CLOSE WINDOW

Ng22.34: klu'i rgyal po rnga sgra'i tshigs su bcad pa
Wyliee-texts produced with BDRC’s OCR application

རྒྱ་ཀར་ཀི་མཁན་པོ་ཕྲད་ཉ་པར་མ་དང་། ཤུ་ཆེན་ཀྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་བསྡེས་བསྒྱུར་ཅིང་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ ་ན་ག་ར་ཙ་དྷ་ར་ཀ་ཐ།། ། བོད་སྐད་དུ།། ཀླུའི་རྒྱལ་པོ་རྔ་སྨའི་ཚིགས་སུ་བཅད་པ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པས་རབ ་བསྟན་དཔ།། བྱང་ཆུབ་སེམས་དཔའ་སྐྱེས་པའི་རབས།། ཐམས་ཅད་ལེགས་པར་འདུས་ནས་སུ།། ཤི་ན་ཏུ་དང་བའི་སེམས་ཀྱིས་ཉོན།། རྫོགས་པའི་སངས་རྒྱས་ལྷའི་ལྷ།། དེ་བཞིན་གཤེགས་པས ་བཞུགས་པ་ནཱ།། དགེ་སློང་རྣམས་ནི་གཅིག་ལ་གཅིག།། ཁ་སྟོབས་ལས་སོགས་རྣམས་ཀྱིས་འགྱེད།། དགེ་སློང་ཅིག་ངན་འདོན་པ་དག།། དྲང་སྲོང་ཆེན་པོས་གསན་པ་ན།། དེ་ཕྱིར་གྲུབ་པས་དགེ་འདུན་རྣམས ་བསྡུས་ནས་འདི་སྐད་བཀའ་སྩལ་ཏོ།། ཁྱེད་ཅག་ལ་སྟོབས་ལས་སོགས་པས།། གཅིག་ལ་གཅིག་ནི་འཚེ་བྱེད་པ།། ཁྱིམ་ནས་ཁྱིམ་མྱེད་རབ་ཟུང་དང་།། དེ་དག་མཐུན་པ་མ་ཡིན་ནོ།། རྟག་ཏུ་ཡང་དག་དགའ་བྱེད་པར། ་ཆོས་དྲུག་གང་ཡིན་ལ་འཇུག་པ།། འདི་ནི་ཁྱིམ་ནས་ཁྱིམ་མྱེད་པར།། རབ་ཏུ་བྱུང་བ་རྣམས་དང་མཐུན།། སེམས་ཅན་ཀུན་ལ་སྙིང་རྩེ་ཁྱེར།། འཚེ་བ་མྱེད་པར་ངས་བསྒོམས་ནས།། ཇི་ལྟར་བྱང་ཆུབ་དོན་གཉེར་བ།། དགེ་སློང ་ལས་འདི་ཉོན་ཅིག། ཤེས་རབ་ལྡན་པ་མྱི་ཡིམ་འདི།། ཟོས་ནས་སྡིག་པ་རྣམ་སྤོངས་ལ།། གྲུབ་དང་བདེ་བ་ཐོབ་བྱ་བའི་ཕྱིར།། དགེ་བའི་ཆོས་ལ་སྤྱད་པར་གྱིས།། སྔོན་གྱི་སྤྱན་དྲུང་གྱུར་པའི།། ཀླུའི་རྒྱལ་པོ་གཉིས་བྱུང་བ།། ་གཅིག་ཀྱི་མྱིང་ནིརྔ་ཞེས་བྱ།། གཉིས་པ་ཉེ་རྗེ་ཞེས་བྱའོ།། གཉི་ག་སྲོག་གཅོད་ལས་ལྡོག་ཅིང་།། ཚུལ་ཁྲིམས་ལྡན་ཞིང་དབང་ཆེར་གྲགས།། ཀླུའི་སྐྱེ་གནུས་ལ་སྤྱོད་ཅིང་།། མྱིའི་ཐོད་པ་འདོད་པར་གྱུར་།། ཚུལ་ལྡན ་སང་དུ་ཐོས་པ་ཡིས།། དགེ་སློང་བྲམ་ཟེ་མཐོང་བ་དང་།། མྱིའི་ཚུལ་དུ་བསྒྱུར་ནས་ནི།། བསྙེན་བཀུར་དག་ཀྱང་བྱེད་པར་གྱུར་།། ཟླ་བ་བྱེད་ངོའི་ཚེས་བརྒྱད་དང་།། བཅུ་བཞི་བཅོ་ལྔ་གང་ཡིན་པ།། དེ་ལ་ཡན ་ལག་བརྒྱད་པའི།། གསོ་སྦྱོང་ལ་ནི་ལེགས་མཉམ་འཇོག། དེ་གཉིས་སྔོན་གི་གནས་སྤངས་ནས།། ཡུལ་གཞན་ཞིག་ཏུ་ཕྱིནད། པ་དང་།། དེ་དང་ཉེ་བའི་གནས་དེ་ན།། རྔ་སྒྲ་ཞེས་བྱའི་ཀླུ་གནས་སོ།། ་ཀླུའི་སྐྱེས་མཆོག་སྤུན་གཉིས་པོ།། དེ་གཉིས་འོངས་པར་དེས་ཤེས་ནས།། ཁེངས་ཤིང་ཁྲོས་པའི་ཡིད་ཀྱིས་སུ།། ཏུ་བ་ཅན་གྱི་རེབུག་ས་འབྱིན་ཅིང་།། ཁྱེད་གཉིས་ཆོས་སྤྱོད་མ་ཡིན་ཏེ།། གཡོན་ཅན་ཚུལ ་ངན་འཆོས་པའོ་ཞེས།། རྔ་སྒྲས་ཚིག་ནི་རྩུབ་པོ་ཡིས།། ཡང་ནས་ཡང་དུ་སྐྱོད་པར་བྱེད།། དམན་པས་བསྐྲད་པ་ཐོས་པ་དང་།། ཉེ་རྔ་རབ་ཏུ་ཁྲོས་གྱུར་ད་ཏེ།། དེ་ཚེ་ཕུ་བོ་རྔ་ལ་ནི།། ཚིག་རྣམས་ཀྱིས་ནི་གོ་བྱས་པ།། ཀྱེ་རྔ ་མྱིའི་འཇིག་རྟེན་བདག། ཚིག་ངན་མངོན་ཏུ་སྤངས་གདུང་བྱེད་ཅིང་།། སྦལ་ཟན་ཆུའི་འགྲམ་ནས་སྐྱེས་པ་ཡིས།། འཚེ་བའི་གདུག་པས་བདག་ཅག་སྐྲོད་པར་བྱེད།། འདི་ནི་ཆུ་ནང་དུད་འགྲོ་རྣམས་ལ་འཚེ།། ཟང་ལ་མྱི་རྣམས ་ལ་ཡང་འཚེ་བར་བྱེད།། གཙོ་བོ་གལ་ཏེ་བདག་ལ་བཟོད་མཆིས་ཀྱང་།། ཚིག་ངན་སྤྲུ་ལ་ཡིད་ནི་བཟོད་མྱི་ནུས།། དེད་ནི་གྲོང་ཁྱེར་དང་།། ཕོ་བྲང་གཉེན་འདུན་བཅས་རླག་སྟེ།། རྔ་སྒྲ་སྟན་ལས་ལངས་ནས་སུ།། འདི་ནས ་བདག་ཅག་འདོང་པར་བྱ།། ཀླུའི་རྒྱལ་པོ་སྟོབས་པོ་ཆེ།། དེ་ཡིས་ཆུ་བོའི་ཚིག་ཐོས་ནས།། ཡིད་ལ་འབབ་པར་བྱེད་པའི།། ཚིགས་བཅང་འདི་དག་སྨྲས་ཏེ་བསྒོའོ།། གང་གི་ཁྱིམ་ཏུ་ཉིན་ཞག་འགའ་ཤནས་ཤིང་།། ་བཟའ་དང་བཏུང་བ་ལེགས་པར་བླངས་གྱུར་པ།། དེ་ལ་ཡིད་ཀྱིས་གནོད་པར་མྱི་བསམ་སྟེ།། བྱས་པ་བཟོའ་བ་སྐྱེས་བུ་དམ་པས་བསྔགས།། ལྗོན་ཤིང་གང་གི་གྲོབ་མ་ཡིས།། ཡུད་ཙམ་ཞིག་ཀྱང་ལེགས་འགེབས་དེའི།། ་ལོ་མ་འང་བཅད་པར་གྱི་བྱ་ན།། ཡལ་ཀ་ལྗོན་ཤིང་སྨོས་ཅི་དགོས།། ནགས་ཚལ་ཤིང་ནི་བཅད་དམ་སྲེག་ཀྱང་རུང་།། སླར་ཡང་སྐྱེ་འགྱུར་འདི་ལ་ཐེ་ཙོམ་མྱེད།། ལག་པ་གློན་བཅད་ཕྱིར་ཡང་མྱི་སྐྱེ་ལྟར།། གྲོགས་ལ་འཞུ་ལ་ཀུན ་བྱེ་བོ་ད་བདུ་རི་ཆོད་ཀྱ་ཞིང་།། བཟ་བཏུང་ཞིམ་པོ་མང་པོས་ཕན་བཏགས་ཀྱང་།། དེས་ནི་ངེས་པར་གྲོགས་པོ་སྤོང་འགྱུར་ཏེ།། ཀླ་བ་ཆེན་གྱིས་ནི་ཀོའུ་ཤིའི་སྤྱིའི་བུ་བཞིན།། ཇི་ལྟར་ཆུ་འགམ་ཤིང་ནི་འགྱེལ་གྱུར་ད་ལྟར།། མྱི་གང་བློ་ནི་གཏོ།། ་ཞིང་འགྱུར་བྱེད་པ།། དེའི་མཛའ་བཤེས་བརྟན་པར་མྱི་འགྱུར་ཏེ།། ཤི།། ཤུན་ཚོན་གྱིས་རས་དཀར་བཅོས་པ་བཞིན།། གལ་ཏེ་མཁས་པ་དགྲ་བོ་དག།། མྱི་དགའ་བ་ནི་བྱེད་འདོད་ན།། སེམས་ལ་སྐྱོན་ནི་བྱེད་བཅས ་དང་།། དེ་ཉིད་ཀྱིས་ནི་དེར་གནོད་འགྱུར།། རྒྱ་མཚོ་དང་ནི་རོ་རབ་དང་། ས་རྣམས་བདག་གི་ཁུར་བྱིན་གྱི།། བྱས་པ་མྱི་བཟོའ་གང་ཡིན་པ།། ད་ནི་བདག་གི་ཁུར་ཆེན་ཡིན།། མྱི་གང་སེམས་ནི་མྱི་རྒོད་ཅིང་།། བྱས ་བགསོའི་དང་བྱས་པ་ཚོད།། བྱས་པ་ཆུང་གསོན་གྱི་བྱེད་པ།། དེ་དག་མཁས་པས་རབ་ཏུ་བསྔགས།། ཆོས་དེ་བྱམས་པ་བདེ་བ་སྟེ།། འཇུག་ངོགས་བདེ་བའི་ཆུ་རླུང་བཞིན།། གྲོགས་ལ་ཞུ་བ་མྱེད་པ་དང་།། བསྙེམས ་དམྱལ་བད་པ་བྱེད།། བྱེངས་དང་ཆོས་བྱེད་ང་རྒྱས་ཆེ།། སྡིག་པའི་གྲོགས་པོ་བསྟེནད་པ་དང་།། བས་ལྡན་རྣམས་ས་ནོས་བྱེད་པ།། དེ་དག་རྣམས་ཀྱི་གྲགས་པ་འཇིག།། དེ་ཕྱིར་ཁེངས་པར་བྱ་སྟེ།། ཁྲོ་བ་རྣམ་པར་སྣང ་བར་བྱ།། ཁེངས་དང་ཁྲོ་བ་འོངས་གྱུར་ན།། གྲགས་པ་མཐའ་དག་འཇིག་པར་འགྱུར།། གང་ཞིག་རྒན་དང་བྱིས་པ་ནད་པ་དང་།། ཉམས་ཆུང་ཐབས་སྟོར་དེ་བཞིན་དམན་པ་དང་།། རྒྱལ་པོས་སྤངས་དང་སྐྱབས་མྱེད་པ་དག་ལ ་བསྙིང་རྩེ་མྱེད་པ་དེ་དག་མྱིར་མྱི་རུང་།། རང་གི་ཡུལ་འཁོར་གནས་སྤངས་སྟེ།། གཞན་གི་ལྗོངས་སུ་ཕྱིནད་པ་ན།། ཚིག་ངན་སོ་སོར་ཟློག་པ་ལ།། བཟོད་པ་ཆེན་པོ་བྱ་དགོས་སོ།། རང་གི་ཡུལ་དུ་བརྙས་བཞིན་འདུག་པ་པས།། མྱི ་རྣམས་གཞན་གི་ཡུལ་ན་གནས་ཀྱང་རུང་།། ཀན་ན་མྱི་རྣམས་གཞན་གྱིས་མྱི་བརྙས་ཏེ།། རང་གི་ཡུལ་ཡིན་དེ་དག་རང་གི་མྱ་མཆོག་རྣམས་ནི་བརྙས་ཐབས་བྱས་པའི་ཚེ།། ཆུང་མ་སྟུག་དང་ལོངས་སྤྱོད་རྒྱ་ཆེན་གཏོང་།། ངན་པ་རྣམས་ནི་དེ་ན་ཡོད།། ་སུ་འཁྱམ།། བརྙས་ཐབས་བྱས་པ་དེ་ཡང་ཆུ་བཞིན་འཐུང་།། དར་ན་པ་རྙེད་པ་དཀའ་བ་སྟེ།། རྒུད་པ་མོད་པ་ཡིན་པའི་ཕྱིར།། སེམས་ཅན་དམས་པར་གྱུར་ད་པའི་ཚེ།། ཁ་རོག་འདུག་དང་བདེ་བ་ཐོབ།། གལ་ཏེ་དོན་མྱེད་ཕྱོགས་ཉུང་ངམ།། ་མཛབ་ཤེས་ཕྱོགས་ཀྱི་སྟོབས་ཆུང་ལ།། དགྲ་བོ་ཕྱོགས་ཀྱི་སྟོབས་ལྡན་།། ཁ་རོག་འདུག་དང་བདེ་བཟོབ།། གྱི་རྣམས་ཆོས་ཀྱིན་བྱེད་པ་དང་།། འདོད་པའི་སངས་སྤྱོད་མངོན་དཀའ་ཞིང་།། དང་ཆུང་པོས་བྱེད་པའི་ཚེ།། ཁ་རོ། ་འདུག་དང་བདེ་བ་ཐོབ།། མྱི་རྣམས་ཁྲོ་བར་བྱེད་པ་དང་།། གནོད་སེམས་མང་པོར་གྱུར་པ་དང་།། གཞན་ལའང་འདུག་པའི་ཚུལ་ལྡན། ཚེ།། ཁ་རོག་འདུག་དང་བདེ་བ་ཐོབ།། མྱི་རྣམས་དད་པ་མྱེད་པ་དང་། ་ཁ་བཞིན་མུ་ཚོར་སྨྲ་བ་དང་།། སྤུ་དཔ་གཡོ་དག་བྱེད་པའི་ཚེ།། ཁ་རོག་འདུ་ཀ་དང་བདེ་བ་ཐོབ།། མྱི་རྣམས་ཚུལ་ཁྲིམས་འཆལ་པ་དང་།། གཏུམ་ཞིང་ཀཟུ་ལུམས་བྱེད་པ་དང་།། བདེན་པའི་ཆོས་དང་མྱི་ལྡན་ཆེ།། ཁ་རོ། ་འདུག་དང་བདེ་བ་ཐོབ།། མྱི་རྣམས་ངང་ཚུལ་ངན་པ་དང་།། ལོག་པའི་ལྟ་བས་བཅོམ་པ་དང་།། བརྟུམ་ཞིང་སྡང་བར་གྱུར་པའི་ཚེ།། ཁ་རོག་འདུག་དང་བདེ་བ་ཐོབ།། ངོ་ཚ་མྱེད་དང་བརྫུན་ཏུ་སྨྲ།། དོན་མྱེད་ཕྲ་མ་ཚིག་རྩུབ་དང་།། དབྱེན ་དང་ཀྱལ་བ་སྨྲ་བའི་ཚེ།། ཁ་རོག་འདུག་དང་བདེ་བ་ཐོབ།། ཡ་རབས་ཚུལ་མྱེད་ཤི་ནང་ཏུ་ཁྱེངས།། ང་རྒྱལ་གྱིས་ནི་འགྱིང་བ་དང་།། ཕྲ་དོག་བསྐལ་དང་ཚུལ་ཉམས་ཚེ།། ཁ་རོག་འདུག་དང་བདེ་བ་ཐོབ།། ཀ་ཚེ་མྱིའི་རུས་ནས་དང ་རིགས་རྣམས་ཤེས་པ་མ་ཡིན་པའི།། མྱི་དང་ལྷན་ཅིག་འདུག་པ་ན།། དེ་ཚེ་ང་རྒྱལ་བྱར་གྱི་རུང་།། ཡུལ་གྱི་ཕྱིར་དང་བདེ་བའི་ཕྱིར།། གཞན་གིས་བརྙས་པ་དེ་བཟོད་བྱ།། གཞན་གི་ཡུལ་ན་གནས་པ་དང་།། གཞན་གྱི་འཚོ་བས་ལོ། ་པའི་ཚེ།། སྣབ་བས་འཇུག་པར་གྱུར་པ་ར།། གཞན་གྱིས་སྨྲས་པ་དེ་བཟོད་བྱ།། གཞན་གྱི་ཡུལ་ན་འདུག་པ་དང་།། གཞན་གྱི་འཁོབས་འཚོ་བའི་ཚེ།། དམན་པས་སྣང་བར་གྱུར་ཀྱང་ཆུང་།། ཤེས་རབ་ལྡན་པས་དེ་བན ་བྱ།། ཀྱེ་མ་ཡུལ་ལོག་བདག་གནས་ཤིང་།། མཛའ་བཤེས་ངན་དང་ཕྲད་པ་ན།། བྱིས་པ་རྣམས་དང་འགྲོགས་པའི།། གནས་སུ་མྱ་ངན་ཏེ་ནང་བྱེད་མྱེད།། ཤེས་རབ་ལྡན་པས་དེ་བསམས་ནས།། མྱི་ཤེས་མྱོ་དང་འགྲོགས་བྱེད་ཀྱང་།། མཁ ་བ་ནོར་དང་ལོངས་སྤྱོད་ཕྱིར།། གཟུ་ལུམས་ཁོ་ནར་ཁྲོ་མྱ་བྱེ།། ཇི་ལྟར་ཐལ་བས་བཀབ་པའི་མྱེ།། རྩ་དང་ཤིང་ཀྱིས་གཡོགས་པ་ལ།། རླུང་རྣམས་ཀྱིས་ནི་ལེགས་བུས་ན།། ཤིན་ཏུ་རབ་ཏུ་འབར་འགྱུར་ཏེ།། རྩ་དང་ཤིང་དེ་བསྲེགས ་ནས་སུ།། ཆེན་པོར་འཚེད་ཅིང་འབར་བ་ཡིས།། ཕྲ་དང་ཀྱིལ་བ་མང་པོ་དང་།། ལྗོན་ཤིང་ཆེན་པོ་བསྲེགས་པ་ལྟར།། དེ་བཞིན་རྣམ་རྟོག་བུད་ཤིང་ལས།། བྱུང་བའི་ཁྲོ་བ་མྱེ་འདྲ་བས།། བདག་ཉིད་དང་ནི་གཞན་དག་ལ།། ཕུང་ཁྲོལ་ཆེན་པོ།། ་བྱེད་པར་འགྱུར།། དེ་ཕྱིར་ཁྲོ་བ་བྱུང་བ་ན།། ཞེ་སྡང་གཉེན་པོར་གྱུར་པའི་བྱམས་པ་སེམས་ལ་བསྒོམས་ནས་སུ།། མཁས་པ་རྣམས་ཀྱིས་ཐོགས་པར་བྱེད།། སྟོང་པ་བྱེད་ན་མཛའ་བྱེད་ལ།། མ་བསྟོད་མཛ་བར ་མྱི་བྱེད་ཅིང་།། སྨོད་ལ་ཡོངས་སུ་སྤོང་བྱེད་པ།། དེ་ནི་བྱོས་པའི་མཚན་ཉིད་ཡིན།། གལ་ཏེ་འདི་ན་བྱིས་པ་དག། སྤྲོ་གཤེགས་བཏགསབའི་བྱ་ལྟར་བུར།། བློ་སྤངས་ཤེས་རབ་མ་འཆལ་ན།། མཁས་པ་ཇི ་སླར་འཚོ་བར་འགྱུར།། ཀར་ཕྱིར་བྱིས་པ་པས་ཆེར་ནི།། བྲོ་གྲོས་སྤངས་ཤི་ཤེས་འཆལང་པ།། དེ་ཕྱིར་མཁས་པ་ཤེས་རབ་ཙམ།། ཁྱད་པར་དུ་མི་བདེ་བར་འཚོ།། མཁས་པས་ནོར་རྙེད་དཀའ་བར་གྱི་འགྱུར་ལ།། ཕོངས་པར་གྱུརཔ ་ཀྱང་མྱི་འཁྲུས་འཁྲུག་པ་མྱེད།། རྗེས་སུ་གཟུང་ཕྱིར་ཕན་པ་དེ་སྨན།། ལེགས་པ་སྨྲ་བ་ཡིན་ཞེས་གཞན་གྱིས་ཅིས་མྱི་རྟོགས།། མཁས་པས་གཟུ་ལུམས་མྱེད་པར་གྱུར་པ་དེ།། དེ་ཉིད་དཔྱད་ལ་ལེགས་པར་མཉན་ནས་སུ།། ་དེ་ལྟར་རྣམ་པར་བསམས་ནས་རང་དོན་དང་།། གཞན་གི་དོན་དག་ལེགས་པར་སྤྱོད་པར་བྱེད།། མཁས་པ་རྣམས་ནི་འཚོ་བའི་རྒྱུ་ཙམ་གྱིས།། སྡིག་པའི་ལས་རྣམས་ཀུན་ཏུ་སྤྱོད་མི་འགྱུར།། གལ་ཏེ་བདེ་དང་སྡུག་བསྔལ་ལྡན ་ཟུར་ཀྱང་།། རྟག་ཏུ་ཆོས་དོན་ཡོངས་སུ་གཏོང་བ་བྱེད།། བློ་ལྡན་གཡོ་སྤུ་ཅན་ཏུ་མྱི་འགྱུར་ཏེ།། རྨོངས་པར་གྱི་འགྱུར་ཚིག་རུག་ཁྲོ་མྱི་འགྱུར།། ཕོངས་པའི་གནས་ན་མྱ་ངན་གྱི་བྱེད་པ།། གཞན་གྱི་གནད་ལ་འབེབས་པར་བྱེད་དེ། ་སྐན།། ཧཅང་ཐལ་དང་ཧ་ཅང་ཞུམ་པ་དང་།། དམན་པའི་མྱི་རྣམས་ལ་ཡང་མ་ཡིན་ཏེ།། བར་མའི་གནས་ལ་རྟེན་པར་བྱེད་པ་དག། དེ་ནི་མཁས་པ་རྣམས་ནི་མཚན་ཉིད་ཡིན།། ཧཅང་ཐལ་བ་རྟག་ཏུ་མཁོན།། ཧ་ཅང་ཞུམ ་པ་རྟག་ཏུ་བརྙས།། དེ་ཕྱིར་དེ་གཉིས་སྤངས་ནས་སུ།། གོ་འཕངས་པར་མ་བསྟེནད་པར་བྱ།། རེས་འགའ་སྐུག་པ་འམ་འོན་པ་ལྟ་བུར་གྱིས།། དུས་ལ་བབ་ན་ས་བདག་བཞིན་དུ་སྨོས།། རེས་འགའ་ཀངས་རི་བཞིན་ཏུ་གས ་བར་གྱིས།། དུས་ལ་བབ་ན་མྱེ་ལྕེ་བཞིན་དུ་སྤོར།། རེས་འགའ་རྩ་བ་འདྲ་བར་ཞུམ་པར་བྱ།། དུས་ལ་བབ་ན་རི་རེབ་ལྟ་བུས་ཀྱིས། རེས་འགའ་རྒྱལ་པོ་ལྟ་བུར་འགྱུར་བར་བྱ།། དུས་ལ་བབ་ན་ཐུབ་འདྲར ་ནགས་སུ་སོང་།། རེས་འགའ་བཀྲེས་དང་སྐོམ་པའང་བཟོད་པར་བྱ།། དུས་སུ་བདེ་དང་སྡུག་བསྔལ་དང་བྱ་ལེན།། ནོར་བྱར་བྲན་བཞིན། བཀོལ་བར་མྱི་བྱ་སྟེ།། ཁྲོ་བའི་དབང་དུ་གྱུར་པར་མྱི་བྱའོ།། རེས ་འགའ་དགའ་བའི་ཀླུ་དང་སིལ་སྙན་གྱིས།། རྩེ་ཞིབ་ཤ་དང་ཆང་ཡང་སྤྱད་པ་ར་བྱ།། རེས་འགའ་རི་དགས་ལྟར་བུར་འཇིགས་བཞིན་སོང་།། དུས་སུ་གཅན་ཟན་བཞིན་དུ་ཉམས་ཆལ་བསྟནད།། དང་པོར་དུས་དང་དུས་ཀྱིན ་དང་།། བདག་ཉིད་སྟོབས་ལྡན་སྟོབས་མྱེད་དང་།། དར་དང་རྒུད་པ་རྟགས་ནས་སུ།། དེ་ནས་དོན་རྣམས་ལེགས་པར་བརྩམ།། བཟོད་བྱེད་རྣམས་ལ་བཟོད་པ་དང་།། བཟོད་ལྡན་རྣམས་ལ་འང་བཟོད་པར་གྱིས།། ཉམ་ཆུང ་རྣམས་ལ་འང་བཟོད་པ་དང་།། སྟོབས་ལྡན་ལའང་བཟོད་པ་དང་།། ཁོན་གྱིས་ཁོན་ཞིར་རྣམས་ཀྱང་མྱི་འགྱུར་བས།། བཟོད་མྱེད་རྣམས་ལའང་བཟོད་པར་བྱས་ན་ལེགས།། ཁྲོས་པ་རྣམས་ལ་རྟག་ཏུ་དང་བ་དང་།། གཞན ་ཀྱི་སྐྱོན་རྣམས་རྟག་ཏུ་བཅབ་པར་གྱིས།། གཙོ་བོ་རྣམས་ཀྱི་ཚིག་ནི་འཇིགས་ཕྱིར་དང་།། འཐའ་ཟླའི་ཆོག་མཐའ་གྱུར་དཔྱིར་བཟོད།། གང་ཞིག་འོག་མའི་ཚིག་རྣམས་བཟོད་བྱེད་པ།། དེ་ནི་བཟོད་པའི་མཆོག་ཅེས་དམ ་པས་གསུངས།། ཀ་ཤེ་དང་གྱ་ཅོམ་སྨྲ་བ་དང་།། ཚིག་ངན་སྨྲ་བར་བྱེད་པ་ལ།། ཟོ་གྲོས་ཆུང་ངུ་མྱི་བཟོད་དེ།། པད་མ་ལོ་ནི་རྡོ་ཆར་བཞིན།། གཤེ་དང་གྱ་ཆོམ་སྨྲ་བ་དང་།། ཚིག་ངན་སྨྲ་བར་བྱེད་པ་ལ། ་མཁས་པ་ཤི་ནད་ཏུ་བཟོད་བྱེད་དེ།། གླང་ཆེན་མེ་ཏོག་ཆར་པ་བཞིན།། ཁྲོ་བ་དང་ནི་བརྫུན་དག་དང་།། ཚིག་ངན་སྨྲ་བར་བྱེད་པ་ལ།། མཁས་པས་ཤེས་རབ་ལྡན་གྱུརྡ་པ།། གང་ཡིན་དེ་ནི་ཐམས་ཅད་བཟོད།། རྫོབ་བསྲེག་ཀྱང ་འདུ་མྱི་འགྱུར།། ཆར་པ་བབ་ཀྱང་འཇིག་པ་མྱེད།། དེ་བཞིན་བདེ་དང་སྡུག་བསྔལ་གྱིས།། མཁས་པ་ཉམས་པར་གྱུར་པ་མྱེད།། གང་ཞིག་བདེན་པས་གགེ་བྱེད་པ།། དེ་ལ་མཁས་པ་བཟོད་པར་བྱེད།། བདེན་པ་མ་ཡིན།། ་པ་ཡང་བཟོད།། དེ་ལས་གཞན་པ་བསྟན་དུ་མྱེད།། འདི་ལྟར་སྐྱེས་བུ་མཁས་པ་ནོར་གི་ཕྱིར།། སྡུག་བསྔལ་བཟོད་བྱ་བཟོད་པར་གྱུརྡ་པར་བྱ།། གལ་ཏེ་མྱི་བཟོད་མྱ་ངན་རྣམས་སྤངས་ཏེ།། གཞན་དུ་སོང་ན་སྟོང་ཕྲག་རྙེད་དང་། ་འདྲ།། ཡལ་ཀ་གཉིགས་ལ་འཇུག་པར་མྱི་ཕྱེ་ཞིང་།། ཆགས་བྲལ་སེམས་ལ་ཆགས་པར་མྱ་བྱེ་སྟེ།། བཟང་ཞིང་སྟུག་པས་ས་སྟེངས་དཀང་བས་ན།། འཇིག་རྟེན་ཡངས་པ་གཞན་དུ་འགྲོར་ཟད་མོད།། ་གང་ན་བརྙས་བྱེད་བཀུར་སྟི་མྱོ་བྱེད་དང་།། སྨོད་པར་བྱེད་ཅིང་སྟོང་པར་མྱི་བྱེད་ན།། མཁས་དང་བླུན་འགྲོགས་ཆེད་ཀ་མྱི་ཆེ་བབ།། རང་རྒྱལ་བཞིན་དུ་མྱི་སྤ་དེ་འགྲོ་རིགས།། ཀང་ལ་སྐྱེས་བུ་འཐབ་ལ་དཀའ ་འགྱུར་ནས།། གཡོ་སྒྱུའི་བསམ་ལྡན་རྟག་ཏུ་གླགས་ཀྱང་བྱེད།། དཀྱིལ་བ་དབྱེན་བརྟུན་ཚིག་རྩུབ་སྨྲ་བྱེད་པ།། དེ་ཚེ་མཁས་པ་མྱུར་དུ་ཡུལ་གཞན་སོང་།། གང་ན་མྱི་རྣམས་མཚེ་བར་བྱེད་འགྱུར་ནས།། ཕན་ཚུན་གནད་ལ་འབེབས་པར ་དགའ་བ་དང་།། ལུས་དང་ངག་ཡིད་སྡོམ་པ་མྱེད་དཀུར་དཔ།། དེ་རྩེ་མཁས་པ་མྱུར་དུ་ཡུས་གཞན་སོང་།། ཀ་ན་གྱི་རྣམས་ཕྲ་དོག་བྱེད་གྱུ་ར་ནས།། གཞན་གྱི་རྙེད་པ་རྟག་ཏུ་རྩི་བཟོད་ཅིང་།། སྡང་བའི་བསམ་པས་ནམ་མོངས་ཚུལ ་མཆོས་པ། 5། དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས།། ག་ན་གྱི་རྣམས་སྡིག་བྱེད་འདོད་གྱུར་དཔ།། བཀུར་བསྟི་འདོད་ཅིང་ཚུལ་འཆོས་གཡོ་སྤུ་བྱེད།། ནང་ཡང་མ་དག་ཕྱི་ཡང་མ་དག་པ།། དེ་ཚེ་བདག་འདོད་ཡུལ་ག ་འགྲོ་བར་གྱིས།། ཀ་ན་གྱི་རྣམས་ཞེས་མྱེད་གྱུར་ནས།། ཡ་རབས་ཚུལ་མྱེད་ཁྱེངས་ཤིང་ང་རྒྱལ་ཅན།། བྱིས་པས་མཁས་པ་རྟག་ཏུ་བརྙས་བྱེད་པ།། དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས།། གང་དང་ཀང་ན་བཟའ ་བཏུང་དང་།། གང་དྷ་གོས་རྣམས་རྙེད་པ་དང་།། གང་ཏུ་འཚོ་བ་དེར་སོང་ལ།། ཆགས་གྱུར་ད་གནས་སུ་མ་འདུག་ཅིང་།། ལན་འགས་ཆོད་འགྱུར་གང་ཡིན་སྲེད་པ་སྤོངས།། རྟག་ཁྱེངས་མཆོད་མྱེད་ང་རྒྱལ་ཀང་ཡིན་སྤོངས ་འབྲས་བུ་ངན་པའི་ཁྲོ་བ་གང་ཡིན་སྤོངས།། ཕོངས་དུས་མྱི་ལྷའི་གྲོགས་པོ་གང་ཡིན་སྤོངས།། མྱེའི་ས་གང་བའི་ལམ་འདྲའི་མ་རིག་སྤོངས།། བྱས་གཟོའི་མྱེད་པའི་གཉེན་འདྲའི་འདོད་ཆགས་སྤོངས།། ཆེ་བ་ཀྱི་ཟད་ཀུ ་འདྲའི་ཆགས་པ་སྤོངས།། དགྲ་མོ་མཚོན་ཐོགས་ལྟེ་བུའི་སྡུག་བསྡུས་སྤོངས།། ཆུ་མོ་ལྟ་བུའི་ཆུངལ་གྱི་བཟད་ཐོང་།། འགོལ་བྱེད་འཕྲུ་རུ་ལྟ་བུའི་མུརྣམས་ཡོང།། འགྲོ་བའི་ནད་བཅས་ལྟ་བུའི་ཁྱིམ་རྣམས ་ཐོབ།། བཏུང་བཏུག་ཅན་སྔ་བུའི་འདོད་པ་ལོབ།། ཁྱིམ་གྱི་བྱོན་གཅིག་བཏང་སྟེ།། གྲོང་ཟེར་དོན་ཏུ་ཁྱིམ་བཏང་ངོ་།། ལྗོངས་ཀྱི་ཕྱིར་ནི་གྲོང་ཁྱེར་ཏེ།། བདག་གི་དོར་བུས་བཏང་ངོ་།། མྱིའི་ཡན ་ཕྱིར་མི་ནོར་བཏང་ཞིང་།། སྲོག་གི་དོན་ཏུ་ཡན་ལག་བཏང་བར་བྱ།། རྡོ་བ་པ་ཡན་ལག་རྣམས་དང་དེ་བཞིན་སྲོག། ཐམས་ཅད་གཏད་ཀྱི་འདིར་ནྀ་ཆོས་སྲུང་ངོ་།། ཆོས་སྤྱོད་པ་ལ་འཇིགས་སྨག་མྱེད་པ་ཉིད། ་སྤྱོད་པ་དག་ངན་འགྲོར་མྱི་འགྲོ་སྟེ།། ཆོས་སྦྱིན་སྤྱོད་པ་ནི་ནས་གདུངས་པར་འགྱུར།། མཁས་པས་ནོར་རྙེད་དགའ་བར་མྱི་འགྱུངས།། ནོར་འང་ན་ཡང་བློ་གྲོས་ཀྱི་འཁྱབ་བ།། འཇིག་རྟེན་དག་ན་ཅི་དགའ་ལེགས་རྨུས ་སེམས་ཅན་ནང་ན་མྱིའི་སྙིང་པོར་ཆུད།། གང་ཞིག་དགའ་བས་གཞན་ལ་ནོར་སྦྱིན་ཞིང་།། ང་རྒྱལ་འཚེ་བ་རྣམ་སྤངས་བདེན་ལ་གནས།། རྒྱ་མཚོ་འདྲ་བའི་སེམས་ལྡན་དེ་དག་ནི།། དཔའ་བོ་གཏུལ་པོ་ད་ཡ་རབས་སྟོབས་ལྡན། ་ཡིན།། གང་ཞིག་དེང་དང་དེ་ལ་ལེགས་བསླབས་པས།། དོན་རྣམས་ཀུན་ལ་མཁས་པར་གྱུར་པ་དང་།། དེས་ལ་འགྲོགས་ན་བདེ་ཡི་དེ་དག་ནི།། དམ་པས་ལེགས་པ་ཡིན་ཞེས་བསྔགས་པ་མཛད།། ཉེ་རྔས་སྨྲས་པ། ་རྔ་ཁྱོད་ལ་ནི་ཕྱི་ཕྱིར་ཞིང་།། འདི་ལྟར་བདག་ནི་རབ་ཏུ་དང་།། བདག་གི་ལུས་ནི་བསྐམས་པ་འམ།། ཡང་ན་སེམས་ནི་མྱེད་ཀྱང་བླ།། སྡུག་བསྔལ་ཤི་ནད་ཏུ་མྱི་བཟད་པར།། ལྟུང་ཡང་ཕྱིན་སྡིག་མྱི་བགྱིདདེ ་ཚུལ་ཁྲིམས་ཉམས་པ་གསོན་པ་ལས།། ཚུལ་ཁྲིམས་ལྡན་པ་ཤི་ཡང་བླ་བ།། སྐྱེ་བ་གཅིག་པུ་འདིའི་ཕྱིར།། ཇི་ལྟ་བུར་ནི་མྱི་བཟང་སྤྱད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྔོན་ཆེ་གང་དུ་རབ་གནས་ཤིང་།། ་དེ་དང་དེར་ནི་སྐྱེས་པ་ན།། མྱི་དགེའི་གྲོགས་དང་འགྲོགས་པ་ཡིས།། ང་ཡིས་མྱི་དགེའི་ལས་རྣམས་བྱས།། དགེ་བའི་བཤེས་དང་ཕྲད་པ་དང་།། མྱི་དགེའི་ལས་རྣ་སྤངས་པར་གྱུར་པ།། བཅོམ་ལྡན་དེ་བཞིན་གཤེགས ་པ་ཡིས།། སྔོན་གྱི་གནས་རྣམས་མངོན་མཁྱེནད་ནས།། དེ་ཕྱིར་དགེ་སློང་རྣམས་ལ་ནི།། ཐུབ་པས་ལུང་ཡང་བསྟནད་པ་མཛད།། སྔོན་ཆེ་ན་རྗེར་གྱུར་ཏེ།། ཀུན་དགའ་བོ་ནི་ཉེ་རྔ་ཡིན།། སྒྲ་སྦྱིན་རྔ་སླར ་གྱུར་ཏོ་ཞེས།། སྐྱེས་རབས་དེ་ལྟར་བཟུང་བར་གྱིས།། ཆོས་རྣམས་སྡུད་པར་བྱེད་པ་ཡིས།། དོན་རྒྱས་མདོ་སྡེ་འདི་ཐོས་ནས་དགེ་སློང་ཐམས་ཅད་ཀུས་བཅས་པར།། ཆོས་ལ་སྤྱོད་པ་ཉིད་དུ་གྱིས ་ཀླུའི་རྒྱལ་པོ་རྔ་སྒྲ་ཚིག་སུ་བཅད་པ།། ། རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨ་རྱ་ཤྲི་གུ་པ་ཏ་ན་མ་སུ་ཏྲ། ་