| Wylie | e-texts produced with BDRC’s OCR application |
པ་ལ་མངོན་པར་བསྟོད་ཏོ།། ། འཕགས་པ་སྐྱེས་བུ་དམ་པའི་མདོལ། ཐོགས་སྷོ།། ། རྒྱ་གར་སྐང་དུ། སྤྲུལ་པ་དེ་བ་ཏ་མུ་ཏྲ།། བོ་སྐད་ནུ། ལྷའི་མདོལ་ཉུང་ངུ། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་མ། བཅོམ་ལྡན་འདས་གཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལགོན་བྱེད་བས་སྦྱིན་གྱི་ཀུན་དགའ་རབ་མ ་བཞུགས་ཏེ། དེ་ནས་ལྷ་ཞིག་བཅོམ་ལྡན་འདས་ག་ལ་དེར་སོང་སྟེ། བྱིནང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། ལྷ། ་དེས་བཅོམ་ལྡན་འདས་ལ་ཞུ་བ་ཞུས་པ།། ཚུལ་ཁྲིམས་གང་ལགས་སྤྱོད་པ་གང་། ཡོན་ཏན་གང་ལགས་ལས་གང་གིས། གནས་པ་ཇི་ལྟར་ཞེས་རབ་ཀངཔ། སྐྱེ་བོག་བདག་མཐོའ་རིས་མཆི།། ཝཱ་ལ་ཐུགས་བརྩེས་ཉེར་བཟུང་ནས ་སྟོན་དཔས་དེ་ལ་ལུས་བསྟན་པ།། སྐྱེ་བོ་མཐོའིའ་རིས་གང་འགྲོ་བ།། ལྷ་ཁྱོད་པ་ལ་རབ་ཏུ་ཉོན།། སྲོག་གཅོད་པ་ལས་ཕྱིར་ལོག་ཅིང་།། ཁྲིམས་བཟུང་ཡང་དག་སྡོམ་ལ་དཀལ། གང་དག་སྐྱེ་བོ་མྱི་འཚེ་བ།། སྐྱེ་བོ་དེ་དག ་མཐོའ་རིམ་འགྲོ།། གང་དག་མ་བྱིན་ལེན་སྤོང་ཞིང་།། སྦྱིན་པ་གཏོང་ལ་ཏྲག་དགའ་སྟེ།། རྐུ་བ་སྤོང་ཞིང་ཀྱི་ཀུ་ལ།། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། གཞན་གི་ཆུང་མའི་ཐར་གྱི་འགྲོ།། ལོག་པར་གཡེམ་པ་རྣམ་པར་སྤོང་། ་བདག་ཉིད་ཆུང་མཆོག་སེམས་པ།། སྐྱེ་བོ་དེ་དག་མཐོའ་རིས་འ། ཀློ།། གཞན་གི་ནོར་ལ་རྐུ་བྱ་དང་།། བདག་གི་ཕྱིར་དང་འཇིགས་པའི་ཕྱིར།། བརྫུན་གྱི་ཚིག་རྣམས་ཀྱི་སྨྲ་བ།། སྐྱེ་བོ་དག་མཐོ་རིས་ཆེ ་གྲོག་པོ་བརྟག་པར་དབྱེད་བྱེད་པ།། འཕྲ་མའི་ཆོག་རྣམས་རབ་སྤོ་ཞིང་།། གང་དག་འདུམ་པར་གང་དཀའ་བ།། སྐྱེ་བོ་དེ་དག་མཐོའ་རིས་འགྲོ།། རྒྱགས་པ་སྟོན་ཞིང་ཞེ་གཅོད་པ།། ཚིག་རྩུབ་དག་ནི་ར ་སྤྱོང་ཞིང་།། འཇམ་པོའི་ཚིག་ཏུ་གང་སྨྲ་བ།། སྐྱེ་བོ་དེ་དག་མཐོའ་རིམ་འགྲོ།། དོན་མྱེད་གནས་དང་ལྡན་པའི།། འཁྱལ་བའི་ཚིག་རྣམས་རབ་སྤོང་ཞིང་།། གང་ཡང་དུས་སུ་ཆོས་སྨྲ་བ།། སྐྱེ་བོ་དེ་དག་མཐོ་རིས་འགྲོ། ་གྲོང་ངམ་འོན་ཏེ་དཀོན་པ་ན།། གཞན་གིས་བདག་ཀྱིར་བྱས་པ་ལ།། དེ་ལ་ཆགས་སེམས་གང་མྱེད་པ།། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། བྱམས་པའི་སེམས་ཀྱིས་མྱི་འཚེ་ཞིང་།། གནོད་པར་སེམས་དཔའ་མྱེད་པའི།། ་སྐྱེ་བོ་ཀུམས་ཀྱི་གནོད་པ།། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། ལས་དཔ་ལས་ཀྱི་ནམ་སྦྱིན་པ།། གཉིས་ཀ་ལ་ཡང་གང་དད་ཅིངག།། ཡང་དག་ལྟ་བ་ཡང་དག་འཛིན་།། སྐྱེ་བོ་དེ་དག་མམོ་རིས་འགྲོ།། དགེ་བའི་ཆོས་རྣམས ་འདི་དག་ནི།། དཀར་པོ་ཆོས་ཀྱི་ལམ་བཅུ་སྟེ།། གང་དག་ཡང་དག་འཛིནད་འགྱུར་བ།། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། བྲམ་ཟེ་མྱ་ངན་འདས་པ་དང་། དགྲ་དང་འཇིགས་པ་ཀུན་འདས་ཤིང་།། འཇིག་རྟེན་ཆགས་མྱེད་རྒལ་ད། ་བ་ནི།། མང་པོ་ཡོད་པར་མ་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།། ལྷ་དེ་དག་ཡ~ཾ་རངས་ཏེ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། ལྷའི་མདོལ་ཉུང་ངུ།། ་རྫོགས་སྷོ།། ། རྒྱ་གར་སྐད་དུ། དེ་བ་ཏ་སུ་ཏྲ།། བོད་སྐད་དུ། ལྷའི་མདོལ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པ ་