CLOSE WINDOW

Ng22.23: chos gsum pa zhes bya ba'i mdo'
Wyliee-texts produced with BDRC’s OCR application

འཕགས་པའི་བདེན་པའི་བཞིའི་མདོའ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཧྲིད་ཐ་ཀ་ན་མ་སུ་ཏྲ། ཆོས་གསུམ་པ་ཞེས་བྱ་བའི་མདོའ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐོས ་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་ཅུས་གཅིག་ས་བཅོམ་ལྡན་འདས་མཉན་པོ་མ། རྒྱས་བུ་རྒྱལ་བྱེད་ཀྱི་ཆལ། འགོན་བྱེད་པས་སྦྱིན་གྱི་ཀུན་རྐར་པ་ན། དགེའ་སློང་མྱི་དགེའ་འདུ་མ་ཆེན་པོ་དཔ་ལ ་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་ད་པ། དགེ་སློང་དག་འདིན་གྱི་བླུན་པོ་ལ་ལ་དམ་པའི་ཆོས་མ་ཡིན་པ་གསུམ་དང་ལྡན་ན། སྦྱིན་པ་དག་མྱི་སྦྱིན་ཞིང་། བསོད་ནམས ་དག་མྱི་བྱེད་ལ། ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་པར་མྱི་བྱེད་དོ།། གསུམ་པོ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང་། སེར་སྣ་དང་། བག་མྱེད་པ་སྟེ། དགེ་སློང་དག་འདིན་མྱི་བླུན་པོ་ལ་ལ་དམ་པའི་ཆོས་མ་ཡིན ་པ་གསུམ་པོ་དེ་དག་དང་ལྡན་པས། སྦྱིན་པ་དག་མ་བྱིན་ཞིང6། བསོད་ནམས་དག་ཡ་བྱས་པ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ། གནས་པར་མ་བྱས་པས། ལུས་ཞིག་སྟེ། ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས ་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ།། དགེ་སློང་དག་སྐྱེས་བུ་དམ་པ་དམ་པའི་ཆོས་གསུམ་དང་ལྡན་པ་ནི་སྦྱིན་པ་དག་སྦྱིན་ཞིང་། བསོད་ནམས་དག་བྱེད་ལ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ། གནས་པར་བྱེད་དོ།། གསུཾ ་པོ་གང་ཞེ་ན། འདི་ལྟ་སྟེ། མ་ཆགས་པ་དང་། སེར་སྣ་མྱེད་པ་དང་། བག་ཡོད་པའོ།། དགེ་སློང་དག་ཆོས་གསུམ་པོ་དེ་དག་དང་ལྡན་ན། སྐྱེས་བུ་དམ་པ་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱེད་ལ། ཚུལ་ཁྲིམས ་ཡང་དག་པར་བླངས་ཏེ་གནས་པར་བྱས་པས། ལུས་ཞོག་སྟེ། ཤི་བ་འི་འོག་ཏུ་བདེ་འགྲོ་མཐོའི་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ། པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ད། ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་ནས་གཞ་ན་ཡང་འདི་སྐད་བཀའ་སྩལ་ཏོ།། གང་ཕྱིར་སེར་སྣ་བག་མྱེད་པས། སྦྱིན་པ་སྦྱིན་པར་མྱི་བྱེད་དེ།། དེ་ཕྱིར་བསོད་ནམས་འདོད་པའི།། མཁས ་པས་སྦྱིན་པ་སྦྱིན་པར་བྱ།། སེར་སྣ་ཅན་གྱིས་འཇིགས་པ་ནི།། བཀྲེས་དང་སྐོམ་པ་འདི་ཡིན་ན། ཀར་ཀྱིས་འཇིགས་པས་འདིར་མ་བྱིན། དེ་ཉིད་མྱིའི་འཇིགས་པ་ཡིན།། གར་གྱིས་སེར་སྣའི་དབང་བྱིས་ནི།། ཡོད་མ་བྱིན ་པ་འཇིགས་པ་སྟེ། འཇིག་རྟེན་འདི་དང་ཕ་རོལ་ཏུ།། དེའི་ས་བྱིས་པ་བགོས་པར་འགྱུར་ཀར་དག་སེར་སྣ་སྤངས་ནས་ཀྱང་།། དུས་སུ་སྦྱིན་པ་སྦྱིན་བྱེད་ན། ཤི་ཡང་དེ་ནི་ཤི་མ་ཡིན།། རྒྱགས་བཟང་པོའི་འདྲོན་པོ་བཞིན། ཀང ་དག་ཤིན་ཏུ་བཏང་བཀའ་ཡ། ཉུང་ངུའམ་མང་པོ་གཏོང་བྱེད་ན། གཏང་དཀའ་གཏོང་བ་དེ་དག་ནི་དགའ་བོའི་ལས་དག་བྱེད་པ་ཡིན། དམ་པ་མྱིན་པས་མྱི་རྟོགས་ཏེ། དམ་པ་ཆོས་ལས་འདའ་མྱི་བྱེད།། དེ་ཕྱིར་དམ་པ་དམ་པ་མྱིན།། ་འདི་ནས་ཤི་བར་གྱུར་པ་མ།། དམ་མྱིན་པ་དམྱལ་བར་འགྲོ། དམ་པ་དག་ནི་མཐོའ་རིས་འགྲོ།། དཀའ་བས་གཙེས་པ་ལ་ནི་སྐྱབས་མྱེད་དེ།། ཚེ་ཐུང་བས་ནི་སྲོག་ཁྱེར་དུ་བས་ཀྱང་ཉེ།། འཆི་བའི་འཇིགས་པ་འདི་མཐོ་རྣམས་ཀྱིས་ནི།། ་བསོད་ནས་བདེ་སྦྱོར་དག་ཀྱི་བྱ་བའི་རིགས།། བུབ་བྱེད་སྤངས་འདིར་པོར་བས་འཚོ་བ་གང་།། དཀའ་བས་བྱིན་པ་ཀྱ་དུ་བྱིན་ན་ཡ་།། སྟོང་གི་མཆོད་སྦྱིན་བརྒྱ་སྟོང་བྱེད་པ་ནི།། དེའི་བཅུ་དྲུག་ཆར་ཡང་བྱི་བོད་དོ།། ཅི་ཕྱིར་མཆོད་སྦྱིན་ཡངས་ཤིང་། ་རྒྱ་ཆེ་བ།། མཆོད་སྦྱིན་མཐུན་པ་དེའི་ལམ་མྱི་འགྲོ། ཇི་ལྟར་སྟོང་གྱི་མཆོད་སྦྱིན་སྟོང་རྣམས་ཀྱང་།། དེའི་བཅུ་དྲུག་ཆར་མྱི་འགྱུར་ཞེ་ན།། བྱིས་པ་ལ་ལ་གསོད་ཅིང་འཆི་བྱེད་འདིར།། གཞན་ནོར་མ་བྱིན་ལེན་བྱེད་རླག་པར་འགྱུར།། མཆིས ་ལིགཏང་བཅས་ཆད་པར་བྱས་པའི།། ཡོན་དེའི་མཆོད་སྦྱིན་མཐུན་པའི་ལམ་མྱི་འགྲོ།། དེ་ལྟར་མཆོད་སྦྱིན་ཡངས་ཤིང་རྒྱ་ཆེ་བ།། མཆོད་སྦྱིན་མཐུན་པའི་ལམ་དུ་མྱི་འགྲོ་ལ། དེ་ལྟར་ན་སྟོང་གི་མཆོད་སྦྱིན་སྟོང་རྣམས་ཀྱང་།། ་དེའི་བཅུ་དྲུག་ཆར་གྱི་བོང་དོ།། ས་ལ་ག་བདག་གཟུ་ལུམས་མ་ཡིན་པ། ཆོས་སྦྱིན་ནོར་རྣམས་ཡོབ་པ་གཏོང་བྱེད་པ། དེ་དག་གཏང་དཀའ་དེ། རྣམས་བཏང་བས་ན། རང་གི་བསོད་ནམས་ཀྱིས་ནི་ལཱ་གནས་འགྲོ། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལྡ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ། ཆོས་གསུམ་པ་ཞེས་བྱ་བའི་མདོལ་རྫོགས་སྷོ།། ། ་