| Wylie | e-texts produced with BDRC’s OCR application |
རྒྱ་ཀར་སྐད་དུ། ས་བྱ་མ་སྐན་དོན་ནམ་མ་དེ་ས་སུ་ཏྲ།། བོད་སྐད་དུ། འཕགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ཐེག་པོ་ཆེན་པོའི་མདོལ།། སངས་རྒྱས་དང་བྱང་ཆུབ་སེམས་དཔ ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཆོམ་པ་དུས་ཅིགས།། བཅོམ་ལྡན་འདས་སེར་སྐྱའི་གནས་ན། ཤི་ནྱ་མོ་ཏིའི་ཀུན་དགའ་ར་བ་ན་དགེ་སློང་ལྔ་བརྒྱབབ་པའི་དགེ་སློང་གི་དགེའ་འདུན་ཆེན་པོ། ་དང་ཐབས་ཅིག་ཏུ་བཞུགས་ཏེ།། དེ་ནས་ཚེ་དང་ལྡན་འཤ་རིའི་བུ་དང་། ཚེ་དང་ལྡན་པ་མེའུ་འགལ་གི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་སྨག ་གཅན་ཟིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱི་ནད་ནས།། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། ཚེ་དང་ལྡན ་པ་ཤ་རིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ངོ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་ཕུང་པོ་ཆོས་ཀྱི་ཕུང་པོ་ཞེས་བགྱི་ནི། དེ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོའི་ཚད་ཇི་ཙམ་གྱིས། ཆོས་ཀྱི་ཕུང་པོ་ཞེས ་བཀའ་སྩལ་པ། ཆོས་ཀྱི་ཕུང་པོ་ནི་ཇི་ཙམ་ཞིག། ཆོས་ཀྱི་ཕུང་པོ་ནི་གང་ལགས།། དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལྡ་ཏོ།། ཤ་རིའི་བྱེ་དེ ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོ་ནི་བརྒྱད་ཁྲི་བཞི་སྟོང་དུ་གསུངས་ཏྲེ། ཤ་རིའི་བུ་དེ་ལ་ཆོས་ཐམས་ཅད་སྐྱེ་བ་མྱེད་པ་འདི་ནི་ཆོས་ཀྱི་ཕུར་པོའི་རྗེས་སུ་འཇུག་པ་དང་པོ་ཡིན་ནོ།། ཤ་རིའི་བུ་ཆོས་འགའ་ཞིག ་ལ་ཆོས་ཞེའམ། ཆོས་ཀར་ཡང་སྐྱེ་བ་འམ། འགག་པ་ཞེས། དེ་མྱི་སྨྲའོ།། དེ་ཅིའི་ཕྱིར་ཞེ་ན། ཤ་རིའི་བུ་ཆོས་ཐམས་ཅད་ནི་སྐྱེ་བ་མྱེད་པའི་ཆོས་ཅན་དང་། འགག་པ་མྱེད་པའི་ཆོས་ཅན ་ཡིན་པའི་ཕྱིར་རོ།། ཤོ་རིའི་བུ་འདི་ལྟ་སྟེ། དཔེར་ན་མ་ནིང་ནི་སྐྱེས་པ་འམ་བུད་མྱེད་ཅེས་བྱ་བའི་མྱིང་མྱི་འཐོབ་ཅིང་སྐྱེས་པའི་མ་བུད་མྱེད་ཅེས་བརྗོད་པར་བྱ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ་ཤ་རིའི་བུ་དེ་ནི་སྐྱེས་པ་འམ། བུད་མྱེད་དུ་གདགས་སུ་མྱེད་པའི་ཕྱིར་རོ།། ཤ་རིའི་བུ་དེ་བཞིན་དུ་ཆོས་ཐམས་ཅད་དེ་བཞིན་གཤེགས་པས་བླ་ན་མྱེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་ཏེ། དེའི་ཕྱིར་ཆོས་ཀྱིས་ཆོས ་རབ་ཏུ་ཤེས་སོ་ཞེས་བྱ་བརྗོད་པར་མྱི་བྱའོ།། ཤ་རིའི་བུ་འདི་ལྟ་སྟེ། དཔེར་ན། ཟ་མ་འམ། མ་ནི་དེ་ནི་འདོད་པའི་འདོད་ཆགས་སྤངས་པ་ཡང་མ་ཡིན་ལ། འདོད་པ་ལ་སྟེནད་པོ་ཡི་ངོ་མ་ཡིན་ནོ།། ཤ་རིའི་བུ་དེ་དག་ཀྱིས ་བུངད་བྱེད་སྡུ་གུ་མཐོང་ནས་འདོད་ཆགས་ཀྱི་སེམས་བསྐྱེས་པས། ཟ་མ་འམ། མ་ནིང་རྣམས་ལས་ཕལ་ཆེར་བྱིན་པ་ནད་ཀྱིས་བཏབ་པར་འགྱུར། བྱིན་པ་འཛག་པར་འགྱུར། བྱིན་པ་འ་བ་ལྟ་བུར་འགྱུར། བཞིན་དམར ་བར་འགྱུར་རོ།། ཤ་རིའི་བུ་འདིས་ཇི་སྙམ་དུ་སེམས། ཐ་མ་འམ། མ་ནིང་གང་ཡིན་པ་དེ་ས་ལ་མ་འགྱེལ། དེའི་ལུས་ལ་མཚོན་ཀྱིས་མ་བཏབ་པར་ཅིའི་ཕྱིར་དེ་དག་བྱིན་པ་མ་པར་འགྱུར་སྙམ།། དེ་སྐད་ཅེས་བཀའ་སྩལ་བ་དང་། ་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཟ་མ་འམ། མ་ནི་པ་ནི་བཙུན་མོ་འཁོར་སྲུང་བ་ལགས་ཏེ། དེ་དག་བུད་མྱེད་སྟུག་ཀུ་མཐོང་ནས། འདོད་ཆགས་ཀྱི་སེམས་སྐྱེ ་གས་སོ།། དེ་དག་འདོད་ཆགས་ཀྱི་སེམས་ཀྱིས་ཉོན་མོངས་པ་འཁོར་བར་འགྱུར་ཏེ། ཉོན་མོངས་པ་ཁོལ་བ་དེ་དག་གི་ལུས་ཁྲུ་ཆུས་རྒྱས་པར་གྱུར་པས། དེ་དག་འདོད་ཆགས་ཀྱི་ཡོངས་སུ་གདུངས་པས་གདུངས་པ་ན། བྱིན། ་བཤིན་ཏུ་གས་པས་འགྱུར་ལགས་ཏེ། དེ་ལྟར་དེ་དག་ཀྱི་ལུས་མ་རུ་བར་འགྱུར་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་རིལ་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ་ཤ་རིའི་བུ་ཟ་མ་འམ། མ་ནིང་ལས་གང་དག་བདེ་འགྲོ་མཐོ་རིས་ཀྱི། འཇིག་རྟེན་དུ་སྐྱེ་བ་ནི་ཉུང་སྟེ། ཕལ་ཆེར་སེམས་ཅན་དམྱལ་བ་ར་འགྲོ་བར་འགྱུར་རོ།། ཤ་རིའི་བུ་དགེ་སྦྱོང་ཤཀ་ཀྱའི་བུ་རྣམས་ལས ་ཀཱང་དག་འདོད་ཆགས་ཀྱིས་འཕྲོགས་པར་མྱི་འགྱུར་བའི་ཁྱད་པར་ལྟོས།། དེ་ཅིའི་ཕྱིར་ཞེ་ན། འདོད་པ་རྣམས་ནི་དངོས་པོ་མྱེད་པར་ཤེས་འདོད་པ་རྣམས་ནི་མྱི་གཙང་བར་ཤེས་ནས། དེ་དག་འདོད་པ་རྣམས ་ཀྱིས་སྐྱོ་ཞིང་ཡིད་འབྱུང་བ་ལ་མངོན་པར་མྱི་དགའ་ནས། ཚངས་པར་སྤྱད་པ་སྤྱོད་དེ།། བཞིན་དང་བྲལ་བའི་མདངས་གསལ་བ་ཡིན་ནོ།། ཤ་རིའི་བུ་སྐྱེས་བུ་ངན་པ་རྣམས་ཀྱིས་ནི་སྐྱོ་བ་འམ་ཡིད་འབྱུང་བར་མྱི ་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་སྐྱེས་བུ་ངན་པ་དེ་དག་ནི་འདོད་པ་ལ་ཀུན་ཏུ་རྟོགས་པ་ནས་དང་ལྡན་པའི་ཕྱིར་རོ།། ཤཱ་རིའི་བུ་སྐྱེས་བུ་ངན་པ་རྣམས་ཀྱི་ཀུན་ཏུ་རྟོགས་པ་རྣམས་ཀང་ཞེ་ན།། གང ་རིག་བྱེད་པ་ལ་རྟོག་པར་བྱེད་པ་སྟེ། གྱི་གཙང་བ་ལ་གཙང་བ་རྟོག་པར་བྱེད།། འདུ་ཤེས་བྱེད་པ་ལ་འདུ་ཤེས་སུ་རྟོག་པར་བྱེད། བུད་བྱེད་ལ་བུད་བྱེད་ཏུ་རྟོག་པར་བྱེད། འདོད་ཆགས་དང་བཅས་པ་ལ་འདོད་། ་དང་བཅས་པར་རྟོག་པར་བྱེད་པ་སྟེ། ཤ་རིའི་དེ་ལྟ་བུ་དེ་དག་ནི་སྐྱེས་བུ་ངན་པ་རྣམས་ཀྱི་ཀུནད་ཏུ་རྟོག་པ་རྣམས་ཡིན་ནོ།། ཤ་རིའི་བུ་དེ་དག་ནི་ཟ་མ་དང་། མ་ནིང་འདོད་པས་ཟི་ནད་པ་རྣམས་ཀྱི་ལས་རྣཾས ་ཡིན་ཏེ། དེ་དག་སྐྱེས་བུ་དམ་པའི་ལས་རྣམས་ནི་མ་ཡིན་ནོ།། ཤ་རིརཱི་མེ་ནིང་གང་ལ་ལ་ཞིག་སྐྱེས་བུ་ངན་པ་རྣམས་ཀྱི་ཀུན་ཏུ་རྟོག་པ་དེ་ལྟ་བུ་དག་ལ་ཀུན་ཏུ་རྟོག་པར་བྱེད་པ་ནི། བདག་གིས་རེག་གོ་ཞེས་ཉམས་སུ ་མྱོང་བར་བྱེད་དེ། བུ་ཀ་དགུའི་སྒོ་དང་ལྡན་པ་འདི་མྱི་གཙང་བ་འཛག་པ་འདི་ལ་གཙང་བར་འདུ་ཤེས་སྐྱེད་པར་བྱེད་དོ།། འདི་དག་ཐམས་ཅད་ནི་བྱ་བ་མ་ཡིན་པ་སྟེ། དེ་དག་ན་སྐྱེས་བུ་ངན་པོའི་ལས་རྣམས་མ་ཡི་ནོ།། ་ཤ་རིའི་བུ་དགེ་སྦྱོང་ངམ། བྲམ་ཟེ་གང་ལ་ལ་དག་འདོད་པའི་ཉེས་དམྱིགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མྱི་ཞེས་པ་དེ་དག་ནི་བུད་མྱེད་ལ་ཀུན་ཏུ་རྟོག་ཅིང་། མྱིག་ལ་མཚན་མར་འཛིནད་པར་བྱེད་དེ། བྱེ་དཱུརྱའི ་སྟ་བུའི་འདུ་ཤེས་སུ་བྱེད་ལ། ཆུའི་དབུའ་བ་ལྟ་བུའི་འདུ་ཤེས་སུ་ནཾ་མྱི་བྱེད་དོ།། ཤ་རིའི་བུ་འདི་ལྟ་སྟེ། དཔེར་ན། བོང་མོ་འབྲང་། ས་པ་དང་། ཕག་མོ་འབྲངས་པ་ནི་འབྲངས་པས་ལུས་སྟོངས་པར ་འགྱུར་ཞིང་། ལུས་ལ་ཤ་མ་མྱི་གཙང་བ་བརྩོག་པར་བལྟ་བར་བྱ་བ་མ་ཡིན་པ་འབྱུང་ངོ་།། ཤ་རིའི་བུ་མྱིག་ཀྱང་དེ་དང་འདྲ་བར་བརྗོད་།། འདི་ལྟ་སྟེ་དཔེར་ན། བོང་མོའི་ག་མ་འམ། ཕག་མོ་འམ། ་ཁྱི་མོའི་གེ་མ་དང་། འདྲ་བར་མྱིག་ཀྱང་དེ་བཞིན་དུ་འདུག་སྟེ། མྱིག་གི་འབྲས་བུའི་ནང་དེ་མ་ཆུའི་ཆུ་བུར་ལྟ་བུར་འདུག་ནོ།། དེ་ལྟར་མྱི་གཙང་བ་འབྱུང་ཞིང་། དེ་ལྟར་མྱི་མཐུན་པ་སྟེ། རྣག་དང་ཁྲག་རབ་ཏུ་འཛག་ཅ ་མྱི་གཙང་བར་རབ་ཏུ་འཛག་གོ།། ཤ་རིའི་བུ་མྱི་གཙང་བ་རྣ་ཀ་དང་ཁྲག་རབ་ཏུ་འཛག་ཅིང་། ཆུའི་སྙིང་པོ་འཛག་པའི་ལུས་ལ་ཆགས་པ་ཀང་ཡིན་པ་དེ་ལྟ་བུ་ནི་མྱིག་ཅེས་བརྗོད་དོ།། ཤ་རིའི་བུ་འོདི་ལ་རྒྱུ་གང་གིས ་ཚིག་ཅེས་བྱ་བ་དེའི་རྒྱུ་ནི་ག་། རྐྱེན་དནི་གང་ཞེ་ན། དེ་ནི་ལུས་ཀྱི་གཙོ་བོ་ཡིན་ཏེ།། གཟུགས་ལ་ལྟ་བས་ཐོག་མ་དང་། དབུས་དང་། མཐར་ངོམས་པ་མྱེད་ལ། ལུས་ཀྱིས་ཀྱི་དགེ་བ་རྒྱ་མཚོ་རྙེད་དེ།། རྒྱུ་དེས་ན ་མྱིག་ཅེས་བྱའོ།། ཤ་རིའི་བུ་འདི་ལ་ཀར་གྱིས་ན། དེ་མྱིག་ཅེས་བྱ་བའི་རྒྱུ་ནི་གང་། རྐྱེན་ནི་གང་ཞེ་ན། མྱི་མཐུན་པའི་ཕྱིར་རོ།། ཤ་རིའི་བུ་མྱིག་གི་མྱི་མཐུན་པ་དེ་གང་ཞེ་ན། ཀང་གཟུགས་མྱེད་པ་ལ་གཟུགས་སུ་འདུ་ཤེས་པ ་དང་།། ཚོར་བ་བྱེད་པས་ཚོར་བར་འདུགས་པ་དང་། འདུ་ཤེས་བྱེད་པ་དང་། འདུ་བྱེད་རྣམས་བྱེད་པ་དང་། རྣམ་པར་ཤེས་པ་མྱེད་པ་ལ་རྣམ་པར་ཤེས་པཔ་འབྱིཤེས་པའོ།། ཡང་འདི་ལ་རྒྱུ་གང་ཀྱིས་དེ་མྱིག་ཅེས་བྱ་བས ་རྒྱུ་ནི་གང་རྐྱེན་ནི་གང་ཞེ་ན། འོདིས་དགེ་བ་གྱོད་པ་ཉམས་པར་བྱེད་དེ། རྒྱུ་དེས་ན་མྱིག་ཅེས་བྱའོ།། འདི་དགེ་སློང་གི་དངོས་པོ་ལས་ཉམས་པར་བྱེད་པས་ན། མྱིག་ཅེས་བྱའོ།། ཤཱ་རིའི་བུ་མྱིག་ནི་མྱི་རྟག་པ། མྱི་བརྟནད ་པ་ཟེར་ཐུག་མ་ཡིན་སྟེ།། རྒྱུ་དེས་ན་མྱིག་ཅེས་བྱ་བར་ཤེས་པར་བྱའོ།། ཤ་རིའི་བུ་དགེ་སློང་མཁས་པ་མང་དུ་ཐོས་པ། ཞུམ་པ་མྱེད་པ་རྣམས་ཀྱིས་ནི། མྱིག་བུད་མྱེད་མ་ཡིན་སྐྱེས་པ་མ་ཡིན།། སེམས་ཅན་མ་ཡིན།། ་སྲོག་མ་ཡིན། གསོའ་བ་མ་ཡིན། གང་ཟག་མ་ཡིན་པ་དང་། ཤཱ་རིའི་བུ་དེ་བཞིན་དུ་སྦྱར་ཏེ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་བུད་མྱེད་མ་ཡིན་སྐྱེས་པ་མ་ཡིན། སེམས་ཅན ་མ་ཡིན། སྲོག་མ་ཡིན། གསོལ་བ་མ་ཡིན། ཀང་ཟུག་མ་ཡིན་ཏཾ། དེ་དག་ནི་ཕུང་པོ་ལྔ་ལ་ཕྱིན་ཅི་ལོག་ལས་བྱུང་བའོ།། ནཻར་འིབུ་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་གཅིག་འདོད་པ་རྣམས་ཀྱི ་ཉེས་དམྱིགས་ཡང་དག་པོ་ཇི་ལྟ་བ་བཞིན་རབ་ཏུ་མྱི་ཤེས་པ་དེ་དག་ནི་འདོད་ཆགས་ཀྱི་གདུང་བས་ཡོངས་སུ་གདུངས་པར་འགྱུར་ལ། ཁ་དོག་ངན་ཅིང་སྒྱུ་སྐྱ་བོར་འགྱུར་རོ།། ཤ་རིའི་བུ་འདི་ལྟ་སྟེ། དཔེར་ན། ཤིང ་སྔོན་པ་ཆེན་ཐོ་མོ་མ་འམ། སྨོན་པ་ཆེན་པོའི་འབྲས་བུ་སྦྱིན་དུ་པ་འབྲལ་པའི་སེསྐྱེ་བོར་འགྱུར་རོ།། གཅིའི་བུ་དེ་བཞིན་ཏུ། དགེ་སློང་ངམ། དགེ་སློང་མ་འམ། དགེ་སྟེན་ནམ། དགེ་སྙེན་ངས་གང་དག་ལ་གཅིག ་འདོད་པ་རྣམས་ཀྱི་ཉེས་དམྱིགས་ཡང་དག་པ་ཇི་ལྟ་བཞིན་རབ་ཏུ་མྱིགས་པ་དེ་དག་ནི་འདོད་ཆགས་ཀྱིས་ཡོངས་སུ་གདུང་བས་གདུངས་པར་འགྱུར།། ཁ་དོག་ངན་པར་འགྱུར། བསམ་པ་གྱི་གསལ་བར་འགྱུར། ་དོག་ངན་ཅིང་ལྟ་ན་མྱ་སྡུག་པར་འགྱུར་རོ།། ཤ་རིའི་བུ་དགེ་སློང་དག་པ་དག་གསར་བུ་དར་ལ་བབ་པ། གཞོ་ནུ་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ་དེ་དག་ནི་འདོད་པ་རྣམས་དངོས་པོ་མྱེད་དོ་ཞེས་འདོད་པ་རྣམས་ཡང་དག ་པ་ཇི་ལྟ་བ་བཞིན་ཏུ་རབ་ཏུ་ཤེས་སོ།། འདོད་པའི་རྟོགས་པ་སྐྱེས་ན་ཡང་མྱུར་བ་ཉིད་དུ་རབ་ཏུ་ཞི་བར་བྱེད་དེ། དེ་དག་མྱི་དགེ་བ་ཡིན་པར་ཤེས་པར་ཡང་བྱེད་དོ།། ཤ་རིའི་བུ་དེ་ལྟར་ན་དགེ་སློང་དག་ཀྱིས་འདོད་པ་རྣམས་ཀྱི་ཉེས་དུ་མྱི་གྲེས། ་མཐོང་ནས། འདོད་པ་དེ་དག་ལས་ཡིད་འབྱུང་བར་བྱེད། འདོད་ཆགས་དང་བྲལ་བར་བྱེད་དེ།། མངོན་པར་དགའ་ནས་ཚངས་པར་སྤྱད་པ་སྤྱོད་དེ། བཞིན་དང་བྲལ་བའི་མདངས་གསལ་བར་འགྱུར་རོ།། ཤ་རིའི་བུ་འདི་ལྟ་སྟེ། ་དཔེར་ན་མྱི་ཞིག་ཀི་ལུས་ལ་ནད་ཀྱིས་ཐེབས་ལ།། རྣག་སྦྱིནད་ནས་དེའི་ཡན་ལག་དང་། ཉིང་ལག་ཐམས་ཅད་ལ་རྨའི་ཁ་བརྒྱད་ཁྲི་བཞི་སྟོང་ཡོད་ལ་རྨའི་ཁ་རེ་རེ་ལ་ཡང་སྲིན་བུའི་ཚོགས་བརྒྱད་ཁྲི་བཞི་སྟོང་ཡོད་དེ།། ་དེ་དག་མཆུ་རྣོ་ཞིང་མཆུ་ཁ་གཉིས་ན་ཡོད་ལ། ཁ་ཟས་ཡོངས་སུ་ཟོ། ས་པ་རྣམས་ཚིམ་པར་མྱི་འགྱུར་ཞིང་། དེ་མདག་མ་སྤུངས་པོའི། དྲུང་དུ་འདུག་ན། ཅི་ཙམ་ན་སྲོགས་དེ་དག་མྱེས་ཚིག་པར་འགྱུར་ད་པ་དང ་དེ་ལ་ཕྱིར་ཞིང་ཟ་བར་བྱེད།། ཡོངས་སུ་ཟ་བར་བྱེད་པ། ཤ་རིའི་བུ་འདི་ཇི་སྙམ་དུ་སེམས། མྱི་དེ་སྲོག་ཆགས་དེ་དག་གྱིས་ཟོས་པ་ཡིན་ནམ། འོན་ཏེ་མ་ཟོས། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང ་ལྡན་པ་ཤ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་འདི་ཐོས་པ་ཉིད་ཀྱིས་ལུས་ཀྱི་སྤུ་ཟིང་ཞེས་བགྱིད་པར་འགྱུར་ན། མྱི་དེའི་མྱེ་མཐུན་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ།། བཅོམ ་ལྡན་འདས་མྱི་དེའི་སྲོག་ཆགས་ཀྱི་རིགས་དེ་དག་ཀྱིས་འཚལ་པ་ལགས་ཀྱི། མ་འཚལ་པོ་ནི་མ་ལགས་སོ།། དེ་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གིས་ལུས་གཡའ་བར་བགྱིད་ཀྱི། འདི་ལྟར་ཞི་བར་མྱི་བགྱིད ་ལ། བདེ་བ་འཐོབ་པར་ཡང་མྱི་བགྱིད་ལགས་སོ།། ཤ་རིའི་བུ་འདི་སྙམ་དུ་སེམས། མྱི་དེའི་ལུས་རྣཀ་དང་ཁྲག་འཛག་ཅིང་། དེ་ལྟ་བུར་གྱུར་པ་དེ་སྨད་པར་བྱ་བ་མ་ཡིན་ནམ། གསོལ་པ། སྨད་པར་བགྱི་བ་ལགས། མྱི ་མཐུན་པ་ལགས། བལྟ་བར་མྱི་འོས་པ་ལགས་སོ།། བཀའ་སྩལ་ད་པ། ཤཱ་རིའི་བུ་དེ་བཞིན་ཏུ་དགེ་སློང་མཁས་པ་དག་ནི་འདིས་སོ་སོར་ཡང་དག་པར་སློབ་སྟེ། བུང་བྱེད་ནི་འདི་ལྟར་ཆོག་པ། འདི་ལྟར་དྲིང་བ། འདིས ་ཀྱི་མཐུན་པ། འདི་ལྟར་ལྟ་བར་མྱི་འོས་པའོ།། ཉོན་མོངས་པ་ཁོལ་པ་བུད་མྱེད་དེ་དག་དང་། བསྟེནད་པར་བྱ་བ་མ་ཡིན་ཏེ། འདོད་པ་རྣམས་ནི་དྲི་ང་བའོ།། འདོད་པ་རྣམས་ནི་མྱི་མཐུན་པའོ།། འདོད་པ་རྣམས་ནི་མྱི ་བའོ།། འདོད་པ་རྣམས་ཡི་ལྟ་བར་གྱི་འོས་པའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ་སྙམ་མོ།། ཤཱ་རིའི་བུ་སྐྱེས་པའི་ལུས་ལ་ཡོད་པ་ལྟ་བུ་མ་ཡིན་པ་བུད་མྱེད་ལ་ཆེས་ལྷག་པའི་སྦོན་བུའི་ཚོགས་ལྔ་ཡོད་དེ།། ་ཤ་རིའི་བུ་སྲིན་བུའི་ཚོགས་ལྔ་པོ་དེ་དག་ནི་བུད་བྱེད་ཀྱི་གཅི་བ་ས་གནས་ཏེ། སྲིན་བུའི་ཚོགས་རེ་རེ་ལ་སྲིར་བུ་བརྒྱད་ཅུ་བརྒྱད་ཅུ་ཡོ་དྲ་ལ། མཆུ་རྣོ་ཞིང་མཐུ་ཁ་གཉིས་ན་ཡོད་དེ། དེ་རྟག་ཏུ་རྒྱུན་གྱི་འཆང ་བུད་བྱེད་ཀྱི་ལུས་ལ་ཟའོ།། དེས་ན་ཉོན་མོངས་པ་དག་ཀྱིས་སུ། དམྱེད་ལྡག་པར་གཡེམ་སྤྱོ་སྟེ། འདོད་པ་ཡོངས་སུ་སྤྱོད་པ། ངག་ཀྱིས་ངོམས་ཀྱི་མྱོང་ངོ་།། ཤ་རིའི་བུ་དེ་ལྟར་ན་འདོད་པ་རྣམས་ནི ་ཉེས་དབྱིགས་ཡིན་པར་མཐོང་ན།། དེ་དག་འདོད་པ་རྣམས་ས་ཡིད་འབྱུང་བར་འགྱུར། འདོད་ཆགས་དང་བྲལ་བར་འགྱུར་ཏེ། མངོན་པར་དཀའ་ནས་ཚངས་པར་སྤང་བ་སྤྱོད་ཅིང་། བཞིན་དཔའ་མ ་པའི་མདངས་གསལ་བ་ཡིན་ནོ།། ཤ་རིའི་བུ་འདི་ནི་འདོད་པའི་ཕུང་པོ་ལས་བསྡམས་ནས་ཆོས་བསྟན་པ་ཡིན་ཏེ།། ཤ་རིའི་བུ་འདོད་པ་ཡོངས་སུ་སྤྱོད་པ་དག་ལས་ཡིད་འབྱུང་བར་བྱའོ།། ཤ་རིའི་བུ་ཀུན་ནས ་ཉོན་མོངས་པོ་མི་རང་གིས་བྱས་པའོ།། ག་ཙོའི་བུ་རྣམ་པར་བྱང་བ་དང་། རྣམ་པར་ཞི་བགང་ཞེན། ཤཱ་རིའི་བུ་རྣམ་པར་བྱ་བ་དང་། རྣམ་པར་ཞི་བ་ནི་རིད་ཀྱིས་བྱས་པའོ།། ཤ་རིའི་བུ་ཀུན་ནས་ཉོན་མོངས་པ ་ཀ་ར་གྱིས་བྱས་པ་ནི་གང་ཞེ་ན། ཆོས་སུ་འདུ་ཤེས་པ་ལ་མངོན་པར་ཞེནད་པ་ཡིན་པའོ།། ཆོས་སུ་འདུ་ཤེས་པ་ལ་མངོན་པར་ཞེནད་པ་གང་ཞེ་ན། འདི་ལྟ་སྟེ། སྐྱེ་བར་འདུ་ཤེས་པ་དང་། འགག་པར་འདུ་ཤེས ་བ་དང་། བདག་ཡོད་པ་དང་། མྱེད་པར་བདག་ཏུ་འདུ་ཤེས་པ་ལ་མངོན་པར་ཞེན་ད་པ་ཡོད་དེ། དེ་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོ་ཞེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་བྱིས་པ་པོ་མོའི་སྐྱེ་བོ་རྣམ་པ་ནི ་ལོང་བ་ཡིན་ཏེ། གཟུགས་ཀྱི་ཕུང་པོའོ།། ཞེས་རློམ་སེམས་སུ་བྱེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཕུང་པོ་ཞེས་རློམ་སེམས་སུ་བྱེད་དོ།། རློམ་སེམས་སུ་བྱེད་ན་འཆིང་ངོ་།། ་རློམ་སེམས་སུ་མྱི་བྱེད་ན་གྲོལ་ལོ།། ཤ་རིའི་བུ་རློམ་སེམས་སུ་བྱེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་ཕུང་པོར་འགྱུར་རོ།། ཤ་རིའི་བུ་བཅུ་པོ་འདི་དག་ནི་ཚུལ་ཁྲིམས་འཆལ་བའི་ཚུལ་ཁྲིམས་ཀྱི་ཉེས་པ་ཡིན་ཏེ། བཅུ ་གང་ཞེ་ན། ཚུལ་ཁྲིམས་འཆལ་པ་ནི་འཆི་བའི་དུས་ཀྱི་ཚེ་གདུང་བར་འགྱུར་བ་དང་། དགེ་སློང་ཚུལ་ཁྲིམས་ཉམས་པ་འགྱོད་པར་འགྱུར། བུ་དང་། མནར་མྱེད་པར་འགྲེའོ་ཞེས་འཁོར་གྱི་ནང་ན་འདུག་ན་སྒྲས ་པ་དང་། བདག་ཉིད་ཚུལ་ཁྲིམས་ལ་སྐུར་པ་འདེབས་པ་དང་། བདག། ནི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་སྤངས་པ་དང་། བདག། ནི་ཉན་ཐོས་རྣམས་ཀྱིས་ཡོངས་སུ་སྤངས་པ་དང་། བདག་ནི་ལྔ ་རྣམས་ཀྱིས་ཡོངས་སུ་སྤངས་པའོ་སྙམ་པ་དང་། འཆི་བའི་ཚེ་འཇིགས་པ་དང་། བཅས་པ་དང་། ངན་འགྲོར་འགྲོ་བ་དང་། མྱིའི་ལུས་ཐོབ་པར་དཀའ་བའོ།། ཤ་རིའི་བུ་དེ་དག་ནི་དགེ་སློང་ཚུལ་ཁྲིམས ་འཆལ་པའི་ཚུལ་ཁྲིམས་ཀྱི་ཉེས་པ་སྟེ། ཚུལ་ཁྲིམས་ཀྱི་འཆལ་པ་མི་འཆི་བའི་དུས་ཀྱི་ཚེ་གདུང་བ་འབྱུང་བར་འགྱུར་རོ།། ཤ་རིའི་བུ་དེ་ལྟ་བས་ན་འདོད་པ་རྣམས་ལ་ཉེས་དམྱིགས་ཀྱི་འདུ་ཤེས་བསྐྱེད་པར་བྱའོ།། ་ཤའིའི་བུ་འདི་ལ་དགེ་སློང་དགོན་པ་ན་གནས་པ་འམ། ཤིང་དྲུང་ན་གནས་པ་འམ་ཁང་སྟོང་ན་གནས་པ་འམ། བླ་ཀ་བ་མྱེད་པ་ན། འདོད་པ་རྣམས་ནི་དྲོང་བའོ།། འདོད་པ་རྣམས་ནི་མྱི་མཐུན་པའོ།། འདོད ་པ་རྣམས་ནི་རྨ་ཁ་ལྟ་བུའོ།། འདོད་པ་རྣམས་ནི་ལྟ་བར་མྱི་འོས་པའོ།། འདོད་པ་རྣམས་ན་སྦེད་པར་བྱའོ་བའོ།། འདོད་པ་རྣམས་ནི་བཤད་པས་ཡོངས་སུ་གང་བའི་རོ་ལྟ་བུ་ཞེས།། དེ་ལྟར་སོ་སོར་ཡང་དག་པར ་སློབ་བོ།། དེ་དག་ནི་བྱིས་པ་འགྱུར་བའི་གྱོད་ཡུལ་ཡིན་ཏེ། ཤ་རིའི་བུ་བུད་མེད་ལ་བསྟེན་པ་དང་བསྙེན་པསཆོག་གོ།། ཤ་རིའི་བུ་བུད་བྱེད་ཀྱི་ལུས་གྱི་ས་དང་། འཆིམ་མམ་ཡོངས་སུ་གང་བ་དེ་ལ་མུ་ཞིག་དགའ ་སྣེ། ཤ་རིའི་བུ་དེ་དག་ནི་འཇིག་རྟེན་གྱི་ཁྱི་རོ་རལ་པ་དང་འདྲ་བར་སྤད་པར་བྱ་བ་ཡིན་ནོ།། ཤ་རིའི་འདི་ལྟ་སྟེ་དཔེར་ན། ཁྱི་རོ་རུས་པ་མྱི་གཙང་བ་རུལ་བའི་དྲི་བ། མདོག་ཀྱི་མུག་ཅིང་སྩོལ་པགས་པ་ཡུགས་པ་སྲོག་ཆགས ་ཀྱིས་ཡོངས་སུ་གང་བ་ཞིག་ལས་ཁ་ན་སྣང་ལ། དེའི་སྟེང་དུ་ཆར་པ་སང་བབ་ཅིང་དེ་རླུང་ཀྱིས་ཀྱང་ཀུན་ནས་བཏབ། དེར་གྱི་རྣམས་ཀྱང་ཀུན་ནས་འབོད་པར་གྱུར་ཏེ། དེ་དག་གིས་དྲི་དེ་ཅོར་ན། ཤ་རིའི་བུ་འདི་ངོ་སྙམ ་སེམས། ཀྱི་དེ་དག་དྲི་མྱོ་ཞེམ་པ་དེ་སྡོམ་པར་བྱེད་དམ། འོན་ཏེ་གྱི་སྣོམ་མོ།། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། ། དེ་སྐད་ཅེས་གསོསང་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན ་པ་ཤ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལར་ཏོ།། ཤ་རིའི་བུ་འདི་སྙམ་དུ་སེམས། བྱི་རི་དེ་ལ་རེག་པར་བྱེད་དམ། བསྐྱོད་པར་བྱེ།། ད་མ། མངོན་པར་དཀའ་བར་བྱེད་ན། དེ་སྐྱེ་བོ་མང་པོས་པསམ ་པར་བྱེད་པ་ཡིན་ནམ། དེ་སྐད་ཅེས་བཀའ་སྩལྡ་པ་དང་། བཅོམ་ལྡ་ན་འདས་ལ་ཚེ་དང་ལྡན་པ་ཤ་རིའི་ལུས་འདི་སྐད་ཅེས་གསོལང་ཏོ།། བཅོམ་ལྡན་འདས་ཀྱི་དེས་ནི་བལྟ་བར་དཀའ་བ་སྟེ། དེ་མ་ལ་སྔམ ་པར་ག་ལ་བགྱིད།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་རིའི་བུ་ལ་འདི་སྐད་ཅེས་བཀའ་སཿལང་ངོ་།། ཤ་རིའི་བུ་ཕྱི་རེ་དེ་ལ་འཐུད་པར་བྱེད་པ་འམ། བསྐྱོད་པར་བྱེད་པ་འམ ་མངོན་པར་དགའ་བའི་ཕྱི་དེ་ལ་མི་དེ་བཞིན་གཤེགས་པ་བསྔགས་པར་མཛད་ཀྱི། གང་ཞིག་ཤུར་མྱེད་ཡུལ་གི་བཟང་མོ་མཅོད་ལོ་བཅུ་དྲུག་ཏུ་མ་ལོན་པ་འམ། ལྷག་པ་ལྟ་བུ་གཟུགས་བཟང་བ། མཛེས་པ། སྟན་སྟུས ་པ། ནུ་མ་རྒྱས་པར་མཛེས་པ། བརྒྱན་གྱིས་བརྒྱ་དང་པོ་ཤི་ནང་ཏུ་གཞོན་པ། རེག་ན་བདེ་བ། ནད་དང་བྲལ་བ། དེ་ལ་ཐ་ན་རྐང་པའི་འགྲོ་བོས་རེག་པར་བྱེད་པའི་མྱི་རས་ནི་དེ་བཞིན་གཤེགས་པ་སྔགས་པམ ་མྱི་མཛད་དེ། ཤ་རིའི་བུ་ཡུལ་གི་བཟང་མོ་དེ་ལ་ཐ་ན་རྐང་པའི་འཐེ་བོས་རེག་པར་བྱེད་པའི་མྱི་ཀེང་ཟག་དེ་ལྟ་བུ་དེ་ནི་ཤི་ནང་ཏུ་སྨད་པར་བྱ་བ་ཡིན་ཏེ། ཁྱི་རེ་དེ་ལ་འཁྲུད་པར་བྱེད་པ་འམ། བསྐྱོད་པར་བྱེད་པ ་འམ། མངོན་པར་དཀའ་བར་བྱེད་པ་དེ་ནི་དེ་ལྟ་བུར་མ་ཡིན་ནོ།། ཤ་རིའི་བུ་འདི་ཇི་སྙམ་དུ་སེམས།། ཕྱི་རོལ་འཁྱུད་པ་འམ། རེག་པས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས ་དེ་ནི་མ་ལགས་སོ།། བཀའ་སྩལ་པ། ཤ་རིའི་བུ་དེ་ལྟར་དགེ་སློང་གྱིས་འདོད་པ་རྣམས་ལ་ཉེས་དམྱིགས་ཀྱི་འདུ་ཤེས་སྐྱེད་པར་བྱའོ།། ཤ་རིའི་བུ་ཇི་ལྟར་ན་དགེ་སློང་ཀྱིསེ་ལུས་ལ་ཉེས་དམྱིགས་ཀྱི་འདུ་ཤེས ་བསྐྱེད་པར་བྱ་ཞེ་ན། ཤ་རིའི་བུ་ལུས་འདི་ནི་གནོད་པ་མང་བའོ།། 2\ུ0f7fཀ་པ་མང་བའོ།། ཤ་རིའི་བུ་བུད་མྱེད་ཀྱི་ལུས་ལ་ནི་སྐྱེས་པའི་སུ། ས་ལ་ཡོད་པའི་ལྟ་བུ་མ་ཡིན་པ་ཆེས་ལྷག་པ་སྲིན་བུའི་ཚོགས ་ཉི་ཤུ་རྩ་ལྔ་ཡོད་དེ།། ཤ་རིའི་བུ་བུད་མྱེད་ཀྱི་མགོ་བོ་ཀླད་པའི་ནང་ན། སྲིན་བུའི་ཚོགས་འཕྲོག་བྱེད་ཅེས་བྱ་བ་དག་ཡོད་དེ།། དེ་དག་བུད་མྱེད་ཀྱི་ཀླད་པ་ལ་ཟ་བར་བྱེད་དོ།། ཤ་རིའི་བུ་བུད་བྱེད་ཀྱི ་སྣའི་ནང་ནས་སྲིན་བུའི་ཚོགས་ལ་ཆོགས་ཞེས་བྱ་བ་དག་ཡོད་དེ། དེ་དག་བུད་མྱེད་ཀྱི་ཁ་སྤྲུལ་པ་སྟེ། དེས་ན་བུད་མྱེད་ལ་ཁ་སུ་མྱི་སྐྱེའོ།། ཤ་རིའི་བུ་བུད་མྱེད་ཀྱི་རྣ་ཞུང་ན་སྲིན་བུའི་ཚོགས་ཟ་བར་བྱེད་པ་ཞེས། ་བྱག་དག་ཡོད་དེ། དེ་དག་བུད་བྱེད་ཀྱི་ན་བ་ལ་ཟ་ཞིང་། བུད་བྱེད་ཀྱི་ན་བ་འབྱིགས་པར་བྱེད་དེ། ཤ་རིའི་བུ་བུར་མྱེང་གི་འགྲིན་པོའི་མཚམས་དང་། འགྲོའི་མཚམས་ན། སྲིན་བུའི་ཚོགས་ཞེན་བྱེད་ཅེས་བྱ་བ་དག་ཡོད་དེ ་དེ་དག་བུད་མྱེད་ཀྱི་རྣ་བ་ཟ་ཞིང་། བུད་མྱེད་ཀྱི་རྣ་བ་འབྱིགས་པར་བྱེད་ལ། མྱིག་ཀྱང་རློམ་སེམས་བྱེད་དོ།། ཤ་རིའི་བུ་སྐྱེས་པའི་རྣ་བ་ལ་ནི་མྱི་འབྱིགས་ཀྱི། བུད་མྱེད་ཀྱི་རྣ་བ་ལ་ནི་འབྱིགས་སོ།། ཤ་རིའི་བུ་བུད་མྱེད་ལ ་སྲིན་བུའི་ཚོགས་ཨ་བ་རེ་བ་ན་ཞེས་བྱ་བ་དག་ཡོད་དེ།། དེ་དག་རྟག་ཏུ་རྒྱུན་གྱི་འཆད་པར་བུད་མྱེད་ཀྱི་ཁ་ལ་ཟ་སྟེ། དེས་ན་བུད་མྱེད་ཀྱི་འགུལ་མདའ་ཡིན་ཏེ། སྐྱེས་པ་ལ་མི་དེ་ལྟ་བུ་མྱེད་དོ།། བཟའ་བ་དང་བཅའ་བ་ཁར ་བཅུག་མ་ཐག་ཏུ་ཐོག་མར་དེ་དག་ཟ་བར་བྱེད་དོ།། དེ་དག་ཉལ་ཉིལ་བུད་མྱེད་ཀྱི་ནུ་མའི་དྲུང་དུ་འཇོག་སྟེ། དེས་ན་བུད་མྱེད་ནུ་མ་འཕྱང་བ་ཡིན་ནོ།། གང་གི་ཚེ་བུ་སྡུམ་པར་གྱུར་པའི་ཚེ། སྲིན་བུ་དེ་དག་ཀྱང་སྦྲུམ་པར་འགྱུར་ཏེ། ་དེས་ན་བུད་མྱེད་གི་ནུ་ཞོ་མང་བ་ཡིན་ནོ།། ཤ་རིའི་བུ་བུད་མྱེད་ཀྱི་ལུས་ཀྱི་ནང་མངལ་གི་གནས་གང་ན་མངལ་ཡོད་པའི་ཕྱོགས་དེ་ན། སྲིན་བུ་ཟད་པར་བྱེད་པའི་དཔའ་བ་ཞེས་བྱ་དག་ཡོད་དེ། དེ་དག་སྲིན་བུ་རབ་ཏུ་ལྡག་བྱེད་ཅེ ་བྱ་བ་དག་གསང་ནས་ཟའོ།། དེ་དག་སྲིན་བུ་རབ་ཏུ་ལྡག་བྱེད་དག་མ་རྙེད་ན། དེ་དག་ཀྱང་འཆིའོ།། སྲིན་བུའི་ཚོགས་དེ་གཉི་ཀ་ཤི་སྟེ་མྱེད་པ་དང་། ཕ་མ་འདུས་པ་ལས་མངལ་ཆགས་པར་འགྱུར་རོ།། ཤ་རིའི་བུ་བུད་མྱེད་ཀྱི་ལུས་ལ ་སུས་ཀྱི་ནང་སྐྱེ་གནས་ཀྱི་སྒོན་སྲིམ་བུའི་ཚོགས་བཞི་ཡོད་དེ། འདི་ལྟ་སྟེ། མརྒྱ་མཆོག་ཅེས་བྱ་བ་དང་། གོང་བུད་སྐྱེད་ཅེས་བྱ་བ་དང་། རླུང་འ་དུད་ཅེས་བྱ་བ་དང་། འདོད་ལེན་བྱ་བ་སྟེ། དེ་དག་རྟག་ཏུ་རྒྱུརན་གྱི་ཆ ་པར་བུད་མྱེད་གི་ལུས་ལ་ཟ་སྟེ། དེས་ན་བུད་མྱེད་ཉོན་མོངས་པ་རྣམས།། ཀྱིས་ཤི་ནང་ཏུ་འབར་བར་བྱས་ཏེ། འདོད་པ་ཡོངས་སུ་སྤྱད་པས་མྱི།། ངོམས་པ་ཡིན་ནོ།། དེ་ལྟ་བས་ན་དེ་བཞིན་གཤེགས་པས་བུད་མྱེད ་ཀྱི་སྐྱོན་ཅེས་ལྷག་པ་དེ་དག་མཁྱེནད་ནས། བསླབ་པའི་གཞི་ལྷག་པ་དག་བཅའ་བར་མཛད་དོ།། ཤ་རིའི་བུ་ཆོས་ཀྱི་ཕུང་པོའི་ཆོས་ཀྱི་ན་མ་གྲངས་འདི་ཡང་དང་ཡང་དུ་འཁོད་བཞི་པོ་དག་ལ་བསྟོན་ཅིང། ་དཔོའི་ཕྱིར་ཞེ་ན། འདོད་པ་རྣམས་ནི་སང་བར་བྱ་བ་ཡིན་པ་ཤེས་པར་འགྱུར། སུམྲ་ནི་སྭཱ་ཡིན་པ་ཤེས་པ་གྲུ་།། ག་རིའི་ནུ་དེ་སྐར་སུམ་འཛི་མས་ཡིན་པར་ཤེས་ནས། བྱིམ་པ་པ་པོའི ་བོ་ཟོས་པ་དང་མྱི་ལྡན་པ་མ་གཏོགས་པར་སུ་ཞིག་འདོད་པ་རྣམས་ལ་བསྟེནད་པར་བྱེད་དེ། དེ་ནི་གནས་མྱེད་དོ།། ཤ་རིའི་བུ་དེ་ལྟ་བས་ན་ལུས་འདི་ལ་མངོན་པར་དཀའ་བར་མྱི་བྱ། ལྷགས་པར་ཆགས་པར་མྱི་བྱའོ།། བཅོམ་ལྡན ་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། ལུས་ནི་མྱེ་ཀེ་ཙང་ལས་བྱུང་སྟེ།། རྟག་ཏུ་སྲོག་ཆགས་རྣམས་ཀྱི་གནས། ་ཀཅིན་དང་རྟུག་པས་རབ་གང་ནས།། དེ་ལ་བྱིས་པ་རབ་ཏུ་ཆགས།། དགེ་སློང་ཕ་དང་དགེ་སློང་མ།། དགེ་སྙེན་པ་དང་དགེ་སྙེན་མ།། འདི་ཟོས་ནས་ནི་འདོད་ཆགས་བྲལ།། འདོད་ཆགས་བྲལ་ནས་ན་པར་གྲོལ།། ་ཆོས་དང་ལྡན་པ་རྣམས་ལ་ནི།། ཉེས་པ་འདི་དག་ངས་མ་བསྟན་།། གང་དག་འདོད་ལ་ཡོངས་སྤྱོད་པ།། དེ་དག་ལ་ནི་སྐྱོན་རྣམས་བཤད།། སངས་རྒྱས་ཀྱིས་ནི་བསྟནད་པ་བཞིན།། བུད་མྱེད་མཐོང་ན་སུ་རྟོགས་སྟེ།། ་ཡང་དག་སྐུལ་བ་ཤེས་ནས་སུ།། མཁས་པ་དེ་དག་རྟོག་མྱི་བྱེད།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།། ཚེ་དང་ལྡན་པ་ཤ་རིའི་བུ་དང་།། ལྷ་དང་། མྱི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས ་པའི་འཇིག་རྟེན་ཡི་རངས་ཏེ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ་རྒྱ་ཀར་ཀི་མཁན་པོ་ཕྲད་ཉ་པར་མ་དང་། ཤུ་ཆེན་ཀྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་བསྡེས་བསྒྱུར་ཅིང་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ ་