CLOSE WINDOW

Ng2.5: 'phags pa chos kyi tshul zhes ba ba theg pa chen po 'i mdo'
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་དཱ་མ་ནེ་ཏྲི་ནཱ་མ་མ་ག་ས་ན། སུ་ཥཱ། བོད་སྐད་དུ། འཕགས་པ་ཆོས་ཀྱི་ཚུལ་ཞེས་བྱ་བ། ཐེག་པ་ཆེན་པོའི་མདོལ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོང་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན། སྨྱུག་མ་ལས་བྱས་པའི་འཁོར་གྱི་ཁྱམས་ན་བཞུགས་ཏེ། ་སྨྱུག་མ་ལས་བྱས་པའི་འཁོར་གྱི་ཁྱམས་སུ་འདུས་ཤིང་འཁོད་པའི་བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དག་འདི་སྐད་དུ་སེམས་ཏེ། བདག་ཅག་གིས་ཇི་ལྟར་གནས་པར་བྱ། ཇི་ལྟར་བསྒྲུབ་པར། ་བྱ། ཇི་ལྟར་རྣལ་འབྱོར་དུ་བྱ།། ཇི་ལྟར་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱ་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དེ་དག་གི་བསམ་པ་མཁྱེནད་ནས། སྨྱིག་མ་ལས ་བྱས་པའི་འཁོར་གྱི་ཁྱམས་ཀ་ལ་ཡ་དེར་གཤེགས་ཏེ་བྱོན་ནས། གདན་བཏིང་བ་ལ་བཞུགས་སོ།། བཞུགས་ནས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སཿལ ་ཏོ།། རིགས་ཀྱི་བུ་དག་ལེགས་སོ་ལེགས་སོ།། ཁྱེད་ཀྱི་རྟོག་པ་ནི་བཟང་ངོ་།། ཡིད་ཀྱི་དྲི་བ་ནི་མཛེས་སོ།། སྤོབས་པ་ནི་དགེའོ།། ཡིད་ལ་བྱ་བ་ནི་ཚུལ་བཞིན་ནོ།། རིགས་ཀྱི་བུ་དག་དེའི་ཕྱིར་ལེགས ་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚུལ་གང་། བྱང་ཆུབ་སེམས་ད་པའི་ཁྱད་པ་ཐམས་ཅད་སྟོན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཆོས ་ཐམས་ཅད་བརྗོད་པར་བྱེད་པ་དེ་ལྟ་བུའི་ཆོས་ཀྱི་ཚུལ་ངས་ཁྱེད་ལ་བཤད་དོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ན་ས། བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་ཀྱི་སྟེརཉན ་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སཿལ་ཏོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། མྱ་ངན་ལས་འདས་པའི་བསམ་པ་ཅན་དུ་གྱིས་ཤིག། འཁོར་བར་སྦྱོར་བ་ཅན་དུ་གྱིས་ཤིག། འཁོར ་བ་དང་མྱ་ངན་ལས་འདས་པ་ལ་ཡང་གནས་པར་མ་བྱེད་ཅིག། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་མྱ་ངན་ལས་འདས་པའི་བསམ་པ་ཅན་དང་། འཁོར་བར ་སྦྱོར་བ་ཅན་ལགས། ཇི་ལྟར་ན་འཁོར་བ་དང་མྱ་ངན་ལས་འདས་པ་ལ་ཡང་མྱི་གནས་པ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་ཡ་ལད་པ། འཆི་བ་མྱེད་པའི་བདེ་བ་ལ་རེག་པར་བྱ་བའི་ཕྱིར། མྱ་ངན་ལས ་འདས་པའི་བསམ་པ་ཅན་ཡིན། དགེ་བའི་ཆ་བ་བསྩགས་པའི་ཕྱིར་འཁོར་བར་སྦྱོར་བ་ཅན་ཡིན། འཕགས་པ་དང་སོ་སོའི་སྐྱེ་བོ་དང་སྟེནད་པའི་ཕྱིར་འཁོར་བ་དང་། མྱ་ངན་ལས་འདས་པ་ལའང་མྱི་གནས་ཏེ། ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། རང་གི་སེམས་ཡོངས་སུ་སྦྱོང་ཤིག། ཕ་རོལ་ཀྱི་སེམས་སྲུང་ཤིག། སེམས་དཔའ་བ་ཅན་དུ་གྱིས་ཤིག། གསོལྡ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས ་དཔའ་རྣམས་རང་གི་སེམས་ཡོངས་སུ་སྦྱོང་བར་བགྱིད་པ་ལགས། ཇི་ལྟར་ན་གཞན་གྱི་སེམས་སྲུང་བ་ལགས། ཇི་ལྟར་ན་སེམས་དཔའ་བ་ཅན་རྣམས་ལགས། བཀའ་སཿ་ལད་པ། ཉོན་མོངས་པ་སེལ་བས་རང་གི ་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན། ཁོང་ཁྲོ་བ་མྱེད་པ་ས་གཞན་གྱི་སེམས་སྲུང་བ་ཡིན། བྱང་ཆུབ་ཀྱི་སེམས་མྱི་གཏོང་བས་སེམས་དཔའ་བ་ཡིན་ཏེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ ་སྟབས་ན་བྱ་བ་དང་ཡང་འགལ་བར་མ་བྱེད་ཅིག། བྱ་བ་མ་ཡི། ན་བ་ལ་ཡང་སྣང་བར་གྱིས་ཤིག། བྱས་པ་ལ་ལན་རེ་བ་མྱེད་པར། ཀྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ ་སེམས་དཔའ་རྣམས་བགྱི་བ་དང་མྱི་དཀྱིལ་བར་བགྱིད་པ་ལགས། ཇི་ལྟར་ན་མྱི་བགྱི་བ་ལ་ཡང་འདའ་བ་ལགས། ཇི་ལྟར་ན་བགྱིས་པ་ལ་ལན་རེ་བ་མ་མཆིས་པ་ལགས།། བཀའ་བཎྜལ་ད་པ། བྱ་བ་དང་འག ་བར་མྱི་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ལ་འཇུག་པས། ལས་ཀྱི་རྣམ་པར་སྦྱིན་པ་ལ་ཡིད་ཆེས་པར་བྱའོ།། བྱ་བ་མ་ཡིན་པ་ལ་སྣང་བ་ནི་སྙིང་རྗེ་ཆེན་པོ་ལ་འཇུག་པའོ།། བྱས་པ་ལ་ལན་རེ་བ་མྱེད་པ་ནི་ལན ་ཏུ་ཕན་འདོགས་པ་རེ་བ་མྱེད་པ་སྟེ།། འདི་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་དུས་མ་ཡིན་པར་ནི་མ་སྡང་ཤིག། དུས་ལ་བབ་ནི་མཉལ་ཅིག། ཉལ་བ་རྣམས་ནི་སློང་ཤིག། རྟག་ཏུ་ནི་ཉོལ་ཅིག། གསོལ ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དུས་མ་ལགས་པར་མྱི་ལྡང་བ་ལགས། ཇི་ལྟར་ན་དུས་ལ་བབན་གྱི་ཉལ་བ་ལགས། ཇི་ལྟར་ན་ཉལ་བ་རྣམས་སློང་ག་ལགས། ཇི་ལྟར་ན་རྟགས ་ཉལ་བ་ལགས།། བཀའ་ས་ལད་པ།། དུས་མ་ཡིན་པར་མྱི་སྡང་བ་ནི་སྡོད་དུ་མ་གྱུར་པ་རྣམས་ལ་ཆོས་མྱི་སྟོན་པའོ།། དུས་ལ་བབ་ན་མྱི་ཉས་པ་ནི་སྔོན་དུ་གྱུར་པ་ལས་མྱི་འདའ་བར་མྱི་བྱའོ། ་ཉལ་བ་རྣམས་བསླང་བ་ནི་དུས་དང་དུས་མ་ཡིན་པས་བསྐུལ་བའོ།། རྟག་ཏུ་ཉལ་བ་ནི་སྙོམས་པར་འཇུག་པ་ལས་མྱི་ཉལ་བ་སྟེ།། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡང་དེ་བརྟན་པ་མྱེད་པར་གྱིས་ཤིག། ་ཡིད་བརྟན་པ་གཞིག་པར་གྱིས་ཤིག། ཡིད་མ་བརྟན་པ་རྣམས་ལ་ཡིད་བརྟན་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡིད་མྱི་རྟོན་པ་ལགས། ཇི་ལྟར་ན་ཡིད ་བརྟན་པ་འཇིག་པར་བགྱིད་པ་ལགས། ཇི་ལྟར་ན་ཡིད་མ་བརྟན་བ་རྣམས་ལ་ཡིད་རྟོན་པ་ལགས།། བཀལ་ས་ལད་པ། ཡིད་མྱི་བརྟན་ཅེས་བྱ་བ་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ ་ཡིད་མྱི་གཞག་པའོ།། ཡིད་བརྟན་པ་གཞག་པར་བྱ་བ་ནི་སྷོ།། མས་པར་འཇུག་པ་བཟློག་པའོ།། ཡིད་མ་བརྟན་པ་རྣམས་ལ།། ཡིད་བརྟན་པར་བྱ་བ་ནི་ལོག་པར་ཞུགས་པ་རྣམས་ལ་སྟེ། དེ་ནི ་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ནོར་དང་ལྡན་པར་གྱིས་ཤིག། བྱས་པ་ཤེས་པ་མྱེད་པར་སྦྱོར་ཅིག། ཅི་ལ་འཕལ་ན་རེ་བར་མ་བྱེད་ཅག། རྙེད་པ་ཆེན་པོས་ཉེ་བར་འཚོ་བར་གྱིས་ཤིཀ། ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ནོར་དང་ལྡན་པ་ལགས། ཇི་ལྟར་ན་བྱས་པ་འཚལ་བ་མ་མཆིས་པར་སྦྱོར་བ་ལགས། ཇི་ལྟར་ན་ཇི་ལྟའང་ལན་གྱི་ལེང ་ལགས། ཇི་ལྟར་ན་རྙེད་པ་ཆེན་པོས་ཉེ་བར་འཚོ་བ་ལགས།། བཀའ་ཡ་ཡ་པུ། ནོར་དང་ལྡན་ཞེས་བྱ་བ་ནི་ནོར་བདུདན་དང་ལྡན་པའོ།། བྱས་པ་ཞེས་པ་མྱེད་པར་སྦྱར་བ་ནི། སེར་སྣ་ཅན་རྣམས་སྦྱིད་པ་ལ་སྦྱར ་བ་ནི་ང། ཤེས་རབ་འཆལ་པ་རྣམས་ཤེས་རབ་ལ་སྦྱར་བའོ།། ཅི་ལ་འང་ལ་ན་རེ་བ་མྱེད་པ་ནི་རང་གི་དགོས་པ་ལ་འང་ནན་ཏན་ཏུ་བྱ་བའོ།། རྙེན་པ་ཆེན་པོས་ཉེ་བར་འཚོ་བ་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆགས་པ་ཡང་ཞེས་པར་གྱིས་ཤིག། ཆགས་པ་རྣམས་ལ་ཡང་སྦྱོར་ཅིག། ཆགས་པ་ཞེན་པ་རྣམས་ལ་འང་ལྟོ་ཤིག། ཆགས་པ ་མྱེད་པ་ཡང་སྲུང་ཤིག། གསོས་དཔ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཆགས་པ་འཚལ་ལ་ལགས། ཇི་ལྟར་ན་ཆགས་པ་རྣམས་ལ་གྱོད་པ་ལགས། ཇི་ལྟར་ན་ཆགས་པར་ཞེན་པ་ལ་ལྟ་བ་ས། ་ཇི་ལྟར་ན་ཆགས་པ་མ་མཆིས་པ་སྲུང་བ་ལགས།། བཀའ་ས་ལད་པ། ཆགས་པ་ཤེས་པར་བྱ་བ་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སོ།། ཆགས་པ་རྣམས་ལ་སྤྱོད་པ་ནི་སྐྱེ་མཆེད་དྲུག་བཅད ་པའོ།། ཆགས་པར་ཞེན་པ་ལ་ལྟ་བ་ནི་སོ་སོའི་སྐྱེ་བོ་ཡོངས་སུ་སྦྱིན་པར་བྱའོ།། ཆགས་པ་མྱེད་པ་སྲུང་བ་ནི་སྐྱོན་མྱེད་པར་འདུ་ག་པ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་འཇིགས ་བར་གྱིས་ཤིག། མངོན་པར་དགའ་བ་མྱེད་པར་གྱིས་ཤིག། སྙིང་ཚ་བ་མྱེད་པར་གྱིས་ཤིག། སྙིང་རྗེ་བ་མྱེད་པར་གྱིས་ཤིག། གསོ་ལད་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས ་འཇིགས་པར་བགྱིད་པ་ལགས། ཇི་ལྟར་ན་མངོན་པར་དགའ་བ་མ་མཆིས་པ་ལགས། ཇི་ལྟར་ན་སྙིང་བཆེ་བ་མ་མཆིས་པ་ལགས་ཇི་ལྟར་ན་སྙིང་རྗེ་བ་མ་མཆིས་པའང་ལགས། བཀའ་སཿལ་ད་པ། ་འཇིགས་ཤེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སས་འཇིགས་པའོ།། མངོན་པར་དགའ་བ་མྱེད་ཅེས་བྱ་བ་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་དགའ་བ་མྱེད་པའོ།། སྙིང་བ་ཆེ་བ ་མྱེད་པ་ནི་ཕྱི་རོལ་གྱི་དངོས་པོ་རྣམས་ཡོངས་སུ་བཏང་བ་སའོ།། སྙིང་རྗེ་བ་མྱེད་པ་ནི་ནང་གི་དངོས་པོ་མགོ་ལས་བཚོགས་པ་ཡོངས་སུ་བཏང་བ་ལ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་འདེན ་བ་ཡང་ཁོང་དུ་ཆུད་པར་གྱིས་ཤིག། བརྫུན་དུ་སྨྲ་བ་ཡང་མ་སྤ་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བདེན་པ་ཁོང་དུ་ཆུད་པར་བགྱིད་ལགས། ཇི་ལྟར་ན ་བརྫུན་དུ་སྨྲ་བ་མྱི་སྤང་བ་ལགས། བཀའ་སཿསད་པ། བདེན་པ་ཁོང་དུ་ཆུད་པར་བྱ་བ་ནི། ཉན་ཐོས་དང་། རང་སངས་རྒྱས་འདུལ་བའི་ཕྱིར་རོ།། བརྫུན་དུ་སྨྲ་བ་མྱི་སྤང་བ་མི་འདུས་བྱས ་ས་ཉེ་བར་སྤྱོད་པའི་ཕྱིར་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། ཕ་རོལ་ཏུ་ཕྱིནད་པར་བགྱིས་ཏེ། ཚུ་རོལ་གྱི་ངོགས་ལ་བལྟ་བར་གྱིས་ཤིག། ཕ་རོལ་ཏུ་ཕྱིན་པ་མ་བྱེད་པར། ཕ་རོལ་གྱི་ངོགས་ལ ་བལྟ་བར་གྱིས་ཤིག། གསོལྡ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིནད་ཅིང་། ཚུ་རོལ་གྱི་ངོགས་ལ་བལྟ་བ་ལགས། ཇི་ལྟར་ན་ཕ་རོལ་ད་ཏུ་ཕྱིནད་པར་མྱི་བགྱིད་ཅིང་། ་ཕ་རོལ་གྱི་ངོགས་ལ་བལྟ་བ་ལགས། བཀའ་མ་སད་པ། པ་རོལ་ཏུ་ཕྱིནད་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་། སྤྱོད་པ་དང་བསམ་པ་ལའོ།། ཚུ་རོལ་གྱི་ངོགས་ལ་ལྟ་བ་ནི་སེམས་ཅན ་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་རོ།། ཕ་རོལ་ཏུ།། ཕྱི་ནད་པར་མྱི་བྱ་བ་ནི། ཕ་རོལ་བསྒྲལ་བའི་ཕྱིར་རོ།། ཕ་རོལ་གྱི་ངོགས་ལ་བལྟ་བ་ནི་རྟག་ཏུ་མྱ་ངན་ལས་འདའ་བ་ལ་གཞོལ་བར ་བྱ་བ་སྟེ། དེ་ནི་ཚུལ་ལོ།། ། རིགས་ཀྱི་བུ་དག་དེ་ལྟ་བས་ན། རྟག་ཏུ་མྱི་མཐུན་པར་ཡང་ཀྱིས་ལ། ཅོད་པ་མྱེད་པ་མཆོག་ཏུ་ཡ་བགྱིས་ཤིག། བྱམས་པ་ལ་ཡང་གནས་ལ་སྐྱོན་ཡང་མཐོང་བར ་ཀྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ་མྱི་མཐུན་པར་བགྱིད་པ་དང་། རྩོད་པ་མ་མཆིས་པ་མཆོག་ཏུ་བགྱིད་པ་ལགས། ཇི་ལྟར་ན། བྱམས་པ་ལ་ཀ ་ཤིང་སྐྱོན་ཡང་མཐོང་པ་ལགས།། བཀའ་ས་ས་ད་པ། རྟག་ཏུ་ཀྱི་མཐུན་པར་བྱེད་པ་ནི་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་རོ།། ཆོད་པ་མྱེད་པ་མཆོག་ཏུ་བྱེད་པ་ནི་བསམ་པ་དག་པའི་ཕྱིར་རོ།། བྱམས ་ཕལ་གནས་པ་ནི་སེམས་ཅན་ཡོངས་སུ་བསྐྱབ་པའི་ཕྱིར་རོ།། ཉེས་པ་མཐོང་བ་ནི་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་དང་། ཟད་པ་ཡང་ཟད་པར་མ་བྱེད་ཅིག། ་མྱི་ཟད་པར་ཡང་ལྟུང་བར་མ་བྱེད་ཅིག། ཟད་པའི་ཆོས་ཉིད་ཀྱང་ཁོང་དུ་ཆུད་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཟད་པ་ཟད་པར་བགྱིད་པ་ལགས། ཇི་ལྟར ་ནི་མྱི་ཟད་པར་མྱི་ལྟུང་བ་ལགས། ཇི་ལྟར་ན་ཟད་པའི་ཆོས་ཉིད་ཁོང་དུ་ཆུད་པ་ལགས། བཀའ་ས་ཡད་པ། ཟད་པ་ཞེས་བྱ་བ་ནི་འདུས་བྱས་སོ།། མྱི་ཟད་པ་ཞེས་བྱ་བ་ནི་འདུས་མ་བྱས་སོ།། དེ་ལ་བྱང་ཆུབ་སེམས ་དཔའ་དགེ་བའི་ཚ་བ་བསྩགས་པའི་ཕྱིར་འདུས་བྱས་ཀྱང་ཟད་པར་མྱི་བྱའོ།། ཐབས་ལ་མཁས་པས་འདུས་མ་བྱས་སུ་ཡང་ལྟུང་བར་མྱི་བྱའོ།། ཟད་པའི་ཆོས་ཉིད་ཁོང་དུ་ཆུད་པར་བྱ་བ་ནི། མྱི་རྟག་པའི་མཐར ་འགྱུར་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་མུན་པའི་ནང་ན་ཡང་གནས་པར་གྱིས་ཤིཀ། སྣང་བ་ཡང་ཟིན་པ་ར་གྱིས་ཤིག། མྱི་བྱ་བ་ནི་གྱིས་ཤིག། བྱ་བ་ནི་ཡལ་བར་ཞོག ་ཤིག། གསོལ་ད་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུ་བ་སེམས་དཔའ་རྣམས་མུན་པའི་ནང་ན་གནས་པ་ལགས་ཇི་ལྟར་ན་སྣང་བ་ཟིན་པ་ལགས། ཇི་ལྟར་ན་མྱི་བགྱི་བ་བགྱིད་པ ་ལགས། ཇི་ལྟར་ན་བགྱི་བ་ཡལ་བར་གཞོག་པ་ལགས། བཀའ་ས་སད་པ། མུན་པ་ཞེས་བྱ་བ་ནི་མྱི་ཞེས་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་མྱི་ཤེས་པ་རྣམས ་ཀྱི་དོན་ཏུ་བདེན་པ་ཐོབ་པར་བྱའོ།། སྡང་བ་ཞེས་བྱ་བ་ནི་ཤེས་རབ་སྟེ། ཤེས་རབ་དེས་ཀྱང་མུན་པ་གསལ་བར་བྱའོ།། མྱི་བྱ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ།། བྱ་བ་ཞེས་བྱ་བ་ནི་མངོན་པར་འདུ་བྱ་བ ་བྱེད་པའོ།། དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡལ་བར་གཞག་པར་བྱ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཟབ་མོའི་ཆོས་ཀྱི་སྣང་བ་ལ་གནས་པ་ལ་གིས་ཤིག། སྡང་བའི་ཆོས་རྣམས་ལ ་ཡང་བརྙས་པར་མ་བྱེད་ཅིག། སྡང་བ་དང་། མྱི་སྡང་བ་ལ་ཡང་མ་གནས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཟབ་མོའི་ཆོས་ཀྱི་སྔ་ག་ལ་གནས་པ་ལཀྲ། ་ཇི་ལྟར་ན་སྣང་བའི་དམ་པའི་ཆོས་རྣམས་ལ་བརྙས་པ་མ་མཆིས་པ་ལགས། ཇི་ལྟར་ན། སྣང་བ་དང་མྱི་སྣང་བ་ལ་མྱི་གནས་པ་ལགས།། བཀའ་ས་ལད་པ། ཟབ་ཅེས་བྱ་བ་ནི་རྟེན་ཅིང་འབྲེལ ་པར་འབྱུང་བ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལྟ་བ་ཐམས་ཅད་དང་བྲལ་བར་ཆོས་ཐམས་ཅད། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པར་རིག་པར་བྱའོ།། ཆོས་གང་དག་རྟེན་ཅིང་འབྲེལ་པར་འབྱུང་བས་སྣང ་བར་གྱུར་པ་དེ་དག་ལ་ཡང་སེམས་ཅན་ཡོངས་སུ་སྦྱིན་པར་བྱ་བའི་ཕྱིར། བརྙས་པར་མྱི་བྱའོ།། སྣང་བ་དང་མྱི་སྣང་བ་ལ་གནས་པར་མྱི་བྱ་བ་ནི་གཉིས་དང་བྲལ་བའི་ཕྱིར་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་གང་ས ་དག་པར་བསྡུ་བར་བྱ་བ་དེ་ལ་འདོད་པ་མྱེད་པར་གྱིས་ཤིག། ཡང་དག་པར་བསྡུ་བའི་ཕྱིར་ཡང་བརྩོན་འགྲུས་མ་ཀློད་ཅིག། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གང་ཡང་དག་པར་བསྡུ་བར་བགྱི ་བ་དེ་ལ་འདོད་པ་མ་མཆིས་པ་ལགས། ཇི་ལྟར་ན་ཡང་དག་པར་བསྡུ། བར་བགྱི་བའི་སླད་དུ་བརྩོན་འགྲུས་ལྷོད་པར་མྱི་བགྱིད་པ་ལགས།། བ། ཀའ་བསྩལ་པ་ཡང་དག་པར་བསྡུ་བ་ཞེས་བྱ་བ་ནི་དགེ་བའི་ཆ་བ་རྣཾས། ་སོ།། དེ་ལ་འདོད་པ་མྱེད་པ་ནི་མྱི་ལྟ་བར་སེམས་ཅན་རྣམས་ལ་གཏང་བའོ།། ཡང་དག་པར་བསྡུ་བ་ལ་བརྩོན་འགྲུས་མྱི་ཀློད་པ་ནི་དགེ་བའི་ཚ་བ་ལ་ངོམས་མྱི་ཤེས་པར་བརྩོན་པར་བྱ་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ ་བས་ན་གཏིང་དངག་དཀའ་བར་ཡང་གྱིས་ཤིག། སྤྱོད་པ་གསལ་བ་ལ་ཡང་སྣང་བར་གྱི་ཤིག། གསོལྡ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གཏིང་དཔག་དཀའ་བ་ལགས། ཇི་ལྟར་ན་པྱད་པ་གསལ་བ་ལ ་ཡང་དཀའ་བ་སགས།། བཀའ་ས་ཡད་པ། གཏིང་དཔག་དགའ་བ་ཞེས་བྱ་བ་ནི། ཟབ་པ་ལ་སྙོམས་ཡང་འཇུག་པ་སྟེ། གྲང་ལ་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཀྱང་གཏིང་ཀྱི་རྙེད་པའོ།། སྤྱོད་པ་གས ་བ་ལ་ཡང་སྣང་བ་ཞེས་བྱ་བ་ནི། བྱིས་པ་སོ་སོའི་སྐྱེ་བོའི་ཆོས་རྣམས་དཔའདྲ་བར་བྱ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་སྟབས་ན་ལམ་ལས་བཟུང་བར་གྱིས་ཤིག། སམ་ཀོལ་བ་ན་ཡང་སྣང་བར་གྱིས་ཤིག། ཡང ་དག་པའི་ལམ་ལ་ཡང་མ་དོར་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ལམ་ལས་འཛུར་བ་ལགས། ཇི་ལྟར་ན་ལམ་གོལ་བ་ན་ཡང་གདའ་བ་ལགས། ཇི་ལྟར་ན་ཡང་དག་པའི་ལམ་གྱི ་འདོར་བ་ལགས།། བཀའ་མཎྜལ་པ། ལམ་ལས་འཛུར་བ་ཞེས་བྱ་བ་ནི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལམ་ལས་འབྱོལ་བའོ།། ལམ་ཀོལ་བ་ན་སྣང་བ་ནི་སེམས་ཅན་ཡོངས་སུ་སྨྱིནད་པར་བྱ་བའི་ཕྱིར་རོ།། ་ཡང་དག་པའི་ལམ་མྱི་འདོར་བ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིནད་པ་དྲུག་གི་ལམ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཕྱིར་མྱི་ལྡོག་པའི་ཀོ་ཆ་ཡང་བགོ་བར་གྱིས་ཤིཀ། ཐམས་ཅད་ལས་ཀྱང་ཕྱིར་ལོག་པར་གྱིས ་ཤིག། ཕྱིར་ལོག་ནས་ཀྱང་སྒྲོལ་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཕྱིར་མྱི་ལྡོག་པའི་གོ་ཆ་བགོ་བ་ལགས། ཇི་ལྟར་ན་ཐམས་ཅད་ལས་ཕྱིར་མྱི་ལྡོག་པ་ལགས ་ཇི་ལྟར་ན་ཕྱིར་ལོག་ནས་སྒྲོལ་བ་ལགས།། བཀའ་ས་ལད་པ། ཕྱིར་མྱི་ལྡོག་པའི་ཀེ་ཆ་བཀོས་ཞེས་བྱ་བ་ནི། ཆོས་དང་མཐུན་པའི་དེ་མ་བཅས་པ་ལ་གནས་པའོ།། ཐམས་ཅད་ལས་ཕྱིར་ལྡོག་པ་ནི་ཆོས ་དང་མྱི་ལྡན་པའི་དམ་བཅས་པ་ལས་ལྡོག་པའོ།། ཕྱིར་ལྡོག་པ་ནས་བསྒྲལ་པ་ནི་མྱི་དགེ་བའི་ཆོས་ཐམས་ཅད་ཀྱིས་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་འདུམ་པར་གྱིས་ཤིག། རྟག ་ཏུ་བྱེ་བར་གྱིས་ཤིག། བརྟན་པར་གྱིས་ཤིག། བློ་རྒོད་ཅིང་མྱི་རྒོད་པར་ཡང་ཀྱིས་ཤིག། གསོལྡ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འདུམ་པ་ལགས། ཇི་ལྟར་ན་རྟག་ཏུ་བྱེ་བ་ལགས ་ཇི་ལྟར་ན་བརྟན་པ་ལགས། ཇི་ལྟར་བློ་རྒོད་ཅིང་མྱི་རྒོད་པ་ལགས།། བཀའ་སཿ་ལད་པ། འདུམ་ཞེས་བྱ་བ་ནི་བདུད་ཟིལྡ་ཀྱིས་གནན་པའི་ཕྱིར་རོ།། རྟག་ཏུ་བྱ་བ་ནི་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་མྱི་གནས་པའི ་སེམས་གཞན་དང་གཞན་ཤེས་པའོ།། བརྟན་པ་ནི་བསྒྲུབ་པ་ལའོ།། བློ་རྒོད་ཅིང་མྱི་རྒོད་པ་ནི་དགེ་བའི་ཆོས་གཞན་དང་གཞན་ལ་དམྱིགས་པའི་ཕྱིར་ཏེ། ད་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་རྗེས་སུ་ཆག ་པར་ཡང་གྱིས་ཤིག། རྟག་ཏུ་ཞེ་འབྲས་པར་ཡང་གྱིས་ཤིག། ཡུན་རིང་པོར་བལྟ་བར་ཡང་གྱིས་ཤིཀ། བྱ་བ་མྱི་བཟོའ་བར་ཡང་གྱིས་ཤིག། གསོལ་ད་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ ་སེམས་དཔའ་རྣམས་རྗེས་སུ་ཆགས་པ་ལགས། ཇི་ལྟར་ན་རྟག་ཏུ་ཞེ་འགྲས་པ་ལགས། ཇི་ལྟར་ན་ཡུན་རིང་པོར་བལྟ་བ་ལགས། ཇི་ལྟར་ན་བྱས་པ་མྱི་བཟོའ་བ་ལགས། བཀའ་སཎྜལྡ་པ། རྗེས་སུ་ཆགས ་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལའོ།། ཞེ་འགྲས་པ་ཞེས་བྱ་བ་ནི་ཐེག་པ་དམན་པ་ལའོ།། ཡུན་རིང་པོར་བལྟ་བ་ནི་འཁོར་བ་ཡོངས་སུ་གཟུང་བའི་ཕྱིར་རོ།། བྱས་པ་མྱི་བཟོའ་བ་ནི་སྡིག་པ་བྱས་པ་རྣམས་ལ ་ཕྱིར་ལན་མྱི་ལྗོན་པ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། གཏོང་བ་ཡང་ཤ་ནིད་ཏུ་ཟོང་ཞིག། སེར་སྣ་ཅན་དུ་ཡང་ཀྱིས་ཤིག། འཛིནད་པའི་སེམས་ཀྱང་མྱེད་པར་གྱིས་ཤིག། ་གསོལྡ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་། རྣམས་གཏོང་བ་ཤ་ནད་ཏུ་གཏོང་བ་ལགས། ཇི་ལྟར་ན་སེར་སྣ་ཅན།། ལགས། ཇི་ལྟར་ན་འཛིནད་པའི་སེམས་མ་མཆིས་པ་ལགས། ་བཀའ་སཿལད་པ། གཏོང་བ་ཤི་ནད་ཏུ་བཏང་བ་ནི། སེམས་ཅན་ཐམས་ཅད་ཡོངས་སུ་མྱི་གཏང་བའི་སྤྱིར་སྦྱིན་པ་བཏང་བའོ།། སེ་ར་སྣ་ཅན་དུ་བྱ་བ་ནི་སྣོད་དུ་མ་གྱུརྡ་པ་རྣམས་ལའོ།། འཛིནད་པ ་མྱེད་པའི་སེམས་སུ་བྱ་བ་ནི་ཆོས་ལ་སློབ་དཔོན་གྱི་དཔེའ་མཁྱུད་མྱེད་པའི་ཕྱིར་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་གང་དག་སྤངས་པ་དེ་དག་ནི་ཡོངས་སུ་ཟུང་ཤིག། གང་དག་ཡོངས་སུ་བཟུང་བ་དེ་དག་ནི་ཡལ ་བར་ཞོག་ཤིག། ནད་པ་ལྟར་ཡང་གྱིས་ཤིག། ན་བ་རྣམས་ཀྱང་གསོས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གང་དག་སྤངས་པ་དེ་དག་ཡོངས་སུ་འཛིན་པ་ལགས། ཇི་ལྟར ་ན་ཀང་བདག་ཡོངས་སུ་གཟུང་བ་དེ་དག་ཡལ་བར་འཇོག་པ་ལཀས། ཇི་ལྟར་ན་ནད་པ་སྟར་བུར་གྱུར་པ་ལགས། ཇི་ལྟར་ན་ན་བ་རྣམས་ཀྱང་གསོལ་བ་ལགས།། བཀའ་སཿལད་པ། ཀང་དག་སྤངས་པདེ་དག་ཡོངས་སུ ་གཟུང་བ་ནི་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་སངས་རྒྱས་ཐམས་ཅད་ཀྱིས་སྤངས་པ་དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་གཟུང་བར་བྱའོ།། གང་དག་ཡོངས་སུ་གཟུང་བ་དེ་དག་ཡལ་བར་གཞག་པ་ནི་སློབ་པ་དང ་མྱི་སློབ་པ་ཐམས་ཅད་དོ།། ནད་པ་ལྟར་ཡང་བྱ་ཞིང་ན་པ་རྣམས་ཀྱང་གསོ་བར་བྱ་བ་ནི། བསམས་བཞིན་དུ་རྒ་བ་དང་ན་པ་བསྟནད་ནས། སོ་སོའི་སྐྱེ་བོ་རྣམས་ལ་ཆོས་བསྟན་པ་སྟེ། དེ་ནི་ཚུལ་ལོ།། ། རིགས་ཀྱི་བུ ་དག་དེ་ལྟ་བས་ན་བདུད་ཀྱི་ལས་རྣམས་མི་འབར་བར་གྱིས་ཤིག། སངས་རྒྱས་ཀྱི་ཆོས་རྣམས་ནི་ཞི་བར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བདུད་ཀྱི་ལས་རྣམས་ནི་འབར ་བར་བགྱིད་པ་ལགས། ཇི་ལྟར་ན་སངས་རྒྱས་ཀྱི་ཆོས་རྣམས་ནི་ཞི་བར་བགྱིད་པ་ལགས། བཀའ་མཿལ་པ། བདུད་ཀྱི་ལས་འབར་བར་བྱེད་པ་ནི། དགེ་པའི་ཆོས་ལ་བརྩོན་པ་རྣམས་ལའོ།། སངས་རྒྱས་ཀྱི་ཆོས་རྣཾས ་ཞི་བར་བྱེད་པ་ནི། ཆོས་ཐམས་ཅད་ཉོན་མོངས་པ་དང་ཉེ་བའི་ཉོན་མོང་།། ས་པ་མྱེད་པར་སྦྱོར་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ། ལྟ་བས་ན་བདུད་རྣམས་དང་ནི་འཐབ་པར་གྱིས་ཤིག། སྟོནད་པ་ནི་མ ་ཚོལ་ཅིག། གསོལ་ད་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམ་ས་དཔའ་རྣམས་བདུད་དང་འཐབ་པ་ལགས། ཇི་ལྟར་ན་སྟོན་པ་མྱི་ཆོལ་བ་ལགས། བཀའ་སཎསད་པ། བདུད་དང་འཐབ་པར་བྱ་བ་ནི་བྱང ་ཆུབ་སེམས་དཔའ་དག་གང་གི་ཚེ། སེམས་ཅན་རྣམས་ཡོངས་སུ་སྦྱིན་པར་བྱེད་པ་དེའི་ཚེ། བར་ཆད་བྱ་བའི་ཕྱིར་བདུད་པ་ཚོན་པར་བྱེད་པ་དའོ།། སྟོན་པ་མྱི་ཚོལ་བ་ནི་དགེ་བའི་ཆོས་ཐམས་ཅད་དང་ལྡན་པ་སྟེ། དེ་ནི་ཚུལ་ལོ།། ་རིགས་ཀྱི་བུ་དག་དེ་ལྟ་བས་ན་གང་དག་ཉན་ཐོས་ཀྱིས་སྨད་པར་བྱ་བ་ཁྱེད་ཀྱིས་མ་སྨད་ཅིག། གང་ལ་ཉན་ཐོས་མངོན་པར་དགའ་བ་དེ་ལ་ཁྱེད་དགའ་བར་མ་བྱེད་ཅིག། གསོལ་ད་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་ན་བྱང ་ཆུབ་སེམས་དཔའ་རྣམས་གང་དག་ཉན་ཐོས་ཀྱིས་སྨད་པར་བགྱི་བ་དེ་དག་ལ་མྱི་སྨད་པ་ལགས། ཇི་ལྟར་ན་གང་ལ་ཉན་ཐོས་དགའ་བ་དེ་ལ་མྱི་དགའ་བ་ལགས།། བཀའ་མཎྜལ་ད་པ། ཉན་ཐོས་ནི་སྐྱེ་བའི་གནས་རྣམས་ལ་སྨོད། ་དེ། དེ་དག་ཁྱེད་ཀྱིས་སྨད་པར་མྱི་བྱའོ།། ཉན་ཐོས་ནི་རང་ཡོངས་སུ་མྱ་ངན་ལས་འདའ་བ་ལ་མངོན་པར་དགའ་ན་དེ་ལ་ཁྱེད་ཀྱིས་མངོན་པར་དགའ་བར་མྱི་བྱ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ ་ལྟ་བས་ན་འཇིག་རྟེན་ན་གནས་པར་གྱིས་ཤིག། འཇིག་རྟེན་གྱི་ཆོས་རྣམས་མྱོང་བར་གྱིས་ཤིག། འཇིག་རྟེན་གྱིས་ཀྱང་མ་གོས་པར་གྱིས་ཤིག། འཇིག་རྟེན་ན་ཐོགས་པ་རྣམས་ཀྱང་སྒྲོལ་ཅིག། གསོལ་པ། བཅོམ ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་ན་གནས་པ་ལགས།། ཇི་ལྟར་ན་འཇིག་རྟེན་གྱི་ཆོས་རྣམས་མྱོང་བ་ལགས། ཇི་ལྟར་ན་འཇིག་རྟེན་གྱིས་མྱི་གོས་པ་ལགས།། ཇི་ལྟར་ན་འཇིག་རྟེན ་ན་ཐོགས་པ་སྒྲོལ་བ་ལགས། བཀའ་སཎལ་ད་པ། འཇིག་རྟེན་ན་གནས་པར་བྱ་བ་ནི་འདོད་པ་དང་། གཟུགས་དང་། གཟུགས་མྱེད་པ་རྣམས་སུའོ།། འཇིག་རྟེན་གྱི་ཆོས་རྣམས་མྱོང་བར་བྱ་བ་ནི ་འཇིག་རྟེན་གྱི་ཆོས་བརྒྱད་པོ་དག་ཀོ།། འཇིག་རྟེན་གྱིས་མྱི་གོ།། ས་པར་བྱ་བ་ནི། བདེ་བ་དང་སྡུག་བསྔལ་གྱིས་མྱི་སྤྱོད་པའི་ཕྱིར་རོ།། འཇིག་རྟེན་དུ་ཐོགས་པ་བསྒྲལ་པ་ནི། ཁམས་གསུམ་གྱི་བཙོན་ར། ་ནས་གདོན་པ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡང་བར་གྱིས་ཤིག། ལྕི་བར་གྱིས་ཤིག། སྡུག་བསྔལ་བར་གྱིས་ཤིག། བདེ་བར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡང་བ་ལགས། ཇི་ལྟར་ན་ལྕི་བ་ལགས། ཇི་ལྟར་ན་སྡུག་བསྔལ་བ་ལགས། ཇི་ལྟར་ན་བདེ་བ་ལགས། བཀའ་སརྦ་ལད་པ། ཡང་བ་ནི་སེམས་ཅན་ཐམས་ཅད་ཀྱི་བྱ་བ ་ཅི་ཡོད་པ་ལ་སྙིང་ལས་སུ་བྱེད་པའོ།། ལྕི་བ་ནི་ཡི་དམ་ལ་བརྟན་པའོ།། སྡུག་བསྔལ་བར་བྱ་བ་ནི་མྱི་མཐུན་པའི་གཉེན་པོ་རྣམས་ལའོ།། བདེ་བར་བྱ་བ་ནི་བསོད་ནམས་བྱས་པའི་ཕྱིར་ཏེ། དེ་ནི་ཚུལ་ལོ།། ་རིགས་ཀྱི་བུ་དག་དེ་ལྟ་བས་ན་མྱི་སྣང་བར་ཡང་ཀྱི་ཞིག། ཐམས་ཅད་དུ་སྣང་བར་ཡང་གྱིས་ཤིཀ། བྱོལ་བར་བྱ་བ་རྣམས་ལ་བྱོལ་ཅིག། བསྡད་པར་བྱ་བ་རྣམས་ལ་ནི་སྡོད་ཅིག། གསོལ་པ། བཅོམ ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མྱི་གདའ་བ་ཡང་ལགས། ཇི་ལྟར་ན་ཐམས་ཅད་དུ་གདའ་བ་ཡང་ལགས། ཇི་ལྟར་ན་འབྱོལ་བར་བགྱི་བ་རྣམས་ལ་བྱོལ་བ་ལགས། ཇི་ལྟར་ན་བསྡད་པར ་བགྱི་བ་རྣམས་ལ་སྡོད་པར་བགྱི་བ་ལགས། བཀའ་སཿལད་པ། མྱི་སྣང་བར་བྱ་བ་ནི་ལྟུང་བ་དང་། འཁྲུལ་པ་ཐམས་ཅད་ལས་ཡང་དག་པར་འདས་པར་བྱའོ།། ཐམས་ཅད་དུ་སྡང་བར་བྱ་བ་ནི། བྱང ་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡང་དག་པར་བསྒྲུབ་པའི་ཕྱིར་རོ།། བྱོལ་བར་བྱ་བ་རྣམས་ལས་བྱོལ་བ་ནི་ཐབ་མོ་དང་། ཆོད་པ་རྣམས་ལས་སོ།། བསྡད་པར་བྱ་བ་རྣམས་ལ་ནི་སེམས་ཅན་ཚོགས་པར་བྱ་བའི་ཕྱིར་ཏེ། ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ། ཨ་ན་མ་བྱས་པ་རྣམས་ལ་འ་ང་གནས་པར་གྱིས་ཤིག། བྱ་བ་རྣམས་ལ་ཡང་གནས་པར་གྱིས་ཤིག། བྱས་པ་དང་། མ་བྱས་པ་རྣམས་ལའང་སེམས་མཉམ་པར་གྱིས་ཤིག། ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མ་བགྱིས་པ་རྣམས་ལ་གནས་པ་ལགས། ཇི་ལྟར་ན་བགྱིས་པ་རྣམས་ལ་ཡང་གནས་པ་ལགས། ཇི་ལྟར་ན་བགྱིས་པ་དང་མ ་བགྱིས་པ་རྣམས་ལའང་སེམས་མཉམ་པ་ལགས།། བཀའ་སཿལད་པ། མ་བྱས་པ་རྣམས་ལ་གནས་པོ་ན། དགེ་བའི་བ་ཡང་དག་པར་བསྒྲུབ་པའི་ཕྱིརོ།། བྱས་པ་རྣམས་ལ་གནས་པ་ནི ་དགེ་བའི་ཚ་བ་བྱས་པ་དེའི་གོང་མའི་ཆོས་དང་སྦྱར་བར་བྱ་བའི་ཕྱིར་རོ།། བྱས་པ་དང་མ་བྱས་པ་རྣམས་ལ་སེམས་མཉམ་པར་བྱ་བ་ནི། ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པ་རྣམས་ལ་བྱེ་བྲག་མྱེད་པའི་འདུ ་ཤེས་སུ་བྱ་བ་སྟེ། དེའི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་སྙིང་པོ་མྱེད་པ་ལས་ཀྱང་སྙིང་པོ་ཆོལ་ཅིག། སྙིང་པོ་ལ་ཡང་སྙིང་པོ་མྱེད་པའི་འདུ་ཤེས་བསྐྱེད་ཅིག། སྙིང་པོ་དང་སྙིང་པོ་མྱེད་པ་ལ་ཡང་ཁྱོད་ཅིག། ་གསོསད་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་མ་མཆིས་པ་ལ་སྙིང་པོ་ཚོལ་བ་ལགས། ཇི་ལྟར་ན་སྙིང་པོ་ལ་སྙིང་པོ་མོ་མཆིས་པར་འདུ་ཤེས་བསྐྱེད་པ་ལགས། ཇི་ལྟར་ན་སྙིང་པོ ་དང་སྙིང་པོ་མ་མཆིས་པ་ལ་སྤྱོད་པ་ལགས།། བཀའ་སྩལ་ད་པ། སྙིང་པོ་མྱེད་ཅེས་བྱ་བ་ནི། ལུས་དང་། སྲོག་དང་། ལོངས་སྤྱོད་རྣམས་ཏེ། དེ་ལས་དམ་པའི་ཆོས་ཡོངས་སུ་རྫོགས་པར་བྱ་བས ་སྙིང་པོ་བཙལ་བའོ།། སྙིང་པོ་ཞེས་བྱ་བ་ནི་འདུས་མ་བྱས་ཏེ། སངས་རྒྱས་ཀྱི་ཆོས་ལ་བཟུང་བའི་ཕྱིར། དེ་ལ་སྙིང་པོ་མ་ཡིན་པའི་འདུ་ཤེས་བསྐྱེད་པར་བྱའོ།། སྙིང་པོ་དང་སྙིང་པོ་མ་ཡིན་པ་ལ་སྤྱོད་པ་ནི། འདུས ་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལ་བློ་བཏང་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་དམ་བཅས་པ་ནི་ཉམས་པར་གྱིས་ཤིག། ཚུལ་ཁྲིམས་ནི་མ་ཉམས་པར་གྱིས་ཤིག། ཚུལ་ཁྲིམས་འཚལ་བ་རྣམས ་ལ་ནི་ལྟོས་ཤིག། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ནི་ཡལ་བར་ཞོག་ཤིག།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དམ་བཅས་པ་ཉམས་པར་བགྱིད་པ་ལགས ་ཇི་ལྟར་ན་ཚུལ་ཁྲིམས་མ་ཉམས་པ་ལགས། ཇི་ལྟར་ན་ཚུལ་ཁྲིམ། ས་འཆལ་པ་རྣམས་ལ་ལྟ་བ་ལགས། ཇི་ལྟར་ན་ཚུལ་ཁྲིམས་དང་། ལྡན་པ་རྣམས་ཡལ་བར་གཞོག་པ་ལགས། བཀའ། ས་ལད་པ ་དམ་བཅས་པ་ཉམས་པར་བྱ་བ་ནི་དགེ་བའི་བ་གོང་མ་དང་ཀོང་མ་ལ་ལྷག་པར་དམྱིགས་པའི་ཕྱིར་རོ།། ཚུལ་ཁྲིམས་མ་ཉམས་པར་བྱ་བོ་ནི་བྱང་ཆུབ་ཀྱི་སེམས་ལ་ལྷག་པར་དམྱིགས་པའི་ཕྱིར་རོ།། ཚུལ ་ཁྲིམས་འཆལ་པ་རྣམས་ལ་ལྟ་བ་ནི། ཚུལ་ཁྲིམས་ལ་སྦྱར་བའི་ཕྱིར་རོ།། ཚུལ་ཁྲིམས་དང་ལྡན་པ་རྣམས་ཡལ་བར་གཞག་པ་ནི་བྱ་བ་བྱས་པའི་ཕྱིར་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་གཞན་གྱི་ནོར་ལ ་དཀའ་བར་གྱིས་ཤིག། རང་གི་ནོར་ནི་ཡོངས་སུ་ཐོང་ཞིག། ཉེ་བར་གནས་པར་གྱིས།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་ནོར་ལ་དགའ་བ་ལགས། ཇི་ལྟར་ན་རང་གི་ནོར་ཡོངས ་སུ་གཏང་བ་ལགས། ཇི་ལྟར་ན་ཉེ་བར་གནས་པ་ལགས། བཀའ་སས་ལད་པ། གཞན་གྱི་ནོར་ལ་མངོན་པར་དགའ་བ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད ་དང་། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱའོ།། རང་གི་ནོར་ཡོངས་སུ་གཏོང་བ་ནི་རང་གི་དགེ་བའི་ཡ་བ་རྣམས་སེམས་ཅན་ཐམས་ཅད་ལ་ཡོངས་སུ་གཏང་བར་བྱའོ།། ཉེ་བར་གནས་པར་བྱ། ་བ་ནི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་མཆོག་ཏུ་ཕྱིནད་པར་ཡང་གྱིས་ཤིག། སེམས་དཔའ་བར་ཡང་གྱིས་ཤིག། ལེ་ལོ་ཅན་དུའང་གྱིས་ཤིག། རྟག་ཏུ་ཡོ ་གགེ། གསོ་ལྔ་པ་བཅོམ་ལྡན་འད་འི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མཆོག་ཏུ་ཕྱིནད་པ་ལགས། ཇི་ལྟར་ན་སེམས་དཔའ་བ་ལགས། ཇི་ལྟར་ན་ལེ་ལོ་ཅན་ལགས། ཇི་ལྟར་ན་རྟག་ཏུ་བརྩོན་པ་ལགས།། བཀའ་སཿལ་ད་པ ་མཆོག་ཏུ་ཕྱིརྙེད་པ་ནི་ཤེས་རབ་དང་། ཡེ་ཤེས་ཀྱིས་སོ།། སེམས་དཔྲའ་བ་ནི་ང་རྒྱལ་མྱེད་པའི་ཕྱིར་རོ།། ལེ་ལོ་ཅན་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་འཐོབ་པར་བྱ་བ་ལའོ།། རྟག་ཏུ་བཅོན་པ་ནི ་ཕ་རོལ་ཏུ་ཕྱིནད་པ་རྣམས་ལ་སྟེ། དེ་ནི་ཚུལ་ལོ།། རིགས།། ཀྱི་བུ་དག་དེ་ལྟ་བས་ན་མྱི་སྲུན་པར་ཡང་ཀྱིས་ཤིག། དུལ་བའི། ས་ལ་གནས་པར་གྱིས་ཤིག། འཇིགས་པར་ཡང་ཀྱིས་ཤིག། ་སེང་གེའི་རས་ཀྱིས་རྣམ་པར་གནོན་པར་ཡང་གྱིས་ཤིག། སོ་ལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དང་འརྣམས་མྱི་མུན་པ་ལགས། ཇི་ལྟར་ན་དུལ་བའི་ས་ལ་གནས ་པ་ལགས། ཇི་ལྟར་ན་འཇིགས་པ་ལགས། ཇི་ལྟར་ན་སེང་གེའི་ཐལ་གྱིས་རྣམ་པར་གནོན་པ་ལགས།། བཀའ་ཡ་སད་པ། མྱི་སྲུན་པར་བྱ་བ་ནི་བདུད་ཐམས་ཅད་གདུལ་བའི་ཕྱིར་རོ།། དུལ་བའི་ས་ལ་གནས ་པ་ནི། སེམས་ཅན་ཅང་ཞེས་དུལ་བའི་ཕྱིར་རོ།། འཇིགས་པར་བྱ་བ་ནི་སྡིག་པ་ཐམས་ཅད་ལས་སོ།། སེང་གེའི་རལ་གྱིས་རྣམ་པར་གནོན་པར་བྱ་བ་ནི། ཕས་ཀྱི་རྒོལ་བ་ཐམས་ཅད་སྨ་དབབ་པའི་ཕྱིར་ཏེ། ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡིད་དུ་འོང་བར་ཡང་གྱིས་ཤིག། ཡིད་དུ་མྱི་འོང་བར་ཡང་གྱིས་ཤིག། སྨད་དུ་མྱེད་པར་ཡང་གྱིས་ཤིག། སྨད་དུ་ཡོད་པར་ཡང་གྱིས་ཤིག། གསོཡོད་པ། བཅོམ ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡིད་དུ་འོང་བ་ལགས། ཇི་ལྟར་ན་ཡིད་དུ་མྱི་འོང་བ་ལགས། ཇི་ལྟར་ན་སྨད་དུ་མ་མཆིས་པ་ལགས། ཇི་ལྟར་ན་སྨད་དུ་མཆིས་པ་ལགས།། བཀའ་སྩ་ལད་པ། ་ཡིད་དུ་འོང་བར་བྱ་བ་ནི་ཡོན་ཏན་གྱིས་ཕྱུག་པའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་ཐུགས་སུ་བྱོན་པའོ།། ཡིད་དུ་གྱི་འོང་བ་ནི་མངོན་པར་ཤེས་པ་ཐམས་ཅད་ཀྱིས་རྣམ་པར་འཕྲུལ་བའི་ཕྱིར། བདུད་ཐམས་ཅད་ཀྱི་ཡིད་དུ ་མྱི་འོང་བའོ།། སྨད་དུ་མྱེད་པ་ནི་ལུས་དང་། ངག་དང་། ཡིད་ཡོངས་སུ་དག་པའི་ཕྱིར་རོ།། སྨད་དུ་ཡོད་པ་ནི་མྱི་དགེ་བའི་ཆོས་ཐམས་ཅད་ལ་སྨོད་པའི་ཕྱིར་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ ་བས་ན་མ་བྱུང་བ་རྣམས་ལ་མམ་འབྱིན་ཅིག། མཱམ་བྱུ་བ་རྣམས་མ་པྱང་ཙིག། ཡེ་ཤེས་ཚོལ་ཅིག། ཡེ་ཤེས་ཀྱི་བྱ་བ་ལ་དཀའ་བ་མ་བྱེད་ཅིག།། གས་ཡོད་པ། བཅོམ་ལྡན་འདས་ཇི་ལྟར་ན། ་བྱང་ཆུབ་སེམས་དཔའ་མ་བྱུང་བ་རྣམས་ལ་མ་མྱི་འབྱིན་པ་ལག། ས། ཇི་ལྟར་ན་མམ་བྱུང་བ་རྣམས་ལ་མ་འབྱིན་པ་ལགས། ཇི་ལྟར་ན་ཡེ་ཤེས་ཚོལ་བ་ལགས། ཇི་ལྟར་ན་ཡེ་ཤེས་ཀྱི་བཀྱི ་བ་རྣམས་ལ་མྱི་དཀའ་བ་ལགས།། བཀའ་སྩལ་ད་པ། མབྱུ་བ་རྣམས་ཤེས་བྱ་བ་ནི། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་སྟེ། དེ་ལ་མ་བྱུང་བར་མྱི་བྱའོ།། རྨམ་བྱུང་བ་རྣམས་ཤེ ་བྱ་བ་ནི། སོ་སོའི་སྐྱེ་བོ་ཐམས་ཅད་དེ། དེ་དག་ནི་རྨ་དབྱུང་བར་བྱའོ།། ཡེ་ཤེས་བཙལ་བར་བྱ་བ་ནི་ཟད་པ་དང་། མྱི་སྐྱེ་བ་ཤེས་པའོ།། ཡེ་ཤེས་ཀྱི་བྱ་བ་ལ་དགའ་བར་མྱི་བྱ་བ་ནི། འདུས་མ་བྱས་སུ་ལྟུང་བར ་མྱི་བྱ་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། མཉམ་པར་གཞག་པར་གྱིས་ཤིག། སེམས་རྣམ་པར་གཡེང་བར་ཡང་གིས་ཤིག། སེམས་མྱི་གནས་པར་ཡང་ཀྱིས་ཤིག། རྟག་ཏུ་སྙོམས་པར ་ཞུགས་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་མཉམ་པ་གཞག་པ་ལག་ཇི་ལྟར་ན་སེམས་རྣམ་པར་གཡེང་བར་བགྱིད་པ་ལགས། ཇི་ལྟར་ན་སེམས་མྱི ་གྲནས་པ་ལགས། ཇི་ལྟར་ན་རྟག་ཏུ་སྙོམས་པར་འཇུག་པ་ལགས།། བཀའ་ས་ཨང་པྲ། མཉམ་པར་གཞག་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་སོ།། སེམས་རྣམ་པར་གཡེང་བར་བྱ་བ་ནི། ཉན་ཐོས་ཀྱི་སེམས་ལས་སོ།། ་མྱི་གནས་པ་ནི་དེ་ལ་མ་ཆགས་པའི་ཕྱིར་རོ།། རྟག་ཏུ་སྙོམས་པར་ཞུགས་པ་ནི། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་ཕྱིར་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་བསྲེག་པར་བྱ་བ་ནི་སྲེགས་ཤིག། ་ཚིག་པ་ནི་སྐྱེད་ཅིག། སྐྱེས་པ་ནི་ཟོང་ཤིག། རྣམ་པར་ཕྱེ་བ་ནི་སྡུས་ཤིག། གསོལ་ད་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བསྲེག་པར་བགྱི་བ་ལགས།། ཇི་ལྟམ་ན་ཅིག་ས་ནས་སྐྱེད་པ་ལཀྵ་རི་ལྟ་མ་སྐྱེས་པ་རྣས ་ཇི་ལྟར་ན་རྣམ་པར་སྡེ་བ་རྣམས་སྡུད་པ་ལགས། ཧྲ)འམཎྜལ་དཔ། བསྲེག་པར་བྱ་བ་སྲེག་པ་ནི། ཉོན་མོངས་པ་ཐམས་ཅད་ཤེས་རབ་ཀྱི་མྱིས་སྲེག་པའོ།། ཆོག་པ་སྐྱེད་པ་ནི་ཐབས་ཀྱིས ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་གཟུང་བའོ།། སྐྱེས་ནས་གཏོང་བ་ནི་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་ལ་སཱི་ང་ལས་སུ་བྱའོ།། རྣམ་པར་ཕྱེ་བ་བསྡུ་བ་ཞེས་བྱ་བ་དེ་ནི། ་ཡོངས་སུ་བསྔོ་བའི་ཚིག་བླ་དགས་སོ།། ། རིགས་ཀྱི་བུ་དག་དེ་སྟ་བས་ན་དུས་མ་ཡིན་པའི་དུས་སུ་ཞེས་པར་གྱིས་ཤིག། དུས་དང་དུས་མ་ཡིན་པར་ཤེས་པར་གྱིས་ཤིག། དུས་ད་ང་དུས་མ་ཡིན་པ་ལ་མཁས་པར་ཡང་གྱིས་ཤིག། གསོལ ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔལ་རྣམས་དུས་མ་ལགས་པ་ལ་དུས་སུ་འཚལ་བ་ལགས། ཇི་ལྟར་ན་དུས་མ་ལགས་པར་འཆལ་པ་ལགས། ཇི་ལྟར་ན་དུས་དང་དུས་མ་ལགས་པ་ལ ་མཁས་པ་ལགས།། བཀའ་སཇ་ལ་ད་པ། གང་ཉན་ཐོས་ཀྱིས་ཐོབ་པར་བྱ་བའི་དུས་ནི། བྱང་ཆུབ་སེམས་དཔའི་དུས་མ་ཡིན་ནོ།། ཕ་རོལ་ཏུ་ཕྱིནད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མྱེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི། བྱང་ཆུབ་སེམས་དཔའི་དུས་སོ།། དུས་དང་དུས་མ་ཡིན་པ་ལ་མཁས་པར་བྱ་བ་ནི། དུས་བཞིན་དུ་དགེ་པའི་ར་བ་ཡང་དག་པར་སྒྲུབ་པཱ ་ཕྱིར་དེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་འབྱོར་ད་པ་ནི་ཕྱེ་ཤིག། མ་འབྱོར་ད་པ་ནི་སྦྱོར་ཅིག། འབྱོར་ད་པ་དང་མ་འབྱོར་ད་པ་ལ་ཆགས་པར་ཡང་མ་བྱེད་ཅིག། གསོལ་པ། བཅོམ་ལྡན་འདྲ། ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འབྱོར་པ་འབྱེད་པ་ལགས། ཇི་ལྟར་ནམ་འབྱོར་ད་པ་ནི་སྦྱོར་བ་ལགས། ཇི་ལྟར་ན་འབྱོར་པ་དང་མྱི་འབྱོར་པ་ལ་མ་ཆགས་པ་ལགས།། བཀའ་ས་ལད་པ། འབྱོར་ད་པ་ནི་ཕྱིན ་ཅི་ལོག་བཞི་འཁོར་བའི་འདམ་དང་འབྱོར་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་དབྱེ་བར་བྱའོ།། མ་འབྱོར་ད་པ་ནི་མྱ་ངན་ལས་འདས་པའི་ཚུལ་བཞིན་ཡིད་ལ་བྱ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའས་སྦྱར་བར་བྱའོ།། ་འབྱོར་ད་པ་དང་མ་འབྱོར་ད་པ་ལ་ཆགས་པར་མྱི་བྱ་བ་ནི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྤྱོད་པ་དང་། སོ་སོའི་སྐྱེ་བོའི་སྤྱོད་པ་ལ་མ་ཆགས་པར་བྱ་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། དབུགས ་ཕྱིན་པ་རྣམས་ནི་དབུགས་མ་དབྱུང་ཤིག། དབུགས་མ་ཕྱི་ནད་པ་ན། རྣམས་ནི་དབུགས་ཕྱུང་ཤིག། གསོལྡ་པ། བཅོམ་ལྡན་འད།། ས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དབུགས་མྱི་འབྱིནད་པ་ལགས ་ཇི་ལྟར་ན་དབུགས་མ་ཕྱིནད་པ་རྣམས་དབུགས་འབྱིན་པ་ལགས་བཀའ་སྩལ་ད་པ། དབུགས་ཕྱིན་པ་རྣམས་དབུགས་དབྱུང་བ་ནི། ཡོངས་སུ་སྨྱིན་པའི་སེམས་ཅན་རྣམས་ཡོངས་སུ་སྦྱིནད་པར་མྱི་བྱའོ། ་དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་ནི། ཡོངས་སུ་མ་སྦྱིན་པའི་སེམས་ཅན་རྣམས་ཡོངས་སུ་སྦྱིནད་པར་བྱ་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་མ་བྱུང་བར་ཡང་གྱིས་ཤིག། མ་སྦས་པར་ཡང་གྱིས ་ཤིག། རྨ་བྱུང་བ་རྣམས་ནི་སོས་པར་གྱིས་ཤིག། མམ་བྱུང་བ་རྣམས་ནི་རྨ་མ་དབྱུང་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་མའབྱིན་པ་ལགས། ཇི་ལྟར་ན་མ་སྦས་པ་ལགས ་ཇི་ལྟར་ན་མ་བྱུང་བ་རྣམས་གསོའ་བ་ལགས།། ཇི་ལྟར་ན་རྨ་མ་བྱུང་བ་རྣམས་རྨ་མྱི་འབྱིན་པ་ལགས།། བཀའ་སཎྜལྡ་པ། མང་བྱུང་བ་ནི་ཡན་ལག་དང་། ཉིང་ལག་ཡོངས་སུ་གཏང་བའི་ཕྱིར་རོ།། མ་སྨས་པར་བྱ་བ་ནི་སེམས་ཀྱིས ་སོ། མབྱུང་བ་རྣམས་གསོ་བ་ནི་ལྟུང་བ་བྱུང་བ་རྣམས་ཆོས་བཞིན་དུ་བཅོས་པའོ།། མམ་བྱུང་བ་མ་མྱི་འབྱུང་བ་ནི་སྲོག་གི་ཕྱིར་ཡང་བསླབ་པ་ལས་འགལ་བར་མྱི་བྱ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཉེ་བར་འཆེ་བ ་མྱེད་པར་ཡང་གྱིས་ཤིག། སེམས་ཅན་ཐམས་ཅད་ཉེ་བར་འགྲོ་བར་ཡང་ཀྱིས་ཤིག། མ་བསྔགས་པ་རྣམས་ཀྱང་སྒྲོགས་ཅིག། བསྔགས་པ་རྣམས་ཀྱང་ཆུང་ལ་ཀཱ་ཟན་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་སྐམ་ན། བྱང་ཆུབ་སེས ་དཔའ་རྣམས་ཉེ་བར་འཚོ་བ་མ་མཆིས་པ་ལགས། ཇི་ལྟར་ན་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་ལགས། ཇི་ལྟར་ར་བསྔགས་པ་སོགས་པ་ལགས། ཇི་ལྟར་ན་བསྔགས་པ་ཆུང་མྱི་གཟོན་པ་ལགས།། བཀའ་བ་ལ་ད་པ། 1 ་བར་འཆོར་མྱེད་པ་ནི་བདུད་དང་། མུ་སྟེགས་ཅན་ཐམས་ཅད་ཀྱིས་ཀླ། དས་མྱི་རྙེད་པའོ།། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་ནི། དཔག་པ་སེམས་ཀྱི་ཞིང་ལྟ་བུའོ།། མ་བསྔགས་པ་བཆགས་པ་ནི། དགེ་བའི ་བ་བསྐྱེད་པའི་ཕྱིར་རོ།། བསྔགས་པ་ཆུད་མྱི་གཟན་པ་ནི་དགེ་བའི་སེམས་སྐྱེས་སོ་ཅོག། བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་སྟེ། དེ་ནི། ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་སྟོབས་ཆུང་བར་ཡང་གྱིས ་ཤིག། སྟོབས་དང་ལྡན་པར་ཡང་གྱིས་ཤིག། རྟེན་མྱེད་པར་ཡང་གྱིས་ཤིཀ། དཔུང་གཉེན་མྱེད་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སྟོབས་ཆུང་བ་ལགས ་ཇི་ལྟར་ན་སྟོབས་དང་ལྡན་པ་ལགས། ཇི་ལྟར་ན་རྟེན་མ་མཆིས་པ་ལགས། ཇི་ལྟར་ན་དཔུང་གཉེན་མ་མཆིས་པ་ལགས།། བཀལས་ལད་པ། སྟོབས་ཆུང་ངུ་བྱ་བ་ནི་གནོད་པར་བྱེ་བ་རྣམས་ལ་ལན་གྱི་བྱ་འོ།། སྟོབས་དང་ལྡན ་བ་ཞེས་བྱ་བ་ནི། ཕན་པར་མྱི་བྱེད་པ་རྣམས་ལ་བཟོད་པས་ཕན་གདགས་པའོ།། རྟེན་མྱེད་པར་བྱ་བ་ནི་སོ་སོ་རང་གིས་ཤེས་པས་སོ།། དཔུང་གཉེན་མྱེད་པར་བྱ་བ་ནི་གཞན་གྱི་དྲིང་མྱི་འཇོག་པ་སྟེ། དེ་ནི་ཚུལ་ལོ།། རིགས ་ཀྱི་བུ་དག་དེ་ལྟ་བས་ན་དང་བ་དག་ནི་རྙོག་པ་ཅན་དུ་གྱིས་ཤིག། རྙོག་པ་ཅན་དག་ནི་དང་བར་གྱིས་ཤིག། རྙོག་པ་མྱེད་པར་ཡང་ཀྱིས་ཤིགང་། རྟག་ཏུ་དང་བར་ཡང་ཀྱིས་ཤིག། གསོལ་ད་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ ་སེམས་དཔའ་རྣམས་དང་བ་དག་རྙོག་པ་ཅན་དུ་བགྱིད་པ་ལགས། ཇི་ལྟར་ན་རྙོག་པ་ཅན་དག་ནི་དང་བར་བགྱིད་པ་ལགས། ཇི་ལྟར་ན་རྙོག་པ་མ་མཆིས་པ་ལགས། ཇི་ལྟར་ན་རྟག་ཏུ་དང་བ་ལགས།། བཀའ ་སཿལད་པ། དང་བདག་རྙོག་པ་ཅན་དུ་བྱ་བ་ནི་བར་གཞག་པའ་སེམས་ལ་དགེ་བའི་ཆ་བ་དག་གིས་སྐོམ་པའོ།། རྙོག་པ་ཅན་དག་དང་བར་བྱ་བ་ནི། ཉོན་མོངས་པས་རྙོགས་པའི་སེམས། བྱང་ཆུབ་ཀྱི་སེམས་སུ་དང་བར་བྱའོ། ་རྙོག་པ་མྱེད་པར་བྱ་བ་ནི། ཉོན་མོངས་པ་ཐམས་ཅད་བསལ་བའོ།། རྟག་ཏུ་དང་བར་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་སེམས་དང་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ལུགས་ལས་བཟློག་པར་འཇུག ་པར་ཡང་གྱིས་ཤིག། ལུགས་བཞིན་དུ་ཡང་སྤོབས་ཅིག། སྤྱིའུ་ཚུགས་ཀྱི་རྒྱུད་ཀྱང་ཤེས་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ལུགས་ལས་བཟློག ་པར་འཇུག་པ་ལགས། ཇི་ལྟར་ན་ལུགས་བཞིན་དུ་སློབ་པ་ལག། ས། ཇི་ལྟར་ན་སྱིའུ་ཚུགས་ཀྱི་རྒྱུད་འཚལ་བ་ལགས། བཀའ་སརྦ་ལད་པ། ལུགས་ལས་བཟློག་པར་འཇུག་པར་བྱ་བ་ནི། བྱིས་པ ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་སྤྱོད་པ་ལས་ཕྱིར་ལོག་པའོ།། ལུག་ས་བཞིན་དུ་སློབ་པ་ནི། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ལའོ།། སྤྱིའུ་ཚུགས་ཀྱི་རྒྱུད་ཤེས་པར་བྱ་བ་ནི། འདུ་ཤེས ་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལོག་སྟེ། འདོད་པའི་ཁམས་སུ་སྣང་བར་བྱ་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་བདུད་རྩི་དང་། དུག་ཏུ་མ་འདྲེས་པར་གྱིས་ཤིག། དུག་མྱེད ་པ་རྣམས་དང་མ་སྟེནད་ཅིག། དུག་དང་ལྡན་པ་རྣམས་ལ་བདུད་རྩིའི་སྦྱིན་པ་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་བདུད་ཅི་དའདུག་ཏུ་མ་འདྲེས་པ་ལགས། ཇི་ལྟར ་ན་དུག་མ་མཚས་པ་རྣམས་དང་མྱི་སྟེན་པ་ལགས། ཇི་ལྟར་ན་དུག་དང་ལྡན་པ་རྣམས་ལ་བཅུད་ཅིའི་སྦྱིན་པ་བགྱིད་པ་ལགས།། བཀའ་སཿལ་པ། བདུད་ཅིཙི་ཞེས་བྱ་བ་ནི་བག་ཡོད་པའོ།། དུག་ཅེས་བྱ་བ་ནི་བག་མྱེད་པའི ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་བཀ་ཡོད་པར་བྱ་ཞིང་། བག་མྱེད་པའི་སེམས་ཅན་དང་མ་འདྲེས་པར་བྱའོ།། དུག་མྱེད་པ་རྣམས་ཤེས་བྱ་བ་ནི་ཉན་ཐོས་རྣམས་ཏེ། དེ་དག་དང་སྟེན་པར་མྱི་བྱའོ།། དུག་དང་ལྡན་པ་ཞེས། ་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཏེ། དེ་དག་ལ་བདུད་མི་བསྟན་པར་བྱ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་མངོན་པར་དགའ་བར་བྱ་བ་ལ་ནི། མངོན་པར་དཀའ་བར་མ་བྱེད་ཅིག། མངོན་པར་དགའ་བར་མྱི་བྱ ་ཡ་ནི་མངོན་པར་དཀའ་བར་གྱིས་ཤིག། དགའ་བ་དང་འདོད་ཆགས་དང་ལྡན་པ་མ་ཡང་གྱིས་ཤིག། དགའ་བ་དངའདོད་ཆགས་ཡོངས་སུ་གཅད་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ ་སེམས་དཔའ་རྣམས་མངོན་པར་དཀའ་བར་བགྱི་བ་ལ་མངོན་པར་གྱིབགྱིད་པ་ལགས། ཇི་ལྟར་ན་མངོན་པར་དཀའ་བར་མྱི་བགྱི་བ་ལ་མ་དོན་པར་བགྱིད་པ་ལགས། ཇི་ལྟར་ན་དཀའ་བ་དཔའདོད་ཆགས་དང ་ལྡན་པ་ལགས། ཇི་ལྟར་ན་དགའ་བ་དང་འདོད་ཆགས་ཡོངས་སུ།། གཅོད་པ་ལགས།། བཀའ་སཎྜལ་དཔ། མངོན་པར་དཀའ། བ་ཞེས་བྱ་བ་ནི་ངར་འཛིནད་པ་དང་། ངིའིར་འཛིནད་པ་སྟེ། དེ ་དག་ལ་མངོན་པར་དགའ་བར་མྱི་བྱའོ།། མངོན་པར་མྱི་དཀའ་བ་ནི་བདུད་རྣམས་ཀྱིས། སངས་རྒྱས་ཀྱི་ཡེ་ཤེས་ལ་སྟེ། དེ་ལ་མངོན་བར་དགའ་བར་བྱའོ།། དགའ་བ་དང་འདོད་ཆགས་དང་ལྡན་པར ་བྱ་བ་ནི་འཁོར་བ་སྲེད་པ་མི་ཟླ་ཟིན་པའོ།། དཀའ་བ་དང་འདོད་ཆགས་ཡོངས་སུ་གཅད་པ་ནི་འགོག་པ་ཡོངས་སུ་ཤེས་པར་བྱ་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། བཅིང་བུས་བཙོངས ་པཱར་ཡང་ཀྱིས་ཤིག། བཅིང་བས་བཅིངས་པ་རྣམས་ཀྱང་ཞོལ་ཅིག། གྲོལ་བ་རྣམས་ལའང་བསྙེན་བཀུར་གྱིས། མ་གྲོལ་བ་རྣམས་ཀྱི་རྗེས་སུ་འབྲང་བར་ཡང་ཀྱིས་ཤིག། གསོལ་པ། བཅོམ་ལྡན་འདས། ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བཅིང་བས་བཅིངས་པ་ལགས། ཇི་ལྟར་ན་བཅིངས་པ་རྣམས་འགྲོལ་བ་ལགས་ཇི་ལྟར་ན་གྲོལ་བ་རྣམས་ལ་བསྙེན་བཀུར་བགྱིད་པ་ལགས། ཇི་ལྟར་ན་མ་གྲོལ་བ ་རྣམས་རྗེས་སུ་འབྲང་བ་ལགས།། བཀའ་ས་ལད་པ། བཅིང་བས་བཅིངས་པར་བྱ་བ་ནི། བསླབ་པའི་བཅིང་བས་སོ།། བཅིངས་པ་འགྲེལ་པ་ནི་སྲེད་པའི་བཅིང་བ་ལས་སོ།། གྲོལ་བ་ཛྲས ་ལ་བསྙེན་བཀུར་བྱ་བ་ནི། ཉན་ཐོས་དང་། རང་སངས་རྒྱས་རྣམས་ལའོ།། མ་གྲོལ་བ་རྣམས་ཀྱི་རྗེས་སུ་འབྲང་བར་བྱ་བ་ནི། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡོངས་སུ་སྦྱིན་པར་བྱ་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི ་བུ་དག་དེ་ལྟ་བས་ན་འདོད་པར་བྱ་བ་རྣམས་ལ་ནི་འདོད་པར་གྱིས་ཤིག། འདོད་པ་མྱི་བྱ་བ་རྣམས་ལ་ནི་འདོད་པར་མ་བྱེད་ཅིག། འདོད་པ་དང་བྲལ་བར་ཡང་གྱིས་ཤིག། གསོལ་ད་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང ་ཆུབ་སེམས་དཔའ་རྣམས་འཚལ་བར་བགྱི་བ་རྣམས་འཚལ་བ་ལགས་ཇི་ལྟར་ན་འཚལ་བར་མྱི་བགྱི་བ་རྣམས་མྱི་འཚལ་བ་ལགས་ཇི་ལྟ་ར་ན་འཚལ་བ་དང་བྲལ་བ་ལགས།། བཀའ་སཿལ་པ། བྱང ་ཆུབ་སེམས་དཔའི་འདོད་པར་མྱི་བྱ་བ་ནི། ཉན་ཐོས་དང་། རང་ས།། ངས་རྒྱས་ཐམས་ཅད་དེ། དེ་དག་ལ་འདོད་པར་མྱི་བྱའོ།། ལྷའོ།། དང་བཅས་པའི་འཇིག་རྟེན་གྱི་འདོད་པར་བྱ་བ་ནི། སངས་རྒྱས་བཙོ ་ལྡན་འདས་རྣམས་ཏེ། དེ་དག་ལ་འདོད་པ་མྱི་བྱའོ།། འདོད་པ་ད་ད་བྲལ་བར་བྱ་བ་ནི། བརྒྱ་བྱིན་དང་། ཚངས་པར་སྐྱེ་བ་ལ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། ཇི་ཙམ་དུ་ཆུང་བའི ་ས་བོན་ལའང་མ་བརྙས་ཤིག། ཞིང་ཚད་མྱེད་པ་ལ་ཡང་མོས་པར་གྱིས་ཤིག། འཐོབ་པ་ཆེན་པོ་ན་མེ་སྦུབ་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ད། བྱང་ཆུབ་སེམས་དཔའ་རྣམས་ཇི་ཙམ་དུ་ཆུང་བའི་ས ་ཐོན་ལ་ཡང་བརྙས་པར་མྱི་བགྱིད་པ་ལགས། ཇི་ལྟར་ན་ཞིང་ཚད་མ་མཆིས་པ་ལ་ཡང་མོས་པ་སགས། ཇི་ལྟར་ན་འཐོབ་པ་ཆེན་པོ་མྱི་སྒྲུབ་པ་ལགས། བཀལུ་སཿལད་པ། ཇི་ཙམ་དུ་ཆུང་བའི་ས་འོ་ན་ཞེས་བྱ་བ་ནི ་ཅི་ཙམ་དུ་ཆུང་བའི་དགེ་བའི་ཆ་བ་སྟེ། དེ་ལ་བརྙས་པར་མྱི་བྱའོ།། ཞིང་ཚད་མྱེད་པ་ལ་ཡང་མོས་པར་བྱ་བ་ནི། སངས་རྒྱས་ལ་ཕུལ་བའི་སྦྱིན་པ་ཚད་མྱེད་པ་ལ་མོས་པར་བྱའོ།། འཐོབ་པ་ཆེན་པོ་མྱི་སྒྲུབ་པ་ནི་སེམས ་ཅན་ཐམས་ཅད་ལ་སྦྱིན་པའི་ཕྱིར་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆགས་པ་རྣམས་ནི་ཁོང་དུ་ཆུད་པར་གྱིས་ཤིག། ཆགས་པ་རྣམས་ལ་ནི་སྤྱོད་ཅིག། ཆགས་པ་ས་ཞེན་པ་རྣམས་ལ་ནི་ལྟོས་ཤིག། ཆགས་པ ་མྱེད་པར་ནི་མ་སྲུང་ཞིག། གསོལྡ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཆགས་པ་རྣམས་འཚལ་བ་ལགས། ཇི་ལྟར་མ་ཆགས་པ་རྣམས་ལ་པྱོད་པ་ལགས། ཇི་ལྟར་མཆགས་པ ་ཞེན་པ་རྣམས་ལ་ལྟ་བ་ལགས། ཇི་ལྟར་ན་ཆགས་པ་མ་མཆིས་པ་ཉིད་དུ་མྱི་ལྟུང་བ་ལགས།། བཀའ་ས་སད་པ། ཆགས་པ་ཞེས་བྱ་བ་ནི་ཐེག་པ་དམན་པ་ལ་འདོད་པ་དང་། ཁོང་ཁྲོ་བའི་སེམས་ཏེ། དེ་གཉིས་ནི་བྱང ་ཆུབ་སེམས་དཔའ་སྲུང་བར་བྱའོ།། ཆགས་པ་རྣམས་ལ་སྱད་པ་ནི་འདོད་པ་དང་། གཟུགས་དང་གཟུགས་མྱེད་པ་རྣམས་སུའོ།། ཆགས་པ་མྱེད་པ་ཉིད་དུ་མྱི་ལྟུང་བ་ནི་མངོན་པར་འདུ་བྱ་བ་མྱེད་པ་སྟེ། དེ་ནི ་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡང་བར་ཡང་ཀྱིས་ཤི། ཀ། ཁུར་ཆེན་པོ་ཡང་ཁྱེར་ཅིག། མ་བླངས་པ་ནི་མ་ལེནད་ཅིག། བླངས་པ་ནི་ཉམས་འོག་ཏུ་ཆུད་པར་གྱིས་ཤིག། གསོལ་པ ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡང་བ་ལ་ཀས། ཇི་ལྟར་ན་ཁུར་ཆེན་པོ་ཁྱེར་བ་ལགས། ཇི་ལྟར་ན་མ་བླངས་པ་མྱི་ལེན་པ་ལགས། ཇི་ལྟར་ན་བླངས་པ་ཉམས་འོག་ཏུ་ཆུད་པར་བགྱི ་པ་ལགས། བཀའ་ས་ཡད་པ། ཡང་བར་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་དོ།། ཞུར་ཆེན་པོ་བཀུང་བ་ནི་སེམས་ཅན་ཐམས་ཅད་དོ།། མ་བླངས་པ་མྱི་བླང་བ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པའོ།། བླངས ་པ་ཉམས་འོག་ཏུ་ཆུད་པར་བྱ་བ་ནི་ཐེག་པ་ཆེན་པོ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་སྨད་པར་ཡང་ཀྱིས་ཤིག། བསྟོད་པར་ཡང་གྱིས་ཤིག། ཉེ་བར་སྟེན་པར་ཡང་གྱིས་ཤིག། སྤང་བར་ཡང་གྱིས་ཤིག། ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སྨད་པ་ལགས། ཇི་ལྟར་ན་བསྟོད་པ་ལགས། ཇི་ལྟར་ན་ཉེ་བར་སྟེན་པ་ལགས། ཇི་ལྟར་ན་སྤང་བ་ལགས།། བཀའ་སཎྜལ་ད་པ། སྨད་པ ་མྱི་དགེ་བའི་ཆོས་ཐམས་ཅད་སྤང་བའོ།། སྟོད་པ་ནི་དགེ་བའི་ཆོས་ཐམས་ཅད་སྟོང་པའོ།། བསྟེན་པ་ནི་འཕགས་པའི་ལམ་མོ།། སྤངས་པ་ནི་མྱི་དགེ་བའི་ཕྱོགས་ཀྱི་ལམ་ཐམས་ཅད་དེ། དེ་ནི་ཚུལ་ལོ།། ་རིགས་ཀྱི་བུ་དག་དེ་ལྟ་བས་ན་གྲོང་དང་གྲོང་ཁྱེར་དང་། ཡུལ་དང་ཕོ་བྲང་འཁོར་དག་ཏུ་ནི། བསམ་གཏན་གྱི་སྟོབས་སྟོན་ཅིག། དགོན་པ་དང་བས་མཐའ་རྣམས་སུ་ནི་ཉོན་མོངས་པ་ཆུང་བར་སྟོན་ཅིག། གསོལ་པ། བཅོམ ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གྲོང་དང་གྲོང་ཁྱེར་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་རྣམས་སུ་བསམ་གཏན་གྱི་སྟོབས་སྟོནད་པ་ལགས། ཇི་ལྟར་ན་དགོན་པ་དང་བས་མཐའ་རྣམས་སུ་ཉོན་མོངས་པ་ཆུང་བར ་སྟོནད་པ་ལགས། བཀའ་སཎ་ལད་པ། གྲོང་དང་གྲོང་ཁྱེར་དང་ཡུལ་འཁོར་དང་། ཕོ་བྲང་འཁོར་དག་ཏུ་ཕྱི་ནད་པ་ན་གཟུགས་དང་། སྒྲ་དང་། དཱི་དང་། རོ་དང་། རེག་བྱ་རགས་པ་དག་སྣང་བར་འགྱུར་ཏེ། དེ ་དག་ནི་བསམ་གཏན་གྱི་སྟོབས་ཀྱིས་གནན་པར་བྱའོ།། དགོན་པ། དང་བས་མཐའ་རྣམས་ན་འདུག་པོའི་ཚེ། ཉོན་མོངས་པ་གང་དག་སྐྱེ་བར་འགྱུར་བ་དེ་དག་ནི། དབེན་པའི་ཡོན་ཏན་གྱིས་གནན་པར་བྱ་སྟེ། ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆུའི་ནང་ན་ཡང་འདུག་པར་གྱིས་ཤིག། རྟག་པར་སྐོམ་པར་ཡང་གྱིས་ཤིག། སྐོམ་པ་ཡང་སོལ་ཅིག། སྐོམ་པ་མྱེད་པར་ཡང་མ་བྱེད་ཅིག། གསོལ་པ ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཆབ་ཀྱི་ནང་ན་ས་མཆིས་པ་ལགས། ཇི་ལྟར་ན་རྟག་ཏུ་སྐོམ་པ་ལགས། ཇི་ལྟར་ན་སྐོམ་པ་བསལ་བ་ལགས། ཇི་ལྟར་ན་སྐོམ་པ་མ་མཆིས་པར་མྱི་བགྱིད་པ་ལ་ག ་བཀའ་སྩལ་ད་པ། ཆུའི་ནང་ན་འདུག་པར་བྱ་བ་ནི་ཆོས་ཀྱི་ཚུལ་གནས་པར་བྱའོ།། རྟག་པར་སྒོམ་པར་བྱ་བ་ནི་ཆོས་ཀྱིས་སྐོམ་པར་བྱའོ།། སྐོམ་པ་བསལ་བ་ནི་ཆོས་ཀྱིས་ཆོས་ཀྱི་བྱ་བ་སྒྲུབ་པའོ།། སྐོམ་པ་མྱེད ་པར་མྱི་བྱ་བ་ནི་འདུས་མ་བྱས་སུ་ལྷུང་བར་མྱི་བྱ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། གཅིག་པུ་གྲོགས་མྱེད་པར་ཡང་ཀྱིས་ཤིཀ། གཡོག་མང་པོ་དང་འཁོར་མང་པོ་དང་ལྡན་པར་ཡང་ཀྱིས ་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས། གཅིག་པུ་གྲོགས་མ་མཆིས་པར་ཡང་བགྱིད་པ་ལགས། ཇི་ལྟར་ན་གཡོག་མང་པོ་དཔའ་ཁོར་མང་པོ་དང་ལྡན་པ་ལགས ་བཀའ་སྩལ་ད་པ། གཅིག་པུ་གྲོགས་མྱེད་པར་བྱ་བ་ནི་དགེ་བའི་ཚ་བ་ཐམས་ཅད་ཡང་དག་པར་སྒྲུབ་པ་ལའོ།། གཡོག་མང་པོ་དང་ལྡན་པར་བྱ་བ་ནི། དགེ་བའི་ར་བ་དེ་དག་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་བྱའོ།། ་འཁོར་མང་པོ་དང་ལྡན་པར་བྱ་བ་ལ་འཁོར་མང་པོ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་ཕྱོགས་པའི་ཆོས་ཕྱོགས་འདི་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་གྲོལ་བར་ཡང་གྱིས་ཤིག། བཙོན་རར་ཆུད་པར་ཡཱ ་ཀྱིས་ཤིག། ཕ་རོལ་ཏུ་ཕྱིནད་པར་ཡང་ཀྱིས་ཤིག། ཆུ་བོ་ཆེན་པོ་འི་ནང་དུ་ཡང་འདུག་པར་ཡང་ཀྱིས་ཤིག། གསོལ་དཔ། མ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གྲོལ་བ ་ལགས། ཇི་ལྟར་ན་བཙོན་རང་ཆུད་པ་ལགས། ཇི་ལྟར་ན་པ། རོལ་ཏུ་ཕྱིནད་པ་ལགས། ཇི་ལྟར་ན་ཆུ་བོ་ཆེན་པོའི་ནང་ན་ཀན་པ་ལགས།། བཀའ་ས་ལ་དྲ་པ། གྲོལ་བར་བྱ་བ་ནི་ཉོན ་མོངས་པ་དང་བདུད་ཀྱི་བཅིང་བ་ཐམས་ཅད་ལས་སོ།། བཙོན་རང་ཆུད་པར་ཡང་བྱ་བ་ནི་བསམས་བཞིན་དུ་སྐྱེ་བ་རྣམས་སུའོ།། ཕ་རོལ་ཏུ་ཕྱིནད་པར་ཡང་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སྐད ་ཤེས་པ་ལའོ།། ཆུ་བོ་ཆེན་པོའི་ནང་ན་གནས་པར་ཡང་བྱ་བ་ནི། ཆུ་བོ་བཞིས་ཁྱེར་བའི་སེམས་ཅན་སྒྲོལ་བའི་ཕྱིར་ཏེ། དེ་ན་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟར་བས་ན་ཚད་ཡོད་པ་ཡང་སོ་སོར་རྟོགས་པར་གྱིས ་ཤིག། ཚད་བྱེད་པ་ཡང་མཉམ་པ་ཉིད་དུ་འོང་དུ་ཆུད་པར་གྱིས་ཤིག། གསོལང་པ། བཅོམ་ལྡན་འདས་ཇི་ལྟར་མ་བྱང་ཆུབ་སེམས་དཔའ་རྣམས་ཚད་མ་མཆིས་པ་ལ་ཡ་སོ་སོར་རྟོག་པ་ལགས། ཇི་ལྟར་ན་ཚད ་མ་མཆིས་པ་ཡང་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སལྡ་པ། རིགས་ཀྱི་བུ་དག་ཚད་ཡོད་པ་ཞེས་བྱ་བ་ནི་འདུས་བྱས་སོ།། ཚད་མྱེད་པ་ཞེས་བྱ་བ་ནི་འདུས་མ་བྱས ་དེ་ལ་བྱང་ཆུབ་སེམས་དཔའས་འདུས་བྱས་ཀྱང་སྤང་བར་མྱི་བྱ་སྟེ། འདུས་བྱས་སུ་རྟོགས་པའི་ཉོན་མོངས་པ་རྣམས་དང་ཡང་འགྲོགས་པར་མྱི་བྱའོ།། འདུས་མ་བྱས་ལ་ཡང་བརྟག་པར་བྱ་སྟེ། སྐྱོན ་མྱེད་པར་ཡང་འཇུག་པར་མྱི་བྱའོ།། འདུས་བྱས་དང་འདུས་མ་བྱས་གཅིག་པའི་མཚན་ཉིད་དང་ལྡན་པའི་ཞེས་རབ་ཀྱིས། བྱང་ཆུབ་ཀྱི་སྙིང་པོར་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་སྟེ། དེ་ནི་ཚུལ ་ལོ།། ཚུལ་གྱི་ཚིག་འདི་དག་བསྟན་པའི་ཚེ། ལྷའི་བུ་བརྒྱད་སྟོང་ནི་བྱང་ཆུབ་ཏུ་སེམས་སྐྱེས་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ནི། མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། བཅོམ་ལྡན། ་འདས་ཀྱིས་དེ་སྐད་ཅེས་བཀའ་སཿལད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དེ་དག་དང་། ལྷ་དང་། མྱི་དང་། ལྷ་མ་ཡིན་དང་། དཱི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ།། 2། ཕགས་པ་ཆོས་ཀྱི་ཚུལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའོ།། ། རྫོགས་སྷོ། ་རྒྱ་ཀར་གི་མཁན་པོ་པྲད་ཉེ་བར་མ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེ་ལས་མཚོགས་པས་བསྒྱུར་ད་ཅིང་ཞུས་ཏེ་གཏན་ལ་ཕབ ་