CLOSE WINDOW

Ng22.3: tshe mtha'i mdo'
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨ་ཡུ། པ་རྱད་ཏ་སུ་ཏྲམ།། བོད་སྐད་དུ། ཚེ་མཐའི་མདོའ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག ་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མྱེད་ཟས་སྦྱིན་གི་ཀུན་དགའ་ར་པ་ན་བཞུགས་སོ།། དེ་ནས་བཅོམ་ལྡན་འདས ་ཀྱིཀྱི་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་སེམས་ཅན་རྣམས་ཀྱི་ཚེའི་མཐའ་ཐོས་པར་འདོད་དམ།། བཅོམ་ལྡན་འདས་དེའི་དུས་ལ་བབ་ལགས་སོ།། བདེ་བར་གཤེགས་པ་དེའི་དུས་ལ་བབ་ལགས་སོ། ་བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་ཚེའི་མཐའ་བསྟུནད་པ་བཅོམ་ལྡན་འདས་ལས་ཐོས་ནས། དགེ་སློང་དག་འཛིནད་པར་བགྱིད་ལགས་སོ།། དགེ་སློང་དག་དེའི་ཕྱིར། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང ་བཤད་།། དགེ་སློང་དག་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་རིང་ན་བསྐལ་པ་གཅིག་སྟེ་བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་དུད་འགྲོ་རྣམས་ཀྱི་ཚེའི་ཚད་ནི་རིང་ན་བསྐལ་པ་གཅིག་སྟེ།། བར་མ་དོར་འཆིབ ་ནི་ཡོད་དོ།། དགེ་སློང་དག་མྱི་རྣམས་ཀྱི་ཉིན་ཞག་སུམ་བཅུ་གང་ཡིན་པ་དེ་ནི། ཡི་དགས་རྣམས་ཀྱི་ཉིད་ཞག་གཅིག་གོ། ཉིན་ཞག་དེ་སུམ་བཅུ་ས་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ཨོ་ཅིག་སྟེ། ཡི་དགས་རྣམས་ཀྱི་ཚེའི ་ཚད་ནི། ལོ་དེ་ལྟ་བུར་བརྩིས་པའི་ལོ་ལྔ་བརྒྱ་སྟེ། དེ་མྱིའི་དམ་མེ་པ་ང། པ་དང་མཛ་པ་།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། རི་ལྟར་རབ་ཏུ་ཆེ་བའི་ལུས་འགྲེང་ཞིང་། ་མཆུ་དང་སྲིད་སྐམས་ཤིནད་ཏུ་སྡུག་བསྔལ་པ།། རང་གི་སྐས་གཡོགས་ལ་གདངས་གནས་ཏུ་སྭཱ།། སྔ་ནི་ཁབ་ལྟར་རབ་ཏུ་འཕྲ་བ་དང་། རུས་གོང་འདྲ་ལུས་གཅེར་བུ་རང་སྒྲས་གཡོགས།། གཟུགས་ཀྱི་སྡུག་པ་འགྲེས ་ཞིང་ཐོད་པ་ཐོགས།། བཀྲེས་དང་སྐོམ་དང་ངལ་བས་རབ་གཟིར་ཀར། ཆོ་ངེས་འདེབས་ཤིང་ཀུན་ཏུ་རྒྱུག་པ་དག།། ཉམ་ཟག་སྐད་འབྱིནད་སྡུག་བསྔལ་ཚོར་བ་མྱོང་།། ཕན་ཚུན་ཕྲ་དོག་སེར་སྣ་འདིར་སྟེ་ནད ་ཅིང་།། འདིར་ནི་སྡིག་པའི་ལས་དག་བྱས་པའིས།། ཡི་དགས།། འཇིག་རྟེན་དུ་དེ་དག་སྐྱེས།། དགེ་སློང་དག་ཤར་གི་ལུས་འ། པགས་ཀྱི་ཚེའི་ཚད་ནི་ལོ་ཉིས་བརྒྱ་ལྔ་བཅུ་སྟེ། བར་མ་མདོར ་འཆི་བ་ནི་ཡོད་དོ།། དགེ་སློང་དག་ནུབ་གི་བན་ཡང་སྤྱོད་ཀྱི་མྱི་རྣམས་ཀྱི་ཚེའི་ཚད་ནི་ལོ་ལྔ་བརྒྱ་སྟེ། བར་མ་མདོར་འཆི་བོ་ན་ཡོད་དོ།། དགེ་སློང་དག་བྱང་ཀི་སྨ་མྱི་སྙན་ཀ་མྱི་རྣམས་ཀྱི་ཚེའི ་ཚད་ནི་ལེ་སྟོང་ཐུབ། བར་མ་འདོར་འཆི་བ་ནི་མྱེད་དོ།། རྨྱ་ཀང་ཀིས་སྒྲ་མྱི་སྙནད་པ་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་ཐུབ་པ་ལ་བར་མ་དོར་འཆི་བ་མྱེད་ཅེ་ན། དགེ་སློང་དག་བྱང་གི་སྨ་མྱི་སྙན་གི་ཕྱི་རྣམས་ནི་བདས ་ཀཱི་བྱེད་ཅིང་ཡོངས་སུ་འཛིནད་པ་མྱེད་ལ། ཚེ་ངེས་པ་ཡོད་ཅིང་འདི་ནས་འཆ་འཕོས་ནས་ཀྱང་ཁྱད་པར་དུ་འགྲོ་སྟེ།། ཕྱི་མ་ལ་མཐོའི་རིས་སུ་ཉེ་བར་འགྲོའོ།། དགེ་སློང་དག་རྒྱུ་དེས་ན་བྱང་གི་སྒྲ་མྱི་སྙནད་ཀྱི ་མྱི་རྣམས་གི་ཚེའི་ཚད་ནི་ལེ་སྟོང་ཐུབ་ལ། བར་མ་དོར་འཆི་བ་མྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ།། དབུལ་བས་སྡུག་བསྔལ་སེམས་ཅན་དག།། གཞན ་ཀི་ནོར་ལ་སྨོད་པར་བྱེད།། དེ་དག་དམ་པ་མ་བསྟེནད་པས།། གཞན་གི་མངག་གཞུག་ངན་ཅིང་དམན།། ལོངས་སྤྱོད་དག་དང་ལྡན་པའི།། བྱུག་ཅིང་ནོར་མ་སེམས་ཅན་ནི།། ནོར་དང་འབྲུ་དང་སྐྱེ་བོར་ལྡན།། ་དེ་དག་དམ་པ་བསྟེནད་པ་ཡིན།། བསོད་ནམས་ཕྱུག་པས་ཉེར་འཚོ་བའི།། དགེ་བའི་ལས་ནི་འདིར་བྱས་པས།། འབྱོར་ད་པ་ཆེན་པོ་ཕུན་སུམ་འཚོགས།། ལྷ་བཞིན་ཏུ་ནི་དཀ་བ་ཡིན།། ལྐོག་གྱུར་ད་གང་ཡིན ་གྱི་སྣང་སྟེ།། མངོན་གསུམ་འདི་ལྟ་བ་རུ་བྱོས།། གང་དག་ཁ་ཅིག་འཇིག་རྟེན་ན།། བདེ་ལྡན་སྔོན་འབྱིནད་འབྲས་བུ་ཡིན།། བྱང་ཕྱོགས་གླིང་གི་གྱི་རྣམས་ནི།། བདག་གི་མྱེད་ཅིང་ཡོངས་འཛིནད་མྱེད།། ་དཔག་བསམས་ལས་འབྱུང་ཀོས་བསྟེནད་པ།། དེ་ནི་སྔོན་གི་འབྲས་བུ་ཡིན།། དེ་དག་ཀྲང་དང་ཚ་བ་མྱེད།། དེ་དག་ལ། ནིད་མྱེད་ཅིང་།། གཟུགས་དང་ཁ་དོག་ཕུན་སུམ་ཚོགས།། དེ་ནི་སྔོན་འབྱིནད་འབྲས་བུ ་ཡིན།། བྱང་ཕྱོགས་གླིང་ན་མ་ཉམས་ཤིང་།། མ་མུགས་དག། ཅིང་གཙང་བ་དང་།། ཤི་ནང་ཏུ་དཀར་བའི་ས་ལུ་སྐྱེ།། དེ་ནི།། སྔོན་འབྱིནད་འབྲས་བུ་ཡིན།། ནོར་བུ་འོད་བྱེད་འབར་བ་ཡིས།། ་དེ་རྣམས་རྟག་ཏུ་མཛེས་པ་དང་།། དེ་དག་གི་ཟས་འདུ་བྱེད་ཀང་།། དེ་ནི་སྔོན་འབྱིནད་འབྲས་བུ་ཡིན།། དེ་དག་ལ་ནི་ཚོད་མ་དང་།། སྲན་ཚོད་ཀྱང་ནི་ཅུང་ཟད་མྱེད། ཁ་དོག་དྲི་ལྡན་རོ། ་ལྡན་པའི།། ས་ལུ་དག་ནི་རྟག་ཏུ་ཟ།། ཟས་ནི་ལན་ཅིག་བྱིན་པ་བས།། སྟན་ལས་མ་ཡངས་བར་ཏུ་ནི།། ཟད་མྱི་ཤེས་པར་སྡེར་ལ་ཡོད།། དེ་ནི་སྔོན་འབྱིནད་འབྲས་བུ་ཡིན།། སླུ་བའི་འབྲས་བུ་དྲ་བ་དང་།། ་བཅད་ཀྱང་ཡལ་ཀ་ལ་སྐྱེ་སྟེ། བརྔས་ནས་བཅོའི་མྱི་དགོས་པར་ཟ།། དེ་ནི་སྔོན་འབྱིནད་འབྲས་བུ་ཡིན།། དེ་དག་འབབ་ཆུ་བསིལ་བ་དང་།། འཐུངས་ཀྱང་ལྟོ་ལ་མྱི་གནོད་པའི།། ཡན་ལག་བརྒྱད་ལྡན་ཆུལ ་ཡོད།། དེ་ནི་སྔོན་འབྱིན་འབྲས་བུ་ཡིན།། རོལ་མོ་ལྗོན་ཤིང་ཀར་དག་གིས།། དེ་དག་རྟག་ཏུ་རྩེ་ཞིང་དཀའ།། ཡིད་ནི་རྟག་ཏུ་བདེ་དང་ལྡན།། དེ་ནི་སྔོན་འབྱིནད་འབྲས་བུ་ཡིན།། དེ་དག་རོལ་མོའི་ལྗོན ་ཤིས་པའང་།། གོས་ཀྱི་ལྗོན་ཤིང་མང་པོ་དང་།། སྤོས་ཀྱི་ལྗོན་ཤིང་ཕུན་སུམ་འཚོགས།། དེ་ནི་སྔོན་འབྱིན་འབྲས་བུ་ཡིན།། སྤོས་དང་མེ་ཏོག་རོལ་མོ་དང་།། དེ་བཞིན་ཏུ་ནི་གོས་རྣམས་ཀྱང་།། གང་དག་ཇི་ལྟར ་འདོད་པ་བཞིན།། དེ་དག་དེ་བཞིན་འབྱུང་བར་འགྱུར།། ནེལུ་སིང་དག་ནི་སྔོན་པོ་ལ།། ཤི་བ་བལ་ལྟ་བུར་རབ་འཇམ་པ།། ཀང་ཏུ་དེ་དག་རྟག་རྩེ་བ།། དེ་ནི་སྔོན་འབྱིན་འབྲས་བུ་ཡིན།། དེ་དག་ལ་ནི་ཁྲོ་མྱེད་ཅིང་།། ་སེར་སྣ་དང་ནི་འཕྲ་དོག་མྱེད།། ཕན་ཚུན་རྟག་ཏུ་རྩེ་བྱེད་པ།། དེ་ནི་སྔོན་འབྱིནད་འབྲས་བུ་ཡིན།། མཚན་མོ་ཐུན་ཚོད་དང་པོ་ལ།། སྐད་ཅིག་ཙམ་ཞིག་ཆར་འབབ་ཅིང་།། རྡུལ་རྣམས་མྱེད་པར་བྱེད་པ་སྟེ།། དེ་ནི ་སྔོན་འབྱིནད་འབྲས་བུ་ཡིན།། དེ་དག་ཡོངས་སུ་འཛིནད་བྱེད་པས།། མ་དང་བུར་ཡང་མྱི་ཤེས་ཤིང་།། སྡུག་བསམས་མྱེད་པུས་མྱ་ངན་མྱེད།། དེ་ནི་སྔོན་འབྱིནད་འབྲས་བུ་ཡིན།། མ་དག་གིས ་ཀྱང་རང་གི་བུ།། ལམ་སྟོང་དག་ཏུ་བོར་ཏེ་འགྲོ།། འཐེ་བོ་ལ། ས་ནི་འོ་མ་འཛག།། དེ་ནི་སྔོན་འབྱིནད་འབྲས་བུ་ཡིན།། དེ་དག་གང་ཡང་དུ་བ་མྱེད།། ཤི་ན་ཡང་ནི་བོར་ཏེ་འགྲོ།། བྱ་དག། ་ཀིས་ནི་གླིང་འཕྱག་པ།། དེ་ནི་སྔོན་འབྱིནད་འབྲས་བུ་ཡིན།། ཁོར་ཡུག་ཏུ་ནི་འོངས་ཀྱིས་བསྐོརང་།། ཀླུ་གར་ཡིད་དུ་འོང་བ་ཡིས།། ཀང་ཏུ་རྩེ་ཞིང་དཀའ་བྱེད་པ།། དེ་ནི་སྔོན་འབྱིནད་འབྲས་བུ་ཡིན།། ་མྱིའི་ཚེ་ནི་ལོ་སྡོང་པོ།། བང་པ་དག་ཏུ་བྱས་པས་ནི།། བར་མ་དོར་མི་འཆི་མྱེད་པ།། དེ་ནི་སྔོན་འབྱིནང་འབྲས་བུ་ཡིན།། དཔལ་ནི་རྒྱས་པར་སྤྱད་ནས་སུ།། མྱེའི་ལུས་ནི་བོར་ནས་ཀྱང་།། ལྷའི་ནང་དུ་སྐྱེ་བར ་འགྱུར།། དེ་ནི་སྔོན་ཀི་འབྲས་བུ་ཡིན།། དགེ་སློང་དག་འཛམ་བུའི་གླིང་ཀི་མྱི་རྣམས་ལ་ནི་ཡར་འཕེལ་བ་དང་མར་འགྲིབ་པ་ཡོད་དེ།། དགེ་སློང་དག་འཛམ་བུ་གླིང་གི་མྱི་རྣམས་ནི་ཚེ་དཔག་ཏུ་མྱེད་པར་ཡང ་འགྱུར།། ཚེ་ལོ་བརྒྱ་ཁྲི་པ་དང་། ཚེ་ལོ་བརྒྱ་པ་དང་། ཚེ་ལོ་བཅུ་པར་ཡང་འགྱུར་རོ།། དགེ་སློང་དག་འཛམ་བུའི་གླིང་གི་མྱི་རྣམས་ཀྱི་ད་ལྟར་ཀི་ཚེའི་ཚད་ནི་ལོ་བརྒྱ་པ་ཡིན་ནོ།། དགེ་སློང་དག་ད་ལྟར་ནི་འཛམ་བུ ་འི་གླིང་ཀི་མྱི་རྣམས་ལས་རིང་དུ་འཚོ་བ་ཀང་ཡིན་པས། ལེགས་པར་བདེ་བར་གནས་ན་ལོ་བརྒྱ་འམ། ལོ་བརྒྱ་ལས་ཅུང་ཟད་ཅིག་ལྷག་པར་ཐུབ་བོ།། དགེ་སློང་དག་འཚོ་བའི་གནས་སྐབས་བཅུ་མྱོང་བར ་འགྱུར་ཏེ།། གནས་སྐབས་དང་པོ་ན་ཞེ་ནད་ཅིང་གན་རྒྱལ་ཏུ་ཉལ་བ་སྟེ། བྱིས་པ་ཡིན་ནོ།། གནས་སྐབས་གཉིས་པ་ནི་རྩེ་བའི་རང་བཞིན་ཅན་ཏེ། གཞོ་ནུ་ཡིན་ནོ།། གནས་སྐབས་གསུམ་པ་ནི་འདོད་པ་ལ་སྤྱོད་པ་སྟེ།། ཡང ་འཚོ་ལ་བབ་པ་ཡིན་ནོ།། གནས་སྐབས་བཞི་པ་ནི་སྤྲོ་བ་དང་ལྡན་ཞིང་ཉམས་སྟོབས་དང་ལྡན་པ་ཡིན་ནོ།། གནས་སྐབས་ལྔ་པ་ནི་སྤོབས་པ་དང་ལྡན་ཞིང་ཤེས་རབ་དང་ལྡན་པ་ཡིན་ནོ།། གནས་སྐབས་དྲུག་པ་ནི་དཔྱོད ་པའི་རང་བཞིན་ཅན་ཏེ། དྲན་པ་དང་ལྡན་པ་ཡིན་ནོ།། གནས་སྐབས་བདུན་པ་ནི་ཆོས་ལུགས་ཁོང་དུ་ཆུད་པ་ཡིན་ནོ།། གནས་སྐབས་བརྒྱད་པ་ནི་རྒྱལ་པོས་བཀུར་ཞིང་རྐན་རབས་སུ་བཀུར་བ་ཡིན་ནོ།། གནས་སྐབས་རྐུ ་པ་ནི་རྒས་ཤིང་ཁོགས་པ་སྟེ།། རྒན་པོ་ཡིན་ནོ།། གནས་སྐབས་བཅུ་པ་ནི་ཚེའི་མཐར་ཐུག་སྟེ། འཆིར་ཉེ་བ་ཡིན་ནོ།། དགེ་སློང་དག་ལོ་བརྒྱ་འཚོ་བས་གནས་སྐབས་བཅུ་པོ་དེ་དག་མྱོང་བར་འགྱུར་རོ།། ་དགེ་སློང་དག་ལོ་བརྒྱ་མཚོ་བ་ནི་དུས་ཚིགས་སུམ་བརྒྱར་མཚོའ་སྟེ། རཀུན་ཀི་དུས་ཚིགས་བརྒྱ་དང་། དཔྱིད་ཀྱི་དུས་ཚོགས་བརྒྱ་དང་། དབྱར་གི་དུས་ཚིགས་བརྒྱ་རྣམས་སོ།། དུས་ཚིགས་བརྒྱར་འཚོ་བ་ནི། ་ཟླ་བ་བཅུ་གཉིས་ཕྲག་བརྒྱར་འཚོ་སྟེ།། རྒུརྐུན་བཞི་དང་། དཔྱིད་བཞི་དང་། དབྱར་བཞི་རྣམས་སོ།། ཟླ་བ་བཅུ་གཉིས་ཕྲག་བརྒྱར་མཆོ་བ་ནི། ཟླ་བ་བྱེད་གཉིས་སྟོང་བཞི་བརྒྱར་འཚོ་སྟེ།། དཀུན་བརྒྱད་དང་། དཔྱིད་བརྒྱད་དང་། དབྱར ་བརྒྱད་རྣམས་སོ།། ཟླ་བ་ཕྱེད་གཉིས་སྟོང་བཞི་བརྒྱར་འཚོ་བ་ནི།། ཉིན་ཞག་སུམ་ཁྲི་དྲུག་སྟོང་དུ་མཚོ་སྟེ། དཀུན་བཅུ་གཉིས་དང་། དཔྱིད་བཅུ་གཉིས་དང་། དབྱར་བཅུ་གཉིས་རྣམས་སོ།། ཉིན་ཞག་སུམ་ཁྲི་དྲུག་སྟོང་དུ་འཚོ་བ ་ནི།། བར་ཆད་དུ་གྱུར་པ་མ་གཏོགས་པར་ཟན་བདུན་ཁྲི་ཉིས་སྟོང་ཟའོ།། དེ་ལ་འདི་དག་ནི་ཟན་བར་ཆད་དུ་འགྱུར་ཏེ།། འཁྲུགས་ནས་མ་ཟོས་པ་དང་། སྡུག་བསྔལ་བར་གྱུར་པས་མ་ཟོས་པ་དང་། འཕོངས་པ་བྱུང་ནས་མ་ཟོས ་པ་དང་། སྤྲུབ་པ་བྱས་ཏེ་མ་ཟོས་པ་དང་། མ་རྙེད་པའི་ས་མ་ཟོས་པ་དང་། རྙེད་ཀྱང་མ་ཟོས་པ་དང་། གཉིད་ལོག་ནས་མ་ཟོས་པ་དང་། ར་རོ་སྟེ་མ་ཟོས་པ་དང་། རབ་ཏུ་མྱོས་པས་མ་ཟོས་པ་སྟེ། ཟོས་པ་གང་ཡིན་པ་དང་། མ་ཐོས་པ ་གང་ཡིན་པ་དེ་དག་གཅིག་ཏུ་བསྡོམས་ནས། མའི་ཆུ་ཞོ་ཐུང་བ་གཏོགས་པར་བདུན་ཕྲི་ཉིས་སྟོང་དུ་འགྱུར་རོ།། དགེ་སློང་དག་དེ་ལྟར་ངས་འཛམ་བུའི་གླིང་གི་མྱི་རྣམས་ཀྱི་ཚེའི་ཚད་ཀྱང་བཤད།། དུས་ཚིགས་དང་། ཟླ་བ་དང་། ཟླ་བ ་ཕྱེད་དང་། ཉིན་ཞག་དང་། ཟན་དང་ཟན་བར་ཆད་དུ་འགྱུར་བ་ཡང་བཤད་པ་ཡིན་ནོ།། དགེ་སློང་དག་མྱི་རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེ་ནི།། རྒྱལ་ཆེན་བཞི་པའི་རིས་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ ་བཅུ་ལ་ཟླ་བ་གཅིག།། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པོའི་ལྷའི་ལོ་ལྔ་བརྒྱ་སྟེ།། དེ་མྱོའི་ལོ་ལྟར་བརྩིས་ན། ལོ་ས་ཡ་ཕྲག་དགུ་ཡོད་དེ། ་པར་མ་དོར་འཆི་བ་ནི་ཡོད་དོ།། དེ་སེམས་ཅན་དམྱལ་བ་ཡང་སོས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་བམྱལ་ཟླ་བ་གཅིན། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།། སེམས་ཅན་དམྱལ་བ་ཆེན་པོ་5 ་སོས་ཀྱི་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལོ་ལྔ་བརྒྱ་སྟེ།། དེ་མྱིའི་ལྟར་བརྩིས་ན་ལོ་བྱེ་བ་དྲུག་ཞི་ཡོད་དེ།། བར་མ་འདོར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས ་སུ་བཅད་དེ་བཀའ་སྩལ་པ།། ལུས་ཀྱིས་ཉེས་པར་སྤྱད་བྱས་ཤིང་།། ངག་གིས་ཉེས་པར་སྤྱད་པ་དང་།། ཡིད་ཀྱིས་ཉེས་པར་སྤྱད་བྱས་ཤིང་།། གང་ཞིག་ཉེས་པ་གཞན་ལྡན་པའི།། ལས་དེ་དག་གིས་ཡང་སོས་ཀྱི།། དམྱལ ་བ་དག་ཏུ་སྐྱེ་འགྱུར་ཏེ།། ལོ་ནི་བྱེ་བ་ཕྲག་སྟོང་ཏུ།། བཏགས་ཤིང་བཅོམ་ཡང་ཡང་འཚོའོ།། ཕན་ཚུན་འཁོན་དང་ཆགས་པའིས།། མྱི་རྣམས་གསོད་པའི་མྱི་དག་ནི།། ལས་དེ་དག་གིས་ཡང་སོས་ཀྱི།། དམྱལ་བ་དག ་ཏུ་སྐྱེ་བར་འགྱུར།། དགེ་སློང་དག་ཀྱི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི།། སུམ་བཅུམ་གསུམ་པའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་རེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།། སུམ། ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལོ་སྟོང་ཐུབ་པོ།། དེ་མྱིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་གསུམ་དཔས་ཡ་དྲུག་ཡོད་དེ།། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ ་ཆེན་པོ་ཐིག་ནག་གི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག།། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།། སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནཀ་ཀི།། ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པོའི་ལོ་སྟོང་ཐུབ་པོ། ་དེ་མྱིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་དགུ་ཁྲི་དྲུག་སྟོང་རྩ་བཅུ་གཉིས་ཡོད་དེ།། ཏུས་མ་ཡིན་པར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་ཏེ་བཀའ་སྩལ་པ།། ཕ་མ་དག་དང་སངས་རྒྱས་དང་།། ་ཉན་ཐོས་རྣམས་ལ་འཁུ་བྱེད་པ།། དེ་དག་ཐིག་ནག་སྐྱེ་འགྱུར་ཏེ།། སྡུག་བསྔལ་ཚོར་བ་མྱོང་བར་འགྱུར།། གང་ཞིག་མྱི་བརྩོན་འཇོག་པ་དང་། མྱི་རྣམས་འཛའ་བོའི་དབྱེན་བྱེད་པ།། ཐིག་ནག་དུ་ནི་སྐྱེ་བར་འགྱུར། ་བརྫུན་དུ་སྨྲ་བ་འང་དེ་བཞིན་ཏེ།། ལས་དེའི་ས་ནི་ཐིག་ནག་ནི།། དམྱལ་། བ་རྣམས་སུ་དེ་དག་སྐྱེ།། དགེ་སློང་མྱི་རྣམས་ཀྱི་ལོ་ཉིས་བརྒྱ། ཀང་ཡིན་པ་དེ་ནི།། འཐབ་བྲལ་བའི་ལྷ་རྣམས་ཀྱི་ཞག་གཅིག་གོ།། ་ཉིན་ཞག་དེ་སུམ་བཅུལ་ལ་ཟླ་བ་གཅིག།། ཟླ་བ་བཅུ་གཉིས་ལ་ལོག་ཅིག་སྟེ།། འཐབ་བྲལ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི།། དེ་ལྟ་བུར་བརྩིས་པའི་ལོ་ཉི་སྟོང་ཐུབ་པོ།། དེ་མྱིའི་ལྟར་བརྩིས་ན།། ལོ་བྱེ ་བ་ཕྲག་བཅུ་བཞི་དང་།། ལོ་བྲི་བཞི་སྟོང་ཡོད་དེ།། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་བསྡུད་འཇོམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་བཅུལ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས ་ལ་ལོ་གཅིག་སྟེ།། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་འཇོམས་ཀྱི་སེམས་ཅན་དམྱལ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལོ་ཉིས་སྟོང་ཡོད་དོ།། དེ་ཀྱིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་སུམ་འབུམ་དྲུག་ཁྲི་བརྒྱད ་སྟོང་ཆ་གཅིག་ཡོད་དེ།། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ།། མྱི་དགེལ་བའི་ལས་རྣམས་གསུམ་བྱས་ཤིང་།། སས་དགེ་རྣམ་གསུམ་མ་བྱས ་ཏེ།། ལས་དེ་དག་གིས་བསྡུས་གཞོམ་གྱི།། དམྱལ་བ་རག་དུ་སྐྱེ་བར་འགྱུར།། བ་ལང་ར་ལུག་མ་ཡེ་དང་།། རི་དགས་ཕྱགག་བཀ་རྣམས་དང་།། དེ་བཞིན་སྲོག་ཆགས་གཞན་གསོད་པ།། བསྡུས་གཞོམ་དག་ཏུ་སྐྱེ་བར་འགྱུར། ་དགེ་སློང་དག་ཀྱི་རྣམས་ཀྱི་ལོ་བཞི་བརྒྱ་གང་ཡིན་པ་དེ་ནི།། དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།། དགའ་ལྡན་གི་ལྷ་རྣམས ་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལྷའི་ལོ་བཞི་སྟོང་ཐུབ་སྟེ།། དེ་མྱིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང་།། སོ་ས་ཡ་ཕྲག་དྲུག་ཡོད་དེ།། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནི་སེམས་ཅན་དམྱལ ་བ་ཆེན་པོ་རུ་འབོད་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་བསུམ་པ་རྟུལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་སོ་གཅིག་སྟེ།། སེམ་ས་ཅན་དམྱལ་བ་ཆེན་པོ་རུ་འབོད་ཀྱི་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེ ་འི་ཚད་ནི་དེ་ལྟ་བུར་བཆིས་པའི་ལོ་བཞི་སྟོང་སྟེ།། དེ་མྱིའི་ལྟར།། རྩིས་ན་ལོ་བྱེ་བ་ཕྲག་ས་ཡ་གཉིས་དང་། བྱེ་བ་ཕྲག་དཀུལ་ལ། བུམ་བཞི་ཁྲི་བཞི་སྟོང་དང་།། བྱེ་བ་ཕྲག་བརྒྱད་ཡོད་དེ།། བར་མ ་དོར་འཆི་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་ཏེ་བཀའ་སྩལ་པ།། འཇིགས་སུ་རུང་བ་དྲག་ཤུལ་ཅན།། ལཀ་པ་གཉིས་ནི་ཁྲག་གིས་བསྐུས།། སྡིག་པའི་ལས་ནི་སྤྱད་པ ་ཡིས།། རྟག་ཏུ་ངུ་འབོད་འགྲོ་བར་འགྱུར།། གཞལ་གྲུགས་གཡོའི་དང་སྒྱུ་བྱེད་མྱི།། སྐྱེ་བོ་དག་ནི་ཡིད་ཕྱུང་ནས།། འཇིགས་སུ་རུང་བའི་སྒྲ་འབྱིནད་ཅིང་།། ཡུན་རིང་དུ་ནི་འབོད་སྲེག་འགྱུར།། དགེ་སློང་དག་མྱི་རྣཾས ་ཀྱི་ལོ་བརྒྱད་བརྒྱ་གང་ཡིན་པ་དེ་ནི།། འཕྲུལ་དཀའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག།། ཟླ་བ་བཅུ་གཉིས་ལ་ལོ་ཀ་ཅིག་སྟེ།། འཕྲུལ་དཀའི་ལྷ་རྣམས་ཀྱི་ཚེའི་ཚད་ནི།། ་དེ་ལྟ་བུར་བརྩིས་པའི་ལོ་བརྒྱད་སྟོང་ཐུབ་སྟེ།། དེ་མྱིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་ཉིས་བརྒྱ་སུམ་བཅུ་དང་།། ལོ་ས་ཡ་ཕྲག་བཞི་ཡོད་དེ།། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོར ་ཆེན་པོའི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་བཅུ་ལ་ཟླ་ལ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ་སྟེ།། སེམས་ཅན་དམྱལ་བ་ཆེན་པོ་རུ་འབོད་ཆེན་པོའི་ཚེའི་ཚད་ནི་སེམས་ཙན་དམྱལ་བ་རྣམས་ཀྱི། ་ཚེའི་ཚད་ནི།། ལོ་དེ་ལྟ་བུར་བརྩིས་པའི་ལོ་བརྒྱད་སྟོང་ཡོད་དེ།། དེ་མྱིའི་ལྟར་རྩིས་ན་སོ་བྱེ་བ་ཕྲག་ས་ཡ་གསུམ་དང་བྱེ་བ་ཕྲག་ལྔ་འབུམ་ལྔ་ཁྲི་ཉི་སྟོང་། དྲུག་བཅུ་རྩ་དྲུག་ཡོད་དེ།། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ།། ལྟ་བ་ཐིབས་པོས་ཁྱེབས་གྱུརྡ་ཅིང་།། སྲིད་པའི་གཡོགས་པས་གཡོགས་པ་དག། སྡིག་པའི་ཆོས་ནི་མྱོད་པའི་ས།། ངུ་འབོད་དག་ཏུ ་སྐྱེ་བར་འགྱུར།། ཡིད་གཅུགས་ཉམས་པའི་མྱི་དག་ནི།། བ་སཱུ། སློང་ཞི་འབར་བ་དག།། བསྐོར་པའི་ཁྱིམ་གི་ནང་བཅུད་ནས།། ངུ་འབོད་ཆེན་པོར་སྲེག་པར་འགྱུར།། བཏམས་པ་བརྣོབས་པའི་མྱི ་དག་ནི།། རལ་གྱི་ཡིས་ནི་ལུས་གཏུབ་ཅིང་།། བྱ་རྒོད་བྱ་རོག་འུག། པ་ཡིས།། འགུལ་བཞིན་ཏུ་ནི་ཟ་བར་འགྱུར།། དགེ་སློང་ད།། ག་མྱི་རྣམས་ཀྱི་ལོ་སྟོང་དྲུག་བརྒྱ་གང་ཡིན་པ་དེ་ནི།། གཞན ་འཕྲུལ་དབང་བྱེད་ཀི་སྭཱ་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་ད་སུམ་བཅུལ་ཟླ་བ་གཅིག།། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི།། ལོ་དེ་ལྟར་བུམ ་བམས་པའི་ལྷའི་ལོ་ཞེ་དྲུག་སྟོང་ཡོད་དོ།། དེ་ཀྱེའི་ལྷར་བརྩིས་ན་ལོས་ཡ་ཕྲག་དྲུག་དང་།། ཡོ་བྱེ་བ་ཕྲག་དཀུལ་བརྒྱལ་ཉི་ཤུ་རྩ་གཅིག་ཡོད་དེ།། བ.རས་རོ་འཆི་བ་ནི་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ ་ཚ་བའི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་བཅུལ་ཐ་བ་གཅིག།། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།། སེམས་ཅན་དམྱལ་བ་ཆེན་པོའི་ཚ་བའི་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟར་བུར་བཅིས ་བའི་ལོ་ཁྲི་དྲུག་སྟོང་ཡོད་དོ།། དེ་མྱིའི་སྐར་བཅིས་ན་ལོ་བྱེ་བ་ཕྲག་ས་ཡ་བརྒྱད་དང་།། བཞི་འབུམ་དང་།། ལོ་བྱེ་བ་ཕྲག་ཁྲི་སྟོང་ལྔ་བརྒྱ་སུམ་བཅུ་ཡོད་དེ།། བར་མ་འདོར་འཆི་བ་མི་ཡོད་དོ།། དེ་ནས་བཅོམ་ལྡན་འ ་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ།། བཀའ་སྩལ་པ།། དགེའ་སྦྱོང་བྲམ་ཟེ་དགེའ་བ་དག།། དེ་བཞིན་དུ་ནི་ཕ་མ་ལ།། གང་ཞིག་རྟག་ཏུ་གདུང་བྱེད་པ།། དེ་ནི་ཆ་བར་སྐྱེ་བར་འགྱུར།། འདིར་ནི་གང་ཞིག་གདུང་བ ་ཡིས།། སྐྱེ་བོ་མང་པོ་གདུང་བྱེད་པ།། ལས་དེ་དག་གིས་ཚ་བའི།། དམྱལ་བ་རྣམས་སུ་སྐྱེ་བར་འགྱུར།། དགེ་སློང་དག་ཁྱེད་ཆུ་འུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་མཐའ་ཉནད་པར་འདོད་དམ།། བཅོམ ་ལྡན་འདས་དེའི་དུས་ལ་བབ་ལགས་སོ།། བདེ་བར་གཤེགས་པ་དེའི་དུས་ལ་བབ་ལགས་སོ།། བཅོམ་ལྡན་འདས་དགེ་སློང་དག་གིས།། གང་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་མཐའ་བསྟནད་པ ་ཟོས་ནས།། དགེ་སློང་དག་འཛིནད་པར་བགྱིད་ལགས་སོ།། དགེའ་སློང་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ།། དགེ་སློང་དག་འདི་ལྟ་སྟེ། འདི་ལ་ཏིལ་ཡུལ་ཀོ་ས་ལའི་ཞལ་བཅུ ་ཚད་ཉི་ཤུ་ཤོང་བའི་ཁལ་བཅུ་ཚད་ཉི་ཤུ་བ་ཏིལ་གིས་བྱུར་བུ་ཀང་བ། ར་གྱུ་རང་བ་དེ་ལས།། མྱི་ལ་ལ་ཞིག་གིས་ལོ་བརྒྱ་འདས་ཤིང་དེ་ཏིལ་འབྲུ་གཅིག་བོར་ནས།། ཏིལ་ཁལ་བཅུ་ཚད་ཉི་ཤུ་ཤོང་བའི་ཁལ ་བཅུ་ཆང་ཉི་ཤུ་པ་དེ་ཐབས་འདིས་མྱུར་དུ་ཡོངས་སུ་ཟད་ཅིང་གཏུག་ས་པར་གྱུར་དཀྱང་།། དགེ་སློང་དག་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་དེ་ལྟ་མ་ཡིན་པརང་སྨྲའོ།། ཆུ་པུར་ཅན་གི ་ཧིགྲཱ་ཛི་སྭཱ་བ་དེ་ལྟར་མུ་བུར་རྡོལ་གི་གཅིག་ཡིན་ནོ།། ཆུ་བུར་རྡོས་ཀྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་སོ་ཐམས་ཐམས་ཀྱི་གཅིག་ཡིན་ནོ།། སོ་ཐམས་ཐམས་ཀྱི་ཉི་ཤུ་ཇི་ལྟ་བ་དེ་སྐར་གྱི་ཧུད་ཟེར་གྱི་གཅིག་ཡིན་ནོ།། ཀྱི་ཧུད་ཟེར་གྱི་ཉི། ་ཀུ་ཛི་སྟ་དེ་ལྟར།། ཨ་ཆུ་ཟེར་གི་གཅིག་ཡིན་ནོ།། ཨ་ཆུ་ཟེར་གི་ཉི་ཤུ་ཇི་ལྟ་བ་དེ་སྦྱར། ཨུད་པ་ལ་ལྟར་གས་པའི་གཅིག་ཡིན་ནོ།། ཨུད་པ་ལ་ལྟར་གས་པའི་ཉི་ཤུ་འི་ལྟ་བ་དེ་ལྟར།། པད་མ་ལྟརགས་པའི་གཅིག། ་ཡིན་ནོ།། པད་མ་ལྟར་གས་པའི་ཉི་ཤུ་ཇི་ལྟ་བ་དེ་ལྟར་པད་མ་ལྟར་ཀས་པ་ཆེན་པོའི་གཅིག་ཡིན་ནོ།། ལྷས་སྦྱིན་ཀི་ཕྱོགས་དགེ་སློང་ཀོ་ཀ་ལི་ཀས། དགེ་སློང་ཤ་རའི་བུ་དང་། མེའུ་འགལ་གི་བུ་ལ་ཞེ་སྡང་གི་སེམས ་བསྐྱེད་པས་རང་གི་ལུས་དེ་ཉིད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་པད་མ་སྦྱར་གས་པ་ཆེན་པོར་སྐྱེས་སོ།། དགེ་སློང་དག་དེ་ལྟ་བས་ན་དེའི་ཕྱིར་འདི་ལྟར་བསླབ་པར་བྱ་སྟེ།། སྡོང་ཆུམ་ཚིག་པ་ཡང་ཞེ་སྡང་གི་སེམས། ་བསྐྱེད་པར་གྱི་བྱ་ན།། རྣམ་པར་ཤེས་པའི་ལུས་ལ་སྤོས་ཀྱང་ཅི་དགོས་པ་དེ་ལྟར་དགེ་སློང་དག་ཁྱེད་ཀྱི་བསླབ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་ཏེ་བཀའ་སྩལང་བ།། མྱི་ཞིག་སྐྱེས་པར་གྱུར ་པ་ན།། གང་ཀིས་བདག་ནི་གཅོད་བྱེད་པའི།། ཁ་ནས་སྟ་རེའི་ཚིག་འབྱུང་བ།། ཉེས་པར་སྨྲ་བ་སྨྲ་བ་ན།། གང་དག་སྨན་བྱ་སྟོད་བྱེད་ཅིང་།། སྐྱེ་བོ་སྤྱོད་བྱེད་སྤོད་བྱེད་པའི།། སྡིག་ཀང་བདེ་བ་མྱི་མྱོང་བའི།། སྡིག་དེ་དོན ་ཁ་ནས་སཙོགས།། ཀང་འདིར་བརྒྱན་པོས་བདག་ནོར་ཡལ།། འདི་ནི་སྡིག་པ་ཆུང་ངུ་སྟེ།། གང་ཞིག་བདེ་གཤེགས་སྔར་སེམས་བསྐྱེད།། འདིར་ནི་སྡིག་པ་དེ་ཆེའོ།། ངག་དང་ཡིད་ཀྱིས་ཀྱང་ནི་སྡིག་བྱས་ཤིང་།། གང་ཞིག ་འཕགས་ལ་སྨོད་པ་དེ་ནི་དམྱལ་འགྲོ་སྟེ།། སྟོང་ཕྲག་བརྒྱར་ནི་ཆུ། བུར་རྡོལ་རྣམ་སུ།། ཆུ་བུར་ཅན་ཏུ་སུམ་བཅུ་རྩ་དྲུག་གོ།། སྡིག་པའི་སེམས་ཀྱིས་བདེན་པར་མྱི་སྨྲ་བ།། བདག་ཉིད་བརླག་ཅིང་དམྱ ་བ་འཕེལ་བར་བྱེད།། དེ་ཡིད་དྲི་མས་མ་རྙོགས་པར་བྱེད་དེ།། 2་ན་མ་ཐོ་མྱེད་པ་དེ་བཟོད་དོ།། དགེ་སློང་དག་སེམས་ཅན་དམྱལ་ལ་ཆེན་པོ་རབ་ཏུ་ཚ་བའི་ཚེའི་ཚད་ནི་བསྐལ་པ་གཅིག་སྟེ།། བར་མ ་དོར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚིགས་སུ་བཅད་དེ་བཀའ་སྩལ་པ།། འབྲས་བུ་ཡིད་འོང་མཐོའ་རིས་སུ།། སྐྱེ་འགྱུར་དགེའ་བ་སྤངས་ནས་སུ།། འདིར་ནི་མྱི་སྟུག་ལས་བྱས་པས།། ་རབ་ཏུ་ཚ་བར་སྐྱེ་བར་འགྱུར།། དགེའ་སྦྱོང་བྲམ་ཟེ་དགེལ་བ་དང་།། པ་དང་མ་ཡང་དེ་བཞིན་ཏེ།། ཀར་ཡང་ཐ་མ་གཞན་གསོད་པ།། རབ་ཏུ་ཆ་བར་དེ་འཚེད་དོ།། དགེ་སློང་དཀ་ར་མྱལ་བ་ཆེན་པོ་མནར་མྱེད ་བའི་ཚེའི་ཚད་ནི་བསྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། རྩི་གཏི་མུག་ཅན་ལྷ་སྦྱིན་གིས་དགེ་འདུན་ཐུན་པ་ཕྱེ་བ་དང་།། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཐག་ཕྱུང་བ་དང་།། དགེ་སློང ་མ་དགྲ་བཅོམ་པ་བསད་པས་རང་གི་ལུས་དེ་ཉིད་ཀྱིས་དམྱལ་བ་ཆེན་པ་མནར་མྱེད་པ་དེར་སྐྱེས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩ་ལད་པ།། འཕགས་པ་རྣམས་ཀྱིས་བསྟནད་པའི། ་ཆོས་ཀྱིས་འོས་པར་འཚོ་རྣམས་ལ།། སྡིག་པའི་ལྟ་བ་ལ་རྟེན་ནས།། བློ་ངན་གང་ཞིག་སྨོད་བྱེད་པ།། ཚེར་ཅན་འོད་མའི་འབྲས་བུ་ལྟར།། དེ་ནི་འབྲས་བུ་བརླགས་པར་བྱེད།། དགེའ་བར་འགྱུར་བ་བརྗོད་བྱ་སྟེ།། ་སྡིག་པ་ཅན་དག་མྱི་བརྗོད་དོ།། དགེ་བ་སྨྲས་ན་ལེགས་པར་འགྱུར།། སྡིག་པ་སྨྲས་ན་སྲེག་འགྱུར་བས།། གལ་ཏེ་སྨན་དགེའ་བར་སྨྲའི།། སྡིག་པ་སྨྲས་ན་བརླག་པར་འགྱུར་བྱིས་པ་རྣམས་སྡིག་སྨྲ་སྟེ།། འཕགས ་པ་རྣམས་ནི་མ་ཡིན་ནོ།། འདིར་ནི་ངན་འགྲོར་འགྲོ་བའི།། ལས་ནི་ཤས་ཆེར་བྱས་པས་ན།། ལས་དེ་དག་གིས་མནར་མྱེད་པའི།། དམྱལ་བ་དག་ཏུ་སྐྱེ་བར་འགྱུར།། དགེ་སློང་དག་ཚངས་རིས་ཀྱི་ལྷ ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཕྱེད་ཐུབ་སྟེ།། བར་མ་དོར་འཆི་བ་ནི་ཡོད་དོ།། དགེའ་སློང་དག་ཚངས་པ་འདུན་ན་འདོན་ཀྱི་ལྷ་རྣམས་ཀྱི་ཚོའི་ཚད་ནི་བསྐལ་པའི་བཞིའི་ཆ་གསུམ་ཐུབ་སྟེ། ་བར་དོར་འཆི་བ་ནི་ཡོད་དོ།། དེགེ་ཐོ་ན་རམ་མེད་ནི་སརྣས་རྒྱ་ས་དི་ན་པག་ཤི་རུན་སྟེ།། ཡང་མདོ་ཟན་ཡོད་དོ།། དེ་སློང་དང་འོད་རུང་ཞི་ག་རྣམས་ཀྱི་བའི་མད་དེ་རྣམ་པ་གཉིས་ཐུབ་སྟེ། ད་མ་ཅཅན་ཡད་དོ།། དེ་སློང་དག་ག་བྱེད་པོ་ཀྱི་རྣམ་རྒྱ་མ་ལྡན་ཞེས་ས་འན་ཊེ་སྟེ། མ་མདོ་མན་ཡོ།། དགེ་སོང། ་རྐྱེན་ན་རྒྱ་ནས་ས་ཏེ། ནམ་ཆན་ཡོ་།། དགེ་སློང་དག་དགེ་ཆུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཅུ་དྲུག་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་ཚད་མྱེད་དགེ་བའི་སྒྲ་རྣམས་ཀྱི་ཚེའི་ཚར ་ནི་བསྐལ་པ་སུམ་བཅུ་རྩ་གཉིས་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་དགེའ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་བསྐལ་པ་དྲུག་བཅུ་རྩ་བཞི་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག། ་སྤྲིན་མྱེད་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱ་ཉི་ཤུ་རྩ་ལྔ་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་བསོད་ནམས་སྐྱེས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉིས་བརྒྱ་རྩ་ལྔ་ཐུབ་སྟེ།། པར ་མ་དོར་འཆི་བ་ནི་ཡོད་དོ།། དགེའ་སློང་དག་འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལང་པ་ལྔ་བརྒྱ་ཐུབ་སྟེ།། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་འདུ་ཤེས་མྱེད་པའི་སེམས་ཅན་རྣམས་ཀྱི་ཚེ ་ཚད་ནི་བསྐལ་པ་སྟོང་ཐུབ་སྟེ།། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་མྱི་གདུང་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉིས་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་ཤི་ནད་ཏུ་མཐོང ་གིགི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་ད་པ་བཞི་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་གྱ་ནོམ་སྣང་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་སྟོང་ཐུབ་སྟེ།། བར་མ་དོར་འཆི་བ་ནི་ཡོད་དོ།། ་དགེ་སློང་དག་འོག་མྱིན་ཀི་ལྷ་རྣམས་གི་ཚེའི་ཚད་ནི་བསྐལ་པ་ཁྲི་དྲུག་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ ་ཉི་ཁྲི་སྟེ།། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་རྣམ་དེ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཆད་ནི་བསྐས་པ་བཞི་ཁྲི་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། ་དགེ་སློང་དག་ཅི་ཡང་མྱེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོལ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐས་པ་དྲུག་ཁྲི་སྟེ། བར་མ་དོར་འོརྒྱ། བ་ནི་ཡོད་དོ།། དགེ་སློང་དག་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན ་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལང་པ་བརྒྱད་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་དེ་ལྟར་དམྱལ་བ་ཆེན་པོ་མནར་བྱེད་པས་ནས།། འཕྱ་ཤེས་མྱེད་མྱིན་གི་སྐྱེ་མཆེད ་ཀྱི་བར་དེ་དག་མི་དགེ་སློང་དག་ཟད་པའི་རྩེ་མ་ཡིན་ནོ།། ། དེ་དག་ནི་སྲིད་པའི་འབྱུང་བ་ཡིན་ཏེ།། དེ་དག་ན་འགྲོ་བ་སྣའི་སེམས་ཅན་རྣམས་འོང་བ་དང་འགྲོ་བ་དང་། གནས་པ་དང་། ་འཆི་བ་དང་། སྐྱེ་བར་སྡང་ངོ་།། མིད་པ་འབྱུང་བས་ཆོག་ཤེས་པར་གྱིས་ཤིག། ངན་སྲིད་པ་མངོན་པར་བསྒྲུབ་པ་སུ་ངལ་ཡང་།། ཨ་ན་དེའི་སྐད་ཅིག་ཙམ་ཡང་བསྔགས་པ་གྱི་མཛད་དོ།། དེ་ཅིའི་བྱོར་ཞེ་ན། སྲིང ་སྲིད་པ་མངོན་པར་བསྒྲུབ་པ་ནི་སྡུག་བསྔལ་ཡིན་པའི་ཕྱིར་ཏེ།། དཔེར་ན་མྱི་གཙང་བ་ནི་ཉུ་དུ་ཡང་མྱི་ཞིམ་ན། མང་བ་ལྟ་ཅི་སྨོས།། དེ་ལྟར་དེ་བཞིན་དུ་ང་ནི་སྲིད་པ་མངོན་པར་བསྒྲུབ་པ་ཆུ་ངུ་ལ་ཡང་ཐ་ན་དེའི་སྐད་ཅིག། ་ཙམ་ཡང་བསྔགས་པ་མྱི་བརྗོད་དོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སྲིད་པ་མངོན་པར་བསྒྲུབ་པ་ནི་སྡུག་བསྔལ་ཡིན་པའི་ཕྱིར་རོ།། སོ་སོའི་སྐྱེ་བོ་བྱིས་པ་ཐོས་པ་དང་མྱི་ལྡན་པ་དག་ནི་འགྲོ་བ་ལྔ་པོའི་འཁོར་ལ་ག ་དུ་ཡང་དང་ཡང་དུ་དམྱལ་བ་རྣམས་དང་།། ཡང་དང་ཡང་དུ་དུད་འགྲོ་རྣམས་དང་།། ཡང་དང་ཡང་དུ་ཡི་དགས་རྣམས་ཏེ།། དགེ་སློང་དག་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ། ཀུན་ཏུ་རྒྱུག་ཀུན་ཏུ་རབ་ཏུ་རྒྱུག། ་གོ།། དགེ་སློང་དག་དེ་ལྟ་བས་ན། དེའི་ཕྱིར་འདི་ལྟར་བསླབ་པརབྱ་སྟེ།། སྲིད་པ་རྒྱུན་ཆད་པར་བྱ་བ་ཀང་ཊཱི་ས་བརྩོན་པར་བྱ་ཞིང་།། སྲིད་པ་མངོན་པར་བསྒྲུབ་པར་མྱི་བྱའོ།། དགེ་སློང་དག་ཁྱེད་ཀྱིས ་དེ་ལྟར་བསླབ་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་པ། ཀའ་སྩལ་པ་དང་།། དཀའ་སློང་དག་ཡི་རངས་སྟེ། བཅོམ། ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ་ཚེ་མཐའི་མདོའི་རྫོགས་སྷོ།། ། རྒྱ་གར་གི་མཁན་པོ་བྱི་ཤུད་དཱ་སི་ན་དང་། ལོ་ཙ་བ་བན་དེ་དགེའ་དཔལ་གྱིས་བསྒྱུར་ད།། ། འཕགས་པ་གནས་འཇོག་ཅེས ་