| Wylie | e-texts produced with BDRC’s OCR application |
འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོའོ།། ། བམ་པོ་དང་པོའོ།། །། འོདི་སྐད་བདག་གིས་ཟོས་པ་དུས་ཅིག་ན། བཅོམ་ལྡན་འདས་ཀ་ཉན་ཏུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི ་ལ་མགོན་མྱེད་ཟས་སྦྱིན་ཀྱི་ཀུན་དཀའ་ར་བ་ན། དགེ་སློང་དང་དགེ་སློང་མ་དང་། དགེ་སྙེན་དང་། དགེ་སྙེན་མ་གྲངས་མྱེད་པ་དང་། ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་ནས། ཞལ་གྱི་སྒོ ་ནས་འོད་གཟེར་ཁ་དོག་སྔ་ལྔ་དང་ལྡན་པ་བཀྱེ་བ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་སྟནད་ལས་ལངས་ཏེ། ཀོས་ཚགས་བཅོས་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བདག་གྱིས་སངས་རྒྱས ་ཀྱི་ཞམ་འབྲིབ་ལོ་ཉི་གུ་བགྱིས་ཀྱི་བར་དུ། དེ་འདྲ་བར་བཞད་པ་མ་མཐོ་བྲན། བཅོམ་ལྡན་འདས་ཀྱིས་སངས་རྒྱས་སྔོན་འདས་པ་འམ་མ་བྱོན་པ་འམ། ད་ལྟར་བཞུགས་པོའི་སངས་རྒྱས་ལ་དགོངས་སམ།། དེ་མ་ལགས ་པ་ཅི་ལ་དགོངས་པ་བསྟནང་དུ་གསོལ་།། བཅོམ་ལྡན་འདས་ཀྱི།། ། ཀུན་དགའ་བོ་ལ་བཀའ་སྩལ་པ།། སངས་རྒྱས་འདས་པའམ། མ་འོངས་པ་འམ་ད་ལྟར་བཞུགས་པ་ལ་དགོངས་པ་མ་ཡིན་གྱི་མངོན ་པར་དྲན་པ། ང་སྔོན་བསྐལ་པ་གྲངས་མྱེད་པའི་འདས་པོའི་ཕ་རོལ་ད་ན་སྦྱིན་པ་སྦྱིན་པོའི་དངོས་པོ་ལ་དགོངས་ཏེ། དེའི་ཚེ་དེའི་དུས་ན་ཡུལ་ཡ་ཏ་ཞེས་བྱ་བ་རྒྱལ་པོ་དགེ་བ་ཞེས་བྱ་བ་དྲང་པོའི་ཆོས་ཀྱིས་ཡུལ་གྱི་སྲིད ་འཛིན་ད་ཏེ། འགྲོ་བ་མང་པོ་སྐྱོང་བ་ཞིག་བྱུང་ངོ་།། རྒྱལ་པོ་དེ་ལ་བློན་པོ་བཞི་སྟོང་ཞིག་ཡོད་དེ།། རྒྱལ་ཕྲན་དྲུག་བཅུ་ལ་དབང་སྐུར་རོ།། གྲོང་ཁྱེར་ཆེན་པོ་བརྒྱད་བརྒྱ་དང་། བལ་གྱི་གླང་པོ་ཆེ་ལྔ་བརྒྱ་ཡོད་དེ།། རྒྱལ་པོ་ལ་བཙུན ་མོ་ཉི་ཁྲི་ཡོད་ཀྱང་། སྲས་མྱི་མངའ་བས་རི་དང་ཀླུང་གྱི་ལྷ་གཉན་པོ་ལ་མཆོད་བྲན་བྱས་ནས། བཙུམ་མོའི་དམ་པ་ལ་སྲས་མངའ་བར་གྱུར་ད་ཏེ། བཙུན་མོའི་མལ་ཆ་དང་། ཟས་སྐོམ་ལ་སྩོགས་པ་འདབ་ཞིང་བཟང་པོར་སྦྱར་ནས། ་རྒྱལ་པོ་ཉིད་ཀྱིས་རིམ་འགྲོ་བྱས་ཏེ། ཟླ་བ་བཅུར་ཚར་ནས། རྒྱལ་བུ་གཅིག་བཙས་སོ།། ཕོ་བྲང་ཀྱི་བཙུན་མོ་ཉི་ཕྲ་རྙེད་ཀྱང་རྒྱལ་བུ་ཞིག་བཙས་ཤེས་ཐོས་ནས།། ཐམས་ཅད་དཀའ་མཀུར་རངས་ཏེ། ནུ་ཞོ་ཡང་རང་བྱུང་བས་རྒྱལ་བུ ་མཚན་ཡང་དོན་གྲུབ་ཅེས་བརྟགས་སོ།། རྒྱལ་བུ་ལ་ནུ་ཞོ་སྣུན་ཅིང་རིམ་འགྲོ་བྱེད་པ་བཞི་ཞིག་བསྐོས་ཏེ། ཀཅིག་ནི་ནུ་ཞོ་བསྐྲུན་པའི་ལས་བྱེད། གཅིག་ནི་རྒྱལ་བུ་པར་དུ་ཁྱེར་བར་བསྒོས།། གཅིག་ནི་རྒྱལ་བུ་ཁྱེར་བའི་ལས་བྱེད ་པར་བསྐོས། གཅིག་ནི་རྒྱལ་བུ་རྩེར་འགྲོ་བའི་ལས་སུ་བསྐོས་སོ།། དེ་ལྟར་བསྐོས་ནས་རྒྱལ་བུ་ལོ་བཅུ་དྲུག་ལོན་པ་དང་། ཡིག་རྩིས་དང་། འཕོང་ཚལ་དང་། བསོ་དཔྱད་དང་། རོལ་མོ་ལ་སོགས་པ་གང་ཡང་ཕྱི་ཤེས་པ་བྱེད ་རོ།། ཁམས་ཅད་ཀྱང་ལོབས། རྒྱལ་པོ་ཡབ་དང་ཡུམ་ལ་ཡང་ལྦ་བཙུན་འདྲ་བར་རིམ་འགྲོ་བྱེད་དོ།། རྒྱལ་པོས་ཀྱང་རྒྱལ་བུའི་ཕོ་བྲང་ལོགས་ཤིག་ཏུ་བརྩིགས་སོ།། རྒྱལ་བུ་དེ་ཆུང་ནས་སྦྱིན་པ་ལ་དཀའ་སྟེ། བྱི་ལ་སྩོགས ་ཏེ་རི་དག་ས་དང་། འདབ་ཆགས་བྱའི་བར་དུ་སེམས་ཅན་ཐམས་ཅད་བདེ་སྐྱིད་པར་དཀའ་སྟེ།། ཚིག་ཏུ་ཡང་ཀར་མྱི་ཤེས་པ་གཏི་མུག་ཅན་ནི་སྦྱིན་པ་ལ་མྱི་དགྲལ་བས། བདག་ཀྱིས་བདག་བསྐུས་ཏེ། ཕམ་པའི་དོན་མྱེད་དོ།། མེཁས་པ ་ཤེས་རབ་ཅན་ནི་འཇིག་རྟེན་ན་གནས་ཀྱང་སྦྱིན་པ་ལ་ཡོན་ཏན་ཆེར་མཐོ། པ་སྟེ། སྦྱིན་པ་བྱིན་པས་སྔོན་འདས་པ་དང་། མ་བྱོན་པ་དང་། ད་ལྟར། བཞུགས་པའི་སངས་རྒྱས་དང་། རང་སངས་རྒྱས་དང་། འཕགས་པ་དགྲ ་བཅོམ་པ་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པར་འགྱུར་རོ་ཞེས་སྤྲས་སོ།། རྒྱལ་བུ་བགས་ཀྱིས་ཆེར་སྐྱེས་ནས། རྒྱལ་པོ་ཞིག་གིས་བུ་མོ་མན་ཏེ་ཞེས་བྱ་བ་མངའ་བྱད་བཟང་བ་སྟུག་པ། དཔེ་ཟླ་མྱེད་པ། གསེན ་དང་དངུལ་དང་། བྱེ་དུརྱ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་བརྒྱན་གྱིས་བརྒྱན་པ། གཅིག་བཙུན་མོར་བླངས་ན། བུ་མྱོ་དེ་སྲིད་ཉིས་ཤིག་ཡོད་པར་གྱུར་ཏོ།། དེ་ནས་རྒྱལ་བུ་དེ་སྦྱིན་པོའི་ཕ་རོལ་ཏུ་ཕྱིནད་པའི་དོན་སེམས་དཔའ་ལ་ཞུགས ་ནས། ཡབ་རྒྱལ་པོ་ལ་བདག་ནི་རྩེ་ཞིང་ལྟད་མོ་ཞིག་ལྟར་མཆིའོ་ཞེས་གསོསང་པ་དང་། རྒྱལ་པོས་ཀྱང་དེ་བཞིན་དུ་གནང་ངོ་།། དེ་ནས་རྒྱལ་པོའི་ཕོ་ཟང་ནས་བྱུང་བ་དང་། བརྒྱ་བྱིན་ལྔའི་དབང་པོས། གྲོང་ཁྱེར་གྱི་སྒོ་ལམ་སྲ་བདག་ན ་དབུལ་འཕོངས་པ། ལོང་བ། འོན་པ། རྨུགས་པའི་སློངས་སོ་བ་དག་ཅིག་སྤྲུལ་ནས་སྡོད་དུ་བཅུག་གོ། རྒྱལ་བུས་དེ་དག་མཐོང་བ་དང་། དེ་མ་ཐག་ཏུ་ཕྱིར་ལོག་ནས་ཕོ་བྲང་དུ་བཞུགས་ཏེ།། མྱ་ངན་ཆེན་པོས་ནོན་ནས། ་ཀྱཻ་དཀའ་ཞི་བའུདུག་པས།། ཡབ་རྒྱལ་པོས་སྲས་རྒྱལ་བུ་ལ་འདི་སྐད་ཅེས་བསྐོའོ།། རྩེ་དཀའ་ཞིང་ལྟ་ལྟར་བཏང་ན། ཙཽ་མྱི་དཀའ་ཞིང་མྱ་ངན་བྱེད་པར་གྱུརྡ་ཅེས་དྲིས་པ་དང་། རྒྱལ་བུས་ཡབ་རྒྱལ་པོ་ལ ་འདི་སྐད་ཅེས་གསོལ་ད་ཏོ།། བདག་རྩེ་ཞིང་ལྟར་མོ་ལྟར་མཆིས་པ་ལས། སློངས་མོ་པ་འོན་པ་རྨུགས་པ་མང་པོ་དང་། འཇལ་བས་མྱང་ངན་གྱིས་ནོན་པར་འགྱུར་ཏེ།། ད་ཡབ་རྒྱལ་པོ་ལ་གསོལ་པ་རྣམ་ཅིག་གསོལ་ད་ན། རྒྱལ ་པོས་གནང་ངམ། ཡབ་རྒྱལ་པོས་རྒྱལ་བུ་ཁྱོད་ཅི་འདོད་སྨྲོས་ཤིག་དང་། ངས་གནང་བར་བྱའོ།། ཞེས་བསྒོ་བ་དང་། རྒྱལ་བུས་ཡབ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བདག་ནི་ཡབ་རྒྱལ་པོ་ལ་མངའ་བའི་བར་མཛོད་ན ་ནོར་བུ་རིན་པོ་མཆིས་པ་རྣམས་གྲོང་ཁྱེར་གྱི་སྒོ་བཞི་དང་། ཚོང་དུས་སུ་སྦྱངས་ཏེ། སློངས་མོ་པ་ཐམས་ཅད་ལ་ཡིད་དང་མྱི་འགལ་བར་སྦྱིན་པ་བགྱིད་པར་འཚལ་ལོ།། ཞེས་གསོལྡ་པ་དང་། རྒྱལ་པོས་རྒྱལ་བུ་ལ་ཕྱོད་ནི་དང་ཅིན། ་ཡིད་དང་མྱི་འགལ་བར་གནང་ངོ་།། ཞེས་བསྒོའོ།། དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་བསྒོ་ནས། ནོར་དབྱིག་ཀྱི་རིན་པོ་ཆེ་རྣམ་ས་ཤིང་རྟས་སྐྱེས་ཏེ།། གྲོང་ཕྱིར་གི་སྒོ་བཞི་དང་། ཚོང་དུས་སུ་སྤྱད ་ནས་ཕ་རོལ་པོ་འདོད་པ་བཞིན་སྦྱིན་པ་བྱིན་པ་དང་། ཡུལ་ཁམས་ཕྱོག་ས་བརྐྱང་ཀུན་ཏུ་རྒྱལ་བུའི་ཡོན་ཏན་གྲགས་པར་གྱུར་པ་ནས། ཁ་ཀོ་ཙཾ་ཀ་ནི་དཔག་ཚད་བརྒྱ་ལ་གཅིག་ནི་དཔག་ཚད་སྟོང་། ཁ་གཅིག་ན་དཔག ་ཚད་ཁྲིའི་ཕ་རོལ་ནས། ལྷགས་ཏེ་གང་ཟས་དང་སྐོམ་འདོད་པ་ལ་ནི་ཟས་དང་སྐོམ་བྱིན། གང་གོས་དང་། བགོ་བ་འདོད་པ་ལ་ནི་གོས་དང་བགོ་བ་སྦྱིན། གང་ཀསེར་དང་གརྡུལ་དང་རིན་པོ་ཆེ་འདོད་པ་ལ་ཡང་མི་འདོད་པ ་བཞིན་ཡིད་དང་མྱི་འགལ་བར་ཀང་ཡང་མྱི་བཏང་བ་མྱེད་དོ།། དེའི་ཚེ་དེའི་དུས་དགྲ་ཟླར་གྱུར་པའི་རྒྱལ་ཁམས་གཅིག་ཀ་ཙོག་ཡོད་པ་དེས། རྒྱལ་བུ་སྦྱིན་པ་བྱིན་པ་ལ་དགའ་བས། ཕ་རོལ་པོ་ཅི་འདོད་པ་བཞིན། ཡིད་དང་མྱཾ ་འགལ་བར་ཡོངས་སུ་བཏང་ངོ་ཞེས་ཐོས་ནས། བློན་པོ་རྣམས་ཀྱིས་མཁས་པ་བློ་དང་ལྡན་པ་ཀུན་ལ་སོགས་པ་སྡུས་སྟེ། འདི་སྐད་ཅེས་བསྐོས་སོ།། ཡུལ་ཡ་བའི་རྒྱལ་པོ་ལ་བལ་གྱི་གླང་པོ་ཆེ་པད་མའི་སྟེང་ནས་འགྲོ་བ་སུ་ཏ ་ཞེས་བྱ་བ། སྟོབས་དང་ལྡན་པ་ཞིག་དེ་དག་ནམ་དགྲ་ཟླའི་རྒྱལ་པོ་ཁམས་གཞན་དང་འཐབ་པའི་ཚེ། བལ་གི་གླང་པོ་ཆེ་དེས་རྟག་ཏུ་རྒྱལ་བར་གྱུར་པས་ན། ཁྱེད་ལས་སུ་ཞིག་དེར་སྟོང་སྟེ། སློང་བར་ནུས་ཤེས་བཀྲོས་ནས།། བློན་པོ ་ལས་གང་ཡང་འགྲོ་ནུས་པ་མ་བྱུང་ངོ་།། དེའི་ནང་ན་བྲམ་ཟེ་གྱི་བརྒྱད་ཅིག་གིས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བདག་ཅག་གིས་སློང་ཞིང་འཆི་བར་འཚལ་ན། བདག་ཅག་གི་ཚོགས་དང་རྒྱགས་སྦྱོར་ཅིག་ཅེས་གསོལ་པ་དང་། ་རྒྱལ་པོས་དེའི་ཚོགས་དང་རྒྱགས་སྦྱར་ནས། བྲམ་ཟེ་ལ་འདི་སྐད་ཅེས་སྐོའོ།། གལ་ཏེ་ཁྱོད་ཀྱིས་བལ་གཽ་གླང་པོ་དེ་ཞུགས་ཏེ་འོངས་ནས། བྱ་དགའ་ཆེར་སྦྱིན་ནོ་ཞེས་གཙིགས་བྱས་སོ།། དེ་ནས་བྲམ་ཟེ་བརྒྱད་པོ་ཁར་པ་ཐོགས་ཏེ། ་ལ་ལུང་བགྲོད་ནས། ཡུལ་ཡ་བ་གང་ན་བ་དེར་སོང་ངོ་།། ཡུལ་དེར་དྷི་ནང་ནས། རྒྱལ་པོའི་སྒོ་འམ་བ་ལ་ཨོ་མ་ཚུགས་བཅས་ཏེ། རྐང་པ་ཡ་གཅིག་གིས་འགྲེང་ཞིང་སྡོད་དོ།། དེ་ནས་རྒྱལ་བུའི་སྒོ་སྲུངས་ཕོ་བྲང་ནང ་དུ་སོང་ནས། ཕྱི་རོལ་ན་བྲམ་ཟེ་དག་གཅིག་ལྷགས་ཏེ། ཞར་བ་ལ། ཨོམ་ཚུགས་བཅས་ནས། རྐང་པ་ཡ་གཅིག་ཀྱིས་འགྲེ་ཞིང་། སྡོང་དེ།། བདག་ཅག་ནི་ལམ་རིང་པོ་ནས་ཆེད་དུ་འདིར་སློང་དུ་འོདྲ ་སོ་ཞེས་མཆིའོ།། རྒྱལ་བུས་དེ་སྐད་ཅེས་སྨྲས་པ་ཐོས་ནས། རབ་ཏུ་དཀའ་སྟེ། མོད་ལ་ཕྱིར་རོལ་ཏུ་བྱུང་ནས་བསུ་སྟེ། ཕྱགབྱས་སོ།། དཔེར་ན་པ་དང་བུ་ཕྲད་པ་བཞིན་དུ་གཅིག་གྱི་གཅིག་གི། ་སྤྲོ་བའི་ཚིག་ཀྱིས་ཕྱེད་ཀར་ནས་འོངས། ལམ་དུ་ཉོན་མོངས་སམ། ཅི་འདོད་ཅི་སློང་ན། རྐང་པ་ཡ་གཅིག་གིས་འགྲེང་ཞེས་དྲིས་སོ།། བྲམ་ཟེ་བརྒྱད་པོས་སྨྲས་པ། བདག་ཅག་ནི་རྒྱལ་བུ་ཁྱོད་སྦྱིན་པ་བྱིན་པ་ལ། ་རབ་ཏུ་དཀའ་བས་ཕ་རོལ་པོ་ཅི་སློང་ཡང་ཡིད་དང་འགལ་བར་མྱི་མཛད་དོ།། ཞེས་རྒྱལ་བུའི་ཡོན་ཏན་ཕྱོགས་མཚམས་བརྒྱད་དང་།། ཡར་ནི་སྟེང་གི་གནམ་ལ་ཐུག། མར་ནི་སའི་འཐིལ་ལ་ཐུག་པ་ནས། མན་ཅད་དུ་གྲགས་པས་ན། ་བྱོང་གི་སྦྱིན་པའི་ཡོན་ཏན་ནི་བསམ་གྱིས་ཀྱི་བྱབ་སྟེ། ཉེ་རིང་ལམས་པད་ཀྱིས་བསྟོད་ཅིང་བསྒྲགས་ནས། གར་ཡང་མ་ཐོས་པ་འམ་གྱི་ཤེས་པ་དེ། ཀུན་གིས་བརྗོད་པ་ཡང་བསྙུན་མ་ཡིན་ལ། ད་ལྟར་ལྷའི་སྲས་སུ་རྒྱ་རང་བས་ན། ལྷ་ན་ཅི་སྨྲ ་བརྫུན་པ་མ་ཡིན་ཏེ།། བརྒྱལ་བུས་སྦྱིན་པ་བྱིན་མཛད་ན་བདག་ཅག་གི་ཡིད་དང་འཀལ་བར་མཛད་དམ། བདག་ཅག་ནི་རྒྱལ་བུ་ལས་མྱེ་ཏོག་པད་མོའི་སྟེང་ནས་འགྲོ་བ། བལ་གྱི་གླང་པོ་ཆེ་དེ་སློང་དུ་འོངས་ཞེས་སྨྲས་པ་དང་། རྒྱལ། ་བུས་དེ་དག་བལ་ཀླང་གི་ལྷས་སུ་ཁྲིད་དེ། བལ་ལང་གཞན་ཞིག་བྱིན་ནོ།། བྲམ་ཟེ་བརྒྱད་པོས་སྨྲས་པ། བདག་ཅག་ནི་པད་མོའི་སྟེང་ནས་འགྲོ་བའི་བལ་གྱི་ཀླང་ཀྱི་གླང་པོ་ཆེ་སུ་ཏ་ཡ་ན་འདོད་དོ།། རྒྱལ་བུས་སྤྲས་པ། བ་ལང་གཽ་གླང་པོ ་ཆེ་འདི་ནི། བདག་གི་ཡབ་རྒྱལ་པོ་ལ་གཅེས་ཤིང་ཀ་ནང་བ་ཡིན་ཏེ། བ་ལང་འདི་དང་བདག་ཏུ་ཐ་མྱི་དད་པར་དགོངས་པས།། ཁྱེད་ལ་སྦྱིན་དུ་མྱི་རུང་ངོ་།། གལ་ཏེ་བདག་ཀྱིས་ཁྱེད་ལ་བྱིན་ལ། རྒྱལ་པོའི་དགོངས་པ་དང་འགལ་བས ་གལ་ཏེ་བལ་གྱི་གླང་པོ་འདིའི་རྐྱེན་ཀྱིས་བདག་ནི་ཡུལ་འདི་ནས་བསྐོད་པར་འགྱུར་རོ།། ཞེས་སྨྲས་ནས་རྒྱལ་བུ་ཡང་འདི་སྙམ་དུ་བསམས་སོ།། བདག་སྔོན་ཡི་དམ་བཅས་པས་ན། ཕ་རོལ་པོ་ཅི་སློང་ཡང་ཡི་དེ་དང་མྱི་འགལ ་བར་བྱའོ་ཞེས་དམ་བཅས་ནས། བདག་གི་སྔར་བསམས་པ་ལས་བཟློག་སྟེ། སྦྱིན་པ་དེ་མ་བྱིན་ན། ཇི་ལྟར་ཡང་བླ་ན་མྱེད་པ་མཉམ།། སྙོམས་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་རྫོགས་པར་འགྱུར།། གལ་ཏེ ་སྦྱིན་པ་བྱིན་པ་ན། བླ་ན་མྱེད་པ་མཉམ་སྙོམས་པའི་སྦྱིན་པ་སེམ་སུ་འགྱུར་རོ།། སྙམ་བསམས་ནས། རྒྱལ་བུས་འདི་སྐད་ཅེས་སྨྲ་ས་སོ།། ཤི་ནད་ཏུ་དགའ་སྟེ། དེ་བཞིན་དུ་སྦྱིན་པར་བྱའོ་ཞེས་སྨྲས་ནས ་དྲུང་ན་འདུག་པའི་གཡོག་ལ་བལ་གྱི་གླང་པོ་ཆེ་ལ་གསེར་རྡུལ་གྱི་སྒྲ་བསྟད་དེ། མྱུར་ཏུ་ཟིང་དེ་ཤོག་ཤིག་ཅེས་བསྒོ་བ་དང་། བ་ལང་ཞིང་དེ་འོངས་ནས་རྒྱལ་བུས་ལག་པ་གཡོན་པས་ནི་ཆུའི་སྣོད་ཐོགས་ཏེ། བྲམ་ཟེའི་ལག་པ་བཀྲུས ་ལ་ཀ་ལ་གཡས་པས་ནི་བ་ལང་གི་སྡེ་ཐག་ནས་བཟུང་སྟེ། བྲམ་ཟེ་བརྒྱད་པོ་ལ་བྱིན་པ་དང་། བྲམ་ཟེ་བརྐྱང་པོས་རྒྱལ་བུ་ལ་སྨོན་ལམ་བཏབ་པོ།། སྤོད་ལམ་བཏབ་མ་ཐག་ཏུ་བལ་གྱི་གླང་པོ་ཆེ་ལ་སྦུབས་ཏེ་དགའ་ཞིང་དོང་ངོ་།། ་དེ་ནས་རྒྱལ་བུས་བྲམ་ཟེ་དག་ལ་ཡང་འདི་སྐད་བསྒོའོ།། ཁྱེད་མྱུ་ར་ཏུ་འགྱོགས་པར་སོང་ཤིག། རྒལ་ཏེ་ཡབ་རྒྱལ་པོས་གསན་ན་སྙེགས་མ་བཏང་སྟེ། འཕྲོག་ཏུ་འོང་ངོ་ཞེས་བསྒོ་བ་དང་། དེའི་ཚེ་བྲམ་ཟེ་དེ་དག་ཀྱིས་དེ་མ་ཐག་ཏུ ་འགྱོགས་སུ་དོང་ངོ་།། བློན་པོ་རྣམས་ཀྱིས་རྒྱལ་བུས་བལ་གྱི་གླང་པོ་དགྲ་ཟླ་ལ་བྱིན་ནོ་ཞེས་ཐོས་ནས། ཐམས་ཅད་བསྒྲགས་ཏེ། ཁྲིམས་ལྔབ་དུ་ལྷུང་ནས། མྱ་ངན་གྱིས་ནོན་ཏེ། འདི་སྙམ་དུ་ཡུལ་འདི་ན། བལ་ཀླང་འདི་ལ་ལྟོས་ན། ་ད་དགྲ་ཟླ་གཞན་ལ་བྱིན་པར་གྱུར་པ་ཏོ་སྙམ་དུ་བསམས་ནས།། རྒྱལ་པོ་ཀ་ལ་བ་དེར་སོང་སྟེ་འདི་སྐད་ཅེས་གསོལ་ཏོ།། རྒྱལ་བུས་ནི་ཕྱིར་དགྲ་ཐུལ་བར་བལ་གླང་རིན་པོ་ཆེ་ཕ་རོལང་པོ་དགྲ་ལ་བྱིན་ནོ་ཞེས་གསོལ་པ་དང་། རྒྱལ་པོ ་ཡབ་ཡིད་ཡེང་པོར་གྱུར་ད་པ་ལས། བློན་པོས་ཡང་འདི་སྐད་ཅེས་གསོལ་ཏོ།། ད་ལྟར་རྒྱལ་པོ་ལ་བལ་གྱི་གླང་པོ་ཆེ་འདི་མངའ་བས། ཆབ་སྲིང་ཆེ་བ་ལགས་ཏེ། བལ་གྱི་གླང་པོ་ཆེ་དེ་ནི་བལ་ཀླུང་དྲུག་བརྒྱ་སྙེད་ཀྱི་མཐུ་སྟོབས ་དང་ལྡན་པ་ལགས་ན། རྒྱལ་བུས་དགྲ་ཟླ་ལ་སྩལ་ཏེ། དགྲ་ཟླས་འཚལ་ཏེ་བས། ཆབ་སྲིད་ཀྱང་སྟོར་དུ་མཆིན། ཇི་ལྟར་འཆད་པར་རིགས། འདི་རྒྱལ་བུ་ས་རང་སྙམ་དུ་སྦྱིན་པ་བྱིན་པས་བང་མཛོད་ཀྱང་སྟོངས་ཤིང་། ཡུལ་གྱི ་སྲིད་དང་། བཙུན་མོ་དང་། སྲས་ཀྱི་བར་དུ་སྦྱིན་པ་བགྱིད་དོགས་སོ།། ཞེས་གསོལ་པ་དང་། རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས།། ལྷག་པར་མྱི་དགའ་བར་གྱུར་ཏེ། བློན་པོ་གཞན་ཞིག་བོས་ནས། བློན་པོ། ་དེ་ལ་རྒྱལ་བུས་བལ་གྱི་གླང་པོ་ཆེ་དགྲ་ཟླ་ལ་བྱིན་པ་བདེན་ནམ། ཞེས་དྲིས་པ་དང་། བློན་པོ་དེས་ཀྱང་བྱིན་པ་བདེན་ནོ་ཞེས་གསོལ་པ་དང་།། རྒྱལ་པོས་དེ་སྐད་སྨྲས་པ་ཐོས་མ་ཐག་ཏུ།། ཆེར་སྔངས་ནས ་ཀདན་ཁྲི་ལས་ལྷུང་སྟེ། མྱ་དྲན་པར་རྒྱལ་བར་གྱུ་རད་པ་ལས། ཆུས་གཏོར་ནས་རིང་ཞིག་ལོན་པ་དང་། ཕྱིར་སངས་པར་གྱུར་པ། བཙུན་མོ་ཉི་ཁྲི་སྙེད་ཀྱང་ཐམས་ཅད་མྱ་ངན་གྱིས་ནོནད་པར་གྱུརང་ཏོ།། དེ་ནས་རྒྱལ་པོ་དང་། བློན ་པོ་རྣམས་འདུས་ནས།། ང་རྒྱལ་བུ་འདི་ཇི་ལྟར་བྱ་ཞེས་དགྲོས་པ་དང་། དེའི་ནཔར་བློན་པོ་གཅིག་ཀྱིས་ནི། བ་ལང་གྱིས་ལྷས་སུ་སོང་བ་ནི། རྐང་པ་བཅག་པའི་རིགས། བལ་ཀྲུང་བཟུང་བ་ན་ལེཀ་པ་བཅག་པའི་རིགས། མྱིག་རྒ ་བལ་གླང་ལ་ལྟས་ན། ཡང་མྱིག་དབྱུང་བའི་རིགས། ཤེས་གསོལྡ་ཁ་ཅིག་གྱིས་ནི་འགོ་བཅད་པའི་རིགས་སོ།། ཞེས་བློན་པོ་རྣམས་སོ་སོ་ནས་འགྲོས་སྟེ། གསོལ་པའི་ཚིག་རྒྱལ་པོས་ཟོས་ནས། རབ་ཏུ་མྱི་དཀའ་ཞིང ་མྱ་ངན་གིས་ནོན་ཏེ། བློན་པོ་རྣམས་ལ་འདི་སྐད་ཅེས་བསྒོའོ།། ངའི་བུ་འདི་ལེགས་པར་དོན་ལ་མོས་ཏེ། སྦྱིན་པ་ལ་དགའ་བས་ན། ཇི་ལྟར་འཐོ་འཙམ་ཞིང་གཟུང་བར་བྱ། དེའི་ནང་ན་བློན་པོ་གཅིག་གྱིས ་བློན་པོ་སྔ་མ་རྣམས་ཀྱིས་དགྲོས་པ་མྱི་རུང་ངོ་ཞེས་འཕྱས་ནས། འདི་སྐད་ཅེས་གསོལ་པ་དང་།། རྒྱལ་པོ་ལ་སྲས་གཅིག་པུ་ཞིག་མངའ་བ་ལ། རབ་ཏུ་སྟུག་ཅིང་ཀ་ཅེས་པས་རྒྱལ་བུ་རྒྱལ་འཚ་བ་ལགས་པས་དེ་ལ་མཐོ་འཚལ ་ཞིང་གཟུང་གདཀས་བྱ་བའི་སེམས་སྐྱེད་པའི་མྱི་རིགས་ཏེ། བདག་ནི་རྒྱལ་པོ་ཆེན་པོའི་སྲས་ལ་གཟུང་བའི་ཁས་དབྱེ་བར་མྱི་གསོལ་ཀཽའི། རྒྱལ་བུ་འདི་ཡུལ་འདི་ནས་ཕྱུང་སྟེ། ལོ་བཅུ་གཉིས་ཀྱི་བར་ཏུ་དགོན་པར ་སྤངས་ན་སྨ་བབ་ཅིང་ངོ་ཚ་བར་འགྱུར་རོ།། ཞེས་གསོལ་པ་དང་། རྒྱལ་པོས་ཀྱང་བློན་པོ་ཆེན་པོ་དེའི་ཚིག་མཉན་ཏེ། དེ་ནས་རྒྱལ་པོས་རྒྱལ་བུ་རྒྱལ་ཚབ་བཀུག་སྟེ། འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱིས་བལ་གྱི་ཀླ ་པོ་ཆེ་དགྲ་ཟླ་ལ་བྱིན་པ་བདེན་ནམ་ཞེས་དྲིས་པ་དང་། རྒྱལ་བུས་ཀསོ། ལད་པ། བདག་གིས་གསོལ་པ་འདོད་ཞེས་གསོལ་ཏོ།། རྒྱལ་དཔོས་སྨྲས་པ། རྒྱལ་བུ་ཁྱོད་ཅིའི་ཕྱིར་ང་ལ་མ་ཞུས་པར་ངའི་བལ ་ཀི་གླང་པོ་ཆེ་དགྲ་ལ་བྱིན་ཞེས་དྲིས་པ་དང་། རྒྱལ་བུས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། སྔར་ཡབ་རྒྱལ་པོ་དམ་བཅས་པ་ན། སྱཱ་ན་པ་ནི་བྱིན་ཡང་མྱི་འགལ་བར་མཛད་དོ།། ཞེས་གསུངས་པས ་རྒྱལ་པོ་ལ་མ་ཞུས་པ་ལགས་སོ།། རྒྱལ་པོས་སྤྲས་པ། སྔར་དམ་བཅས་པའི་ནོར་དབྱིག་དང་། རིན་པོ་ཆེ་ལ་དབང་བར་བྱས་ན། བལ་གྱི་གླང་པོ་ཆེ་ཅི་ག་ཏོགས། རྒྱལ་བུས་གསོལ་པ། དེ་དག་ཐམས་ཅད་རྒྱལ་པོ ་ལ་མངའ་བའི་དཀོར་ལགས་ན། ཅིའི་སླད་དུའདི་བཀོལ་ཏེ། མ་གཏོགས་ཞེས་གསུངས། རྒྱལ་པོས་རྒྱལ་བུ་རྒྱལ་འཚ་བ་ལ་སྨྲས་པ། ཁྱོད་རི་དན་ཏིག་ཏུ་ལོ་བཅུ་གཉིས་སྤངས་ཀྱིས། ཡུལ་འདི་ནས་མྱུ་རང་ཏུ་བྱུང་སྟེ ་སོང་ཤི་ཀ། རྒྱལ་བུས་རྒྱལ་པོ་ལ་གསོལ་པ་བདག་རྒྱལ་པོ་ཆེན་པོས་བཀའ་སྩལ་པའི་བཀའ་ནི་མྱོ་ཀེ་ཅོག་ན། ད་དུང་ཡང་ཞག་བདུན་ཞིག་སྦྱིན་པ་བགྱིས་པ་དང་། བདག་གི་བསམ་པ་རྫོགས་ནས། ཡུལ་ནས ་བྱུང་སྟེ། མམ་མས་ས་པ་། རྒྱམ་པོས་ས་། ཁྱོད་ཀྱིས་སྦྱིན་པ་མ་འོས་པར་བྱས་པས། ངའི་ཡུལ་ཀི་བང་མཛོད་ཀུན་སྟོངས་ཏེ།། ངའི་བ་ལང་རིན་པོ་ཆེ་ཡང་མྱེད་པར་བྱས་པས། ཁྱོད་སྤངས་པ་ཡིན་ཏེ། ད་ཕྱིར་འདུག ་ཅིང་ཞག་བདུན་སྦྱིན་པ་བྱིན་པ་མྱི་ཀན་གྱིས། མྱུ་རང་ཏུ་སོང་ཤིག་ཅེས་སྒོའོ།། རྒྱལ་བུས་གསོལྡ་པ། རྒྱལ་པོ་ཆེན་པོའི་བཀའ་བདག་མྱི་ཅོག་སྟེ། རྒྱལ་པོའི་བཙུན་མོ་ཉི་ཁྲོ་རྙེད་ཀྱང་རྒྱལ་པོ་གར་ན་བ་དེར་ལྷགས་ནས། རྒྱལ ་པོ་རྒྱལ་བ་ཚབ་ཞག་བདུན་ཞིག་སྦྱིན་པ་བྱིན་ཏེ། ཡུལ་ནས་འཆི་བར་གསོལ་པ་ལས། རྒྱལ་པོས་དེ་བཞིན་དུ་གནང་ངོ་།། དེ་ནས་རྒྱལ་བུ་རྒྱལ་ཚབ་ཀྱིས་སོ་སོར་བྲན་གཡོག་མངགས་ཏེ། ཕྱོགས་བཞི་ནས་ནོར་རྫས ་འདོད་པ་རྣམས་པོ་བྲང་སྐོར་འདུས་ཤི་ཀ། ནོར་རྫས་ཐམས་ཅད་ནི་རྟག་པ་དང་། བརྟན་ཏུ་རུང་བ་མ་ཡིན་ཏེ། མཐ་རང་འཇིག་ཅིང་མྱེད་པའི་ཆོས་ཅན་ནོ་ཞེས་བསྒོ་ནས། ཕྱོགས་བཞི་ནས་སློང་བ་མང་པོ་ལྷཀྲ ་པ་ལ་རྒྱལ་བུ་རྒྱལ་ཚབ་ཀྱིས། ཟས་དང་། སྐོམ་དང་། ནོར་དང་། རིན་པོ་ཆེ་རྣམས་ཞཀ་བདུན་ཀཾ་བར་དུ་ཡིད་བཞིན་དུ་བྱིན་པས། དབུལ་འཕོངས་པ་རྣམས་ལོངས་སྤྱོད་དང་། ལྡན་ཞིང་བདེ་སྐྱེད ་པར་བྱས་སོ།། དེ་ནས་རྒྱལ་བུ་རྒྱལ་ཚབ་ཀྱིས་ཆུང་མ་ལ་སྨྲས་པ། བཞིན་བཟངས་ལོངས་ལ་བདག་ཅི་ཟེར་བ་ཉོན་ཅིག་རྒྱལ་པོ་ཆེན་པོས་ནི། བདག་ལོ་བཅུ་གཉིས་ཀྱི་བར་དུ་རི་དེན་ཏིག་ཅེས་བྱ་བར་སྤང ་སོ།། ཆུང་མས་རྒྱལ་བུས་སྨྲས་པའི་ཚིག་ཐོས་ནས། ཡིད་ཅེས་སྔངས་ཏེ། ལངས་ནས་འདི་སྐད་ཅེས་སྨྲས་སོ།། རྒྱལ་བུ་ལ་ངེས་པ་ཅི་ཞིག་མཆིས་ན།། རྒྱལ་པོས་དེ་ལྟ་དེ་ལྟར་མཛད་པར་གྱུར་པ། རྒྱལ་པོས ་སྤྲས་པ། བདག་ཀྱིས་བྱིན་པ་མ་འོས་པ་ཞིག་བྱས་ཏེ། རྒྱལ་པོའི་ཡང་མཛོད་ཀྱང་སྟོངས། བལ་གླང་རིན་པོ་ཆེ་ཡང་དགྲ་པཱ་ལ་བྱིན་ཞེས་རྒྱལ་པོ་དང་བློན་པོ་རྣམས་ཁྲོས་ནས། བདག་སྤངས་པ་ཡིན་ནོ།། བཙུན་མོ་མན ་དེས་སྤྲས་པ་། རྒྱལ་པོའི་ཡུལ་དུ་ལོ་ལེགས་པ་དང་། རྒྱལ་པོ་ཆེན་པོ་དང་། བློན་པོ་དང་། འབངས་ཀྱི་བར་དུ་བདེ་སྐྱིད་པ་དང་། ལོངས་སྤྱོད་ཆེ་བར་སྨོན་ལམ་ལེགས་པར་བཏབ་ལ། བདག་ཅག་རི་ལ་རྒྱལ་བུ་འདོང་ངོ་།། རྒྱ ་བུས་སྨྲས་པ། བཞིན་བཟངས་རོ་ནཾ་འཇིགས་པའི་གནས་ཡིན་ཏེ། ཤི་ནད་ཏུ་བྱ་དཀའ་བ་བསམ་དགོས་ལ། སེང་ཀེ་དང་སྟག་ལ་སྩོགས་པ། གཅན་ཟན་མ་རུངས་པ། ཡོད་པས་རབ་ཏུ་འཇིགས་ན། ཁྱོད་ནི ་ལོངས་སྤྱོད་མྱོང་བ་ཡིན་པས། ཁྱོད་དེ་ལྟ་དག་ལ་བཟོད་དམ་ཁྱོད་ཕོ་བྲང་གྱི་ནང་ན་གོས་སུ་ཕྲ་བ་དང་། འཇམ་པ་གྱོན། གནས་སུ་ནཾ་གུར་དང་ཡོལ་བས་བསྐོར་བ་ན་འདུག། ཟས་ནི་ཙོ་ལ་དགའ་བ་བཞིན། ཞིམ་པ་དང་མངར ་བ་དང་། རི་ལ་ནི་སྟནད་ཏུ་རྩེ་འདིངས། ཟས་ནི་འབྲས་བུ་ཟ་ན། ཁྱོད་དེ་ལ་མོས་ཤིང་། དགའ་བར་ཅི་ཞིག་ཡོད། དེ་མ་ཡིན་པ་གཞན་ཡང་རླུང་དང་། ཆར་པ་དང་། འབྲུག་དང་། སེར་བ་ཆེ་ཞིང་བ་མོ་དང་། བསིལ་བས་མྱའི་སྟེ ་ཡང་ལངས་པ་ཙམ་དུ། གྲང་བའི་ཚེ་ན་ནི་གྲང་རབ། ཚ་བའི་ཚེ་ན་ནི་ཚེ་རབ། ཤིང་གི་གསེ་བ་ན་འདུག་པའི་གནས་སུ་ཡང་མྱི་རུང་ན། ས་ལ་གསེ་མ་དང་། གསེག་མ་དང་། རྡོ་བ་ཡང་མང་ཞིངཔ། སྦྲུལ་གདུག་པ་ཡང ་ཡོད་ན། ཁྱོད་དེ་ལྟ་བུ་དག་བཟོད་དམ། མན་ཏེ་སྨྲས་པ། བདག། ལ་གཉེན་ཞིང་། འཇམ་པ་དང་། གུར་དང་ཡོལ་བ་དང་། མངར་བ་དང་། ཞིམ་པ་ཅི་ཞིག་བགྱི། རྒྱལ་བུ་དང་བྲལ་ཞིང་། སོ་སོར་འཆི ་བ་དག་མྱི་བཟོད་དོ།། ནམ་དུ་ཡང་རྒྱལ་བུ་དང་མྱི་བྲལ་ཞིང་། ལྡན་ཅིག་འགྲོགས་པར་དགའོ།། རྒྱལ་པོའི་ཐོག་མར་འགྲོ་བ་ནི། དུད་པ་ཆུངས་མའི་ཐོག་མར་འགྲོ་བ་ནི། ཁྱིམ་ཟབ་ཡིན་པས་ནི་རྒྱལ ་བུ་ལ་ཡིད་བརྟན་ཏེ། སྐྱབས་སུ་མཆིའོ།། རྒྱལ་བུ་ནི་བདག་ཀྱི་ལྷ་ལགས་ཏེ། རྒྱལ་བུས་ཕྱོགས་བཞི་ནས་འདུས་པ་ལས། སྦྱིན་པ་བྱིན་པའི་ཚེ། བདག་ཀྱིས་ཀྱང་རྒྱལ་བུའི་གྲོགས་བགྱིད་པས། ང་རྒྱལ་བུ་ལམ་རི ་དུ་འགྲོ་བ་ལས་ཤལ་ཏེ་ཕ་རོལ་པོ་ཅི་སྤོང་བ་འོངས་ན། བདག་གིས་དེ་བཞིན་དུ་གྲོགས་བགྱིའོ།། རྒྱལ་བུས་སྦྱིན་པ་མཛད་ན། བདག་ཀྱི་སྲོག་ལ་བབ་ཀྱང་ཕྱིར་མྱི་ནུར་བས། ཐེ་ཙོམ་གྱི་མཛད་དུ་གསོལ།། རྒྱལ་བུས་སྨྲས་པ ་བདག་ནི་སྦྱིན་པ་ལ་དཀའ་བས། ཕ་རོལ་ཀྱི་སེམས་མྱི་ཟློག་སྟེ། ཕ་རོལ་པོས་བདག་ལ་གལ་ཏེ། བུ་འམ་ཁྱོད་ཉིད་སློང་བ་འོངས་ན་ཡང་། བདག་ཀྱིས་མྱི་གཏོང་། མྱི་ནུས་སོ།། ཇི་སྟེ་བདག་གིས་བསམས་པ། ཁྱོད་ཀྱིས་རྩེ ་བཞིན་མ་བྱས་ན་ནི། བདག་གི་དགེའ་བའི་སེམས་འཁྲུགས་པར་གྱུར་པས། འགྲོ་བའི་མྱི་རིགས་སོ།། མན་ཏེས་སྨྲས་པ། རྒྱལ་བུས་སྦྱིན་པ་མཛད་པ་ནི། འཇིག་རྟེན་གང་ན་ཡང་འདི་འདྲ་བ་མྱེད་པས། ཡིད་བཞིན་དུ་སྦྱིན་པ། ་མཛད་དུ་གསོལ། རྒྱལ་བུས་སྨྲས་པ། ཁྱོད་དེ་ལྟར་ནུས་ན་ཤིན་ཏུ་ལེགས་སོ།། ཞེས་རྒྱལ་བུ་དང་། བཙུན་མོས་སྲས་གཉིས་དང་། བཅས་སུ་འགྲོགས་ཏེ། ཡུམ་གང་ན་བ་དེར་སོང་ནས། ད་བདག་ཅག་མཚོའོ།། ཞེས ་ཕྱག་བྱས་ནས། ཡུམ་ལ་འདི་སྐད་ཅེས་གསོལ་ངོ་ཏོ།། ཡུམ་སྐབས་སྐབས་སུ་རྒྱལ་པོ་ཆེན་པོ་ལ། ཅི་ནས་ཀྱང་དྲང་པོའི་ཆོས་ཀྱིས་ཡུལ་གྱི་སྲིང་བདེ་ཞིང་འབངས་མང་པོ་སྟབས་ལས་ཀྱི་འཆད་པར་གྲོས་བདབ་པར་གསོལ་ལོ།། ་ཡུམ་གྱིས་རྒྱལ་པོ་ལ་འགྲོའོ་ཞེས་འཆི་ཕྱག་བྱས་པ་མཐོང་ནས། ལྷག་པར་མྱ་ངན་གྱིས་གདུངས་ཏེ། དྲུང་དུ་འདུག་པ་ལ་འདི་སྐད་ཅེས་སྨྲས་སོ།། ཁོ་མོའི་ལུས་འདི་ན་རྡོ་བ་ཡིན་པ་ལྟ། སྙིང་ནི་རྡོ་རྗེ་ཡིན་པར་བལྟ་སྟེ། བདག ་གྱིས་རྒྱལ་པོ་ཆེན་པོ་ཡི་འགྲོ་བྱ་བ་ལ་སྐྱོན་མ་བྱུང་ན། ད་བེ་མོ་ཀ་ཅིག། པུ་འདི་དང་བྱེ་བྲལ་ཏེ། འགྲོ་ན་ཅིའི་ཕྱིར་ཁོ་མོ་སྙིང་འདིགས་ཏེ། ཤི་བར་མ་གྱུ་རད། བུ་འདི་ཁོ་མོའི་ཁོང་པ་ན་འདུག་པ་ན། སྐྱེད་ཤིང་ཀི ་འདབ་མ་ལྟར་ཉིན་མཚན་ཆེར་སྐྱེས་ཏེ། ངསྐྱེད་རྫོགས་ནས། ཁོ་མོ་བོར་ཏེ་སོང་བས་ན། བཙུན་ཐམས་ཅད་ཀྱང་བདག་ལ་སྙིང་ཚིམ་མོ་ཞེས་བརྗོད་ལ། རྒྱལ་པོས་ཀྱང་ང་བཀུར་བར་མྱི་འགྱུར་ན། ཀལ་ཏེ་ལྔ ་རྣམས་ཀྱིས། བདག་གི་སྨོན་ལམ་བཞིན་མྱི་འགལ་བར་མཛད་ན། བདག་ཀཽ་བུ་ཕྱིར་ཡུལ་དུ་འཁོར་བར་ཤོག་ཤིག། ཅེས་སྨོན་ལས་བཏབ་པོ།། དེ་ནས་རྒྱལ་བུ་བཙུན་མོ་དང་། སྲས་གཉིས་དང་བཅས་ཏེ་ཡབ་དང་ཡུམ་དཔའ་ཚོ་ཕྱག ་བྱས་ཏེ་དོང་ངོ་།། དེའི་ཚེ་བཙུན་མོ་ཉི་ཁྲིས་ནི་སོ་སོ་ནས་མུ་ཏིག་ཆུན་པོ་རེ་རེ་བརྫངས་སོ།། བློན་པོ་ཆེན་པོ་བཞི་སྟོང་ཀྱིས་ནི། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མེ་ཏོག་པད་མོ་རེ་རེ་རྒྱལ་བུ་ལ་བརྫངས་སོ།། དེ་ནས་རྒྱལ་བུ་ཕོ་བྲང ་ནས་བྱུང་སྟེ། གྲོང་ཁྱེར་གྱི་བྱང་སྤོར་བྱི་ནང་ནས་རིན་པོ་ཆེ་སྣ་བདུན་མེ་ཏོག་དང་། དོ་ཤལ་ཡང་རིལ་གྱིས་ཕྱོགས་བཞི་ནས་འདུས་པ་ལ་མ་ལུས་པར་བྱིན་ནོ།། ཡུལ་དེ་ན་གནས་པའི་མྱི་ཞི་ཕྲག་དུ་མས། རྒྱལ་བུས་བསྐུལ། ་ཏེ། དེ་དག་འདི་སྐད་ཅེས་གཏམ་དུ་བརྗོད་དོ།། རྒྱལ་བུ་འདི་ནི་ཤི་ནད་ཏུ་དགེ་བ། ཡུལ་ཀི་ལྷ་མཉན་ལྟར་བུ་ཡིན་ན། ཅིའི་ཕྱིར་ཡབ་ཡུམ་གྱིས་སྲས་རིན་པོ་ཆེ་འདི་ལམ་རིངས་སུ་སྤངས་ཤེས། མཐོང ་ཐམས་ཅད་ཀྱིས་ཕངས་སོ་ཞེས་སྨྲས་སོ།། དེའི་ཚེ་རྒྱལ་བུ་གྲོང་ཁྱེར་གི་ཕྱི་རོལ་ཏུ། བསྐྱེད་ཤིང་གི་དྲུང་དུ་འདུག་སྟེ། སྐྱེལ་བའི་རྣམས་ལ་འདི་ནས་ཕྱིར་དེངས་ཤིག་ཅེས་སྤྲོས་པའི་ཚིག་སྨྲས་པ་དང་། སྐྱེ་ལ་སྐྱེལ་བ་ཆེ་ཆུ ་ཅད་མཆི་མ་བླགས་ཏེ་ངུས་ནས་ཕྱིར་དོང་ངོ་།། དེ་ནས་རྒྱལ་བུས་བཙུན་མོ་དང་སྲས་གཉིས་ཤིང་རྟའི་ནང་དུ་གཞག་ནས། རྒྱལ་བུ་ཉིད་ཀྱིས་ཤིང་རྟའི་ཁ་ལོ་བསྐུར་ཏེ་སོང་བ་ལས་རྒྱངས་ཆང་པར་བྱིན་ཏེ། སྐྱེང་ཤིང་གི་དྲུང་ན་རལ ་ཞིང་འདུག་པ་ལས་བྲམ་ཟེ་དག་ཅིག་ལྷགས་ནས་རྒྱལ་བུ་ལས་ཤིང་རྟ་ཁྲི་དད་པའི་རྟ་བསླངས་སོ།། རྒྱལ་བུས་སོང་བ་ལ་རྟ་བྱིན་ནས། སྲས་གཉིས་ཤིང་རྟའི་སྟེང་དུ་གཞག་སྟེ། བཙུན་མོས་ནི་ཤིང་རྟའི་ཕྱི་ནས ་རྒྱལ་བུས་ནི་མདུན་དྲངས་ཏེ། རྐང་པས་ཤིང་རྟ་འདྲེན་ཅིང་སོང་བ་ལས། རིང་པོ་མ་ལོན་པར་ཡང་བྲམ་ཟེ་ཞིག་དང་ཕྲད་ནས། ཤིང་རྟ་བསླངས་པ་དང་། རྒྱལ་བུས་ཤིང་རྟ་ཡང་ཟམ་ཟེ་ལ་བྱིན་ནོ། ་དེ་ནས་སོང་བ་དང་། རིང་པོ་མ་ལོན་པར་ཡང་བྲམ་ཟེ་སློང་བ་དང་། ཕྲད་ནས་རྒྱལ་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་བདག་ཀཾས་ཁྱོད་ལ་མ་བྱིན་ན་ནི། ཆགས་ཤིང་སེར་སྣ་བྱེད་པར་འགྱུར་བ་ན། ད་ནི ་ལ་ནོར་རྫས་ཟད་དེ། ཅིའང་མྱེད་དོ་ཞེས་སྨྲས་པ། བྲམ་ཟེ་ན་རེ་ནོར་རྫས་མྱེད་ན་ལུས་ལ་གྱོན་པའི་ཀོས་དེ་པལ་བྱིན་ཅིག་ཅེས་སྨྲས་པ་དང་། རྒྱལ་བུས་ལུས་ལ་གྱོན་པའི་གོས་རིན་པོ་ཆེ་ཡང་སྤོང་བ་ལ་བྱིན་ཏེ། ཀོས་རྙི ་ཞིག་གྱོན་དེ་དོང་བ་ལས། རིང་པོ་མ་ལོན་པར་བྲམ་ཟེ་ཡང་སློང་བ་ཞིག་དང་ཕྲད་ནས། རྒྱལ་བུས་བཙུན་མོའི་ཀོས་བྱིན་ནོ།། དེ་ནས་ཡང་དོང་བ་ལས་རིང་པོ་ཡང་མ་ལོན་པར་བྲམ་ཟེ་སློང་བ་དང་ཕྲད་ནས། རྒྱལ ་སྲས་གཉིས་ཀྱི་གོས་ཀྱང་བྱིན་ནོ།། དེ་ལྟར་རྒྱལ་བུས་རྟ་དང་། ཤིང་རྟ་དང་། ནོར་རྫས་དང་། བཀོ་བའི་གོས་ཀྱི་བར་དུ་མ་ལུས་པར་ཟད་པར་བྱིན་པ་ཡང་ཐོག་མ་ནས། འགྱོད་པའི་སེམས་སྭའི་ཉག་མ་ཙམ་འམ། བ་ཨཱུ ་ཡང་མེད་དོ།། རྒྱལ་བུས་སྲས་བུ་ཁུར་དུ་ཐོགས། བཙུན་མོས་ནི་སྲས་ཡོ་བང་དུ་ཁྱེར་ནས་རྐང་པས་སོང་ཡང་རྒྱལ་བུ་དང་། བཙུན་མོ་དང་སྲས་གཉིས་ཀྱིས་བར་དུ་དཀའ་བའི་མངལ་དང་བཅས་ཏེ། རིག་ལ་བ་དེར་སོང་ངོའོ།། རིདེན་ཏིན ་ཅེས་བྱ་བར། ཡུལ་ཡ་བ་པ་ནས་ལམ་མོ་བར་དུ་རིང་ངོ་།། དཔག་ཚད་ཕྲག་སྟོང་ཞིག་ཡོད་དོ།། དེ་ལྟར་སོང་བསོང་བ་ལས། འབྲོག་དཀོན་པར་སོང་ནས། བཀྲེས་པ་དང་། སྡོམ་པས། སྡུག་བསྔལ་གྱིས་ཉེན་པ་ལས། སུམ་བཅུ ་རྩ་གསུམ་ཀ་ནམ་ཀི་ལྷ་དབང་པོས་འབྲོག་དཀོན་པ་དེར། གྲོང་ཁྱེར་ཁྱིམ་བཟང་པོ་ཚོང་འདུས་དང་། ལམ་སྲང་ཡོད་པ། རོལ་མོ་དང་། གོས་དང་། བཟའ་བ་དང་། བཏུང་བ་དང་ལྡན་པ་གྲོང་ཕྱིམ་ངེས་ནས་མྱི་དག་ཀྱིས་རྒྱལ་བུ ་བ་དག་སྤྲུལར་ཏོ།། མྱི་མང་པོས་རྒྱལ་བུ་གྲོང་ཁྱིམ་དུ་བསུས་ཏེ། ཟས་དང་སྐོམ་དང་། བདེ་བའི་ཡོ་བྱད་ཀྱིས་སྟབས་པ་དང་། བཙུན་མོས་རྒྱལ་བུ་ལ་སྨྲས་པ། ལམ་རིང་པོར་དགྲོད་པར་རབ་ཏུ་ངལ། ངཟལ་བྱུང་འདུག་ཏུ ་ཀྱི་རུང་ངམ། རྒྱལ་བུས་སྨྲས་པ། ཡབ་རྒྱལ་པོས་བདག་ཅཀ་ལ། རི་དེན་ཏིག་ཏུ་སོང་ཤིག་དང་ཅེས་བཀའ་སྩལ་ཏོ།། དེ་འདུག་པར་འ། གྱུར་བར། ཡབ་རྒྱལ་པོའི་བཀའ་དང་འཀལ་བར་འགྱུར་ཏེ། བུ་སྲ་ཤུ ་ཅན་མ་ཡིན་ནོ་ཞེས་གྲོང་ཁྱིམ་དེ་ནས་བྱུང་སྟེ། མོད་ལ་སོང་ངོ་།། དེ་ར་སོང་བ་ལས་རིང་པོ་མ་ལོན་པར་མི་དན་ཏིཀོ་ཀ་རི་དྲུང་དུ་ཕྱིནད་པ་དང་རི་དེའི་དྲུང་ན་ཆུ་ཆེན་པོ་ཤི་ནད་ཏུ་ཟབ་པ། རྒལ་བར་མྱི་ཐ་རད་པ་ཞིག་དང་ཕྲད ་དོ།། དེ་ནས་བཙུན་མོས་རྒྱལ་བུ་ལ་རེ་ཤིག་འདིར་བསྡད་དེ། ཆུ་ཆེན་པོ་བྲིས་ནས་ཞལ་ཏེ། འདོང་པོ་ཞེས་སྨྲས་པ་དང་། རྒྱལ་བུས་སྨྲས་པ། ཡབ་རྒྱལ་པོས་བདག་ཅག་ལ་རི་དན་ཏིག་ཏུ་སོང་ཤིཀ་ཅེས་བཀའ་སྩལ་པས། ད་འདིར་འདུག ་པར་གྱུར་དན། རྒྱལ་པོའི་བཀའ་དང་འཀལ་བར་བུ་སྲེ་ཞུ་ཅན་མ་ཡིན་ནོ།། ཞེས་སྨྲས་པས། རྒྱལ་བུས་དེ་མ་ཐག་ཏུ་བྱམས་པའི་སེམས་ཀྱིས་ཏིང་ངེ་འཛིནད་ཏུ་ཞུགས་པ་དང་། མོད་ལ་ཆུའི་ནང་ནས་རི་ཆེན་པོ་ཞིག་བྱུང་ནས། ཆུའི་རྒྱུན ་བཅད་དོ།། དེ་ནས་རྒྱལ་བུ་དང་བཙུན་མོའི་གོས་བརྫེས་ཏེ། ཆུ་རྒལ་ནས། ཕར་རྒལ་མ་ཐག་ཏུ་རྒྱལ་བུས་ཡང་འདི་སྙམ་དུ་བསམས་སོ།། ཐལ་བྱུང་བར་གྱུརྡ་ནས། ཆུ་འཕྱིལ་པ་འདིས་སེམས་ཅན་མང་དྱ་འཆི་སྟེ། སྲོག་སྦུར་མང་པོས་ཆུས ་ཟེར་བར་འགྱུར་རོ།། སྙམ་བསམས་ནས།། རྒྱལ་བུ་བྱིམ་རྒྱལ་བལྟས་ཏེ། འདི་སྐད་ཅེས་སྨྲས་སོ།། ཆུ་ཟོང་སྔ་འཁོ་བཞིན་ཏུ་རྒྱུན་ཏུ་འབབ་ཅིང་གས་ཏེ་བདག་འདོད་པའི་མྱི་ཞིག་འོངས་ན།། བ་རང ་བྱོས་ཤིཀ་ཅེས་སྨྲས་མ་ཐག་ཏུ་ཆུ་ཡང་སྔ་འབོ་བཞིན་དུ་འབབ་པར་གྱུརྡ་ཏོ།། དེ་ནས་སོང་བ་ལས། རི་དན་ཏིག་ཏུ་ཕྱི་ནད་ནས། རྒྱལ་བུས་རི་དེ་ལ་བལྟས་ན། རི་དེ་རང་རོང་དང་ཟད་ཟེད་དུ་འདུག་ལ། ཤིང་མང་པོ་རབ་ཏུ ་རྒྱས་ཤིང་བྱ་སྣ་ཚོགས་ཀྱང་སྒྲ་འབྱིནད། འབབ་ཆུ་དང་། ཆུ་མྱིཀ་དང་། འཚེའུ་དང་། ལྟེང་ཀར་ལྡན་ཏེ་ཆུ་ནི་མངར། འབྲས་བུ་ནི་ཞིམ། ཆུ་བྱ་དང་། ངང་དུར་དང་། འཛིན་མོ་དང་། རི་སྐྱེགས་ལས་སྩོགས་པ་བྱ་རྣམ་པ ་ཚོགས་ཀྱང་གནས་པ་མཐོང་ནས་རྒྱལ་བུས་བཙུན་མོ་ལ་ཡང་འདི་སྐད་ཅེས་སྨྲས་སོ།། རི་དེ་ལ་བལྟས་ན་ནི་ཤིང་དང་འཚལ་དང་གནམ་ལ་རེག་པ་ཙམ་དུ་སྐྱེས་ན་ཡང་། རྔས་པ་འམ་བཅད་པ་མྱེད་པས ་ཆུ་མྱིག་ཞིམ་པ་ལ་འཐུང་ཞིང་། འབྲས་བུ་མངར་བ་ཟ་སྟེ། རྀ་འོདྀ། ལ་སྒོམ་པ་དག་ཡོད་པས་འདིར་གནས་པར་བྱའོ།། རྒྱལ་བུ་རི། དེ་ལ་ཕྱིནད་པའི་འདབ་ཆགས་བྱ་དང་། ཀཅན་ཟན་རི་དྭགས་ཐམས་ཅད་ར ་ཏུ་དཀའ་ནས།། རྒྱལ་བུས་བསུས་སོ།། དེའི་ཚེ་རྀ་དེ་ལ་སྐོམ་པོའི་དགེ་སློང་ཨ་ཙུ་ཏ་ཞེས་བྱ་བ་ལོ་བརྒྱ་ལོན་པ་ཡོན་ཏན་མཆོག་དང་ལྡན་པ་ཞིག་གནས་ཏེ། རྒྱལ་བུ་དེའི་དྲུང་དུ་སོང་ནས། ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ ་འདུག་ནས། འདི་སྐད་ཅེས་སྨྲས་སོ།། རི་འདི་ལ་གང་ཕྱོགས་ན་འབྲས་བུ་དང་། ཆུ་མྱིག་བཟང་པོར་ལྡན་པ་གནས་སུ་རུང་བ་མི་ཡོད་ཅེས་དྲིས་པ་དང་། ཨ་ཙུ་ཏས་སྨྲས་པ། རི་འདི་ཐམས་ཅད་དུ་བསོད་ནམས་དང་ལྡན་པའི་ས་པ ་ཡིན་པས། གང་ན་གནས་ཀྱང་རུང་སྟེ། རི་འདི་ནི་ཤི་ནད་ཏུ་བདེ་བའི་གནས་གཙང་མ་ཡིན་པས་ན། ཅེ་རྒྱལ་བུ་ཁྱོད་ཆུང་མ་དང་བཅས་ཏེ། ཆོས་སློང་དུ་འོངས་སམ། དེ་ལ་རྒྱལ་བུས་སྨྲ་མ་ཁོམ་པར། བཙུན་མོ་མན་ཏེས་སྨྲས ་དགེ་སློང་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་རི་ལ་ལམ་བསྒོམས་ནས། ཇི་སྲིད་ཅིག་ལོན་དགེ་སློང་ཀྱིས་སྨྲས་པ། རི་འདིར་ཕྱི་ནད་ནིས། ལོ་བཞི་བརྒྱ་འམ། ལྔ་བརྒྱ་ལོན་ནོ།། བཙུམ་མོ་མན་ཏེས་སྨྲས་པ། ད་རུང་བ་དག ་ཡང་མེད་དོ།། རྒྱལ་བུས་སྲས་བུ་ཁུར་དུ་ཐོགས། བཙུན་མོས་ནི་སྲས་མོ་པང་དུ་ཁྱེར་ནས་རྐབ་པས་སོང་ཡང་རྒྱལ་བུ་དང་། བཙུན་མོ་དང་བྲས་གཉིས་ཀྱིས་བར་དུ་དཀའ་བའི་མངལ་དང་བཅས་ཏེ། རིག་ལ་བ་དེར་སོང་ངོ་།། རི་དེན་ཏིན ་ཅེས་བྱ་བར། ཡུལ་ཡ་བ་པ་ནས་ལམ་སོ་བར་དུ་རིང་ངོ་པོ།། དཔག་ཚད་ཕྲག་སྟོང་ཞིག་ཡོད་དོ།། དེ་ལྟར་སོང་བ་སོང་བ་ལས། འབྲོག་དཀོན་པར་སོང་ནས། བཀྲེས་པ་དང་། སྐོམ་པས། སྡུག་བསྔལ་གྱིས་ཉེན་པ་ལས། སུམ་བཅུ ་རྩ་གསུམ་ཀ་ནམ་ཀི་ལྷ་དབང་པོས་འབྲོག་དཀོན་པ་དེར། གྲོང་ཟེར་ཁྱིམ་བཟང་པོ་ཚོང་འདུས་དང་། ལམ་སྲང་ཡོད་པ། རོལ་མོ་དང་། གོས་དང་། བཟའ་བ་དང་། བཏུང་བ་དང་ལྡན་པ་ཀྲོང་ཕྱིམ་རེས་ནས་མྱི་དག་ཀྱིས་རྒྱལ་བུ་བ ་བ་དག་སྤྲུལ་ཏོ།། མྱི་མང་པོས་རྒྱལ་བུ་གྲོ་ཁྱིམ་དུ་བསུས་ཏེ། ཟས་དང་སྐོམ་དང་། བདེ་བའི་ཡོ་བྱད་ཀྱིས་སྟབས་པ་དང་། བཙུན་མོས་རྒྱལ་བུ་ལ་སྨྲས་པ། ལམ་རིང་པོར་དགྲོད་པར་རབ་ཏུ་ངལ། ངཐལ་བྱུང་འདུག་ཏུ ་ཀྱི་རུང་ངམ། རྒྱལ་བུས་སྨྲས་པ། ཡབ་རྒྱལ་པོས་བདག་ཅཀ་ལ། རི་དེན་ཏིག་ཏུ་སོང་ཤིག་དང་ཅེས་བཀའ་སྩལ་པ་ཏོ།། འདུག་པར་ལ། གྱུར་པར། ཡབ་རྒྱལ་པོའི་བཀའ་དང་འགལ་བར་འགྱུར་ཏེ། བུ་སྲ་ཤུ ་ཅན་མ་ཡིན་ནོ་ཞེས་གྲོང་ཁྱིམ་དེ་ནས་བྱུང་སྟེ། མོད་ལ་སོང་ངོ་།། དེ་ར་སོང་བ་ལས་རིང་པོ་མ་ལོན་པར་མི་དན་ཏིཀ་ཀ་རི་དྲུང་དུ་ཕྱིནད་པ་དང་། རི་དེའི་དྲུང་ན་ཆུ་ཆེན་པོ་ཤི་ནད་ཏུ་ཟབ་པ། རྒལ་བར་མྱི་ཐ་རད་པ་ཞིག་དང་ཕྲད ་དོ།། དེ་ནས་བཙུན་མོས་རྒྱལ་བུ་ལ་རེ་ཤིག་འདིར་བསྡད་དེ། ཆུ་ཆེན་པོ་བྲིས་ནས་རྒལ་ཏེ། འདོང་པོ་ཞེས་སྨྲས་པ་དང་། རྒྱལ་བུས་སྨྲས་པ། ཡབ་རྒྱལ་པོས་བདག་ཅག་ལ་རི་དན་ཏིག་ཏུ་སོང་ཤིག་ཅེས་བཀའ་སྩལ་ད་པས། ད་འདིར་འདུག ་པར་གྱུར་ད་ན། རྒྱལ་པོའི་བཀའ་དངའགལ་བར་བུ་སྲེ་ཞུ་ཅན་མ་ཡིན་ནོ།། ཞེས་སྨྲས་པས། རྒྱལ་བུས་དེ་མ་ཐག་ཏུ་བྱམས་པའི་སེམས་ཀྱིས་ཏིང་ངེ་འཛིནད་ཏུ་ཞུགས་པ་དང་། མོད་ལ་ཆུའི་ནང་ནས་རི་ཆེན་པོ་ཞིག་བྱུང་ནས། ཆུའི་རྒྱུན ་བཅད་དོ།། དེ་ནས་རྒྱལ་བུ་དང་བཙུན་མོའི་གོས་བརྫེས་ཏེ། ཆུ་རྒལ་ནས། ཕར་རྒལ་མ་ཐག་ཏུ་རྒྱལ་བུས་ཡང་འདི་སྙམ་དུ་བསམས་སོ།། ཐལ་བྱུང་བར་གྱུར་ནས། ཆུ་འཁྱིལ་པ་འདིས་སེམས་ཅན་མང་དྱ་འཆི་སྟེ། སྲོག་སྦུར་མང་པོས་ཆུས ་ཟེར་བར་འགྱུར་རོ།། སྙམ་བསམས་ནས།། རྒྱལ་བུ་ཁྱིམ་ཚུལ་བལྟས་ཏེ། འདི་སྐད་ཅེས་སྨྲས་སོ།། ཆུ་ཟོང་སྔ་འཁོ་བཞིན་དུ་རྒྱན་ཏུ་འབབ་ཅིང་གས་ཏེ་བདག་འདོད་པའི་མྱི་ཞིག་འོངས་ན།། ཐ་རང ་བྱོས་ཤིཀ་ཅེས་སྨྲས་མ་ཐག་ཏུ་ཆུ་ཡང་སྔ་འབོ་བཞིན་དུ་འབབ་པར་གྱུརྡ་ཏོ།། དེ་ནས་སོང་བ་ལས། རི་དན་ཏིག་ཏུ་ཕྱི་ནང་ནས། རྒྱལ་བུས་རི་དེ་ལ་བལྟས་ན། རི་དེ་རང་རོང་དང་ཟད་ཟེད་དུ་འདུག་ལ། ཤིང་མང་པོ་རབས ་རྒྱས་ཤིང་བྱ་སྣ་ཚོགས་ཀྱང་སྒྲ་འབྱིནད། འབབ་ཆུ་དང་། ཆུ་མྱིཀ་དང་། འཚེ་འུ་དང་། ལྟེང་ཀར་ལྡན་ཏེ་ཆུ་ནི་མངར། འབྲས་བུ་ནི་ཞིམ། ཆུ་བྱ་དང་། ངང་དུར་དང་། འཛིན་མོ་དང་། རི་སྐྱེགས་ལས་སྩོགས་པ་བྱ་རྣམ་པ ་ཚོགས་ཀྱང་གནས་པ་མཐོང་ནས་རྒྱལ་བུས་བཙུན་མོ་ལ་ཡང་འདི་སྐད་ཅེས་སྨྲས་སོ།། རི་དེ་ལ་བལྟས་ན་ནི་ཤིང་དང་འཚལ་དང་ཀ་ནམ་ལ་རེག་པ་ཙམ་དུ་སྐྱེས་ན་ཡང་། རྔས་པ་འམ་བཅད་པ་མྱེད་པ ་རྒྱ་མྱིཀ་ཞིམ་པ་ལ་འཐུང་ཞིང་། འབྲས་བུ་མངར་པ་ཟ་སྟེ། རྀ་འོདྀ། ལ་སྒོམ་པ་དག་ཡོད་པས་འདིར་གནས་པར་བྱའོ།། རྒྱལ་བུ་རི། དེ་ལ་ཕྱིནད་པའི་འདབ་ཆགས་བྱ་དང་། ཀཅན་ཟན་རི་དགས་ཐམས་ཅད ་ཏུ་དཀའ་ནས།། རྒྱལ་བུས་བསུས་སོ།། དེའི་ཚེ་རི་དེ་ལ་སྐོམ་པོའི་དགེ་སློང་ཨ་ཙུ་ཏ་ཞེས་བྱ་བ་ལོ་བརྒྱ་ལོན་པ་ཡོན་ཏན་མཆོག་དང་ལྡན་པ་ཞིག་གནས་ཏེ། རྒྱལ་བུ་དེའི་དྲུང་དུ་སོང་ནས། ཕྱག་བྱས་ཏེ་ཕྱོགས་གཅིག ་འདུག་ནས། འདི་སྐད་ཅེས་སྨྲས་སོ།། རི་འདི་ལ་གང་ཕྱོགས་ན་འབྲས་བུ་དང་། ཆུ་མྱིག་བཟང་པོར་ལྡན་པ་གནས་སུ་རུང་བ་ཅི་ཡོད་ཅེས་དྲིས་པ་དང་། ཨ་ཙུ་ཏས་སྨྲས་པ།། རི་འདི་ཐམས་ཅད་དུ་བསོད་ནམས་དང་ལྡན་པའི་ས་པ ་ཡིན་པས། གང་ན་གནས་ཀྱང་རུང་སྟེ། རི་འདི་ནི་ཤི་ནད་ཏུ་བདེ་བའི་གནས་གཙང་མ་ཡིན་པས་ན། ཅེ་རྒྱལ་བུ་ཁྱོད་ཆུང་མ་དང་བཅས་ཏེ། ཆོས་སློང་དུ་འོངས་སམ། དེ་ལ་རྒྱལ་བུས་སྨྲ་མ་ཁོམ་པར། བཙུན་མོ་མན་ཏེས་སྨྲས ་དགེ་སློང་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་རི་ལ་ལམ་བསྒོམས་ནས། ཇི་སྲིད་ཅིག་ལོན་དགེ་སློང་ཀྱིས་སྨྲས་པ། རི་འདིར་ཕྱིན་ད་ནིས། ལོ་བཞི་བརྒྱའམ། ལྔ་བརྒྱ་ལོན་ནོ།། བཙུམ་མོ་མན་ཏེས་སྨྲས་པ། ད་རུང་བ་དག ་བདག་ཀྱིར་འཛིན་ན། ནམ་ཞིག་ལམ་ཐོབ་པར་འགྱུར། དེ་སྲིད་དུ་རི་ལ་གནས་ཀྱང་། དོ་ཤིང་དང་ཐ་མྱི་དད་དེ། བདག་དང་བདག་གྱིར་མྱི་འཛིན་ན།། གདོན་ལམ་ཐོབ་པར་འགྱུར་ཞེའོ།། ། དགེ་སློང་གྱིས་སྨྲས་པ། @ ་གིས་ཡང་དག་པར་དོན་དེ་ལྟ་བུ་མྱི་ཤེས་སོ།། དེ་ནས་རྒྱལ་བུས་དགེ་སློང་ལ་སྨྲས་པ། བཙུན་པ་ཡུལ་ཡབ་པའི་རྒྱལ་པོ་རྒྱལ་ཚབ་དོན་གྲུབ་ཅེས་བྱ་བ་ཐོས་སམ། དགེ་སློང་གྱིས་སྨྲས་པ། བདག་གིས་རྒྱུནད་ཏུ་ཐོས་ཀྱིས ་བ་ནི། མ་ཡིན་ནོ།། རྒྱལ་པོས་སྨྲས་སོ།། བདག་ནི་རྒྱལ་བུ་རྒྱལ་ཚབ་དོན་འགྲུབ་ཅེས་བྱ་བ་ཡིན་ནོ།། དགེ་སློང་ཀྱིས་ཁྱོད་ཀར་འགྲོ་མི་འདོད་ཅེས་དྲིས་སོ།། རྒྱལ་བུས་སྨྲས་པ། བདག་ནི་ཐེག་པ་ཆེན་པོའི་ལམ་འདོད་དོ་ཞེས ་སྨྲས་སོ།། དགེ་སློང་ཀྱིས་སྨྲས་པ། རྒྱལ་བུའི་ཡོན་ཏན་དང་སྦྱར་ན། རིང་པོ་མྱ་བོགས་པར་ཐེག་པ་ཆེན་པོ་ཐོབ་པར་འགྱུར་རོ།། རྒྱལ་བུས་བླ་ན་མྱེད་པའི་བྱང་ཆུབ་མངོན་པར་སངས་རྒྱས་པ་ན། བདག་ནི་ཉེ་གནས ་འཕྲུལ་གྱི་མཆོག་ཏུ་གྱུར་ད་ཅིག་ཅེས་སྨྲས་སོ།། རྒྱལ་བུ་ཁྲིད་དེ་འདུ་ཀ་པའི་གནས་སྟེ་ནང་ངོ་ཏོ།། དེ་ནས་དགེ་སློང་གྱིས་ཆོས་བཞིན་དུ་རྒྱལ་བུའི་སྒྲ་བསླས་ནས། མདུད་པ་བོར་ནས། ཟས་སུ་ནི་ཤིང་གི་འབྲས ་ཤིདེ་ཏོག་ཟ་བ། སྐོམ་དུ་ནི་ཆུ་མྱིག་འཡུང་བ།། དེ་ནས་རྒྱལ་བུས་ཤིང་དང་རྩ་བསྡུས་ཏེ། བདག་འདུག་པའི་རྩའི་སྤྱིལ་པོ་ཆུ་དུ་མ་གཅིག་བྱས། བཙུན་མོ་མན་ཏེ་བུ་མྱིང་སྲིང་གཉིས་འདུག་པའི་སྤྱིལ་པོ་རེ་རེ་བྱས་སོ།། དེའི་ཚེ ་མྱིང་ནི་ཡ་རི་ཞེས་བྱ་སྟེ། ལོ་བདུན་ལོན་པ་ལས། གོས་རང་གོནད་ཏེ། པ་ཕྱེ་བཞིན་དུ་འགྲོའོ།། བུ་མོའི་མྱོང་ནི་གིན་མོ་ཞེན་ཞེས་བྱའོ།། ལོ་དྲུག་ལོན་པ་ནས། རི་དགས་ཀྱི་བཀས་པ་གྱོན་ཅིང་། མའི་ཕྱི་བཞིན་འགྲོའོ།། དེ་རི ་ལ་གནས་པོའི་གཅན་ཟན་དང་། རི་དགས་དང་། འདབ་ཆགས་བྱ་ལ་སྩོགས་པ་ཐམས་ཅད་ཀྱང་རཔྲ་ཏྱ་དགའ་ནས། རྒྱལ་བུ་ལ་བརྟེན་ཅིང་གནས་སོ།། རྒྱལ་བུ་རྀ་དེ་ལ་ཕྱིནད་ནས། ལོ་གཅིག་ལོན་པ་དང་། སྔོན་སྐམས་པའི་ཆུ་རྱ ་དང་། རྫིང་དང་། ཆུས་གང་བར་གྱུར་པ། སྐྱེད་ཤིང་སྐམས་པ་རྣམས་ཀྱང་ཐམས་ཅད་མྱེ་ཏོག་དང་། འདས་མ་སྐྱེས་པར་གྱུར་ད་ཏེ། སྲིན་བུའི་ཚོགས་རྣམས་ཀྱང་མྱེད་པར་གྱུར་ད་ན། གཅན་ཟན་གཅིག་ལ་གཅིག་ཟ་བར་ཡང་སོ་སོ་ནས ་ལ་ཟ་བར་གྱུར་ཏོ། འབྲས་བུའི་ཞིང་རྣམས་ཀྱང་རྒྱས་ཤིང་། བཟང་པོར་གྱུར་པ། བྱ་སྣ་ཚོགས་སྙིང་རྗེའི་སྐད་སྙན་པ་སྙན་པ་འབྱིནད་པར་གྱུར་ཏོ།། བཙུན་མོ་མན་ཏེས་ནི་ཤིང་གི་འབྲས་བུ་དང་། ཤིང་ཏོ། ་ར་འིང་རྒྱལ་བུ་ལ་ཕུལ། སྲས་མྱིང་སྲིང་གཉིས་ཀྱང་སྟོད་དོ།། སྲས་བུ་མྱིང་སྲིང་གཉིས་ནི་སྐབས་སྐབས་སུ་པ་མ་གཉིས་དང་བྲལ་ལ། སཅང་ཡང་གྱི་རིང་བའི་ཆུ་རྩིག་འགྲམ་དག་ཏུ་གཅན་ཟན་ནམ། རི་དགས་དང་། ་ཅིག་སྟེ་བཀའ་འགའ་ནི་ཞག་ཏུ་ལོན་པར་ཡང་ཆེའོ།། བྱིས་དུས་གཞན་ཞིག་ན། སྲས་ཁྱེའུ་ཡ་རི་སེང་གེ་ལ་ཞོན་པ་ལས། སེང་གེ་རྒལ་ནས། རྔབ་ཅིང་སྣུན་པས་སྲས་བུའི་གདོང་པ་ཆུང་ཟད་སྐད་དེ་ཁྲག་བྱུང་བ་ལས། སྨེ ་ཞིག་ཀིས་ཤིང་ཀྱི་ལོ་མ་བླངས་ཏེ་གདོང་ཀི་ཕྲཀ་ཕྱིས་ནས་ཆུ་འགྲམ་དུ་ཁྲིད་དེ། ཁྲག་དཀྲུས་པ་ཡང་རྒྱལ་བུས་རྐྱང་མ་ནས་མཐོང་ངོ་།། དེའི་ཚེ་ཡུལ་ཀེའུ་ལེའུ་ཞེས་བྱ་བར། བྲམ་ཟེ་དབུལ་པོ་ཞིག་ལོ་བཅུ་ལོན་ནས ་ཆུང་མ་བླངས་སོ།། ཆུང་མ་ནི་རབ་ཏུ་བཟང་ཞིང་སྟུག་ལ། བྲམ། ཟེ་དེ་ནི་རབ་ཏུ་མྱི་སྡུག་པའི་མཚན་བརྒྱ་གཉིས་རྫོགས་པར་ཡོད་དེ།། དེའི་ལུས་མདོག་སོལ་བ་ལྟར་གནག་པ། གདོང་ལ་འབུར་འབུར་པོ ་གསུམ་ཡོད་པས། སྣ་འཁོར་ཞིང་མྱིག་གཉིས་ཤེལ་ལྟར་བསྔོ་བ་གདོང་ཀཉེར་མ་ཅན་ལ་མ་མཆུ་འཕྱང་བ། སྨྲ་བའི་སྐད་མི་སྙན་པ། ཀ་སུས་པ་ཆེ་བ། རྐུབ་འབུར་བ། རྐང་པ་གཉིས་གྱོལ་བ། འགོ་ཤུ་བ ་ཅན་ལ་སཱ་མྱེད་པ། འདྲེ་ལྟར་གྱི་སྡུག་པ་ཞིག་སྟེ། ཆུང་མས་ཀྱང་མཐོང་གྱི་འདོད་པ་ཙམ། ཤི་འང་ཟླ་ཞེས་རྒྱུ་ནང་ཏུ་དམོང་བ་བྱེད་པ་ཞིག་ཡོད་དོ།། དུས་གཞན་ཞིག་ན། ཆུང་མ་དེ་ཆུ་ཆུ་མ་སོང་སོང་བ་ལས་ལམ་དུ་ཀྱོག་ཀཱ ་ནུ་མ་དག་གཅིག་དང་ཕྲད་ནས། བྱོ་ཀ་རྣམས་ཀྱིས་ཁྱི་མ་ཐབ་གི་གཟུགས་འདི་འདྲའོ་ཞེས་ཅོ་འབྲོང་ཞིང་བརྐད་ནས། ཁྱེད་ནི་དཔེའ་ཟླ་མྱེད་པར་བཟང་ཞིང་སྡུག་ན། འདི་ལྟར་འདི་འདྲ་བའི་ཆུང་མ་བྱེད་ནུས་ཤེས་སྨྲས་ནས། ཆུབ ་པས་ཁྱོ་ག་དེ་དག་ལ། འདི་སྐད་ཅེས་སྨྲས་སོ།། རྐན་པོའི་འཀོ་ནི་ཤོང་ལ་བ་མོ་ཆགས་པ་ལྟར་སྐྱབ་སྟེ། ནང་ནུབ་ཏུ་ཤི་བར་དཀའ་ན། ཤི་རེ་མྱི་བཏུབ་ཅིང་ཇི་ལྟར་བྱ། དེ་ནས་ཆུ་སྡོད་ཐོགས་ནས། ཕྱིར་ཁྱིམ་དུ་འོངས་ཏེ། ་ཁྱིམ་ཟ་བ་ལ་འདི་སྐད་ཅེས་སྨྲས་སོ།། བདག་ཆུ་ཆུར་སོང་སོང་བ་ལས། ལམ་དུ་ཁྱོ་ཀ་གཞོན་ནུ་དག་གཅིག་དང་ཕྲད་དེ།། དེ་དག་བདག་ལ་མོ་འབྲོང་ཞིང་རྐང་པས། ད་ཁྱོད་ཀྱིས་བཀོལ་བའི་བྲན་ཁོལ་ཡོད་ན། ཆུ་ཆུ་ཡང་མྱི་དགོས ་ཏེ། གཞན་གྱིས་དཔྱས་པར་ཡང་འགྱུར་རོ།། ཁྱིམ་ཐབ་ཀྱིས་སྨྲས་པ། བདག་ཅག་ནི་ཤོ་ནེད་ཏུ་ཡང་དབུལ་འཕོངས་པ་ཡིན་ན། བྲན་ཕོལ་ཀ་ལས་རྙེད་པར་འགྱུར།། ཆུང་མས་སྨྲས་པ། གལ་ཏེ་བདག་གི་ཕྱིར་བྲན་ཁོལ་མ ་མཙལ་ན། བདག་ཀྱང་འགྲོ་སྟེ། ཁྱོད་དང་ལྷན་གཅིག་མྱི་གནས་སོ་ཞེས་ཆུང་མས་ཀྱང་། འདི་ཅེས་སྨྲས་སོ།། ཐེ་མོས་ཟོས་ན་རྒྱལ་བུ་དོན་གྲུབ་སྦྱིན་པ་མ་འོངས་པར་བྱི་ནང་ནས། ཡབ་རྒྱལ་པོས་རི་དེན་ཏིག་ཅེས་བྱ་བར ་སྤངས་ཏེ། རྒྱལ་བུ་དེ་ལ་ཤུ་བྱེའུ་གཅིག་དང་བུ་མོ་ཁྱོད་ཡོད་ཅེས་གྲག་ཀྱིས། ཁྱོད་དེར་སློང་ཏུ་སོང་ཤིག། ཁྱིམ་ཐབ་ཀྱིས་སྨྲས་པ། རི་ངན་ཏིག་ཅེས་བྱ་བ་འདི་ནས་དཔག་ཚད་དྲུག་སྟོང་ལྷག་ཙམ་གཅིག་གི་ལམ་སེ་ཡོད ་ལ། སྔོན་ལ་ལུང་དགྲོད་ཀྱང་མ་མྱོང་ན། ད་ཇི་ལྟར་དགྲོད་པར་བྱ། ཆུང་མས་སྨྲས་པ། བདག་ཀི་ཕྱིར་བྲན་ཁོལ་མ་བཙལ་ན། བདཀ་འགེགས་ཏེ་འཆིའོ་ཞེས་སྨྲས་པ་དང་། ཁྱིམ་ཟབ་ཀྱིས་སྨྲས་པ། གཉི ་ན་ཁོ་མོ་ནི་གཅིག་ཀྱིས་ཀསད་ཀྱང་བྱའོ།། ཁྱོད་ཞི་བར་མྱི་འདོད་དོ། ཞེས་སྨྲས་ནས། ཁྱོད་ཀྱིས་བདག་སློང་དུ་འགྲོ་བར་དད་ན། ཁྱོབ་འི་རྒྱགས་ཀྱང་། དགོས་པ་སྦྱོར་ཅིག་ཅེས་བསྒོའོ།། ཆུང་མས་སྨྲས་པ། ་ད་སོང་ཤིག་རྒྱགས་དང་། དགོས་པ་ཡང་མྱེད་དོ།། ཞེས་སྨྲས་ནས་བྲམ་ཟེས་རྒྱགས་རང་ཁྱེར་ནས། རྐང་པས་ལམ་དུ་ཞུགས་ཏེ་དོང་ངོ་།། དེ་ནས་བྲམ་ཟེ་ཡུལ་ཡ་བ་ཞེས་བྱ་བ་མ་དེར་སོང་སྟེ་དེར་ཕྱི་ནད་པ་དང་རྒྱལ་པོའི ་པོ་བྲང་སྒོར་འོངས་ནས། སྒོ་སྲུངས་ལ་རྒྱལ་བུ་དོན་གྲུབ་ད་ལྟར་ཀ་ལས་འདུག་ཅེས་དྲིས་པ་དང་། སྒོ་སྲུང་དེ་ཕོ་བྲང་གི་ནང་དུ་སོང་ནས་རྒྱལ་པོ་ལ་ད་ལྟར་ཕྱི་རོལ་ན། བྲམ་ཟེ་ཞིག་རྒྱལ་བུ་དོན་གྲུབ་ཀ་རེ་ཞེས་དྲིས། རྒྱལ་པོས ་རྒྱལ་བུ་ཀ་རེ་ཞེས་སྨྲས་པོའི་ཚིག་ཐོས་པ་ཙམ་གྱིས་སེམས་འབྲུག་ཅིང་འཐུས་ནས། འདི་སྙམ་དུ་འདི་འདྲ་བ་ཤེ་དག་གི་ཕྱི་མངའི་སྲས་སྤངས་པར་གྱུར་ད་ན། ད་ཡང་སློང་དུ་འོང་སྙམ་བསམས་ནས། དཔེའ་འདི་སྐད་ཅེས་བརྗོད ་པར་གྱུར་ཏོ།། དཔེར་ན་མེ་ནི་རང་བཞིན་གྱིས་ཚ་ཞིང་། འབར་བ་ཡིན་ན། དེའི་སྟེང་དུ་ཤིང་ལྡན་པ་དང་འདྲ་སྟེ། བདག་ཀྱང་ད་ལྟར་མྱ་ངན་གྱིས་གཏུངས་ཏེ། ཀྱེ་དང་འདྲ་བ་ལས། ད་ཡང་རྒྱལ་བུ་ཀ་རེ་ཞེས། ་དྲི་བ་ནི། མེ་ལས་ཤིང་ཀྱིས་བསྣནད་པ་དང་འདྲའོ།། བྲམ་ཟེས་གསོལ་པ། བདག་ནི་ལམ་རིང་པོ་ནས་འོངས་པ་ཡང་། རྒྱལ་བུ་རྒྱལ་ཚབ་ཀྱིའི་ཡིད་དང་མྱི་འགལ་བར་སྦྱིན་པ་བགྱིད་དོ་ཞེས་མྱིང་སྙན་པ། སྟེང་ཀ་ན་ས་ལ ་ཟུག། འོག་དུ་ནི་མྱིག་ཀྱི་གཏིཔ་ལ་ཟུག་ཀི་བར་དུ་ཀླགས་པས། བདག་ལམ་རིང་པོ་ནས་རེ་བ་ཡོད་པས་འོངས་སོ།། རྒྱལ་པོས་སྨྲས་པ། རྒྱལ་བུ་དོན་གྲུབ་ནི་དེ་ལྟར་མི་ཞི་ནད་ཏུ་དབེན་པ་གནས་ཏེ། རབ་ཏུ་དབུལ་ཞིང ་ཡང་མྱེད་པ་ན། ཁྱོད་ལ་ཅི་ཡང་སྦྱིན་དུ་ཡོད།། བྲམ་ཟེ་སྨྲས་པ་རྒྱལ་བུ་ལ་ཅི་ཡང་མྱེད་ཀྱང་། བདག་ཕྲད་པར་དཀའོ་ཞེས་སྨྲས་པ་དང་། རྒྱལ་པོས་ཀྱང་གཞན་ལ་ལམ་སྟོན་ད་ཅིག་ཅེས་བསྒོའོ།། དེ་ནས་བྲམ ་ཟེ་དེ་སོང་སོང་བ་ལས། རི་དན་ཏིཀ་ཀི་རོའི་དྲུང་དུ་ཆུ་ཆེན་པོ་ཞིག་ཡོ། ད་པར་ཕྱི་ནད་ནས་རྒྱལ་བུ་འབའ་ཞིག་བསམས་ཤིང་། ཡིད་ལ་བྱས། པས། ཆུའི་ཕ་རོལ་ཏུ་ཕྱིནད་པར་གྱུརྡ་ཏོ།། དེ་ནས་བྲམ་ཟེ་རི ་དེར་ཕྱིནད་ནས། ཐོག་མ་རྔོན་པ་ཞིག་དང་ཕྲད་དེ། རྔོན་པ་དེ་ལ། ཁྱོད་རིལ་རྒྱལ་བུ་དོན་གྲུབ་ཅེས་བྱ་བ་མཐོང་དམ། ཞེས་དྲིས་པ་དང་རྔོན་པ་དེས་ཀྱང་རྒྱལ་བུ་སྦྱིན་པ་ལ་དཀའ་བས། བྲམ་ཟེ་འདི་དག ་གི་ཕྱིར། རི་ལ་སྨྲ་སྤངས་པར་ཤེས་པས། རྔོན་པ་དེས་ཀྱང་བྲམ་ཟེ་བཟུང་ནས། ཤིང་ལ་བཅིངས་ཏེ་བརྡེགས་པས་ལུས་ལ་མ་ཡང་བྱུང་ངོ་།། རྔོན་པས་ཡང་སྨྲས་པ། ཁྱོད་རྒྱལ་བུ་དྲིས་ཏེ་ཅི་ཞིག་བྱ། འདའ་འཕ ་པོ་ཞེས་བྱས་པས་བྲམ་ཟེ་དེ་འདི་སྙམ་ཏུ་ད་ནི་འདིས་བདག་བསོད་ཡང་དག་ན། བརྫུན་ཞིག་བྱའོ་སྙམ་བསམས་ནས། རྔོན་པ་ལ་ཁྱོད་བདག་ལ་འདྲིན་ཅི་ཉེས་ཤེས་སྨྲས་སོ།། དེ་ནས་རྔོན་པས། འོ་ན་ཅི་ཞིག་སྨྲ་བར ་སེམས་ཤེས་དྲིས་པ་དང་། བྲམ་ཟེས་བརྒྱན་ཚིག་འདི་སྐད་སྨྲས་སོ།། རྒྱལ་པོ་ཡབ་རྒྱལ་བུ་མཐོང་བར་དཀའ་བས་བདག་འདིར་རྒྱལ་བུ་ཕྱིར་འགུགས་སུ་འོངས་སོ།། ཞེས་སྨྲས་མ་ཐག་ཏུ། རྔོན་པས་ཀྱང་དཀྲོལ་ཏེ། ་བཏང་ནས། སྔར་མ་རྟོགས་ཏེ། རྒྱུས་མ་ཤེས་སོ་ཞེས་བཟོད་པ་གསོལ་ནས། རྒྱལ་བུ་ཀར་ན་འདུག་པའི་གནས་བསྟནད་ཏོ།། དེ་ནས་བྲམ་ཟེ་དེ་རྒྱལ་བུའི་ཟད་དུ་ཕྱིནད་པ་དང་། རྒྱལ་བུས་ཀྱང་རྐྱང་མ་ནས ་བྲམ་ཟེ་འོངས་པ་མཐོང་ནས། རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། བསུས་ནས་གུས་པར་ཕྱག་བྱས་ཏེ། ཁྱོད་ཀ་ལས་འོངས་ལམ་དུ་ཉོན་མོངས་ཤིང་ངལ་བར་མ་གྱུརྡ་ཏམ། ཅི་འདོད་ཅེས་སྤྲོ་བའི་ཀཏམ་བྱས་སོ།། བྲམ་ཟེས ་སྨྲས་པ། བདག་ལམ་རིང་པོ་ནས་འོངས་ཏེ། ལུས་ཐམས་ཅད་རྩེ་ཞིང་རལ་ཏེ། བཀྲེས་སྐོམ་མོ་ཞེས་སྨྲས་པ་དང་། རྒྱལ་བུ་ནང་དུ་ཁྲིད་ནས་སྟན་ལ་འདུག་ཏུ་བཅུཀ་སྟེ། ཤིང་ཐོག་དང་། ཤིད་ཀྱི་འབྲས་བུ་དང་། བཏུ ་བའི་སྐོམ་མདུན་དུ་ཕབ་ནས། བྲམ་ཟེས་ཀྱང་སྐོམ་འཐུངས་ཤིང་ཐོག་ཟོས་ཏེ། ཐལ་བྱུང་རྒྱལ་བུ་ལ་འདི་སྐད་ཅེས་སོ།། བདག་ནི་ཡུལ་ཀེའུ་ལེའུ་ཞེས་བྱ་བའི་ཡུལ་མྱི་ཡིན་ཏེ། སྔ་ཞིག་ནས་རྒྱས ་བུ་སྦྱིན་པ་ལ་དཀའོ་ཞེས་ཕྱོགས་བཅུར་གྲགས་ཤིང་ཐོས་པས། བདག་ནི་དབུལ་འཕོངས་ཏེ། རྒྱལ་བུ་ལ་སློང་དུ་འོངས་སོ།། རྒྱལ་བུས་སྨྲས་པ། བདག་ལ་ཡོད་པ་ལས་ཁྱོད་ལ་མ་བྱིན་ན་ནི། ་ཆགས་ཤིས་སེར་སྣ་བྱེད་པར་གྱུར་ན། བདག་ལ་ཅི་བདོག་པ་སྔར་བཏང་བས། ད་ནི་ཅི་ཡང་སྦྱིན་དུ་མྱེད་དོ།། བྲམ་ཟེས་སྨྲས་པ། དེ་ལྟར་ནོར་རྫས་ཀྱི་སྦྱིན་དུ་མྱེད་ན། ཁྱོད་ཀྱི་བུ་གཉིས་བདག་རྒན ་པོའི་འཁོལ་བ་འམ། བྲན་དུ་བྱིན་ཅིག་ཅེས་དེ་བཞིན་དུ་ལན་གཉིས་ལན་གསུམ་གྱི་བར་དུ་སྨྲས་ནས།། རྒྱལ་བུས་ཀྱང་ཁྱོད་ལ་རིང་པོ་ལས་འོངས་ལ་བདག་གི་བུ་གཉིས་འདོད་པར་རབ་ཏུ་ལེགས་ཀྱིས། སྦྱིན ་དོ་ཞེས་སྨྲས་སོ།། དེའི་ཚེ་ན་མྱིང་སྲིང་གཉིས་མེར་སོང་སོང་བ་ལས། རྒྱལ་བུས་བོས་ནས། བུ་ལ་འདི་སྐད་ཅེས་བསྒོའོ།། བྲམ་ཟེ་འདི་ལམ་རིང་པོ་ནས། བུ་ཁྱོད་གཉིས་སྤོང་ངོ་ཞེས་ཟེར་ནས། ཞོ་བོས་ཀྱང ་སྦྱིན་པར་བྱས་ཀྱིས། བྱེད་གཉིས་འདིའི་ཕྱི་བཞིན་སོང་ཤིག་སྒོ་བ་དང་། བུ་གཉིས་རྒྱལ་པོའི་མཚན་དུ་བྲོས་ནས། ངུ་སྟེ་འདི་སྐད་ཅེས་སྨྲས་སོ།། བདག་ཅག་གྱིས་བྲམ་ཟེ་མ་ཡང་མཐོང་སྟེ། འདི་ནི་བྲམ་ཟེ་མ་ལ ་ཀྱི། ཡང་དག་པའི་ཡི་དགས་ལགས་པས། ད་བདག་ཅག་ཀྱི་མ་ཤིང་ཐོག་ཚོལ་དུ་མཆིས་པ་ལས། སླར་མ་འཁོར་བར་བདག་ཅག་གཉིས་ཡི་དཀས་འདིའི་ཟས་སུ་ཀ་ས་ལ་ན། གདོན་གྱི་འཚལ་བར ་འགུམ་མོ། བདག་གི་མ་སླར་མཆི་སྟེ། བུ་དང་མ་འཇལ་ན། ཇི་ལྟར་བ་དང་། བེའུ་བྲལ་བ་ལྟར་ངུ་ཞིང་ཚེ་ངེས་འདེབས་ཏེ། མྱི་དཀ་བའི་མྱ་ངན་གྱིས་གདུངས་པར་འགྱུར་རོ།། རྒྱལ་བུས་བུ་ལ་སྒོ་བ། ཁོ་བོས་སྦྱིན་པར ་ཀནང་བས། སྡང་དུ་མྱི་སྟེ། འདི་བྲམ་ཟེ་ཡིན་གྱི། ཡི་དགས་མ་ཡིན་པས་མྱི་ཟས་ཀྱིས། ཁྱེད་གཉིས་འདིའི་ཕྱི་བཞིན་སོང་ཤིག།། བྲམ་ཟེས་སྨྲས་པ་བདག་ནི་དེ་ཆས་ཏེ་འགྲོ་ན། གལ་ཏེ་བུའི་མ་འོངས་ན་འགྲོར་མྱེད་དེ། ་མ་སྟང་ན་རྒྱལ་བུས་བདག་འབྱིན་པའི་དགེ་བའི་སེམས་བུའི་མས་ཟློག་ཅིང་ཉ་མུས་པར་གྱུར་ཏུ་དོགས་སོ།། རྒྱལ་བུས་སྨྲས་པ། བདག་ཀྱི་སྦྱིན་པ་ཅི་བྱས་ཀྱང་ཐོག་མ་ནས། ཅིའི་ལ་ཡང་འགྱོད་པའི་སེམས་བྱུང་བ། ་མྱེད་དོ།། དེ་ནས་རྒྱལ་བུས་ཆུ་སྣོད་ཐོགས་ཏེ། བྲམ་ཟེའི་ལག་པར་ཆུ་ཐུགས་ནས། བུ་གཉིས་ཀྱི་ལག་པ་ནས་བཟུང་སྟེ། བྲམ་ཟེ། ལ་ཕུལ་བ་ན། ས་ཡང་རབ་ཏུ་ཀ་ཡོས་སོ།། བུ་གཉིས་བྲམ་ཟེ ་འི་ཕྱིར་བཞིན་མཆིར་མ་བཏུབ་ནས། ཕྱིར་ཕ་རྒྱལ་བུའི་དྲུང་དུ་འོངས་ཏེ། པུས་མོ་ས་ལ་བཙུགས་ནས། ཕ་རྒྱལ་བུ་ལ་འདི་སྐད་ཅེས་གསོལ་ཏོ།། བདག་ཅག་གཉིས་ཀྱིས་ཚེ་རབས་སྔ་མ་ལ། མྱི་དགེ་བའི ་སྡིག་པ་ཅི་བགྱིས་ན། འདི་ལྟ་བུའི་སྡུག་སྔལ་མྱོང་བར་གྱུར་པ།། བདག་ཅག་ནི་རྒྱལ་པོའི་རིས་སུ་སྐྱེས་ན། ཅིའི་སླད་དུ་ཕ་རོལ་པོའི་བྲན་ཁོལ་དུ་གྱུར་ཅེས། ང་རྒྱལ་བུ་ལ་སྡིག་བཤགས་ནས། འདིའི་རྒྱུ་འདིའི་རྐྱེནད་ཀྱིས ་སྡིག་པ་བྱང་ཞིང་། བསོད་ནམས་སྐྱེས་ཏེ། གང་ནས་ཀང་དུ་སྐྱེས་ཀྱང་། འདི་ལྟ་བུའི་སྡུག་བསྔལ་དང་ཕྲད་པར་མ་གྱུ་རད་ཅིག་ཅེས་སྨྲས་སོ།། རྒྱལ་བུས་སྨྲས་པ། འཇིག་རྟེན་འཛའ་ཞིང་སྡུག་གོ་ཅོཀ། མཐར་བྱེ་བྲལ་བར ་གྱུར་ད་ཏེ། ཐམས་ཅད་ཀྱི་རྟག་པས། ཡིད་གཏན་དུ་མྱི་རུང་། ཁོ་བོས་ནམ་བླ་ན་མྱེད་པོའི་མཉམ་སྙོམས་པའི་བྱང་ཆུབ་ཐོབ་པ་ན། ཁྱེད་ཐ་རང་པའི་དོན་བྱའོ་ཞེས་སྡེའོ།། བུ་གཉིས་ཀྱིས་ཡང་ཡབ་རྒྱལ་བུ་ལ་སྨྲས་པ། བུས་ནི ་མ་ས་མ་མི་ཕྱག་བྱ་བ་ལགས་ན། དགཞམ་ཡང་ཀྱི་འཐང་དེ། མའི་ངོམ་མཐོང་བ་ཡང་། བདག་ཅག་གི་སྔོན་གི་སྡིག་པའི་ལས་ཀྱིས་གདུངས་པར་འད་ན། བདག་ཅག་ཀྱིས་ཅིའི་ཕྱིར། མྱ་ངན་གྱིས་གདུངས་ཤིང་། སྡུག་བསྔལ ་བར་མྱི་འགྱུར་ཞེས་སྨྲེ་སྔགས་འདོན་ཏོ།། བྲམ་ཟེས་སྨྲས་པ། བདག་རྒས་ལ་ཉམས་ཆུང་བས། བུས་པ་འདི་གཉིས་བདག་བོར་ཏེ། མའི་ཐད་དུ་ཟོས་པར་གྱུར་ན། བདག་བྱར་མྱེད་པར་གྱུར་གྱིས། ཁྱོད་ཀྱིས་ཆིངས་ལ་སྐ ་ཤིག་ཅེས་སྨྲས་པ་དང་། རྒྱལ་བུས་ཀྱང་བུ་གཉིས་ཀྱི་ལག་པ་བྱིང་ག་ཡོག་ཏུ་བཟུང་སྟེ། བྲམ་ཟེ་ཉིད་འཆིང་དུ་བཅུག་ནས།། བྱིང་ག་ཡོག་ཏུ་བཅིང་བའི་ཐེག་པ་བྲམ་ཟེའི་ལག་པར་བྱིན་ཏེ།། སྤེལ་རས་ཞིང་ངོ་།། བུ་གཉིས་ནི་དེ་ལྟར་རྗེ ་ཀྱང་། འགྲོར་མ་བཏུབ་སྟེ། འཐེན་པ་ལས། བྲམ་ཟེས་ལྕག་ཐོགས་ཏེ་དེད་ནས་བཞུས་པའི་ལམ་དུ་ཞག་བྱུང་བ་ཡང་ས་ལ་ཆལ་བར་ཀང་ངོ་།། ། རྒྱལ་བུས་དེ་ལྟར་མཐོང་ནས། མཆི་མ་བྱུང་སྟེ། མཆི་མ་ས་ལ་ལོ ་བས། ས་ཡང་ཞོལ་བར་གྱུར་ཏེ། རྒྱལ་བུ་དང་རི་དགས་དང་། ཀ་ཅན་ཟན་མང་པོ་ཐམས་ཅད་ཀྱིས་བུ་གཉིས་བསྐྱལ་ཏེ། ཕྱི་སྣང་བ.རགྱུ་རད་པ་དང་། བཟོད་ཕྱིར་ལོག་ཀོ།། རི་དཀས་དང་། ཀ་ཅན་ཟན ་ལས་སྩོགས་པ། རྒྱལ་བུས་བསྐྱལ་ཏེ། ཕྱིར་རྒྱལ་བུ་དང་། རྩེ་བའི་གནས་སུ་ཕྱི་ནད་ནས། སྙིང་རྗེ་བའི་སྐད་བྱུང་སྟེ། ལུས་ས་ལ་རྡེབས་ཤིང་འགྲེའོ།། བྲམ་ཟེ་དེས་ལམ་དུ་ཞུགས་ཏེ། སོང་སོང་བ་ལས་ལམ་ཀར ་སྐྱེད་ཤིང་ཞིག་ཡོད་པ་ལས་བུ་གཉིས་བཏགས་ཏེ་འདུག་གོ།། དེ་ནས་ཆས་པ་དང་། བུ་གཉིས་མ་དང་ཕྲད་དུ་རེ་ནས། ཤིང་གི་ཕག་འབྲི་ཞིང་འགྲོར་མ་བཏུབ་ནས། བྲམ་ཟེས་བལྟས་པ་ལས། བུ་གཉིས་ཀྱིས་འདི ་སྐད་ཅེས་སྨྲས་སོ།། བདག་ཅག་ལ་མ་རྡེ་གཅིག་བདག་ཅག་རང་འགྲོའོ་ཞེས།། ཀ་ན་མ་ལ་ཡར་བལྟས་ཏེ། ཡང་འདི་སྐད་ཅེས་སྨྲས་སོ།། རིག་ཉན་གི་ལཱུ་དང་། ནགས་ཚལ་གྱི་ཤིང་གྱི་ལྷ་རྣམས་བདག་ཅག་ལ་ཆུང ་ཟད་ཐུགས་བརྩེ་བའམ། དགོངས་པ་མྱི་མངའ་འམ། བདག་ཅག་ལམ་རིང་པོར་གཞན་གྱི་བྲན་ཞོལ་བྱེད་དུ་འགྲོ་སྟེ།། མ་དང་བྲལ་བར་གྱུར་ནས། བདག་གི་མ་རི་ལ་ཤིང་ཐོག་ཚོལ་ཞིང་རྔར་བཏང་སྟེ། མྱུ་རད་དུ་བདག ་ཅག་དང་ངོ་ཕྲད་པར་ཤོག་ཤིག་ཅེས་སྨ་སཱ་ན་ནམ་ཞེས། དེ་སྐད་སྨྲས་པ་དང་། བུའི་མ་ར་ལས་འདུག་པ་ལས། རྐང་པ་ཀཡོན་པའི་རྐང་འཐིལ་ཀཡའ་ཞིང་ཀཡོལ་བ་དང་། མྱིཀ་གཡོན་པ་ཡང་འགུལ། ནུ་མ ་ཀ་ནས་ནུ་ཞོ་ཡང་རང་ཟག་པར་གྱུར་ནས། འདི་འདྲ་བའི་ལྟས་ངན་པ་སྔ་ནས་མ་བྱུང་ན། བདག་གི་བུ་གཉིས་ལ་ཡེ་འདྲོག་མ་བྱུང་ངམ་སྙམ་བསམས་ནས། ཤིང་ཏོག་ཅི་ཞིག་བྱ་སྙམ་ཏེ། ཤིང་ཏོག་རྔ་བ་ཡང་བཏང་ནས ་མྱུར་བར་ཕྱིར་གནས་སུ་འགྲོ་བར་ཆས་སོ།། དེའི་ཚེ་སུམ་བཅུ་རྩ་གསུམ་པའི་ཀ་ནམ་གི་ལྷའི་དབང་པོས། རྒྱལ་བུས་གཞན་ལ་བུ་སྦྱིན་པར་ཤེས་ནས། བཙུན་མོས་དགེ་བར་བསམས་པའི་སེམས་ཀྱིས་བར་ཅད་དུ་བྱེད་དུ ་དོགས་པས། སེང་གེ་ཞིག་ཏུ་སྤྲུལ་ནས། ལམ་ཀྱི་སྲང་དུ་སྡད་དོ།། བཙུན་མོས་སྭེ་ཀེ་ལ་སྨྲས་པ། ཁྱོད་ནི་གེ་ཅན་ཟན་ཀྱི་རྒྱལ་པོ། ཞོ་མོ་ནི་མྱོའི་རྒྱལ་མོ་ཡིན་ཏེ། རི་ལེ་འཁོད་པར་འདྲ་ན། ཆུང་ཟད་ལམ་ལས་བྱོ། ་ཞིང་ཐོང་ཤིག། བདག་ལ་བུ་ཆུ་ངུ་མ་ཤེད་མ་བྱེ་བ་གཉིས་ཞིག་ཡོད། དེ། ད་ཙམ་གི་བར་དུ་ཅི་ཡང་མ་ཟོས་པས། བདག་འོང་དུ་རེ། སྟེ་སྡོད་དོ།། སེང་གེས་ཀྱང་བྲམ་ཟེ་དེ་རྒྱང་རིང་དུ་ཐལ་བར་ཤེས་ནས ་ལམ་ལས་བྱོལ་ཏེ། བཙུན་མོ་བཏང་ངོ་།། བཙུན་མོ་ཕྱིར་གན་ས་སུ་འོངས་ནས། རྒྱལ་བུ་འབའ་ཞིག་སྣང་གི། བུ་གཉིས་མ་མཐོང་བས་བདག་ཉིད་འདུག་པོའི་སྤྱིལ་བུར་བལྟས་ན་ཡང་། བུ་མ ་མཐོང་ངོ་།། བུ་གཉིས་འདུག་པའི་སྤྱིལ་བུར་བལྟས་ན་ཡང་བུ་མ་མཐོང་སྟེ། དེ་ནས་བུ་རྩེ་བའི་གནས་ཆུ་འགྲམ་དུ་བཙལ་ན་ཡང་མ་མཐོང་ངོ་།། སྔོན་བུ་དང་རྩེ་བའི་རི་དགས་ཤ་བ་དང་། ཁ་ཤ་དང་། གཅན་ཟན་སེང་གེ་དང ་སྤྲེའུ་ལས་སྩོགས་ཏེ། འདུན་ནས་ཡུས་ས་ལ་རྡེབས་ཤིང་སྒྲ་འབྱིན་ལ་སྔོན་རྩེ་བའི་རྫིང་བུའི་ཆུའང་སྐམས་པར་མཐོང་ནས། ཕྱིར་རྒྱལ་བུ་ཀང་ན་བ་དེར་སོང་སྟེ་ཕྱི་ནད་པ་དང་། རྒྱལ་བུ་ལ་བདག་གི་བུ་གཉིས་ཀ ་ཞེས་དྲིས་ནི། རྒྱལ་བུ་ཅང་ཀྱི་སྨ། བདག་ནམ་ཞིག་ཤིམེ་ཏོག་ཐོགས་ཕྱིར་ཕྱིར་གནས་འཁོར་བ་ན། བདག་གི་བུ་གཉིས་རྐྱང་མ་ནས་ཆུག་ཅིང་། མདུན་དུ་བསུས་ཏེ་རེག་འཆོས་ན་ཡང་ཕྱི་ལངས་ཏེ་དགུ་མཆོང་ཞིང་ས་མ་འོང ་ཨ་མ་འོངས་སོ་ཞེས་འབོད་དོ། བདག་འདུག་པ་ན་གཉིས་ཀ་ཀཡས་གཡོན་ན་འདུག་ཅིང་། ཕྲག་པ་འམ་ལུས་ལ་རྡུལ་ཀོས་ན་ཡང་ཕྱི་ཞིང་སྨུཀ། བདག་གི་བུ་ཀ་རེ་མ་མཐོང་ན། གཞན་མ་བྱིན་ནམ། འདི་ལྟར་མ་མཐོང་བས ་བདག་གི་སྙི་པགས་པར་འགྱུར་གིས་བདག་བུ་ག་ལ་འདུག་ཅེས་མྱུར་ཏུ་སྨྲོས་ཤིག། བདག་མྱོས་པར་འགྱུར་རོ།། ཞེས་དེ་ལྟར་ལན་གཉིས་ལན་གསུམ་གི་བར་དུ་དྲིས་ཀྱང་ལན་མ་སྨྲས་སོ།། བཙུན་མོས་ཡང་སྨྲས་པ། ལྷ ་བར་སྡུག་བསྔལ་གྱིས་གདུངས་ཏེ། བུ་གཉིས་མ་མཐོང་བ་ལྟ་ཅོད་ཡོད་ན། རྒྱལ་བུས་ལེན་པ་སྟེར་བར་ལྷག་པར་མྱོས་ཤིང་འཁྲུགས་པར་གྱུ་རད་ཏོ།། རྒྱལ་བུས་སྤྲས་པ། ཡུལ་ཀེའུ་ལེའུ་ཞེས་བྱ་བ་ནས། བྲམ་ཟེ ་ཞིག་འོངས་ཏེ། བདག་ལ་བུ་གཉིས་བསླངས་པ་ལས། བདག་གིས་བྱིན་ནོ་བཙུན་མོས་རྒྱལ་བུ་ལ་སྨྲས་པ་ཟོས་མ་ཐག་ཏུ། རི་རྡིབ་པ་ལྟར་ས་ལ་འགྱེལ་ལོ།། འགྲེ་ཞིང་ཆོ་ངེས་བཏབ་བོ།། ་རྒྱལ་བུས་སྨྲས་པ། རེ་ཞིག་སྡོད་ཅིག། ཁྱོད་སྔོན་འདས། པའི་དུས་ན། སངས་རྒྱས་མར་མེ་མཛད་ཀྱི་ཚེ། དམ་ཅི་ལྟར། བཅས་པ་མྱི་དྲན་ནམ། དེའི་ཚེ་དེའི་དུས་ན་བདག་ནི། བྲམ་ཟེའི་བུ ་གཞོན་ནུ་ཞེས་བྱའོ།། ཁྱོད་ནི་བྲམ་ཟེའི་བུ་མོ་སུ་ད་རི་ཞེས་བྱ་སྟེ། ཁྱོད་ནི་དེའི་ཚེ། མེ་ཏོག་པད་མོ་བདུན་ཞིག་ཐོགས། བདག་ལ་ཀ་དུལ་གི་དོང་ཚེ་ལྔ་ཞིག་ཡོད་དེ། ཁྱོད་ལ་པད་མོ་ལྔ་ཞིག་ཉོས་ནས། ་སངས་རྒྱས་ལ་ཕུལ་བར་བྱས་པ་ལས་ཁྱོད་ཀྱིས་པད་མོ་ལྷག་མ་གཉིས་པོ་ཡང་ཕལ་བྱིན་ཏེ། སངས་རྒྱས་ལ་འབུལ་གྱིས། སྨོན་ལམ་ཏུ་ཡང་བདག་སྐྱེ་བ་ཕ་རོལ་དུ་རྟག་པར་ཁྱོད་ཀྱི་ཆུང་མར་ཤོག་ཤིཀ་སྨོན་ལམ་བཏབ ་པ་ལས། བདག་དེའི་ཚེ་ཁྱོད་དང་འདི་སྐད་ཅེས་དམ་བཅས་སམ། ཁྱོད་བདག་ཀྱི་ཆུང་མར་དཀའ་ན། བདག་གི་ཡིད་དང་འགལ་བར་མ་བྱེད་ཅིག། བདག་སྦྱིན་པ་ཞིག་བྱིན་ན་ཕ་མ་གཉིས་མ་གཏོགས་པར། གཞན་སྦྱིན ་ཡང་བདག་གི་ཡིད་བཞིན་དུ་སྦྱིན་པ་ལས། འགལ་བར་མ་བྱེད་ཅིག་ཅེས་དམ་བཅས་པ་ལས། དེའི་ཚེ་ཁྱོད་ན་རེ་དེ་བཞིན་དུ་བྱའོ་ཞེས་མྱི་ཟེར་རམ། ད་ཁྱོད་ཀྱིས་བུ་གཉིས་གཞན་ལ་བྱིན་པ་ལ། བདག་ཀྱིས་དགེ་བའི་སེམས ་ག་དཀྲུག་ཏུ་ཡང་ཅི་ཡོད་ཅེས་རྒྱལ་བུས་སྤྲས་མ་བག་ཏུ་བཙུན་མོས་ཟོས་པ་ཙམ་གྱིས། སེམས་དང་ཡིད་ཀྱིས་སྔོན་གྱི་གནས་དྲན་པའི་མངོན་པར་ཤེས་པ་ཚོར་བར་གྱུརྡ་ཏོ།། རྒྱལ་བུའི་བསམ་པ་མྱུར་བར་རྫོགས་པར ་འདོད་པས། ཡིད་བཞིན་དུ་སྦྱིན་པ་ལ་རྗེས་སུ་རང་བར་གྱུར་ཏོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན། རྒྱལ་བུས་སྦྱིན་པ་ལ་བྱིན་པ་ཇི་ལྟར་སེམས་པ་བསམ་པའི་ཕྱིར། བྲམ་ཟེ་ཞིག་ཏུ་སྤྲུལ་ཏོ།། བྲམ་ཟེ་དེ་ཡང་མྱི་སྡུག་པ་རྣམ་པ ་གཉིས་དང་ལྡན་ཏེ། རྒྱལ་བུ་ག་ལ་བ་དེར་སོང་ནས་འདི་སྐད་ཅེས་སྨྲས་སོ།། རྒྱལ་བུ་ཁྱོད་སྦྱིན་པ་ལ་དཀའ་བས། ཕ་རོལ་པོའི་ཡིད་དང་འགལ་བར་མྱི་བྱེད་ཅེས་གྲགས་ཏེ། བདག་ཀྱང་ཆེད་དུ་འདིར་སློང་དུ་འོངས་ཀྱིས། ཁྱོད་ལ་བཙུན ་མོ་ཡོད་པ་བདག་ལ་བྱིན་ཅིག། རྒྱལ་བུས་སྨྲས་པ། ཤི་ནད་ཏུ་ལེགས་ཏེ། དེ་བཞིན་དུ་སྦྱིན་ནོ་ཞེས་སྨྲས་སོ།། བཙུན་མོས་སྨྲས་པ། བདག་ཀྱང་ཕ་རོལ་ད་པོ་ལ་བྱིན་ན། རྒྱལ་བུའི་གཡོག་སུས་བྱ།། རྒྱལ་བུས་སྨྲས་པ ་ད་ཁྱོད་ཀྱང་སྦྱིན་པ་མ་བྱས་ན། ཇི་ལྟར་ཡང་བླ་ན་མྱེད་པའི་བྱང་ཆུབ་ཐོབ་པར་གྱུར་ད། དེ་ནས་རྒྱལ་བུས་ཆུ་སྣོད་ཐོགས་ཏེ། བྲམ་ཟེའི་ལ། ག་པ་དཀྲུས་པའི་ཕྱིར། ལག་པར་ཆུ་བླུགས་ནས། བཙུན་མོ་ཡང་བྲམ ་ཟེ་ལ་ཕུལ་ལོ།། དེ་ལྟར་རྒྱལ་བུ་ལ་འགྱོད་པའི་སེམས་ཅུང་ཟད་ཀྱང་མྱེད་པའི་བརྒྱ་བྱིན་གྱིས་རྟོགས་ནས། ལྷ་རྣམས་ཀྱིས་བསྟོད་ཅིང་བསྔགས་ཏེ། གནམ་ཡང་ཆེར་གཡོས་སོ།། དེ་ནས་བྲམ་ཟེས་བཙུ ་མོ་ཁྲིད་དེ། གོམ་པ་བདུན་ཙམ་ཕྱིནད་པ་དང་། ཕྱིར་ལོག་ནས། བཙུན་མོ་འདི་རྒྱལ་བུས་ཕྱིར་བཏམས་ཀྱིས་སུ་ལ་ཡང་མོ་བྱིན་ཅིག་ཅེས་སྨྲས་སོ།། རྒྱལ་བུ་ཨ་སྨས་པ། ཅིའི་ཕྱིར་གྱི་ཁྲིད། མྱ་འདོད་དམ། ་ཅི་ཕྱིར་སྐྱེས་པའི་ནང་ན་མྱིའི་ནང་ན། རྩུབ་མའིའདི་ནི་གི་ནང་ཏུ་ཡང་བཟང་ཞིང་མཛེས་པ། རྒྱས་པོའི་བུ་མོ་ཡིན་ལ། རྒྱས་པོ་དེ་ལ་བུ་མོ་འདི་གཙོག་པུ་ལས་མྱེད་དེ། ཆུང་མ་འདི་ནི་བདག་ལ་ཆུ་གང་ཆེ་བས། ཁ་ཟས་བཅཝོ ་བ་དང་། བསྲེག་པ་ལ་ཡང་ལག་དང་བྱེད། བཟའ་བ་དང་བཏུང་བ་ན་ཡང་ངད་ཅེས་ཀྱི་འཁོང་སྟེ། རྟག་ཏུ་འགྲུབ་ཆེལ་བྱད་བཞིན་ཡང་བཟབ་ས་མཛེས་པས། ཁྱེད་ཁྱེར་ན་བདག་དགའོ་ཞེས་སྨྲས་སོ།། བྲས་ཟེ ་རྒྱལ་བུ་ལ་སྨྲས་པ། བདག་ནི་བྲམ་ཟེ་མ་ཡིན་གྱི་བརྒྱ་བྱིན་ལྔའི་དབང་པོ་ཡིན་ཏེ། ཆེད་དུ་ཁྱོད་བཀྲམ་པའི་ཕྱིར་འོངས་པ་ཡིན་ནོ།། ཞེས་ཕྱིར་བརྒྱ་བྱིན་གི་ལུས་བཟང་པོར་བསྒྱུར་ནས། བྱེད་ཅི་དང་ཅིར་སྤོན་དེཅེས་སྨྲས་སོ།། དེ་ནས ་བཙུན་མོས་གུས་པར་ཕྱག་འཚལ་ཏེ། སྨོན་ལམ་རྣམ་པ་གསུམ་ཞིག་གསོལ་ངོ་ཏོ།། གང་ཞེ་ན། ཀཅིག་ཏུ་བདག་གི་བུ་ཁྲིད་པའི་བྲམ་ཟེ་ཕྱིར་ཡང་བདག་གི་ཡུལ་ཏུ་སོང་བར་གྱུ་རད་ཅིག། གཉིས་སུན་བདག་གི་བུ་གཉིས་བཀྲེས ་པ་དང་། སྐོམ་པའི་སྡུག་བསྔལ་བར་མ་གྱུརྡ་ཅིག། གསུམ་ན་རྒྱལ་བུ་དང་། བདག་ཅག་གཉིས་ཀྱང་ཕྱིར་བདག་ཅག་གི་ཡུལུ་མྱུ་ར་ཏུ་འཁོར་བར་གྱུར་ད་ཅིག་ཅེས་སྨྲས་པ་དང་། བརྒྱ་བྱིན་ལྷའི་དབང་པོས་ཀྱང་། དེ་བཞིན་དུ་སྨོན ་ལམ་གྲུབ་པར་གྱུརྡ་ཅིག་ཅེས་སྨྲས་སོ།། རྒྱལ་བུས་སྨྲས་པ། བ་ཀ་ནི་སེམས་ཅན་ཐམས་ཅད་སྐྱེ་བ་དང་རྒས་པ་དང་། ན་བ་འཆི་སྡུག་བསྔལ་ལས་བསྒྲོལ་བར་གྱུརྡ་ཅིག་ཅེས་སྨོན་ལམ་བཏབ་པ་དང་། བརྒྱ ་བྱིན་ལྷའི་དབང་པོས་སྨྲས་པ། སྨོན་ལམ་འདི་ཤི་ནད་ཏུ་རྒྱ་ཆེ་སྟེ། བླ། ན་མྱེད་པ་ཡིན་ནོ།། གལ་ཏེ་མཐོ་རིས་སུ་སྐྱེ་ཞིང་གཉི་ཟླ་ལ་དབང་། བའི་བདག་པོར་འདོད་དམ། འཇིག་རྟེན་ཀི་རྒྱལ་པོར་འདོད་དམ། ཚེ་རིང ་ཞིང་ཡུན་ཏུ་གནས་པར་འདོད་ན། བདག་གིས་སྦྱིན་ནུས་ཀྱིས། ཁྱོད་ཀྱིས་སྤྲོས་པའི་སྨོན་ལམ་ཁམས་གསུམ་ལ་མཆོག་ཏུ་འདས་པ་ཡིན་པས། བདག་ཀྱིས་ནུས་པ་མ་ཡིན་ནོ། རྒྱལ་བུས་སྨྲས་པ། ད་ལྟར་རེ་ཤིག་ཤིན་ཏུ་བྱ། ་བོར་གྱུར་ཏེ།། སྟོན་པས་ཀྱང་རྟག་པར་ལྷག་པར་སྦྱིན་པ་བྱིན་ཞིང་། ཡབ་རྒྱལ་པོ་དང་། བློན་པོ་རྣམས་དང་། བདག་ཅག་ཕྲད་པར་ཤོག་ཤིག་ཅེས་སྨྲས་པ་དང་། བརྒྱ་བྱོར་ལྷའི་སྨོན་ལམ་བཞིན་དུ་ངེས་པར་གྱུར་པར་གྱུར་ད་ཅིག་ཅེས ་སྤྲས་མ་ཐག་ཏུ། ཀྱི་སྡང་བར་གྱུར་ཏོ།། ཡུལ་ཀྱེའུ་ལེའུ་བྲམ་ཟེ་དེས་བྱིས་པ་གཉིས་ཁྲིད་དེ་ཁྱིམ་དུ་འོངས་ན། ཆུང་མས་འདི་སྐད་དུ། ཁྱོད་ངོས་འདི་འདི་ལྟ་བུས་འཁོར་ཏེ་འོངས་པ་ངོ་མྱི་ཆེའམ།། བྱིས་པ་འདི་གཉིས་རྒྱལ་པོ ་གདུང་ལ་གཏོགས་པ་ཡིན་ན། སྙིང་རྗེའི་སེམས་ཀྱང་མྱེད་དེ། འདི་ལྟར་བཙོགས་རྡེགས་ཤིང་། ལུས་ལ་ནག་ཁྲག་ཀྱིས་ཙོག་རྩོག་ལྟར་བྱས་པ་བཟོད་དམ་ཞེས་སྤྲོས་བརྐྱང་ནས་བྱིས་པ་འདི་གཉིས་ཚོངས་ལ། བཀོལ་ཏུ་རུང་བ་ཁྲིང་རེ ་ཤོ་ཀ་ཤིཀ་ཅེས་བསྐོའ་བ་དང་། ཁྱིམ་ཟབ་ཀྱང་ཆུང་མས་བསྒོ་བ་བཞིན་ཚོང་དུས་སུ་སོང་བ་ལས།། བརྒྱ་བྱིན་ལྷའི་དབང་པོས་སྤྲུལ་ད་ཏེ། ཚོང་འདུས་སུ་འོངས་ནས། བྲམ་ཟེ་ལ་བྱིས་པ་འདི་ནི་ཤ་ནད་ཏུ་རིན་ཆེ་བས། སུ་ཡ ་ཉོ་མྱི་ནུས་སོ་ཞེས་སྨྲས་སོ།། བྱིས་པ་དེ་གཉིས་བཀྲེས་བསྒོམ་པ་ལས།། བརྒྱ་བྱིན་གིས་ལྷའི་རྫུ་འཕྲུལ་གྱིས་ལྷའི་དྲི་གསུང་སྤྲུལ་ཏེ། བྱིས་པ་གཉིས་ཀྱི་སྤུའི་ཁུང་བུ་ནས། ལྟོ་འདྲངས་པར་བྱས་ཏེ།། བརྒྱ་བྱིན་གྱིས་བྲམ་ཟེའི་ས ་ཀྱང་སྦྱར་ནས། ཡུལ་ཡ་བར་ཕྱིན་པར་བྱས་སོ།། ཡུལ་དེའི་བློན་པོ་དང་། ཡུལ་གྱི་ཐམས་ཅད་གིས་རྒྱལ་བུའི་སྲས་རྒྱལ་པོ་རྗེ་རྒྱུ་བློ་ཡིན་པར་མྱི་ཤེས་པ་མྱེད་དེ། ཡུལ་མོ་ཐམས་ཅད་མྱ་ངན་གྱིས་གདུངས་ཏེ།། བློན་པོ་ལས་སོགས ་པས་སྲས་བུ་གཉིས་ཀ་ལས་འོངས་ཤེས་དྲིས་པ་དང་། བྲི་ཟེ་ན་རེ། བདག་གྱིས་བསླངས་ཏེ། འོངས་ན། ཁྱོད་ཀྱིས་དྲིར་ཅི་ཡོད་ཅེས་སྨྲས་སོ།། བློན་པོ་རྣམས་ཀྱིས་སྨྲས་པ། བདག་ཅག་གི་ཡུལ་དུ་འོངས་ན། བདག་ཅག་གི ་དྲི་བར་རིགས་ནས་འདྲི་བ་ཡིན་ནོ་ཞེས་སྨྲས་ནས། བློན་པོ་དང་། ཡུལ། མྱི་རྣམས་ཀྱིས་འགྲོས་ཏེ། བྲམ་ཟེ་ལས་བུ་གཉིས་དབྲོག་པ་བྱས། པ་ལས། དེའི་ནང་ན་ཁྱིམ་བདག་ཅིག་འདི་སྐད་ཅེས་གྲོས་བཏབ་པོ། ་འདི་ནི་རྒྱལ་བུས་སྦྱིན་པར་བསམས་ཏེ། བྱིན་པ་འདི་ལ་རྒྱལ་བུས་པས་མས་པའི་ཡིད་དང་འགལ་ཞིང་དབྲོག་པར་མྱི་རིགས་ཀྱི། གཉིས་ན་རྒྱལ་པོ་ཆེན་པོ་ལ་གསོལ་ན། རྒྱལ་པོ་ཆེན་པོ་ཉིད་ཀྱིས། རིན་གྱིས་བླུ ་བར་འགྱུར་རོ།། ཞེས་བྱས་པ་དང་། གྲོས་སྔ་མ་བཏང་ནས་བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏེ།། རྒྱལ་པོ་ཆེན་པོའི་བློན་པོ་གཉིས་ད་ལྟར་བྲམ་ཟེ་ཞིག་འཚོ་ཞིང་མཆིས་ཤེས་གསོལྡ་པ་དང་། རྒྱལ་པོས ་དེ་ཟོས་མ་ཐག་ཏུ་ཆེར་སྔངས་ཏེ། བྲམ་ཟེ་དང་བུ་གཉིས་ཕོ་བྲང་ནང་དུ་ཁྲིད་དེ་ཤོག་ཤིག་ཅེས་བསྒོ་ནས། བུ་གཉིས་པོ་བྲང་ནང་དུ་ཁྲིད་དེ་འོངས་པའི་ཚེ་རྒྱལ་པོ་དང་། བཙུན་མོ་དང་། ཕོ་བྲང་གི་སླས་དང་། བློན་པོ་རྣམས་ཀྱིས། བྱ་གཉིས ་མཐོང་ན། ཐམས་ཅད་དཤུགས་ཀྱིས་ནངས་པ་ཙམ་གྱིས་མ་དུས་པ་བྱེད་དོ།། དེ་ནས་རྒྱལ་པོས་བྲམ་ཟེ་པ།། ཁྱོད་ཀྱིས་བུ་གཉིམ་ཇི་ལྟར་ཐོབ་དྲིས་ན། བྲམ་ཟེན་མེ་བདག་གིས་རྒྱལ་བུ་ཡངས་ཏེ་རས་ཐོབ་པོ་ཞེས་ཟེར་མེ ་རྒྱལ་པོས་བྱིས་པ་གཉིས་བོས་ཏེ། པར་པར་བྲང་སྙམ་པ་ལས། བུ་གཉིས་འོད་ཏུ་མ་བཏུབ་པོ།། དེ་ནས་རྒྱལ་པོས་བུ་གཉིས་ཀྱི་རིན་ཅི་ཙམ་རེ་ཅེས་དྲིས་ན། བྲམ་ཟེས་སྤྲ་མ་འོམ་པར་ཁྱེའུ་ཡིས་འདི་སྐད་ཅེས་གསོལ་ཏོ།། བར ་བུ་པོ་ནི་རྡུལ་གི་དོང་ཙེ་སྟོང་དང་། བན་གླང་བརྒྱ་ཞིཀ་རིའོ།། བུ་མོ་ནི་ཀསེར་གི་དོང་ཅེ་སྟོང་དང་། བ་གཞོན་གཉིས་བརྒྱ་རིའི་ཞེས་གསོལ་པ་དང་། རྒྱལ་པོས་ཁྱེའུ་ལ་འདི་སྐད་ཅེས་སྨྲས་སོ།། འཇིག་རྟེན་ན་ཆོས་ཀྱིས་མྱིའི་ནང་ན ་པོ་ན་རིན་པོ་ཆེ་དབྱིག་ལྟར་རིན་ཆེ་བ་ཡིན་ན། ཅིའི་ཕྱིར་བུ་པོ་ནི་རིན་ཆུང་། བུ་མོ་ན་རིན་ཆེ་བར་འདེབས། བུ་ཁྱེའུ་ཡིས་གསོལ་པ། ཕོ་བྲང་ཀི་སླས་ལྟ་བུ། རྒྱལ་པོ་དང་ཉེ་བ་མ་ལགས་ལ། མ་རབས་བྲན་ལས་སླས་སུ་བ ་ཏེ། དེ་ལ་ཐུགས་དགེས་པས། བཀུར་ཞིང་བཙུན་པར་མཛད་དེ། རིན་པོ་ཆེའི་གོས་སྐོན་ཞིང་། བཟའ་བ་དང་བཏུང་བའི་རོ་བརྒྱ་དང་ལྡན་པ་བསྟབས་ན། སྲས་གཅིག་པུ་ཞིག་མངའ་བ་རི་ལ་སྤངས་ཏེ། ཡ་མཚན་པོ་པྲ ་གི་སྲས་དང་རོལ་ཅིང་། རོལ་མོ་མཛད་ཀྱང་། སྲས་ལ་ཅུང་ཙམ་ཡང་། དགོངས་པའི་ཐུགས་མྱི་མངའ་བས། དེ་བས་ན་བུ་པོ་ནི་རོནི་ཆུང་ལ། བུ་མོ་ནི་རོན་ཆེ་བར་མངོན་ནོ།། རྒྱལ་པོས་དེ་སྐད་ཅེས་སྤྲས ་པ་ཐོས་ནས། ལྷག་པར་མྱི་དགའ་བའི་མྱ་ངན་སྐྱེས་ཏེ། འཆི་མ་བླག་ས་ནས་འདི་སྐད་དུ། བདག་ནི་རབ་ཏུ་གནོད་ན། ཁྱོད་ཅིའི་ཕྱིརའོ་བོའི་པང་དུ་མྱི་འོང་། ཁྱེད་དཔལ་མྱི་དགའ་འམ། འོན་ཏེ་བྲམ་ཟེས ་འཇིགས་ཤེས་དྲིས་ན། བྱིས་པ་ན་རེ། བདག་ཅག་ནི་རྒྱལ་པོ་ཆེན་པོ་ལ་མྱི་དགའ་འམ། བྲམ་ཟེ་ལ་སྐྲག་པ་ཡང་མ་ལགས་ན། ཐོག་ས་རྒྱལ་པོ་ཆེན་པོའི་ཆ་བོ་ལས། ད་ལྟར་མྱེའི་བྲན་རོལ་ཏུ་གྱུརྡ་པས། གང་ན་ཡང ་ཁྲན་ཁོལ། རྒྱལ་པོའི་པང་དུ་འདུག་པའི་ཆོས་མྱེད་པས། གྱི་སྤོབས། རྒྱལ་པོ་དེ་སྐད་སྨྲས་པ་ཟོས་ནས། ལྷག་པར་མྱ་ངན་གྱིས་གདུངས་པར་གྱུར་ཏེ། མྱི་དཀའ་བར་གྱུར་ནས། བུས་གསོལ་པ་བཞིན་དུ། བྲམ་ཟེ་ལ ་རིན་བྱིན་ཅིག་ཅེས་བསྒོ་ནས། བུ་གཉིས་གདོད་རྒྱལ་པོའི་དབང་ཏུ་བླངས་སོ།། བུ་གཉིས་རྒྱལ་པོས་བླངས་ནས། ཕྱག་གིས་བུ་གཉིས་ཀྱི་འགོ་ནས་བྱུགས་ཏེ། འདི་སྐད་ཅེས་སྨྲས་སོ།། ཁྱེད་རིལ་གནས་པ་ནས། ཟས་སུ ་ནཻ་ཅི་ཞིག་ཟ་གོས་སུ་ནི་ཅི་ཞིག་གྱོན་ཅེས་དྲིས་ན། བུ་གཉིས་ན་རེ། ཟས་སུ་ནི་ཤིང་ཏོག་གི་འབྲས་བུ་ཟ། གོས་སུ་ནི་པགས་པ་དང་སྣམ་བུ་གྱོན་ཏེ། བྱ་མང་པོ་དང་རྩེ་དགའ་བས། མྱ་ངན་གི་སེམས ་མྱེད་དོ་ཞེས་གསོལ་ཏོ།། དེ་ནས་རྒྱལ་པོས་བྲམ་ཟེ་དེ་ལ། ཕྱི་རོལ་ཏུ་སོང་ཞིག་ཅེས་བསྒོ་བ་དང་བུ་གཉིས་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ངོ་ཏོ།། བྲམ་ཟེ་དེ་རབ་ཏུ་བཀྲེས་སྐོམ་གིས་ཉེན་ན། དེ་ལ་ཁ་ཟས་ཀྱིས ་པར་མཛད་དུ་གསོལ། རྒྱལ་པོས་སྨྲས་པ། ཁྱེད་ལ་མྱི་དགའ་བ་འམ། འཁོན་ཏུ་འཛིནད་པ་མྱེད་པར་ཕྱིར་ཁ་ཟས་སྦྱིན་པར་སེམས། བུས་སྤྲས་པ། བདག་གི་པ་བྱང་ཆུབ་ཀྱི་ལམ་ལ་དཀའ་བས། ནོར་རྫས་ཀྱིས་སྤྱི ་དུ་མེད་དེ། བདག་གི་ལུས་འདིས་སློང་བ་ལ་བྱིན་པ་ཡང་། བདག་ཅག་ལ་དབང་བ་བདག་པོ་ལགས་ཏེ། འདིས་བདག་ཅག་ལ་དགསོལ་པའི་ལས་ཙམ་བྱེད་དུ་མ་བཅུག་པ་ཡང་། ཐོག་མ་པ ་མས་བསམས་པ་ལྟར་མ་གྱུར་ཏེ། དེ་སྙིང་རྗེའི་སེམས་ཙམ་ཡང་མ། མཆིས་ཏེ། ལྟོགས་ཤིང་སྐོམ་པ་བཞིན་དུ་འདུག་པ་འདི། མྱིག་གྱིས་ཀྱང་སུ་ཞིག་ཀྱིས་བཟོད། བདག་གྱི་ཕས་ནི་བུ་ཡང་མྱི་འཕངས ་པར་ཕ་རོལ་པོ་ལ་སྦྱིན་པར་བྱེད་ན། རྒྱལ་པོ་ཆེན་པོས་མྱི་གཅིག་ཁ་ཟས་ཙམ་ལ་སེར་སྣ་མཛད་དམ་ཞེས་གསོལ་པ་དང་། རྒྱལ་པོས་ཀྱང་བྲམ་ཟེ་དེ་ལ་ཞ་ཟས་ཀྱིས་ཚིམ་པར་བྱེད་ན། བྲམ་ཟེ་ཡང་རབ་ཏུ་དགའ་སྟེ། ་མྱུར་བར་བདག་གི་ཡུལ་དུ་སོང་སོ།། དེ་ནས་རྒྱལ་པོས་རྒྱལ་བུ་འགུགས་པོའི་ཕོ་ཉ་བཏང་ནས། ཕོ་ཉ་ཡང་དེ་མ་ཐག་ཏུ་ཆས་ཏེ། རྒྱལ་བུ་ཀ་ལ་བ་དེར་སོང་ངོ་།། དེར་ཕྱིནུད་པ་དང་། ཆུ་ཞིག་ལ་མ་ཐ་རད་ནས། ཕོ་ཉ་དེས་རྒྱལ ་བུ་ཉིད་ཡིད་ལ་བྱས་ཏེ། བསམས་མ་ཐག་ཏུ་ཆུ་དེ་ལས་ཐ་རད་ནས་རྒྱལ་བུ་གང་ན་བ་དེར་བྱིན་ཏེ། རྒྱལ་པོའི་བཀས་རྒྱལ་བུ་སླར་ཡུལ་དུ་གཤེགས་སུ་གསོལ་ཞེས་བསྒྲེའོ།། རྒྱལ་བུས་ཕོ་ཉ་ལ་སྨྲས་པ། ཐོག་མ་རྒྱལ་པོ ་ལོ་བཅུ་གཉིས་བར་དུ་རིལ་བསྒོམས་ཤིག་ཅེས་བསྒོ་སྟེ། ད་དུང་ལོ་མ་ཚང་བས། ད་ལོ་ཚང་ནས་བདག་འགྲོའོ་ཞེས་བསྐོའོ།། དེ་ནས་ཕོ་ཉ་ཡང་ཕྱིར་ལོག་ནས། རྒྱལ་པོ་ལ་དེ་བཞིན་ཏུ་གསོལ་པ་ལས། རྒྱལ་པོ་ཉིད་ཕྱག་དར་ཏེ ་ཡི་གེ་བྲིས་ནས། ཕྱིར་པོ་ཉ་ལ་བསྐུར་ཏེ། འདི་སྐད་ཅེས་བསྒོའོ།། ཁྱོད་ནི་གྱིའི་ནང་ན་མཁས་པ་ཤེས་རབ་ཅན་ཡིན་པས། འགྲོ་བ་མང་པོ་ལ་ཡང་བཟོད་ཅིང་། འོང་བ་ལ་ཡ་པ། བཟོད་པ་ཡིན་ན། ཅིའི་ཕྱིར་ན་ཁྲོས་ཏེ་འོང་ཏུ ་རྩི་བཏུབ། ཁྱོད་དང་ལྷན་ཅིག་བཟའ་བ་དང་། བཏུང་བ་དང་། བཏུང་བ་བཏང་དགོས་ཀྱིས། མྱུར་ཏུ་ཤོག་ཤིཀ་ཅེས་པོ་ཉ་འགུགས་སུ་བཏང་ངོ་།། དེ་ནས་ཕོ་ཉ་ཡི་གེ་ཐོགས་ཏེ། རྒྱལ་བུ་ཀ་ན་བ་དེར་སོང་ནས་ཕྱིནད་པ་དང་། རྒྱལ། ་བུ་ལ་ཡི་གེ་ཕུལ་ལོ།། རྒྱལ་བུས་ཡི་ཀེ་བཀླགས་ནས། འགོ་བོ་ས་ལ་གཏུགས་ཏེ། ཡི་གེ་ལ་ཕྱག་འཚལ་ནས། ལན་བདུན་བསྐོར་བ་བྱས་ཏེ། མོད་ལ་ཕྱིར་ཡུལ་དུ་འགྲོ་བར་ཆས་སོ།། དེའི་ཚེ་རི་དེ་ནས་ཆས་པ་དང་། རི་རེ། ་ལ་གནས་པའི་རི་དགས་དང་། གཅན་ཟན་ལས་སོགས་པ་རྒྱལ་བུ་འགྲོ་འོ་ཞེས་ཐོས་ནས། ཐམས་ཅད་ལུས་ས་བརྡབས་ནས། ས་ལ་འགྲེ་ཞིང་དུ་བའི་སྐད་བྱུང་ངོ་།། ཆུ་མིག་རྣམས་ཀྱང་སྐམས་དེ། གཅན་ཟ ་དང་རི་དགས་ཕྲུ་གུ་ཡང་མྱི་ནུ། འདབ་ཆགས་བྱ་མང་པོ་ཡང་སྙིང་རྗེ། འི་སྐད་ཀྱིས་སྒྲ་ཕྱུང་ངོ་།། དེ་ནས་རྒྱལ་བུ་གོས་གྱོན་ནས། བཙུན། མོ་དང་འགྲོགས་ཏེ། ཕྱིར་ཡུལ་དུ་སོང་བ་ལས་དགྲ་ཟླའི་ཡུལ་གི་རྒྱལ་པོ། ་རྒྱལ་བུ་ཕྱིར་འོང་ངོ་ཞེས་ཟོས་ནས། བལ་གི་གླང་པོ་ཆེ་དཀར་པོ་ལ་གསེར་ཀྱི་བསྐས་བསྟད་དེ། ཀ་སེར་ཀི་སྡོད་དུ་ནི་གདུལ་གྱི་ཉེའུ་ཀྱིས་བཀང་བ་བཤམས་ནས། རྒྱལ་བུ་བསུ་བའི་ཕྱིར། ལམ་མཁལ་ལ་བསྡོད་དེ ་རྒྱལ་བུ་བསུ་ནས། རྒྱལ་པོའི་འཕྲིན་དུ་འདི་སྐད་ཅེས་གསོ་ལང་ངོ་།། བདག་ནི་མི་ཤེས་པའི་དབང་དུ་གྱུར་ད་ཏེ། རྒྱལ་བུ་ལས་བལ་གྱི་གླང་པོ་ཆེ་བསླངས་པས་དེའི་རྐྱེ་ནད་ཀྱིས་རྒྱལ་བུ་སྤངས་པར་གྱུ་རད་པ། ར་འགྱོད་པས་ན། འགྲོ། ་ཚངས་སུ་གསོལ་ཏོ།། ང་རྒྱལ་བུ་སླར་གཤེགས་ཤེས་ཟོས་ནས། རབ་ཏུ་དགའ་སྟེ། བལ་གི་གླང་པོ་ཆེ་ཉིད་ཀྱང་སླར་ཕུལ་ཞིང་ཀ་སེར་གདུལ་གྱི་ཉེའུ་རྣམས་ཀྱང་ཕུལ་ན། འདི་དག་བཞེས་ཀྱང་བཞེས་ཤིང་། ཉེས་པའི་སྐྱོན་ནས ་ཀྱང་སྦྱང་དྱ་གསོལ་ལོ།། རྒྱལ་བུས་སྨྲས་པ། དཔེར་ན་མྱི་ཞིག་ཀྱིས་ཁ་ཟས་རོ་བརྒྱ་དང་ལྡན་པ་སྦྱར་ཏེ། ཕ་རོལ་པོ་གཅིག་ལ་བྱིན་པ་ལས། མྱི་དེས་ཁ་ཟས་ཟོས་ནས། ཕྱིར་ས་ལ་སྐྱུགས་ནས་ཕྱིར་སྐྱུགས་པའི་ཁ་ཟས ་དྲིས་གསུང་དང་ལྡན་པ་དེ་བཟར་རུང་བར་འགྱུར་རམ། བདག་གིས་སྦྱིན་པ་བྱས་པ་ཡང་། སྐྱུགས་པ་དངའདབས། ཕྱིར་མྱི་འདོད་དོ།། ཕོ་ཉ་ཁྱོད་བལ་གི་གླང་པོ་ཆེ་འདི་གཞོན་ལ། བདག་གི་ཡུལ་དུ་སོང་ཤིག ་ཁྱོད་ཀྱི་རྒྱལ་པོ་འདི་ལྟར་བསུ་ཞིང་། སྤྲོ་བའི་ཚིག་ཀྱིས་སྙན་པར་སྨྲས་པ། རབ་ཏུ་དཀའོ་ཞེས་གསོལ་ད་ཅིག་ཅེས་བསྒོ་བ་དང་། ཕོ་ཉ་དེ་ཡང་བལ་གི་གླང་པོ་ཆེ་ལ་ཞོན་ཏེ། ཕྱིར་བདག་གི་ཡུལ་དུ་སོང་ནས། རྒྱལ་པོ་ལ་དེ་བཞིན ་དུ་གསོལ་བ་ལས། བལ་གི་གླང་པོ་ཆེ་དེའི་རྐྱེ་ནད་ཀྱིས། འཐབ་པའི་དགྲ་ཟླ་དེ་གཅིག་ལ་གཅིག་བྱམས་ཤིང་། སྡུག་པོའི་སེམས་སུ་གྱུ་ར་ཏེ། རྒྱལ་པོ་དང་། ཡུལ་མྱི་ཐམས་ཅད་བླ་ན་མྱེད་པ་མཉམ་སྙོམས་པའི་སེམས་སྐྱེད ་བར་གྱུར་ཏོ།། དེའི་ཡབ་རྒྱལ་པོ་ཡང་། བལ་གི་གླང་པོ་ཆེ་ལ་བཅིབས་ཏེ། རྒྱལ་བུ་བསུའོ།། རྒྱལ་བུས་འགོ་དང་གདོད་ཀྱིས་ཕྱག་བྱས་ཏེ། རྒྱལ་པོའི་ཕྱི་བཞིན་ཕྱིར་ཡུལ་དུ་སོང་སྟེ། ཡུལ་མྱི་ཐམས་ཅད་ཀྱང་རབ་ཏུ་དག ་མགུ་རངས་ནས། མེ་ཏོག་དང་། ཀདུག་སྤོས་དང་། བ་དན་དང་རྒྱལ་མཚན་དང་། ཟླ་རེ་ལ་སྩོགས་པས་མཆོད་པ་བྱ་བའི་ཕྱིར་བ་ཤམས་ཏེ། ས་གཞི་ཡང་སྤོས་ཆུས་ཅག་ཅཀ་བཏབ་ནས་བསྡད་དོ།། ་རྒྱལ་བུ་ཕོ་བྲང་གི་ནང་དྱ་འོངས་ནས། ཡུམ་གྱི་དྲུང་དུ་ཕྱི་ནད་པ་དང་། འགོ་བོས་ཕྱག་འཚལ་ནས། སྤྲོ་བའི་ཚིག་ཀྱིས་སྙུན་གསོལ་ད་ཏོ།། དེ་ནས་རྒྱལ་པོས་རིན་པོ་ཆེ་བར་མཛོད་ཐམས་ཅད་རྒྱལ་བུ་ལ་གཏད་དོ།། ་ཡིད་བཞིན་དུ་སྦྱིན་པ་བྱེད་དུ་བཅུག་ནས། སྡོ་བས་ཀྱང་ལྷག་པར་རྒྱུན་མ་ཆད་པར་སྦྱིན་པ་བྱེད་དུ་བཅུག་པས། མངོན་པར་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུརར་ད་ཏོ།། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལྡ་པ། ་རས་སྔོན་གྱི་སྦྱིན་པ་བྱས་པའི་མངོན་ཏུ་དྲན་པ་ནི་དེ་ལྟ་བུ་ཡིན་ནོ།། དེའི་ཚེ་དེའི་དུས་ན་རྒྱལ་བུ་དོན་གྲུབ་ཅེས་བྱ་བ་ནི། ད་ལྟར་ང་ཉིད་ཡིན་ནོ།། དེའི་ཚེ་ཡབ་རྒྱལ་པོར་གྱུར་པ་ནི། ད་ལྟར་ངའི་ཡབ་རྒྱལ་པོ་ཟས་གཙང་མ་ཡིན་ནོ།། ་དེའི་ཡུམ་དུ་གྱུ་རད་པ་དེའི་ནི་ཡུམ་ལྔ་མཛེས་ཡིན་ནོ།། དེའི་ཚེ་བཙུན་མོར་གྱུ་རང་པ་དེ་ནི་ད་ལྟར་གྲགས་འཛིན་ཉིད་ཡིན་ནོ།། དེའི་ཚེ་དགེ་སློང་ཨ་ནྱ་ཏ་ཞེས་བྱ་བ་ནི། ད་ལྟར་མེའུ་འགལ་གི་བུ་ཆེན་པོ་ཡིན་ནོ།། དེའི་ཚེ་བརྒྱ་བྱིན ་ལྷའི་དབང་པོར་གྱུར་པ་དེ་ནི་ད་ལྟར་ཤ་རིའི་བུ་ཡིན་ནོ།། དེའི་ཚེ་རྔོནད་པར་གྱུརྡ་པ་དེ་ནི། ད་ལྟར་ཀུན་དཀའ་བོ་ཁྱོད་ཡིན་ནོ།། དེའི་ཚེ་ཁྱེའུ་ཡ་རི་ཞེས་བྱ་བ་ནི་ད་ལྟར་ངའི་སྲས་སྐྲག་གཅན་འཛིན་ཡིན་ནོ།། དེའི་ཚེ་བུ་མོར་གྱུར ་པ་དེ་ནི་ཡུམ་སྲུ་གོ་ཏ་མྱི་ཞེས་བྱ་བ་ཡིན་ནོ།། དེའི་ཚེ་བྲམ་ཟེ་སློངས་མོ་བ་དེ་ནི་ད་ལྟར་ལྷ་སྦྱིན་ཉིད་ཡིན་ནོ།། དེའི་ཚེ་བྲམ་ཟེའི་ཆུང་མར་གྱུརྡ་པ་དེ་ནི་ད་ལྟར་བྲམ་ཟེ་མོ་ཙན་ཙམ་མ་ན་ཡིན་ནོ།། དེ་ལྟར་ན་བཞི་ནད་ཏུ་བྱེད་དཀ ་བ་ཡང་གྲངས་མྱེད་དཔག་ཏུ་མྱེད། དགེའ་ལས་བྱས་པ་ཡང་གྲངས་མྱེད་དཔག་ཏུ་མྱེད་དེ་དེ་བས་ན་མདོ་སྡེ་འདི་དགེ་སློང་དང་། བྲམ་ཟེ་ལས་སྩོགས་པ་རྒྱས་པར་སྟོན་ཅིག།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་བོས། སྦྱིན་པ་བྱ་བའི། སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་འདི་ལྟ་བུ་ངག་ཡིན་ནོ།། ། འཕགས་པ་རྒྱལ་བུ་དོན་འགྲུབ་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།། ། རྫོགས་སྷོ།། ་