| Wylie | e-texts produced with BDRC’s OCR application |
མངོན་པར་བསྟོད་དོ།། ། འཕགས་པ་འདའ་ཀ་ཡེ་ས་བྱ་བའི།། ཐེག་པ་ཆེན་པོའི་མདོལ་རྫོགས་སྷོ།། ། འདི་སྐད་བདག་གིས་ཟོས་བདུས་ཅིག་ན།། བཅོམ ་ལྡན་འདས་མཉན་དུ་ཡོད་པ།། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་འགོན་བྱེད་ལས་སྦྱིན་ཀྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩས་པ། དགེའ་སློང་དག་ཆོས་བཞི་། ་འདི་དག་ནི།། འཇིག་རྟེན་ཐམས་ཅད་ལ་སྟུག་པ། དབེན་པ། འཕངས་པ། ཡིད་དུ་འོང་བ། མངོན་པར་དགའ་བར་བྱའོ།། བཞའ་གང་ཞེ་ན།། དགེ་སློང་དག་ནད་མྱེད་པ་ནི་འཇིག་རྟེན་ཐམས་ཅད་ལ་སྡུག ་དབེན་པ་འཕངས་པ། ཡིད་དུ་འོང་བ། མངོན་པར་དགའ་བར་བྱའོ།། ནང་བྱེད་པ་དེའི་མཐའ་ཡང་ནད་ཡིན་ཏེ། དགེ་སློང་དག་ནད་དེ་ནི་འཇིག་རྟེན་ཐམས་ཅདས་ཀྱི་སྡུག་པ། མྱི་དབེན་པ། མྱི་འཕངས་པ། ་ཡིད་དུ་མྱི་འོང་བ། མངོན་པར་དགའ་བར་བྱ་བ་མ་ཡིན་པའོ།། དགེའ་སློང་དག་ལང་ཚོ་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ། དབེན་པ། འཕངས་པ། ཡིད་དུ་འོང་བ། མངོན་པར་དགའ་བར་བྱ་བའོ།། ་ཡང་ཚོ་དེའི་མཐའ་ཡང་རྒས་པ་ཡིན་ཏེ།། དགེ་སློང་དག་རྒས་པ་ནི་འཇིག་རྟེན་ཐམས་ཅད་ལ་མྱི་སྡུག་པ། གྱི་དབེན་པ། མྱི་འཕངས་པ། ཡིད་ཏུ་མྱི་འོང་བ། མངོན་པར་དཀའ་བར་བྱ་བ་མ་ཡིན་པའོ།། དགེ་སློང་དག ་འབྱོར་པ་ནི། འཇིག་རྟེན་ཐམས་ཅད་ལ་སྡུག་པ། དབེན་པ། འཕངས་པ། ཡིད་དུ་འོང་བ། མངོན་པར་དགའ་བར་བྱ་བའོ།། འབྱོར་ད་པ་དེའི་མཐའ་ཡང་རྒུད་པ་ཡིན་ཏེ།། དགེ་སློང་དག་དགུད་པ་ནི་འཇིག་རྟེན་ཐམས ་ཅད་ལ་མྱི་སྡུག་པ། མྱི་དབེན་པ། མྱི་འཕངས་པ། ཡིད་དུ་མྱི་འོང་བ་མངོན་པར་དཀའ་བར་བྱ་བ་མ་ཡིན་པའོ།། དགེ་སློང་དག་སྲོག་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ། དབེན་པ། འཕངས་པ། ཡིད་དུ ་འོང་བ། མངོན་པར་དཀའ་བར་བྱ་བའོ།། སྲོག་དེའི་མཐའ་ཡབའོ། ཆི་བ་ཡིན་ཏེ།། དགེ་སློང་དག་འཆི་བ་དེ་ནི། འཇིག་རྟེན་ཐམས་ཅད་ལ་མྱི་སྡུག་པ། མྱི་དབེན་པ། མྱི་འཕངས་པ། ཡིད་དུ་མྱི་འོང་བ། ་མངོན་པར་དཀའ་བར་བྱ་བ་མ་ཡིན་པའོ།། བཅོམ་ལྡན་འདས་ཀྱིས་རེ་སྐད་ཅེས་བཀའ་སྩལ་ནས། བདེའ་བར་གཤེགས་པས་དེ་སྐད་གསུང་ས་ནས། སྟོནད་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། ནད ་མྱེད་མྱི་རྟག་ཡང་ཚེ་རྟག་མ་ཡིན།། འབྱོར་ད་པ་མྱི་རྟག་སྲོག་ཀྱང་རྟག་མ་ཡིན།། སྐྱེ་བོ་མྱི་རྟག་ཉིད་ཀྱིས་ཉེན་གྱུར་ད་ན།། འདོད་པའི་ཡོན་ཏན་དཀའ་བ་ཇི་ལྟར་སྐྱེ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ་དགེ་སློང་དག་ཡི་རངས་སྟེ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། མྱི་རྟག་པ་ཉིད་ཀྱི་མདོལ་རྫོགས་སྷོ།། ། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། ་