CLOSE WINDOW

Ng2.6: 'phags pa 'jig rten gyi rjes su 'thun par 'jug pa zhes bya ba theg pa chen po'i mdo'
Wyliee-texts produced with BDRC’s OCR application

རྒྱ་ཀར་སྐད་དུ། ཨརྱ་ལོ་ཀ་ནུ་པ་རྟ་ནཱ་ནཱ་མ་མ་ཧཱ ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་འཇིག་རྟེན་གྱི་རྗེས་སུ་འཐུན་པར་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོལ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། བདག་ཀྲི ་ཐོས་པ་དུས་ཅིག་ན།། ཐུབ་པའི་རྒྱལ་པོ་ཡི་ལ་བཞུགས།། བྱང་ཆུབ་སེམས་དཔའ་སེམས་ཅད་དང་།། ཉན་ཐོས་རྣམས་ཀྱིས་མདུན་གྱིས་བལྟས།། དེ་ནས་མཁས་པ་འཇམ་དབྱངས་ཀྱིས།། བཏུད་དེ་རྒྱལ ་ལ་འདི་སྐད་གསོལ།། སླད་མོའི་སྐྱེ་བོ་རྣམས་སླད་དུ།། དཔའ་བོ་ཆེན་པོས་བཤད་དུ་གསོལ།། སངས་རྒྱས་ཀུན་གྱི་ཡོན་ཏན་འབྱུང་།། ཟབ་ཅིང་རྒྱ་ཆེ་ཕུན་སུམ་ཚོགས།། མདོའི་སྡེ་དམ་པ་བློ་རབ་ཀྱིས།། སྨ་ཧཱ། ་མཆོག་གིས་བཤད་དུ་གསོལ།། འཇིག་རྟེན་འགོན་པོ་ཐུགས་སྐྱེས་སྲས།། གཅེས་འཛིན་མཆོག་ལ་བཀའ་མཿལ་དཔ།། ཆེ་གཅིག་སེམས་སུ་ཡིད་བྱོས་ལ།། ཉོན་ཅིག་ད་ནི་བཤད་པར་བྱ།། གློ་དང་ལྡན་པས་ཡོན ་ཏན་ཞུས།། དེ་བཞིན་གཤེགས་པས་བཀའ་སཆལྡ་པ།། ཆོས་སྨྲ་སེམས་ཅན་མཆོག་རྣམས་ཀྱི།། ཆོས་ཉིད་དེ་ནི་མཉན་པར་གྱིས།། དེ་བཞིན་གཤེགས་རྣམས་དཔག་མྱེད་ལས།། རང་སངས་རྒྱས་ནི་ཐམས་ཅད་དང་།། ་ཉན་ཐོས་དག་གི་རྣམ་ཀུན་ཏུ།། རྫོགས་པའི་སངས་རྒྱས་བསྔག། ས་པ་ན།། དེ་བཞིན་གཤེགས་པ་སྤྲོས་མྱེད་ལ།། བྱིས་པ་སྤྲོས་ལ་སྤྱོད་པ་ཡི།། སེམས་ཅན་ཀུན་གྱིས་རྒྱལ་བ་རྣམས།། རིག་པར ་མྱི་ནུས་སྨོས་ཅི་དགོས།། སངས་རྒྱས་ཀྱིས་ནི་སངས་རྒྱས་དང་། སངས་རྒྱས་ཆོས་ཉིད་གང་ཡིན་དང་།། རང་འབྱུང་སྐུ་ཐུགས་ཅིའོ།། ཏྲ་དང་།། ཤེས་རབ་ནི་འདྲ་རབ་ཏུ་མཁྱེནད།། འཇིག་རྟེན་དུ་ནི ་འཛིན་རྟེན་སྨོན།། རྣམ་པར་འདྲེན་པ་རྣམས་འབྱུང་ཡང་།། འཇིག་རྟེན་དང་ནི་འདྲེས་མྱེད་ལ།། འཇིག་རྟེན་དུ་ཡང་སྣང་བ་སྟོན།། སྐུ་དང་སྐུའི་འཕྲིན་ལས་དང་།། གསུང་ཀིས་གང་དག་བརྗོད་པ་དང་། ་ཡིད་དང་ཡིད་ཀྱི་རྣམ་རྟོག་རྣམས།། རྒྱལ་བ་ཐམས་ཅད་འཇིག་རྟེན་འདས།། འཇིག་རྟེན་ན་ནི་ཐུགས་འཆེམས།། འཇིག་རྟེན་འགོན་པོ་འོད་མཛད་པ།། འཇིག་རྟེན་ཇི་ལྟར་རྟོགས་པ་བཞིན།། སེམས་ཅད་ནམ། ལ་ཆོས ་སྟོནད་ཏོ།། འཇིག་རྟེན་འདས་པའི་སྤྱོད་རྣམས་ཀྱིས།། སངས་རྒྱས་ཐམས་ཅད་ཡང་དག་འཕགས།། དེ་དག་འཕྲིན་ལས་འཇིག་རྟེན་འདས།། རྣམ་པར་སྦྱིན་པ་བླ་ན་མྱེད།། གལ་ཏེ་འཇིག་རྟེན་རྣམ་འདྲེན་རྣམས།། ་འཇིག་རྟེན་མཐུན་པར་མྱི་འཇུག་ན།། སངས་རྒྱས་ཆོས་ཉིད་གང་ཡིན་དང་།། སངས་རྒྱས་སུས་ཀྱང་ཤེས་མྱི་འགྱུར།། འཇིག་རྟེན་ཀུན་ལ་ཕན་བཞེད་པ།། སྐྱོབ་པ་རྫུ་འཕྲུལ་ལྡན་པའོ།། རང་འབྱུང་སྡིག་པ་མྱི་མ ་པ།། དེ་དག་གཡོལ་བ་བསམ་གྱི་ཁྱབ།། བདེ་བར་གཤེགས་པ་རྣམས་ཀྱི་སྐུ།། འཁྲིག་པ་ལས་ནི་བྱུང་མྱིན་ལ།། ཡབ་དང་ཡུམ་ཡང་སྟོདང་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ་བསྐལ་པ་བྱེ་བ་གྲངས་མྱེད་ནས།། ཤེས་རབ་ཕ་རོལ་ཕྱི་ནད་ལས་བྱུང་།། འོན་ཀྱང་བྱིས་པ་ཉིད་སྟོན་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། སངས་རྒྱས་འོད་ནི་དཔག་མྱེད་དེ།། ཕྱོགས་བཅུ་དག་ཏུ་སྡང་མཛད་ཀྱང ་འདོམ་གང་འོད་དུ་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། མྱིའི་དས་པ་ནང་དུ་ཡང་།། ཞབས་གཉིས་ས་ལ་མྱི་རེག་སྟེ།། འོན་ཀྱང་ལམ་སྲད་དེ་སྟོན་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། འདོད ་པ་དེ་དག་རྣམ་སྨད་དེ།། འདོད་པའི་རྫབ་ལས་ཡང་དག་འཕགས།། འོན་ཀྱང་སྲས་ལས་སྩོགས་སྟོནད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡཱི།། མར་མྱེ་མཛད་ནས་གཟུང་ནས་སུ།། དེ་བཞིན་གཤེགས་པ་འདོད། ་ཆགས་བྲལ།། སྒྲ་གཅན་ཟིན་ལ་སྲས་ཤེས་གསུངས།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ལྷ་དང་བཅས་པའི་འཇིག་རྟེན་ལ།། །། ང་ནི་མཆོག་ཅེས་བཀའ་མཿལ་ད་ལ།། ཕྱི་ནས་ཆོས་ནི་ཚོལ་མཛ། ་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཐུབ་ཆེན་འཛམ་ཤིང་གྲིབ་མ་ལ།། བཞུགས་ཏེ་བསམ་གཏན་མཛད་བསྟན་དང་།། ལོ་དྲུག་བར་དུ་དཀའ་སྱད་པ།། འདི་ནི་འཇིག་རྟེད་འཐུན་འཇུག་ཡིན།། ་གཉིས་སུ་མྱེད་པར་ཞིང་འདི་ནི།། བྱང་ཆུབ་སྙིང་པོར་བཞུགས་ནས་ནི།། བདུད་འདུས་རྣམ་པར་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། བྱང་ཆུབ་མཚུངས་མྱེད་སངས་རྒྱས་ཏེ།། ལྷར་བཅས ་འཇིག་རྟེན་སྟོན་ཡིན་ཡང་།། ཐུགས་ལས་ཆུ་ངུ་ཉིད་སྟོནད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། དཔའ་བོ་ཐུགས་རྗེ་ཆེ་ལྡན་པ།། བསྟན་པའི་ཕྱིར་ན་འདིར་གཤེགས་ཡ།། གསོལ་བ་འདེབས་ལ་བདྲེ ་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། རང་བྱུང་རྣམས་ཀྱི་མཁྱེནད་པ་ནི།། ཕྱིར་ཞིང་འཇུག་པ་མྱི་མངའ་ཡང་།། དེ་དག་དྲན་པ་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། རྫོན། ་པའི་སངས་རྒྱས་རྣམས་ལ་ནི།། བྱོན་དང་བཞུད་པ་མྱི་མངའ་ཡང་།། འོན་ཀྱང་བཞུད་པར་རྣམ་སྡང་བ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། རྒྱལ་བ་རྣམས་ནི་མཁའ་འདྲ་སྟེ།། ཆོས་རྣམས་ཀུན་ལ་མྱི་གནས ་ཀྱང་།། ལྡང་བ་ལྟར་ཡང་སྣང་བ་ན།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཞབས་ནི་པད་མོའི་འདབ་འདྲ་སྟེ།། དེ་དག་རྡུལ་གྱིས་མྱི་གོས་ལ།། ཞབས་ཀྱང་འཁྲུ་བར་མཛད་པ་ན།། འདི་ནི་འཇིག་རྟེན ་འཐུན་འཇུག་ཡིན།། དེ་དག་དྲི་མ་མྱི་མངའ་སྟེ།། སྐུ་ནི་གསེར་གྱི་མདོག་འདྲ་ཡང་།། རྫོགས་པའི་སངས་རྒྱས་ཞུས་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཞལ་གྱི་པད་མའི་དྲི་ལྡན་ཞིང ་ཚེམས་ནི་དཱ་མྱེད་མུ་ཏིག་འདྲ།། འོན་ཀྱང་ཚེམས་ཤིང་གསོལ་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། དེ་དག་སྒྲིབས་པ་མྱི་མངའ་ཡང་།། དེ་དག་ཞལ་ཟས་གསོལ་མཛད། ་ཅིང་།། སྦྱིན་པ་པོ་ལ་འབྲས་བུ་ཆེ།། འདི་ནི་འཇིག་རྟེན་འཐུན་ལ། དྲུག་ཡིན།། སྐུ་འཁྲེགས་རྡོ་རྗེ་འདྲ་བའི་ཕྱིར།། ཟག་པ་དགནི་མྱི་མངའ་ཡང་།། བཤང་བའི་སར་ནི་གཤེགས་མཛད་པ།། ་འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། དེ་དག་སྙན་ནི་མྱི་མངའ་ཡང་།། དགེ་འདུན་བསྡུ་བ་མཛད་པའི་ཕྱིར།། སྨན་ཀྱང་སྟོན་པ་མཛད་པ་ནི།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། སངས་རྒྱས་ཡོན ་ཏན་ཀུན་ལྡན་ཏེ།། སྐུ་ལ་འགྱུར་བ་མྱི་མངའ་ཡང་།། དེ་དག་དགལ་བ་སྟོན་མཛད་པ།། འདི་ནི་འཇིག་རྟེན་འདུན་འདུག་ཡིན།། འཇིག་རྟེན་ཁམས་ནི་དཔག་མྱེད་པ།། ཞབས་ཀྱི་འཐེ་བོས་གཡོལ་མ ་ལ།། འོན་ཀྱང་ཉམས་ཆུང་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཡིད་ཀྱི་སྐུ་དང་ལྡན་པས་ན།། དེ་བཞིན་གཤེགས་པ་ཆོས་སྐུ་དང་།། ནག་ཅན་སྐུ་ནི་སྟོནད་མཛད་པ།། འདི་ནི་འཇིག ་རྟེན་འཐུན་འཇུག་ཡིན།། སངས་རྒྱས་རྣམ་རྟོག་མྱི་མངལ་ཡང་།། སེམས་ཅན་ཁྱོད་ཡུལ་ཇི་བཞིན་དུ།། དེ་དག་སྤྱོད་པ་རྣམ་པར་རྟོག། འདི་ནི་འཇིག་རྟེན་འཐུན་འཇུག་ཡིནི།། དེ་དག་རྟག་ཏུ་མཉམ་བཞག ་ལ།། འགྲེང་དང་བཞུགས་དང་བཞུད་པ་དང་།། དེ་བཞིན་མནལ་བར་སྡང་བ་ཡང་།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། རྫོགས་པའི་སངས་རྒྱས་ཐུབ་དཀའ་ལ།། གྲང་དང་ཚ་དང་གྲིབ་མ་དང་། ་དེ་བཞིན་ཉི་མ་སྟོནད་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཚངས་པའི་ཁྱིམ་ནི་ཚངས་པ་ལྟར།། རྒྱལ་བ་རྟག་པར་ན་བཟའ་གསོལ།། འོན་ཀྱང་ན་བཟའ་ལེགས་མཛད་པ།། འདི་ནི་འཇིག་རྟེན་འཐུན་འདུག ་ཡིན།། མྱི་གཙུག་བསྟན་མྱི་མཐོང་ཞིང་།། སྤུ་ཀྲིས་བཅད་དུ་ཡང་མྱེད་ཀྱང་།། དབུ་འདྲེག་པར་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འདུག་ཡིན།། རྫུ་འཕྲུལ་རྐང་པ་རབ་སྒོམས་ཏེ།། དེ་དག་རྫུ་འཕྲུལ་རྣམ་སྟོན ་ལ།། བསམ་གཏན་མཛད་པར་སྣང་བ་ཡང་།། འདི་ནི་འཇིག་རྟེན་ཐུན་འཇུག་ཡིན།། འཇིག་རྟེན་རྣམ་པར་འདྲེན་པ་ཀུན།། རོ་བྲོ་མཆོག་རྣམས་རྙེས་གྱུར་ད་ཀྱང་།། ངན་སོང་དག་ནི་སྟེན་མཛད་པ།། ་འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། བསོད་ནམས་མྱི་བཟ། དེ་ཐམས་ཅད་ཀྱིས།། སངས་རྒྱས་ཐམས་ཅད་ཡང་དག་འཕགས་འོད་ཀྱང་མ་བརྙེས་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན ་འཇུག་ཡིན།། དཀའ་བའི་ཟས་ནི་མངོན་བསྒྲུབས་ཏེ།། བཛྲ། ལད་པ་བྱེ་བར་བཞུགས་མཛད་ཀྱང་།། རྟག་ཏུ་ཞལ་ཟས་གསོལ་མ་ཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། བསོ ་རྣམས་ཕ་རོལ་ཕྱི་དད་པས་འཕགས།། ལྷའི་ན་བཟའ་བརྙེས་འགྱུར་ཀྱང་།། ཕྱག་དརང་ཁྲོད་པ་གསོལ་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། འོག་མྱིན་གཞས་མྱེད་འང་པ་རྣམས།། རྣམ་འདྲེན ་རྣམས་ཀྱིས་ཡོངས་སྤངས་ཏེ།། ཆ་ཁྱིམ་རྣམས་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། འདྲེན་པ་རྣམས་ནི་ཞལ་དབུགས་ཀྱིས།། རྒྱ་མཚོ་ཆེན་པོ་སྐམས་མཛད་ཀྱང་།། ཆར་པའི་སྐྱས ་ཀྱང་རབ་འཛིན་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། བདུད་རྣམས་བྱེ་བ་དཔག་མྱེད་པ།། ཐུགས་བསྐྱེད་ཙམ་གྱིས་འདུས་མཛད་ཀྱང་།། བདུད་ཀྱི་བགེགས་རྣམས་སྟོན་མཛད་པ།། འདི་ནི་འཇིག་རྟེན་ཐུམ ་འཇུག་ཡིན།། ང་དཔངའི་ཞེས་ལྟ་གང་།། དེ་ནི་རང་བྱུང་རྣམས་ལ་མྱེད།། འོན་ཀྱང་ང་དང་ངའི་ཞེས་གསུང་བ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། སྐྱོབ་པ་སངས་རྒྱས་ཆོས་ཀུན་ལ།། མྱི་མཁྱེནད་པ་ནི་མྱི་མཐ ་ཡང་།། གཞན་ལ་ཡོངས་སུ་འདྲི་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། རྣམ་པར་འདྲེན་པ་འབྱུང་མཛད་ཀྱང་།། རབ་ཏུ་དབེན་པར་སྣང་བ་སྟེ།། འདི་ནི་འཇིག་རྟེན་འཐུན ་འཇུག་ཡིན།། དེ་དག་སྡང་ཚོགས་སྐུ་མྱེད་ཀྱང་།། སེམས་ཅན་མོས་པ་ཇི་བཞིན་དུ།། སྐུ་ལུས་སྲུལ་པ་མཛད་པ་ནི།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། འཇིག་རྟེན་གྱི་ནི་སྒྲ་སྐད་ཀྱིས།། དེ་བཞིན་གཤེགས ་པ་མྱི་གཡོ་ལ།། འོན་ཀྱང་སྒྲ་ཆུང་བསྟེན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། རྫོགས་པའི་སངས་རྒྱས་སྤྲོས་མྱི་མངའ།། ཆོས་རྣམས་ཀུན་ལ་གསལ་གྱུར་ད་ཀྱང་།། སྤྲོས་དང་བཅས་པར་གསུང་མཐ ་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། མྱིང་མྱེད་པའི་ཚེ།། ས་ཀྱི་རྣམས།། བསམ་དུ་མྱེད་པའི་མྱིང་དག་གིས།། སེམས་ཅན།། རྣཾས་ལ་ཡོངས་བརྗོད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ་ཆོས་རྣམས་སེམས་ཅན་མྱེད་པ་དང་།། ཤི་ནད་ཏུ་དངོས་པོ་མྱེད་མཁྱེ་ན་ལ།། སེམས་ཅན་མང་པོ་འདུལ་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། གང་གིས་ལས་བྱས་འོདི་ཉིད་ཀྱིས ་མྱོང་བར་འགྱུར་བ་མ་ཡིན་ཡང་།། གང་གིས་བྱས་པ་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཆོས་རྣམས་ཐམས་ཅད་སྟོང་པ་ལ།། སྐྱེས་བུ་མཆོག་རྣམས་མཆོག་གསུམ་ཡང་།། འཆི་འཕོ་སྐྱེ་བ་སྟོན ་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། འཇིག་རྟེན་འདི་ནས་སྲིད་གཞན་དུ།། སུ་ཡང་འཁོར་བ་ཡོད་མྱིན་ལ།། འཁོར་བ་ཡང་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཕུང་པོ་དག ་དང་ཁམས་རྣམས་དང་།། སྐྱེ་མཆེད་རང་བཞིན་གཅིག་བཞེད་ལ།། ཁམས་གསུམ་པོ་དག་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། དུས་གསུམ་དག་ཏུ་སེམས་ཅན་གྱི།། རང་བཞིན་དམྱིགས་པ་མ་ཡིན། ་ལ།། སེམས་ཅན་ཁམས་ཀྱང་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཀུན་ས་ཕྱི་མཁྱེན་ནམ་བྲལ་ཏེ།། ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས།། འོན་ཀྱང་སྔོན་མཐའ་མྱི་གསུང་བ།། ་འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཡང་དག་ཇི་བཞིན་གཞན་བྱིན་པར།། ཆོས་རྣམས་རྟོགས་པར་ཐུགས་ཆུད་ལ།། འོན་ཀྱང་གཞག་པ་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། དམ་པའི་དོན་ཏུ་ཆོས་རྣཾས། ་ཀུན།། ཟབ་པར་རབ་ཏུ་མཁྱེནད་གྱུར་ད་ལ།། སྣ་ཚོགས་སུ་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། སེམས་ཅན་བསམ་པ་ཇི་བཞིན་དུ།། འཕགས་པའི་བདེན་པ་སྟོན་མཛད་ཅིང་།། བརྫུན་པར་ཡང་ནི་སྟོན་མཛད ་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། བདུན་ནི་བྱེ་བ་ཕྲག་བརྒྱ་ཡིས།། དགེ་འདུན་དབྱེ་བར་མྱི་ནུས་ཀྱང་།། དགེ་འདུན་དབྱེན་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཆོས་གང་ཡང་ནི་མ་བསླབས་ལ།། ་མ་བསླབས་པ་ཡང་གང་ཡང་མྱེད།། སློབ་དང་མྱི་སློབ་སྟོན་མཛད་པ་འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། འདུས་བྱས་རྣམས་ནི་ངོ་བོ་ཉིད།། ངོ་བོ་ཉིད་ཀྱིས་གྲོལ་བཅིངས་མྱེད།། འོན་ཀྱང་རྣམ་པར་གྲོལ ་བ་སྟོན།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། མྱ་ངན་འད།། ས་ལ་འགྲོ་མྱེད་ཀྱང་།། དགྲ་བཅོམ་དེ་ནི་འགྲོ་འོང་ཞེས།། སེམས་ཅན་རྣམས་ལ་དེ་བསྟན་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ་དོན་དང་དོན་བྱིན་གྱི་གཟིགས་པ།། འགོག་པ་དང་ནི་དམ་པའི་དོན།། སྤྲོ་བ་རྣམས་ཀྱི་མཆོག་གསུང་བ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། དངོས་པོ་མྱེད་པ་གསལ་བའི་དངོས།། རྙོག་པ་མྱེད་པར་རབ་སྐྱོན་ཀྱང་། ་ཆོས་རྣམས་ཆུད་ཟ་མྱེད་ཅེས་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཆོས་རྣམས་ཐམས་ཅད་བརྗོད་བྱེད་པ།། དེ་བཞིན་གཤེགས་པས་རབ་མཁྱེནད་ཀྱང་།། བརྗོད་པ་དག་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་འདུན ་འཇུག་ཡིན།། སངས་རྒྱས་མཁྱེན་པ་ཆགས་མྱི་མངའ།། དུས་རྣམས་ཀུན་ཏུ་མཉམ་བཞག་ཀྱང་།། དབང་པོ་རྣམས་ནི་སྐྱེད་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། དེ་བཞིན་གཤེགས་པ་རྡོ་རྗེ་སྐུ།། ་སངས་རྒྱས་ཅུང་ཟད་མྱི་སྒྲུང་ཡང་།། དགེ་སློང་བྱང་ཆུབ་ཡན་ལག་སྤྲོས་པ། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། སྡིག་པ་ཐམས་ཅད་ཡོངས་ཟད་དེ།། བསོད་ནམས་ཀུན་གྱིས་མངོན་འཕགས་ཀྱང་།། ལས་ཀྱི་རྒྱུད་ནི་སྟོན ་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། སྐྱོབ་པ་སངས་རྒྱས་དུས་གསུམ་ལ།། མཐར་ཐུག་འགྱུར་བ་ཡོད་མྱེད་ཡང་།། མཚམས་གཅོད་པ་ཡང་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ་དེ་བཞིན་གཤེགས་པ་ཆོས་སྐུ་སྟེ།། གཅིག་ཅི་འདྲ་བར་དེ་བཞིན་ཀུར།། འོན་ཀྱང་ཐ་སྙད་སྟོན་པ་གང་།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིད།། སངས་རྒྱས་རང་སངས་རྒྱས་རྣམས་དང་།། ཉན་ཐོས་སོ་སོའི་སྐྱེ་བོ་དང་།། ་འཁོར་བ་དང་ནི་མྱ་ངན་འདས།། ཚིག་གི་ལས་ཀྱིས་རབ་ཏུ་ཕྱེ།། སངས་རྒྱས་ཡེ་ཤེས་མཐའ་ཡས་ཏེ།། ཆོས་ཀྱི་དབྱིངས་ལས་བྱུ། ང་ཡིན་ཡང་།། སངས་རྒྱས་ཞིང་ནི་སྟོན་མཛད་པ།། འདི་ནི་འཇིག ་རྟེན་འཐུན་འཇུག་ཡིན།། རྫོགས་པའི་སངས་རྒྱས་བསམ་མྱི་ཁྱབ།། དེ་བཞིན་གཤེགས་པ་བསམ་མྱི་ཁྱབ།། སེམས་ཅན་འདུལ་བའི་དོན་ཀྱི་ཕྱིར།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ་ཟག་མྱེད་ཡོད་པ་མ་ཡིན་ཡང་།། དེ་བཞིན་གཤེགས་པ་ཉན་ཐོས་ལ།། ཟག་པ་མྱེད་པ་ཉིད་གསུང་བ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། མཁྱེནད་པས་དེ་དག་གཉིས་མྱིན་ལ།། དུས་གསུམ་དག་ནི་རྣམ་གཟིགས ་ཤིང་།། གཉིས་ཀྱི་འདུ་ཤེས་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ། སངས་རྒྱས་ཆོས་ཉིད་གང་ཡིན་དང་།། སངས་རྒྱས་རིག་པར་སུ་འདོད་པ།། དེ་ནི་ཆོས་དབྱིངས་ཞུགས་ཤིག་ལ།། འདི་ནི་འཇིག་རྟེན ་འཐུན་འཇུག་ཡིན།། སྐྱེ་བ་མྱེད་པ་བཟོད་རྟེན་པ།། རྟག་ཏུ་ཡང་དག་རབ་ཏུ་མཁྱེན།། མཁྱེན་ནས་རབ་ཏུ་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། རྟག་ཏུ་ཆོས་ཀྱི་དབྱིངས་མཚུངས་ཏེ།། འཇུག་པ་མྱེད ་ཅིང་འབྱུང་མྱེད་ཀྱང་།། འགྲོ་དང་གནས་པ་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། མྱི་སྐྱེ་བ་ལ་གཅིག་པ་འམ།། མང་པོ་ཡོད་པ་མ་ཡིན་ཡང་།། སྣ་ཚོགས་རིམ་པ་སྟོནད་མཛད་པ།། འདི་ནི་འཇིག ་དེས་ལྡན་ན་ཡིན།། དེག། ས་དང་སུ་མེད་ཀྱང་།། སངས་རྒྱལ་ཞི་ནས་དཔག་མྱེད་ན།། སྲ་སུམ་དག་ནི་རྣས་མ་དཔ།། འདི་ནི་འཇིག་རྟེན་ཡུན་དྲུག་པནི།། ཕྱོངསསུ་ཀྱིས་ས་ཧཱ། པས་རྒྱས་ནིན། ་བརྗོད་བྱ་བ།། དེར་ནི་སྐྱེ་བ་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། དེ་བཞིན་གཤེགས་པས་དུས་ཀུན་ཏུ།། ཆོས་ནི་གནས་པར་རབ་མཁྱེན་ཀྱང་།། ཆོས་ཀྱི་འཁོར་ལོ་རབ་བསྐོར་བ།། འདི་ནི་འཇིག་རྟེན་འཐུན་འདུག་ཡིན།། ་སངས་རྒྱས་འོད་ནི་དཔག་མྱེད་ཅིང་།། སྐུ་ལུས་དཔག་ཏུ་མྱེད་མྱིན་ཡང་།། དཔག་ཏུ་ཡོད་པར་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཆོས་ཀྱི་དབྱིངས་ལ་མཆོག་མྱེད་དེ།། དུས་གསུམ་དག་ཏུ་སྟོང་ཉིད་ཀྱང་།། ་མཆོག་གི་ཆོས་ནས་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཞིགས་པ་མྱེད་ཅིང་སྐྱེས་མྱེད་ལ།། ཆོས་ཀྱི་དབྱིངས་དང་མཉམ་གྱུར་ད་ཀྱང་།། བསྲེག་པཱི་སྐལ་པ་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག ་ཆོས་ཀྱི་དབྱིངས་ནི་གྲུབ་མྱེད་དེ།། དེ་ལ་ངོ་བོ་ཉིད་མྱེད་ཀྱང་།། འོན་ཀྱང་།། ངེས་པར་འབྱུང་སྟོན་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། གཟིགས་པ་ཅི་ཡང་མྱི་མངའ་ལ།། ལྷག་མཐོང་ཀྱིས་ནི་གཟིག་གྱུར་ཅི ་ལྟ་བ་ཐས་ཅད་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན་ཆོས་རྣཾས་ཀུན་ལ་བྱེད་པ་པོ།། ཤིནད་ཏུ་ཡོད་པ་མ་ཡིན་ཡང་།། བྱས་དངམ་བྱས་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན ་མྱ་ངན་འདས་དང་རྣ་མའར་ནི།། རྒྱལ་བ་གྲངས་སུ་མ་ཆུད་ཀྱང་།། ཁས་ཀྱི་གྲངས་རྣམས་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། གྲངས་མྱེད་སྙོམས་ནས་བརྙེས་འགྱུར་ལ།། མཐུ་ལས་ཉེས་ལ་གྱི་མང ་ཡང་།། ཞམ་རིང་བ་དག་འཚོ་མཛད་པ།། འདི་ནི་འཇིག་རྟེན་འདུན་འཇུག་ཡིན།། རྣམ་ཡང་བྱས་པའི་སྒོ་ལྡན་དང་།། སངས་རྒྱས་འདབ་མྱི་མངའ་ཡང་།། བྱིས་པ་དེ་དག་འདུལ་མཛད་པ།། འདི་ནི་འཇིག་རྟེན་འཐུམ ་ཡིན།། ཡོན་ཏན་ལྡན་པ་ཐོས་ཅད་ཀྱི།། ཕ་རོལ་དེ་བཞིན་གཤེག་བྱོན་ཀྱང་།། དེ་ལ་ད་ནི་གཞན་ཞི་བ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། མྱི་སྐྱེ་བ་ནི་རྟག་ཏུ་སྐྱེས།། དེ་དག་རྒྱུ་ལས་བྱུང་མྱིན་ཡང་།། མ་རིག་རྐྱེན ་ཀྱིས་འབྱུང་ཞེས་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། རྒྱལ་བ་རྙེད་དང་བཀུར་སྟི་ལས།། སྒྲིབ་པ་མྱེད་པ་ཉིད་བརྙེས་ལ།། ཆོ་ག་ཤེས་པ་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཇིག་རྟེ་དྲུག་ཡིན།། གང་ན་སེཾས་ཅན་འདུལ་སྔོ་པཱ།། ་སྣང་བ་དེང་ནི་འདྲེན་པ་རྣམས།། དེ་དག་སྤྱོད་པ་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། རིག་པ་གསུཾ་ཀྱི་ཚོགས་བསྩགས་ཏེ།། རིག་པ་བསྐྱེད་པར་ངེས་པར་སྟོན།། འདི་ལ་མཐོང་བ་ཅི་ཡང་མྱེད།། འདི་ནི་འཇིག་རྟེན་འཐུན ་འཇུག་ཡིན།། འཇིག་རྟེན་སྒྲོན་མ་ཐས་ཅད་དུ།། སྐྱེ་བོ་དཔག་ཏུ་མྱེད་པ་འདུལ།། གླིང་བཞི་དག་ཀྱང་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། འཇིག་རྟེན་གསུ་པོ་གང་ན་ཡང་།། ཆོས་གང་ཕུང་པོ་གནས་པ་མྱེད།། འོན།། ་ཀྱང་ཆོས་གྲུབ་བཀའ་སྩ་ལད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། མཐའ་གསུཾ་གྱི་ནི་མ་པར་སྐྱེས་པ།། དེ་བཞིན་གཤེགས་རྣཾས་སྟོན་མཛད་པ།། སེམས་ཅན་ནས་ལ་རབ་སྟོན་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ་ཆོས་རྣས་ཀུན་གྱི་རྒྱུད་མཁྱེན་ནས།། འཆི་འཕོ་སྐྱེ་བ་ནི་སྤངས་ལ། དེ་དག་ཐམས་ཅད་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡཱི།། མྱི་སྐྱེ་བ་ནི་གང་མཐོང་བ།། མ་རིཀ་དེ་ནི་ཡེ་ཤེས་འགེགས།། རིག། ་པ་སྐྱེད་པར་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། རྫོག་པཱི་སངས་རྒྱས་གཅིག་ཡིན་ཡང་།། སེམས་ཅན་ཡོངས་སུ་སྦྱིན་བྱའི་ཕྱིར།། འབྱུང་བ་དག་ནི་བསམ་མྱི་ཁྱབ།། འདི་ནི་འཇིག་རྟེན་འཐུན་འཇུག་ཨཱི།། ་གང་དག་མདོ་སྡེ་འདི་འདྲ་འདི།། ཕྱི་མའི་དུས་ན་ཐོས་འགྱུར་ཞིང་།། ཐེ་ཙོམ་མྱེད་ལ་ཤེས་འགྱུར་བ།། དེ་དག་སྔོན་གྱི་རྒྱལ་བ་མཐོང་།། འཇིག་རྟེན་འགོན་གྱིས་དེ་གསུངས་ན།། སྲས་པོ་འཛ་བཱི་དབྱངས་ལས་སྩོགས།། རབ་ཏུ་དག། ་ཞིང་ཡིད་རངས་ཏེ།། སྟོན་པའི་བཀའ་ལ་མངོན་པར་བསྟོད།། འཕགས་པ་འཇིག་རྟེན་གྱི་རྗེས་སུ་འཐུན་པར་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའ། རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་འཛིན་མྱི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ། ་