཞིམ་པོར་གྱུར་ད་པའི་མཚེའུ་འགྲམ་ན། ་ཤིང་ལ་སྤྲེའུ་ཞུ་གནས་པ་ཉེ་འཁོར་གི་རི་ལས་ཆུ་རླབས་མྱ་དྲག་པརའབབ་པས་འཁོར་ནས། ནེའུ་གསང་མོད་པའི་ས་གཞི་ཡོད་པའི་འབྲོག་དག་ན།། ཞི་བའི་བདག་ཉིད་ཅན་འཆག་པ་དང་། ཀློག་པ་དཔལ་ཏོར་དག་། ་བསམ་གཏན་ལ་མངོན་པར་བརྩོན་པ། གང་དག་བག་མྱེད་པའི་གནས་དཔལ་བབ་པ་ཡལ་བར་མཛད་པ་རྣམས་དང་། རི་བོ་རྔ་ལེབ་ཆེ་ཞིང་ཡངས་ལ་རབ་ཏུ་སྣུམ་པ་འདྲ་གྱུར་ཅིང་།། གློག་གི་འཕྲེང་བར་མྱི་རྟོགས་ཡོད་ལ་འཇལ ་ཡིས་བཀྲའ་བའི་བདག་ཉིད་ཅན།། ཆུས་བསིལ་སྤྲིན་ཆགས་རྣམས་ལ་ཆུ་འབབ་ཟེར་ཕྲན་ཆགས་པའི་རྫི་ལྡན་སྱན།། སེར་བུས་ན་བཟའ་གཡོ་བ་གང་དག་ཉི་མའི་ཀུ་པ་ལ་བཞུགས་པ་དང་། དེ་བཞིན་དུ་རྟག་ཏུ་གོམས་པ ་ལམ་ནས་འདོང་བའི་གླང་པའི་ལྷའི་མྱིག་རྗེས་ཡོད་ལ། ནགས་མ་ཧེ་འཁྲུགས་པའི་རྭས་གློག་མཁར་ཆེན་པོ་བཤིག་པའི་ཤོལ་གི་ཞུར་བུ་ནས། སྦྲུལ་གི་ལུས་ཕྱེད་ཕྱུར་སྟེ། ནགས་ཀྱི་རླུང་འགྲམ་པ་ཡོད་པ། སྤ་ཚལ་སྟུག་པོ ་དང་འདས་བུ་དང་ཤིང་ཀག་སྟུག་པོའི་ཁྲོད་ན་སྟག་ཟུང་དུ་གནས་པ་ཅན་བཀ་རྒོད་གི་གནས་གྲོགས་པའི་གླ་སྒང་གི་རྩ་བ་འཛིངས་པ་ལྟར་འདུག་པ་ཡོད་པ། ཤིང་ནི་ཆུ་ལའི་མེ་ཏོག་ཐུལ་བས་རྡོ་ལ་ཆ་དམར་བར་གྱུརྡ་པ། ་ཡོད་པ། གཤོང་གི་ཕྱོགས་སུ་རི་དགས་ཀྱི་ཕྱཝ་འདམ་རྫབ་ལ་ཐོགས་པ་ཡོད་པ། ཤིང་ལོ་སྔོན་པོ་སྟུག་པོར་སྐྱེས་པ་མང་པོ་ཡོད་པའི། གཤེར་སའི་ཆུ་དགུར་དག་ཏུ་མངོན་པར་དགྱེས་ཤིང་། དགེའ་བའི་ཕྱོགས་སྟོནད་པ་རྣམས་དང ་རིན་པོ་ཆེའི་འོད་གཟེར་གིས་ཆུ་ཎ་དམར་བར་གྱུར་ད་ལ་ཀ་ཐུགས་བསམ་གཏན་ལ་ཞེནད་པས་དཔག་བསམས་ཀྱི་ཤིང་གི་ལྕུག་མས་ཆེ་མོར་རེག་པའི་རི་སྤོས་ཀྱི་ངད་ལྡང་གི་སུལ་ན་ཚོལ་བ་མྱེད་པ་གར་བཞུགས་པ་དང་། གར ་དག་སེར་གེ་སྒྱིངས་པ་ཡོད་པ། རི་དགས་རྒྱུ་བ་དང་ལྡན་པ།། ཆུ་འདུས་ཏེ་འབབ་པ་ཡོད་པ་གཡོ་ས་པས་སྟེར་གི་ཆེ་མོ་ལྡེམ་པའི་བསྔགས་ཀྱིས་སྐར་མའི་ཚོགས་འཕགས་པ། སའི་སྟེང་ན་ལྕི་བ་ལཱུ། ་པོ་ཡང་ལྐུག་ཕྲན་ལ་བྱ་བ་བཞིན་དུ་བསྒྲིམ་གྱི་དགོས་པར་ཀ་ཞམ་ས་ཀྱི་སོར་མོས་སའི་འོག་གི་ཆར་དང་བཅས་ཁར་མ་ལར་པར་འཕེར་པ་དག་དང་། ཏིང་ངེ་འཛིནད་ཐོབ་པ་གང་དག་ཆར་བའི་ཆུས་རྡོལ་དན ་བུ་ཀ་དུ་མ་ནས་ཉི་མའི་འོད་གཟེར་བྱུང་བ། ཟླ་བ་ལྟ་བུ་ཡོད་ཅིང་མང་རྡོ་དང་ཚིག་ངོས་ཤག་ཤིག་ཏུ་གྱུརྡ་པའི་མཚམས་སུ་བརྒྱ་ཆགས་ལ། སྤྲུལ་སོ་བ་རླུང་གིས་ཀང་སྟེ་སྐར་དེར་འདུག་ཅིང་འགྲེང་བ་རྟག་ཏུ་ཡོད་ཅིང་། ནགས ་ཀྱི་རི་དགས་ཀྱི་སྐྱེས་ཚ་རྐོ་རྡུལ་ཅན་ཆུབ་པོ་བལྡགས་པས། ཤིང་ཆ་སེར་སེང་པོར་གྱུརྡ་པ་ཡོད་ལ། ཅིག་རྨང་དུ་སྲིན་བུ་ཀོ་དེའི་ཚོགས་རིང་ནས་གནས་པར་གྱུརྡ་ཅིང་། སྲེ་མོ་འགྲོ་བསྟོད་དེ་ཕྱོགས་སུ་ལྟ་བས་བྱི་བ་སྐྲག ་པ་ཡོད་ལ། ནང་དུ་མ་སྔོན་པོ་སྟུག་པོ་སྐྱེས་པ་ཡི་འཇག་མའི་དྲུང་གི་གཅིག་ན་ཕྱེ་མ་ལ་བརྒྱུ་བ་ཡོད་ཅིང་། འུག་པ་མང་པོ་སྐྲ་འབྱིན་ཅིང་ཀླུ་ལེན་པ་ལྟ་བུ་ཡོད་པའི་གྲོང་སྟོང་སུས་ཀྱང་ཏིང་ངེ་འཛིན་མ་བྱས་པ་རྣམས་ན། ་སྟོན་པའི་བཀའ་ནན་ཏན་གྱིས་བསྒྲུབ་པ་རྣམས་དང་། གཞན་ཡང་གང་དག་སྡི་ག་ཡག་གི་མྱིག་པས་རྡོ་བཅག་ཡོད་ཅི་སྤྲིན་ལྡིངས་ལྡན་གྱུ་རད་ལ།། མཐུ་མར་ས་ར་ལ་དང་ཐ་ནིང་སྐྱེས་ལ་ཆུ་བསིལ་གྱི་ཁྱབས་འབབ་ལོ།། ་ཅིང་།། བསམ་གཏན་ཞེན་པའི་བློས་ན་ཁ་བ་བབ་པས་ཆོས་ལྕི་ཞིང་ཟག་གྱུར་ད་ཀྱང་།། གངས་རི་དག་གི་ལྡོར་ན་ཤིང་གི་དྲུང་དུ་བཞུགས་པར་དགེས་པ་དང་།། ནང་ན་ཆུ་སྲིན་འཁྲུགས་ཏེ་གཡོས་པས་ཉ་རྣམས་ཀུན་འབྱེར་ཞིང ་སྐོམ་པས་གཤོར་དུ་འཁྱིལ་པར་སྦྲུལ་དབུགས་ཕྱུང་བས་དཔའ་རླབས་རྒྱུན་ཆད་པའི།། རྒྱ་མཚོ་ལ་ཡང་མཚན་མོ་བརྟན་པ་གང་དག་འཆག་མཛད་པ།། སྡོད་གྱུར་བདག་ཉིད་ཐུགས་ལྡན་གཙང་མའི་ལྷུར་གཟེར་ཕྱག ་བསྡམས་ཤིང་།། བསོད་ནམས་ལྡན་པའི་སྐུ་ལུས་ར་བབ་ཆོས་གོས་རབ་གསོལ་བ།། དེ་དག་སང་གི་གདུགས་ཡིན་པ་གི་གུང་དུ་ཕྱི་ནད་པ་ན།། འགན་དེ་བརྡུངས་པའི་སྒྲ་སྙན་སྐད་གསང་དྲག་པའི་ཚེ། ཟླ་བསྟན་ཆོས ་ཚོགས་ཀྱི་དེ་ཁོ་ན་གོམས་པའི་ཆུ་བླུགས་པས་ཀྱི་ཞེས་པའི་སེམས་ཀྱི་དྲིམ་བཀྲུས་པའི་མཁས་པའི་ཚོགས་འདུས་པ། ཉི་མ་ཤིན་ཏུ་མང་པོ་ནས་འདྲིས་པའི་ཟློས་པ་དང་བཅས་པ། བདེ་བར་གཤེགས་པའི་གསུང ་རབ་རིན་པོ་ཆེའི་སྒྲོམ་དུ་གྱུར་ད་པ། དགེ་བའི་ཚོ་གས་བདུད་རྩིའི་བཏུང་བའི་གཞི་པོ། ཡེ་ཤེས་ཀྱི་གསེར་མ་རྟོགས་པ་བདར་བའི། སྔོན་པོར་གྱུར་པ། ལེགས་པར་གྱུད་པ་སྟོང་གི་ཚོགས་བསག ་བསགས་པས་གྲགས་པ་རྒྱ་ཆེ་བ་དང་ལྡན་པ། སྦྱིན་བདག་ཆེན་པོ་ཅན། སྟོན་གྱི་ནམ་ཟང་བ་ལྟ་བུའི་ཡིད་དང་ལྡན་པ། མྱིང་འདི་ཞེས་བྱ་བའི་ཀུན་དུ། མ་ཧེའི་མ་ལྟར་སྔོ་ཞིང་དྲི་མྱེད་མཁའ་ལས་འདུ ་གཟི་བརྗིད་ཀྱིས་ནི་ཉི་མའི་འོད་གཟེར་འཐོར་ཞིང་། མངོན་ཏུ་ཕྱོགས་ནས་འོང་བའི་སྤྲིན་ནི་དྲལ་ནས་སུ།། སྐྱེ་བོ་ཕན་ཕྱིར་ཐུབ་རྣམས་སར་འདིར་གཤེགས་སུ་གསོལ།། རྒྱུན་མྱི་ཆད་པར་ཏིང་ངེ་འཛིནད་དང་། ཀློག་པ་དང་། ་འཆག་པ་དང་། སྐྱེ་བོ་བླ་མ་ལ་བསྟེན་པར་མངོན་ཏུ་དགའ་བའི་བློ་གྲོས་དང་ལྡན་པ། མྱ་ངན་ལས་འདས་པའི་ལམ་གི་རྗེས་སུ་མཐུན་པ། ཁ་ན་མ་ཐོ་བ་མྱེད་པའི་རིག་པ་གསུམ་རབ་ཏུ་བསྒྲུབ་པ། ཉོན་མོངས་པ་ལས་གྲོལ ་བར་འདོད་པའི་དགེ་སློང་གང་དག་འདིར་གནས་པ། འདུལ་བའི་ཆོ་ག་ལ་གོམས་པ། ལུས་དང་ངག་དང་ཡིད་ཀྱི་འཇུག་པ། ཞི་བ་དང་ལྡན་པ་དེ་དག་ཀྱང་མ་ལུས་པར་ཅི་བདེར་དོ་མོད་ཀྱི་མཚན་མོ་ཟད་པར་མཛོད་ལ། འདྲ ་ཉིད་དུ་གནས་མཛོད་ཅིག།། ། ཐུབ་པའི་སྲས་མོ་ཤེས་རབ་ཞི་དང་དུལ་བས་བརྒྱ་ནད་པའི་དགེ་སློང་མ།། ཟ་དང་གླིང་དང་ནགས་དང་རི་རྣམས་སྤྲོ་བའི་བསམ་བྲལ་ཞིང་འདོད་ཆགས་ཞེ་སྡང་གཏི་མུག་ཏྲི་བྲལ་ཞིང་འོས ་འགྲོ་བའི་མ་ལྟ་བུ།། ། དེ་དག་རྟེ་པར་མཛོད་ལ་སྦྱིན་པ་དག་ཕན་པར་བཞེད་པས་ངས་འདིར་སྤྱོན།། ཕྱག་ན་རྡོ་རྗེ་ལས་སྩོགས་ས་ལ་གནོད་སྦྱིན་གཙོ་བོ་དང་།། མུབ་པ་རྣམས་དང་གང་དག་ལྷ་མ་ཡིན་དང་ཀླུ་རྣམས་དང་། ་སངས་རྒྱས་ལ་ནི་རབ་ཏུ་དད་པའི་ལྷ་མཆོག་གང་ཡིན་པ།། དེ་དག་རྣམས་ཀྱང་སྦྱིན་བདག་འདི་ལ་ཕན་ཕྱིར་སང་སྦྲོན་ཅིག། ལྷ་དང་ཀླུ་དང་གནོད་སྦྱིན་དང་། རིགས་སྔགས་འཆང་དང་གྲུབ་པ་དང་། མྱོ་འམ་མི་དང་། ་ནམ་མཁའ་ལྡིང་ལས་སྩོགས་པ་འབྱུང་པོ་ཆེན་པོ་རྣམས་དང་། སྟོབས་བཅུ་མངའ་བོའི་ཡོན་ཏན་གྲུབ་པ་དང་ལྡན་པ་རྣམས་ཀྱིས་ཀྱང་།། དམ་པའི་ཆོས་གནས་པར་བྱ་བ་དང་། སྦྱིན་བདག ་ཆེན་པོ་བདག་ཉིད་ཆེ་བ་འདི་སྣོད་བཟང་པོ་ལ་སྦྱར་བ་དང་། སྦྱིན་བདག་ཆེན་པོ་འདི་ལ་གྲོགས་བགྱི་བས། ཉིད་ཀྱི་དགེའ་བའི་ཡོན། ཏན་བསྐྱེད་པ་ལ་ནན་ཏན་མཛོད་ཅིག། རྒྱུན་མྱི་འཆད་པར ་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བ་ལ་བརྩོན་པར་མཛོད་ཅིག།། ཡང་དུལ་བ་དང་། ཚུལ་ཁྲིམས་དང་ཟོས་པས་ཤི་ནད་ཏུ་ཆེ་བའི་འཕགས་པའི་དགེ་སློང་གི་དགེ་འདུན་འདུས་པ་ལ ་གསོལ་བ་འཚལ་ལོ།། ལྷུན་པོ་ལས་བྱུང་སྤྲུལ་མགོ་ལྔ་འདྲ་རྡོ་རྗེ་ཀ་ན་ཀ།། ཉ་དང་གདུགས་དང་འཁོར་ལོ་དཀ་དང་ལྕགས་ཀྱུའི་མཚན་མ་རའ་བ།། པད་མའི་གསར་ཀི་དཔལ་ལྡན་ཕྱག་སོར་དྲ་བ་སྲབ་མོས ་འབྲེལ་།། སེན་མོའི་འོད་ཀྱིས་ཁྱབ་བརྒྱལ་པོ་ཕྱག་གིས་བསྒྲུབ་པར་ཤོ་ཀ། སྲེད་པའི་འདོད་ཆགས་ཉོན་མོངས་ཞགས་པ་བསལ་ཅིང་སྲེད་མྱེད་ལ། ཆུའི་ཆུ་གཏེར་ལྟ་བུར་ཡོན་ཏན་རྣམས་ཀྱི་གནས་གཙོག་པོ།། ་ཐུལ་སྲས་མཆོག་དགེ་འདུན་བདག་གིས་ཀུས་པར་སྤྱན་དྲངས་པས།། དེ་རིང་དགེ་བ་ཀར་བསུ་ཀས་དེས་ནི་བྱང་ཆུབ་ཐོབ་གྱུརྡ་ཅིག།། ཇི་སྲིད་མཁའ་ལ་འོད་དྲོ་འོད་ཀྱིས་བསལ་བ་རྣམ་པར་སྣང་བྱེད་ཅིང་།། ་རི་དགས་རྟགས་ཅན་འོད་ཀྱི་རལ་པའི་དཀྱིལ་འཁོར་ལྡན་པ་འཆར་བ་དང་།། རྒྱ་མཚོ་རྒྱས་པར་གནས་པ་དེ་སྲིད་ལྷ་དང་ལྷ་མྱིན་ཕྱག་བྱས་པའི།། བདེ་བར་གཤེགས་ཀྱི་བསྟནད་པ་ཐོགས་པ་མྱེད་ལ་གནས་པར་ཤོག། ་གནས་བརྟན་སྤྱན་དྲང་བ་རྫོགས་སྷོ།། ། ཨ་ཙརྱ་འཛིན་གྱི་ཏྲ་དང་། བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་པ་པ།། ་