CLOSE WINDOW

Ng2.3: 'phags pa rdo rje rgyal mtshan gyi yongs su bsngo ba
Wyliee-texts produced with BDRC’s OCR application

པ་བདེ་བ་ཅན་གྱི་བཀོད་པ་ཞེས་བྱ་བ། ཐེག་པ་ཆེན་པོའི་མདོའོ། རྫོགས་སྷོ།། @། རྒྱ་གར་སྐད་དུ། ཨཱརྱ་བཛྲ་དཱ་ཛ་པ་རིན་མ་ན།། བོད་སྐད་དུ། འཕགས ་པ་རྡོ་རྗེ་རྒྱལ་མཚན་གྱི་ཡོངས་སུ་བསྔོ་བ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། རྒྱུ་དང་ཀྱི་རྒྱུའི་འཇིག་རྟེན་སྤ་སྲ་དུ།། བྱུང་དང་འབྱུང་བར་འགྱུར་དང་ད་ལྟར་གྱི།། རང་བྱུང ་ཐུབ་དབང་ཐུགས་རྗེ་ལྡན་རྣམས་ལ།། བདག་གིས་བདག་ཀུན་བཏུད་དེ་ཕྱག་བགྱིའོ།། ཆགས་པ་དང་ནི་ཞེ་སྡང་གཏི་མུག་གིས།། བདག་གི་ལུས་དང་ངག་དང་ཡིད་རྣམས་ཀྱིས།། སྲིད་པ་ཉམ་ངར་སྡིག་པ་ནི་བསགས་པ། ་འཞི་པ་དེ་ཀུན་སོ་སོར་བཤགས་པར་འགྱི།། དེ་བཞིན་གཤེགས་ཀྱི་བསོད་ནམས་མཛོད་གང་དང་།། བྱང་ཆུབ་སེམས་དཔའ་ལས་བྱུང་བསོད་ནམས་དང་།། ཀང་ཡང་ཉན་པོས་རྐྱེན་གྱི་ཐེག་ཆེན་དང་།། འཇིག་རྟེན་བསོད་ནམས ་དེ་ལ་ཡང་ཡི་རང་ངོ་།། བྱང་ཆུབ་སྙིང་པོར་ཐོག་མར་གང་སངས་རྒྱས།། པད་མ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ།། སངས་རྒྱས་ཟླ་མྱེད་མཐའ་ཡས་དེ་དག་ལ།། ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ། ་ཕུང་པོ་མ་ལུས་མྱ་ངན་འདས་དབྱིངས་སུ།། གཤེགས་པར་གང་བཞེད་མྱི་དང་ལྷའི་ལྷ།། མགོན་དེ་དག་ལ་འཇིག་རྟེན་སྨན་སླ། པདྨ།། བཞུགས་དང་སངས་རྒྱས་སྐུ་དོདན་མཛད་པར་གསོལ། ་ཕྱག་འཚལ་བ་དང་བཤགས་པའི་བསོད་ནམས་དང་།། བསྐུལ་བ་དང་ནི་གསོལ་བ་གདབ་པ་དང་།། དེ་བཞིན་ཡི་རང་བསོད་ནམས་ཅི་མཆིས་ཏེ།། བྱང་ཆུབ་དམ་པ་མཆོག་ཏུ་བསྔོ་བར་བགྱི།། བདག ་ནིབསོད་ནམས་བསགས་པ་འདིས་རྟག་ཏུ།། བྱང་ཆུབ་སེམས་ནི་བརྗེད་པར་མ་གྱུར་ད་ཅིག། རྟག་ཏུ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། དགེ་བའི་བཤེས་རྣམས་མཉེས་པར་བྱེད་གྱུརྡ་ཅིང་།། མྱི་ཁོམ་གནོད ་པ་བརྒྱད་ནི་སྤོང་བར་ཤོག། བཟོད་དང་ལྡན་ཞིང་མཚན་ཀྱིས་ལུས་བརྒྱན་པའོ།། རྟག་ཏུ་སྐྱེ་དྲན་སེམས་ནི་གྱི་མོངས་དང་།། རབ་དེས་ཕ་རོས་ཕྱིན་ལ་བརྩོན་གྱུར་ད་ཅིག། དབང་ཕྱུག་མྱི་རྗེ་ཆོས་ཀྱི་དབང་ཕྱུག་དང་། ་ཡོན་ཏན་འབྱུང་གནས་ཉིད་ནི་འགྱུར་མྱེད་ཤོག། གཡོག་འཁོར་མང་པོ་མཐུན་པར་ལྡན་པ་དང་།། བསམ་པ་མཐུན་ཞིང་རྒྱ་ཆེ་དག་གྱུར་ད་ཅིག། བསོད་ནམས་མྱི་ཟད་ནམ་དག་བློ་ལྡན་དང་།། ཆོ་ག་ཡོན་ཏན་དག་ལ ་དགའ་བར་ཤོག། བསམ་གཏན་མངོན་ཞེས་སོ་སོ་ཡང་དག་རིག། དབང་བཅུ་དག་ལ་བདག་དབང་བགྱིད་ཀྱུར་དཅིག། བྱང་ཆུབ་སེམས་དཔའ་གང་དག་ལམ་རྫོགས་པ།། དེ་དག་སངས་རྒྱས་གོ་འཕང ་རྒྱར་པོ་ཤོག། དེ་ལ་གང་དག་ལས་ཀུན་ས་རྫོགས་པ། དེ་དག་ཚོགས་ཀྱི་དམ་པ་རྙེད་གྱུར་ད་ཅིག། སེམས་ཅན་ཐམས་ཅད་བླན་མྱེད་པའོ།། བྱང་ཆུབ་ཏུ་ནི་སྨོན་ལམ་སྣར་འདེབས་གོག། དེ་ལ་དམ་བཅས་པ་འི ་བརྟན་གྱུར་ད་ཅིང་།། བྱང་ཆུབ་ཐོབ་མྱིན་དོན་གཞན་བྱེད་མ་གྱུར་ད།། ལུས་ཀུན་དབང་པོ་དག་པས་རབ་རྒྱས་ཤིང་།། ནད་མྱེད་རིམས་ནད་མྱེད་ཅིང་མྱ་ངན་བྲལ།། ཚེ་རིང་ཞི་དང་སྒྲ་ནི་ཡིད་འོང་དང་།། སྡིག་ལས ་ལྡོག་ཅིང་དགེ་ལ་འཇུག་གྱུར་ཅིཀེ།། སེར་སྣ་བྲལ་ཞིང་ཟང་ཟིང་མྱེད་ཆོས་ཀྱིས།། རྟག་ཏུ་ཕན་ཚུན་ཕན་འདོགས་བྱེད་པར་ཤོག། གཞན་དུ་སྙིང་རྗེ་དང་ནི་ལྡན་གྱུར་ད་ནས།། འདོད་པ་མྱི་མངའ་བར ་བདེ་བར་གཤེགས་གྱུརདཅིག། འགྲོ་བ་སྡུག་བསྔལ་བྱིང་ལ་ལན་བའི་ཕྱིར།། སངས་རྒྱས་བླ་ན་མྱེད་མཆོག་ཏུ།། རྡོ་རྗེ་རྒྱལ་མཚན་ཡོངས་སྔོའི་རྒྱལ་པོ་གང་།། དེས་ནི་རང་གི་བསོད་ནམས ་ཡོངས་སུ་བསྔོ།། བདེ་གཤེགས་ཀུན་ཏུ་བཟང་དག་མཁྱེནད་པ་དང་།། ཀུན་ཏུ་བཟང་པོའི་བསྔོ་དགེ་ཇི་ལྟ་བ།། དེ་བཞིན་བདག་ཀྱང་ཀུ་ན་ཏུ་བཟང་སྤྱོད་དང་།། རྒྱལ་བ་དམ་པ་ཀུན་ཏུ་བཟང་པོར་ཤོག། ་འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་ཡོངས་སུ་བསྔོ་བ། རྫོགས་སྷོ།། @#།། རྒྱ་ཀར་སྨད་དུ། ཨ་བྱས་པ་ཏ། ཏ་བ་ག་ཏ་པཱུརྦ་པྲ་ཏི་དྱ ་