| Wylie | e-texts produced with BDRC’s OCR application |
1།། རྒྱ་གར་སྐད་དུ། སརྱ་མེའི་ཏྲེ་ཡ་བྱ་ཀ་ར་ན་མ། བོད་སྐད་དུ། འཕགས་པ་བྱམས་པ་ལུང ་བསྟནད་པ། འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ།། ཆོས་ཀྱི་སྡེ་དཔོན་ཁྱབ་བདག་དཔལ།། ཤེས་རབ་ཆེན་པོ་ཤ ་རིའི་བུས་། འཇིག་རྟེན་རྣམས་ལ་སྙིང་བརྩེའི་ཕྱིར།། སྟོནད་པ་ལ་ནི་ཡོངས་ཞུས་པ།། སྔོན་དང་ཕྱི་མོའི་མདོའ་ལས་ནི།། ་མ་འོངས་པའི་ས་ས་རྒྱས་གང་།། འཇིག་རྟེན་འདྲེན་པར་མཛད་པ་པོ།། བྱམས་པ་ཞེས་བྱ་བསྟནད ་པ་དེ།། འདྲེ་ནདཔ་བདག་ནི་དེ་མཐུའ་དང་།། རྫུ་འཕྲུལ་དང་ནི་དོན་ཐམས་ཅད།། རྒྱལ་ལ་རབ་ཏུ་ཉན ་འཚལ་ན།། དེ་ནི་མྱི་མཆོག་བདག་ལ་གསུངས།། དེ་ལ་སྟོནད་པས་བཀའ་སྩལ་དཔ།། སངས་རྒྱས་བྱམས་པ་མྱི་མཆོག་དེའི ་འབྱོར་ད་པ་རྒྱས་པ་ཁྱོད་ལ་ངས།། ལུང་བསྟནད་བྱ་ཡིས་པ་ལས་ཉོན།། དེའི་ཚེ་ན་རྒྱ་མཚོའི་ནི།། ཁོར་ཡུག་ཏུ་ནི་དཔག་ཚད ་བརྒྱ།། སྐམ་པར་གྱུར་ད་ཏེ་དེ་ཡང་ནི།། འཁོར་ལོས་སྒྱུར་བའི་ལམ་བཟངས་ཡིན།། དེ་ཚེ་འཛམ་བུའི་གླིང་འདིར་ཡང་།། ་ཆུ་ཞེང་བ་གྲུ་མཉམ་པར་ཡང་།། དཔག་ཚད་སྟོང་ཕྲག་བཅུ་པསྟེ།། འཐུང་པོ་ཀུན་གྱི་གནས་སུ་འགྱུར།། དེའི་ཆེན་ཡུལ་གྱི་མྱི།། དར་ཅིང་འབྱོར་དལ་ཆགས་པ་མྱེད།། འཚེ་མྱེད་མྱིནི་དེ་དག་ཀྱང་། ་དགེ་བ་བྱེད་པ་དག་ཏུ་འགྱུར།། ས་གཞི་ཚེར་མ་མྱེད་པ་དང་།། མཉེན་ཞིང་ནེའུ་སིང་སྔོ་དང་ལྡན།། འཕར་ཞིང་ནེམས་ཞེས་བྱེད་པ་སྟེ།། ཤིང་བལ་འདབ་མ་བཞིན་དུ་འཇམ།། མངར་ཞིང་དྲི་ནི་ཞིམ་པ་ཡི།། ས་ལཱ་མ་རྨོངས་པར་སྐྱེའོ།། ་སྣ་ཚོགས་ཚོན་གྱིས་མཛེས་བྱས་པའི།། གོས་ཀྱི་ལྗོན་ཤིང་འབྱུང་བར་འགྱུར།། སེམས་ཅན་དེ་དག་སྐྱོན་མྱེད་ཅིང་།། ཉེས་བྲལ་སྤྲོ་བ་ཆེ་དང་ལྡན།། ལུས་ཆེ་ཁ་དོག་ལྡན་པ་སྟེ།། ཆེན་པོ་ཆེའི་སྟོབས་དང་ལྡན།། ནད་ནི་གསུམ་ཞོག ་འབྱུང་འགྱུར་ཏེ།། འདོད་དང་མྱི་ཟ་དགའ་བའོ།། བུ་མོ་འོ་ད་ནི་ལྔ་བརྒྱ་དག། ལོན་ནས་ཁྱོལ་བག་མར་འགྲོ།། དེ་ཚེ་ཏོག་ལྡན་ཞེས་བྱ་བའི།། རྒྱལ་པོ། དཕོ་བྲང་འབྱུང་འགྱུར་ཏེ།། སྲེག་ཆགས་དགེ་བའི་ལས་བྱེད་པ། ་སེམས་ཅན་རྣམས་ཀྱི་གནས་ཡིན་ནོ།། ཆུར་ནི་དང་། ག་ཚད་བཅུ་གཉིས་ཏེ།། རྒྱར་ནི་དཔག་ཚད་བདུན་ཡོད་པ།། བསོད་ནམས་བྱས་པ་རྣམ་ག་གིས།། གྲོང་ཁྱེར་ཡིད་འོང་འབྱུང་བར་འགྱུར།། རིན་ཆེན་བདུན ་ལས་བྱས་མཐོ་བའི།། ར་བ་འཕང་དུ་རྒྱང་གྲགས་ཙམ།། ཤིང་ཐགས་དང་ནི་སྒོ་རྣམས་གང་།། རིན་ཆེན་སྣ་ཚོགས་དག་གིས་བརྒྱན།། རིན་ཅེན་སོ་ཕག་གིས་རྩིགས་ཤིང་།། པད་མ་ཨད་པལ་གསལ་དུ་བཀྲམ།། དུར ་བས་མཛེས་པར་བྱས་པའི།། འོབས་ཀྱང་འབྱུང་བ་འཁོར་ནས་འགྱུར།། འཁོར་ཡུག་ཏུ་ནི་ཏ་ལའི།། ཕྲེང་བ་བདུན་གྱིས་ཡོངས་སུ་བསྐོར།། དྲིལ་བུའི་དྲ་བ་མཛེས་བྱས་པའི།། རིན་ཆེན་བ་ནི་རྒྱུའི་ཏལ་དག། རླུང་བསྐྱོད་ཏ་ལ་དེ་དག་ལས། ་སྙན་པའི་སྒྲ་ནི་འདི་ལྟར་དཔེར།། སིལ་སྙན་ཡན་ལག་ལྔ་ལྡན་བཞིན།། དེ་ལས་ཡིད་འོང་སྒྲ་བསྒྲགས་འགྱུར།། མྱི་རྣམས་གང་དག་གྲོང་ཁྱེར་དེར།། རྩེ་དགའ་བདེ་དོན་གཉེར་བ་རྣམས།། དེ་དག་ཏ་ལའི་སྒྲ་དེའིས།། རབ་ཏུ་མགུ་ཞིང་རྩེ ་བར་བྱེད།། ཨུད་པ་ལ་ཀུ་མུ་ཏས་གང་བའི།། རྫིང་བུ་དག་ཀྱང་འབྱུང་བར་འགྱུར།། གྲོང་དེ་སྐྱེད་མོས་ཚལ་དང་ནི།། ནས་ནགས་ཚལ་ཕུན་སུམ་ཚོགས་པར་འགྱུར།། དེར་ནི་དུང་ཞེས་བྱ་བའི།། རྒྱལ་པོའི་གཟི་བརྗིད་ཆེ་ལྡན་ཞིང་།། སྟོབས ་ཚེ་གླིང་བཞི་དབང་ཕྱུག་ལ།། མངའ་བདག་འཁོར་ལོས་སྒྱུར་བ་འབྱུང་།། དཔུང་གི་ཡན་ལག་བཞི་འབྱོརྡ་ཅིང་།། རིན་ཆེན་བདུན་དང་ཡང་དག་ལྡན།། རྒྱལ་པོ་དེའི་སྲས་རྣམས་ནི།། སྟོང་དུ་ཆང་བ་འབྱུང་བར་འགྱུར།། མྱི ་དབང་པོ་དེ་ཡང་ནི།། ས་འདི་རྒྱ་མཚོ་མཐས་ཀླག་པར།། ཆགས་པ་མྱེད་ཅིང་ཆོས་དང་ནི།། མཐུན་པར་ཡོངས་སུ་སྐྱོང་བར་འགྱུར།། དེ་ཚེ་དུང་ཞེས་བྱ་བའི།། ས་བདག་རྒྱལ་པོ་དེ་ལ་ནི།། རིན་ཆེན་ཁྲག་ཁྲིག་བརྒྱས་མཚོན ་པའི།། གཏེར་ཆེན་བཞིནི་འབྱུང་བར་འགྱུར། སུའི་མཚན་ན་སེར་སྐྱ་སྟེ།། བཅོམ་ནཱག་ན་ནི་དཀར་པོ་ཡིན།། ས་འཛིན་ནི་ཨེ་ལའི་བ་ག། བར་ན་སེར་གྲོང་ཁྱེར་དྲུང་།། གཏེར་ནི་བཞི་པོ་ཁོན་དང་། ་རྒྱལ་པོ་ཡང་དག་ལྡན་པར་ནི།། འབྱུང་འགྱུར་དཔའ་པོ་ཆེན་པོ་དེ།། བསོད་ནམས་བརྒྱའི་སྟོབས་ལས་སྐྱེས།། དེ་ཚེ་རྒྱལ་པོའི་དེའི་མདུན་ན་འདོན།། བྲམ་ཟེ་ཚངས་རབ་ཅེས་བྱ་བ།། ཐོག་མར་རིག་བྱེད ་བཞི་འདོན་པའི།། མཁན་པོ་ཞིག་ནི་འབྱུང་བར་འགྱུར།། འདོན་དུ་འཇུག་དང་གསང་སྔགས་འཛིནད།། དྲན་ལྡན་རིག་བྱེད་གཞུང་འགྲེལ་དང་།། སྒྲ་ངེས་སྦྱོར་བཅས་ཕ་རོལ་ཕྱིནད།། རྔ་སྤྲོད་པ་དང་ཚིག་དང་ལྡན།། དེ་ཚེ། ་དེའི་ཆུང་མ་ནི།། ཚངས་ལྡན་མ་ཞེས་བྱ་བ་སྟེ།། མཛེས་ཤིང་བལྟ་ན་སྡུག་པ་དང་།། བཟུགས་བཟང་གྲགས་དང་ལྡན་པ་འབྱུང་།། བྱམས་པ་གང་ཟག་མཆོག་གྱུར་པ།། དག་ལྡན་གནས་ནས་ཤི་འཕོས་ནས།། དེ་ཚེ་དེའི་ལྷུམས་སུ་ནི། ་ངེས་པར་ཉིན་མཚམས་སྦྱོར་བར་འགྱུར།། གཟི་བརྗིད་ཆེན་པོ་ཟླ་བ་བཅུ།། ཚང་བར་ལྡུམ་སུ་ཞུག་ནཱ་ཀྱང་།། བྱིས་པའི་ཡུན་སྐྱེད་མོ་ཆལ།། མེ་ཏོག་བཟང་རྒྱས་ནང་གཤེག་ཏེ།། ཆོས་སྤྱོད་མ་དེ་མྱི་འདུག་ཅིང་།། མྱིཉལ་འགྲེང་བཞིན་དག་ཏུ་ནི།། ཤིང་གྱི་ཡལ་ག་ལ་བཟུང་ན ་ཤིང་གི་ཡལ་ཀ་ལ་བཟུང་ནས།། བྱམས་པ་བལྟམ་པ་ཉིད་དུ་འགྱུར།། མྱིའི་མཆོག་ཏུ་གྱུརྡ་པ་དེའི།། གློ་གཡས་ནས་ནི་འབྱུང་འགྱུར་ཏེ།། དཔེར་ན་སྨིན་གྱི་ཕུང་པོ་ནས། ་ཉི་མ་འབྱུང་བ་བཞིན་དུ་གསལ།། ཇི་ལྟར་ཆུའི་པད་མ་བཞིན།། མངལ་གྱི་འདས་ཀྱིས་མྱོ་གོས་སོ།། ཁམས་གསུམ་འདི་དག་ཐམས་ཅད་དུ།། འོད་ཀྱིས་རྒྱས་པར་འགེངས་པར་འགྱུར།། དེ་ནས ་བརྒྱ་བྱིན་ལྷ་དབང་པོ།། བདེའི་བསྩོགས་ཡང་བདག་དག་གྱུར་ད་ནས།། བྱམས་པ་རྐང་གཉིས་མཆོག་གྱུར་ད་པ།། བལྟམ་པོའི་ཆེན་ལེན་པར་འགྱུར།། དེ་ཚེ་བལྟམ་མ་ཐག་ཏུ་ཡང་།། གོམ་པ་བདུན་དག ་འདོར་བར་འགྱུར།། གོམ་པ་རེ་རེ་གཏེར་དང་ནི།། པད་དམ་རེ་རེ་འབྱུང་བར་འགྱུར།། ཕྱོགས་བཞི་དག་ཏུ་གཟིགས་ན་ས་ནི།། བདག་གི་སྐྱེ་བ་ཐ་མ་ནི།། འདི་ཡིན་ཡང་སྲིད་ཡོད ་མ་ཡིན།། ཡང་དང་ཡང་དུ་ཕྱིར་མྱེ་འོང་།། ཟག་མྱེདམྱ་ངན་འདས་འགྲོ་ཞེས།། གསུང་ཡང་རབ་ཏུ་བཀའ་སྩལ། ད་ཏོ།། ཀླུ་རྣམས་ཀྱིས་ནི་ཆུའི་རྒྱུན།། བསིལ་དང་འཇམ་པས ་སྐུ་བསིལ་འགྱུར།། ནམ་མཁའི་ངོས་ནས་ལྷ་རྫས་ཀྱི། གོས་དང་མེ་ཏོག་འབབ་པར་འགྱུར།། དེའི་དབུ་ལ་གདུག་དཀར་།། ལྷ་རྣམས་ཀྱིས་ནི་འཛིནད་པར་འགྱུར།། མཚན་མཆོག་སུམ་བཅུ ་ཕ་གཉིས་མངའ།། བྱམས་པ་དཔལ་གྱིས་འབར་བ་དེ།། མ་མས་ཡང་དག་བླངས་ནས་སུ།། ཡུམ་གྱི་ཕྱག་ཏུ་འབུམ་པར་འགྱུར།། རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པའི།། ཁྱོགས་ནི་ཡིད་དུ་འོང་བ ་ལ།། སྲས་དང་བཅས་པར་བཞུགས་གསོལ་ནས།། ལྷ་རྣམས་ཀྱིས་ནི་ཁྱེར་བར་འགྱུར།། སིལ་སྙན་སྟོང་ཕྲག་དུ་མ་དག།། སྒྲ་འབྱིནད་འཁྲོལ་བའི་གྲོང་ཁྱེར་དེར།། བྱམས་པ་གཤེགས་པ་ཙམ་གྱིས ་ནི།། མེ་ཏོག་ཆར་པ་འབབ་པར་འགྱུར།། དེའི་ཉིན་པར་སྦྲུམ་མའི།། བུད་མྱེད་རྣམས་ཀྱང་བཙའ་འགྱུར་ཏེ།། དེ་དག་ཐམས་ཅད་ཉམས་བདེ་ཞིང་།། བདེ་ལེགས་སུ་ནི་བཙའ་བར་འགྱུར།། ཚངས ་རབ་མཚན་མཆོག་སུམ་བཅུ་གཉིས།། ལྡན་པའི་སྲས་དེ་མཐོང་ནས་ནི།། གསང་སྔགས་དག་ལ་རབ་བརྟགས་ནས།། དེའི་འོག་ཏུ་དགའ་བར་འགྱུར།། ཇི་ལྟར་སྔགས་ལས་འབྱུང་བ་བཞིན།། གཞོ ་ནུའི་འགྲོ་བ་གཉིས་ཡིན་ཏེ།། མྱི་དབང་འཁོར་ལོས་སྒྱུར་བ་འམ།། སངས་རྒྱས་རྐང་གཉིས་མཆོག་ཏུ་འགྱུར།། བྱམས་པ་རྐང་གཉིས་མཆོག་གྱུརྡ་པ།། དཔལ་དེ་ནཆོད་རྫོགས་ནས་ནི།། སྐྱེ་དགུ་འདི་ནི ་སྡུག་བསྔལ་སྙམ།། ཆོས་ཀྱི་བདག་ཉིད་དགོངས་པར་མཛད།། དབྱངས་ཆེ་ཚངས་པའི་དབྱངས་དང་ལྡན།། འོད་ཆེ་གསེར་གྱི་མདོག་དང་ལྡན།། སྟོད་ཕེལ་ཆེ་ཞིང་ཐལ་གོང་རྒྱས།། པད་མོའི་འདབ་མ་འདྲ་བའི ་སྱན།། དེའི་སྐུའི་ཁྲུན་དུ་ནི།། ཁྲུ་ནི་བརྒྱད་བཅུ་དག་ཏུ་འགྱུར།། ཞེང་ནི་ཁྲུ་རྣམས་ཉི་ཤུ་སྟེ།། ཞལ་གྱི་དཀྱིལ་འཁོར་དེའི་ཕྱེད།། བྱམས་པ་དེ་ནི་བྲམ་ཟེའི་བུ།། སྟོང་ཕྲག་བཞི་པོ་དག་དང་ནི།། བརྒྱད་ནུས ་མདུན་དུ་བདར་ནས་ནི།། གསང་སྔགས་དག་ཀྱང་འདོད་ད་ཏུ་འཇུག། དེ་ནས་རྒྱལ་པོ་ཆེན་པོ་དུང་།། སྦོམས་སུ་འ་དོམ་ནི་དྲུག་བཅུ་བཞི།། འཕང་དུ་འདོམ་ནི་སྟོང་ཡོད་པའི།། ་མཆོད་སྡོང་ཞིག་ནི་འཛུགས་པར་འགྱུར།། མྱི་དབང་དེའིམཆོད་སྡོད་དེ།། རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པའི།། མ་ཆོད་སྦྱིན་གྱིས་ནི་མདུན་དྲངས་ཏེ།། བྲམ་ཟེ་དག་ལ་རབ་ཏུ་འབུལ།། ་མཆོད་སྡོང་ཡིད་འོང་རིན་ཆེན་རྒྱུན།། དེ་ནི་ཕུལ་མ་ཐག་ཏུ་ཡང་།། བྲམ་ཟེ་སྟོང་པོ་རྣམས་ཀྱིས་ནི།། དེའི་མོད་ལ་བཀོད་པར་འགྱུར།། བྱམས་པ་མཆོད་སྡོང་དེ་ཡི་ནི།། མྱི་རྟག་ཉིད་དེ་མཐོང་ནས་ཀྱང་།། འཇོ། ་བའི་མཐའ་དག་རྣམ་བསམས་ཏེ།། རབ་ཏུ་འབྱུང་བར་འགྲོ་བར་འགྱུར།། འདིར་བདག་རབ་ཏུ་བྱུང་ནས་ནི།། བདུད་རྩིའི་ཀོ་འཕང་རེག་འགྱུར་དང་།། སྐྱེ་བོ་འཆི་བདག་ན་རྒ་བའི།། འཇིགས་ལས་ཀྲོལ་བར ་འགྱུར་སྙམ་ཞིང་།། བྱམས་པ་གང་ཟག་མཆོག་གྱུར་ད་ཏེ།། སྟོང་ཕྲག་བཞི་པོ་དག་དང་ནི།། བརྒྱད་ཅུ་དག་གིས་མདུན་བདར་ནས།། རབ་ཏུ་འབྱུང་བར་ངེས་འབྱུང་འགྱུར།། དེའི་ཚེ་བ་དན་གྱི་བྱང་ཆུབ་ཤིང་།། ་ཀླུ་ཤིང་ཞེས་བྱ་འབྱུང་འགྱུར་ཏེ།། དེའི་སལ་ག་གནས་འཕང་དུ།། དཔག་ཚད་ཙམ་ཅུ་ཡང་དག་འཕགས།། དེ་རྗེ་བྱང་ཆུབ་ཤིང་དེའི།། ཡལ་ག་འགྲེལ་པ་ཐམས་ཅད་དུ།། ཁོ་ར་འོར་སུག་རྒྱང་གྲགས ་དྲུཀ། ཁྱེབས་པ་ཁོ་ན་དག་ཏུ་འགྱུར།། བྱམས་པ་རྐང་གཉིས་མཆོག་གྱུར་ད་པ།། དེའི་དྲུང་ཏུ་བཞུགས་ནས་སུ།། བླ་མྱེད་བྱང་ཆུབ་ཞི་བ་ནི།། འཐོབ་འགྱུར་འདི་ལ་ཐེ་ཙོམ་མྱེད།། གང་གི་ནུབ་མོ་ཁོ་ན་ལ།། རབ ་ཏུ་འབྱུང་བར་མངོན་འབྱུང་བ།། དེའི་ནུབ་མོ་ཁོ་ན་ལ།། བྱང་ཆུབ་དམ་པ་ཐོབ་པར་འགྱུར།། དེའི་འོག་ཏུ་ཐུབ་མཆོག་དེ།། དམ་ཆོས་སྡུག་བསྔལ་ཀུན་སྤོང་ཞིང་།། ཞི་བ་ཡན་ལག་བརྒྱད་པའི།། གསུང་གིས་སྟོནད ་པ་མཛད་པར་འགྱུར།། སྐྱེ་བོ་རབ་དག་གཟིགས་ནས་ནི།། སྐུ་ཀ་བསྔལ་སྡུག་བསྔལ་ཀུན་འབྱུང་དང་།། བདེ་བ་མྱ་ངན་འདས་འགྲོ་བ།། འཕགས་ལམ་ཡན་ལག་བརྒྱད་པ་ཡི།། བདེན་པ ་དག་ཀྱང་སྟོནད་པར་འགྱུར།། དེའི་ཆོས་དེ་ཐོས་ནས་ཀྱང་།། བསྟན་ཉེད་པ་ལ་ནི་ནན་ཏན་སྒྲུབ།། མེ་ཏོག་མཛེས་པས་རྒྱས་པའི།། སྐྱེད་མོས་ཚལ་དུ་དེའི་འཁོར།། དཔག་ཚད་རྒྱ་ཁྱོན་གང་བ་དག། ་ཡང་དག་འདུ་བ་ཁོ་ནར་འགྱུར།། དེ་ནས་མྱི་དབང་རྒྱལ་པོའི་དྲུང་།། གྲགས་པ་ཆེན་པོ་ཐོས་ནས་ནི།། སྦྱིན་བ་གྲངས་མྱེད་བྱས་ནས་ཀྱང་རབ་ཏུ་འབྱུང་བར་འདོད་པར་འགྱུར།། རྒྱལ་པོ་སྟོང་ཕྲག་བཞི་དང་ན ་བརྒྱད་ཅུ་དག་གིས་མདུན་བདར་ཏེ། ཁྱིམ་ནས་ངེས་པར་བྱུང་ནས་ནི།། རབ་ཏུ་འབྱུང་བར་འགྲོ་བར་འགྱུར།། བྱམས་པའི་ཡབ་ཀྱང་དེ་བཞིན་དུ།། དེའི་ཚད་དང་མཉམ་པའི།། བྲམ་ཟེ་རྣམས་ཀྱིས་མདུན་བ་དར་ནས།། རབ ་ཏུ་འབྱུང་བར་འགྲོ་བར་འགྱུར།། དེ་ན་དེ་ཚེ་ཁྱིམ་བདག་ནི།། ནོར་བཟངས་ཤེས་ནི་རྣམ་གྲགས་པ།། ཆོས་ཀྱི་བདག་ཉིད་སྟོང་དག་གིས།། བསྐོར་ནས་རབ་ཏུ་འབྱུང་བར་འགྱུར།། དུང་གི་བུད་མྱེད་རིན་པོ་ཆེ།། ས ་ཀ་ཞེས་ནི་རྣམ་གྲགས་པ།། བུད་མྱེད་སྟོང་ཕྲག་བཞི་དང་ནི།། བརྒྱད་ནུ་དག་གིས་མདུན་བདར་ཏེ།། དེའི་འོག་ཏུ་མངོན་བྱུང་ནས།། རབ་ཏུ་འབྱུང་བར་འགྲོ་བར་འགྱུར།། དེའི་ཚེ་ན་བྱམས་པའི།། བསྟནད་པས་ནི ་སྲོག་ཆགས་དག། སྟོང་ཕྲག་དང་ནི་བརྒྱ་ཕྲག་རྣམས།། རབ་ཏུ་འབྱུང་བར་འགྲོ་བར་འགྱུར།། དེའི་འོག་ཏུ་ཐུགས་རྗེཅན།། སྟོན་པ་བྱམས་པ་གང་གཉིས་མཆོག། འཁོར་མ་རྣམ་པར་གཟིགས་ནས་ནི།། ཤག་ཀྱ ་སེར་གེ་ཐུབ་པ་སྟེ།། གཙོབོ་སྐྱོབ་པར་མཛད་པ་འོ།། དམ་པའི་ཆོས་དབྱིངས་གཟིགས་གྱུར་དཔ།། འཇིག་རྟེན་མགོན་པོས་འདི་དག་ཀུས།། བ་རང་པའི་ལས་ནི་བསྐྱེད་དས་ཀྱང་།། རོན་ཀྱིས་ངའི་བསྟན་ལ་བཏང་།། གདུགས ་དང་རྒྱལ་མཚན་པ་དན་དང་།། དྲི་དང་འཕྲེང་བ་བྱུག་པ་དང་།། རོལ་མོ་སྦ་སྙན་བསྒྲགས་པ་ཡིས།། ཤག་ཀྱ་ཐུབ་པ་མཆོད་ནས་ནི།། པ་ཡི་བསྟན་ལ་སྔགས་པ་ཡིན།། ཀུར་གུས་ཆུ་ཡིས་ཀླདབ་པ་དང་།། ཅན་དན ་གྱི་ནི་བྱུག་པ་ཡིས།། ཤཀ་ཀྱ་ཐུབ་པའི་མཆོད་རྟེན་ལ།། མཆོད་ནས་པ་ཡི་བསྟན་ལ་ལྷགས།། དེ་ཚེ་སངས་རྒྱས་ཆོས་དང་ནི།། དགེ་འདུན་ལ་ཡང་སྐྱབས་སོང་ཞིང་།། དགེ་བའི་ལས་ཀྱང་བྱས ་ནས་ནི།། ངའི་བསྟན་ལ་ལྷགས་པ་ཡིན།། ཤག་ཀྱ་སེང་གེའི། བསྟནད་པ་ལ།། བསླབ་གཞི་ཡང་དག་བླངས་ནས་སུ།། ཇི་ལྟར་གསུངས་བཞིན་བསྒྲུབས་ནས་ནི།། པ་ཡི་བསྟནད་ལ་ལྷགས ་པ་ཡིན།། དགེ་འདུན་ལ་ཡང་ཆོས་གོས་དང་།། ཞལ་ཟས་དང་ནི་བཏུང་བ་དང་།། སྙུན་གསོས་སྣ་ཚོགས་སྦྱིན་པ་རྣམས།། ཕུ་ལ་ནས་ངའི་བསྟན་ལ་ལྷགས།། བཅུ་བཞི་དང་ནི་བཅོ་ལྔ་དང་།། ་དེ་བཞིན་ཟླ་ཀཅིག་ཚེས་བརྒྱད་དང་།། ཆོ་འཕྲུལ་གྱི་ནི་ཟླ་བ་ཡ།། ཡན་ལག་བརྒྱད་ལེགས་མཉམ་བཞག་ཅིང་།། བསྙེན་གནས་གསོ་སྦྱོང་བྱས་ནས་ནི།། པ་ཡི་བསྟན་ལ་ལྷགས་སོ་ཞེས།། དོན་འདི་རབ་ཏུ་གསུ ་བར་འགྱུར།། དེའི་ཉན་ཐོས་རྣམས་ཀྱང་ནི།། ཆོ་འཕྲུལ་གསུམ་གྱིས་འདུལ་བར་འགྱུར།། དེ་ཚེ་དེ་དག་ཐམས་ཅད་ནི།། ཟག་ཟད་འགྲོགས་ན་བདེ་བར་འགྱུར།། དེའི་འདུས་པ་དང་པོ་ནི།། ཉོན་མོངས་སྲེད་པ། ་བཅད་གྱུར་ད་པ།། དུང་ཕྱུར་ཕྲག་དགུ་བྱེ་ཕྲག་དྲུག། ཚང་བའི་ཉན་ཐོས་འབྱུང་བར་འགྱུར།། དེའི་འདུས་པ་གཉིས་པ་ནི།། ཉན་ཐོས་འཆིང་བ་ལས་གྲོལ་བ།། དུང་ཕྱུར་ཕྲག་དགུ་བྱེ་ཕྲག་བཞི།། ཚང་བའི་ཉན ་ཐོས་འབྱུང་བར་འགྱུར།། དེའི་འདུས་པ་གསུམ་པ་ནི།། སེམས་ཞི་རྣམ་པར་གྲོལ་གྱུར་དཔ།། རླུང་ཕྱུར་ཕྲག་དགུ་བྱེ་ཕྲག་གཉིས།། ཚང་བའི་ཉན་ཐོས་འབྱུང་བར་འགྱུར།། ཆོས་ཀྱི་འཁོར་སོ་ར ་བསྐོར་ནས།། ལྷ་དང་མྱི་རྣམས་རྣམ་བཏུལ་ཏེ།། ཉན་ཐོས་དགེ་འདུན་ཐབས་གཅིག་ཏུ།། གྲོང་དུ་བསྙོམས་སྤྱོད་ལ་རྒྱུ།། དེ་ནས་ཏོག་ལྡན་དགའ་ལྡན་ལྷའི།། གྲོང་ཁྱེར་དེར་ནི་གཤེགས་པ་ན།། གྲོང་ཁྱེར་མཆོག་ཏུ ་མན་ཏ་རའི།། མེ་ཏོག་ཆར་ཆེན་འབབ་པར་འགྱུར།། ཐུབ་པ་གྲོང་ཁྱེར་གཤེགས་པ་ན།། ལྷའི་མེ་ཏོག་འཐོར་བར་འགྱུར།། རྒྱལ་པོ་ཆེན་པོ་བཞི་དག་དང་།། བརྒྱ་བྱིན་སུམ་བཅུ་ཆ་གསུམ་དབང་།། ཚངས་པ་ལྷ ་ཚོགས་ཐབས་གཅིག་ཏུ།། དེ་ལ་མཆོད་པ་བྱེད་པར་འགྱུར།། ལྷའི་བུ་ནི་མཐུ་ཆེན་གྱིས།། ཨུད་པ་ལ་པད་མ་ཀུ་མུ་ཏ། པད་མ་དཀར་པོ་དཱ་ཞིམ་དང་།། ཨོ་ཀ་རུ་དང་ཙན་དན་དང་།། དེ ་བཞིན་ལྷ་རྫས་འཕྲེང་བ་དང་།། ལྷ་རྫས་གོས་ཀྱང་འཐོར་བར། འགྱུར།། འཇིག་རྟེན་འགོན་དེ་གྲོང་ཁྱེར་གྱི།། མཆོག་ཏུ། གཤེགས་པ་མཐོང་ནས་ནི། ཤིང་བེ་ལ་འདབ་ལྟར་འཇམ་པ ་ཡི།། ས་དེར་གདིང་བ་རྒྱ་ཆེན་འདིངས།། དེ་དག་ལམ་ཀར་ཕྲེང་བ་ནི།། སྣ་ཚོགས་དག་ནི་རྣམ་པར་འགྲེམས།། ལྷའི་བུ་ནི་མཐུ་ཆེན་དང་།། མྱི་རྣམས་ཡིད་ནི་རབ་དང་བ།། གདུགས་དང ་རྒྱལ་མཚར་བ་དན་དང་།། སྤོས་དང་ཕྲེང་བ་བྱུག་པ་དང་།། རོལ་མོ་སྒྲ་སྙན་བསྒྲགས་པ་ཡིས།། སྟོནད་པ་ལ་ནི་མཆོད་པར་འགྱུར།། བརྒྱ་བྱིན་མྱིག་སྟོང་ལྷ་རྣམས་ཀྱིས།། རྒྱལ་པོ་བདེ་བསྡོགས་བདག ་པོ་རེ། རབ་མགུ་ཐལ་མོ་སྦྱར་ནས་ནི།། འཇིག་རྟེན་མགོན་ལ་བསྟོད་པར་བྱེད།། སྐྱེས་བུ་ཅང་ཞེས་ཁྱོད་ལ་འདུད།། སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ལོ།། གང་ཟག་མཆོག་གྱུར་ད་བཅོམ ་ལྡན་འདས།། སྐྱེ་དཀུ་ཀུན་ལ་ཐུགས་བརྩེར་མཛོད།། དེའི་ཚེ་ན་ལྷོའི་བུ།། མཐུ་ཆེན་བདུད་ཅེས་བྱ་བ་འབྱུང་།། དེ་ཡང་ཐལ་མོ་རབ་སྦྱར་ནས།། འཇིག་རྟེན་མགོན་ལ་བསྟོད་པར་བྱེད།། ཚངས ་པའི་འཁོར་གྱིས་ཡོངས་བསྐོར་ད་ཅིང་།། ཚངས་པས་ཀྱང་ནི་མདུན་བདར་ཏེ།། ཚངས་པའི་དབྱངས་ནི་བསྒྲོགས་བཞིན་དུ།། དམ་པའི་ཆོས་ནི་གསུང་བར་འགྱུར།། ཟག་ཟད་ཉེས་པ་རྣམ་བྲལ་ཞིང ་སྲིད་པའི་བཅིང་བ་རབ་སྤངས་པའི།། དགྲ་བཅོམ་རྣམས་ཀྱིས་ས་འདི་ནི།། ཐམས་ཅད་ཀུན་ཏུ་གང་བར་འགྱུར།། སྐྲ་དང་མྱི་དང་དྲི་ཟ་དང་།། གནོད་སྦྱིན་དང་ནི་སྲིན་པོ་ཀླུ།། མཐུ་ཆེན་རྣམས་ནི་མགུ་གྱུར ་ནས།། སྟོན་ལ་མཆོད་པ་བྱེད་པར་འགྱུར།། གང་དག་བྱམས་པའི་བསྟན་པ་ལ།། ཚངས་པར་སྤྱད་པ་སྤྱོད་འགྱུར་བ།། དེ་དག་གདོན་མྱི་ཟ་བར་ནི།། ཉོན་མོངས་མྱེད་ཅིང་ཐེ་ཙོམ་ཆོད།། གང་དག་བྱམས ་པའི་བསྟན་པ་ལ།། ཚངས་པར་སྤྱད་པར་སྤྱོད་འགྱུར་བ།། དེ་དག་གདོན་མྱི་ཟ་བར་ནི།། སྲིད་པའི་དྲ་བ་བཅད་པ་དང་།། བསམ་གཏན་རྫོགས་པར་བྱས་ནས་ནི།། དགའ་དང་བདེ་དང་ཡང་དག་ལྡན།། འབྱུང ་པོ་ཀུན་ལ་ཐུགས་པ་ཆེ་བ།། བྱམས་པ་རྐང་གཉིས་རྣམས་ཀྱི། མཆོག། ལོ་ནི་དྲུག་ཁྲིའི་བར་དུ་ཡང་།། དམ་པའི་ཆོས་ནི་སྟོནད་པར་འགྱུར།། དེ་ནི་སྲོག་ཆགས་བརྒྱ་སྟོང་དང་།། འབུམ ་ཕྲག་རྣམ་པར་འདྲེན་པ་སྟེ།། དམ་པའི་ཆོས་ལ་བཏུལ་ནས་སུ་དེ་ནས་མྱ་ངན་འདའ་བར་འགྱུར།། ཐུབ་པ་ཆེན་པོ་བྱམས་པ་དེ།། ཡོངས་སུ་མྱ་ངན་འདས་ནས་ཀྱང་།། དེ་ཚེ་དེའི་དམ་ཆོས ་ནི།། ལོ་ཁྲི་དག་ཏུ་གནས་པར་འགྱུར།། རྒྱལ་བཤག་ཀྱ་ཐུབ་དེ་ལ།། སེམས་ནི་རབ་ཏུ་དང་བར་གྱིས།། དེ་ནས་བྱམས་པ་རྐང་གཉིས་མཆོག། རྫོགས་པའི་སངས་རྒྱས་མཐོང་བར་འགྱུར།། དེ་ཕྱིར་སང ་རྒྱུས་ཆོས་དག་དང་།། དགེ་འདུན་ཚོགས་ཀྱི་མཆོག་བཅས་ལ།། སེམས་ནི་རབ་ཏུ་དང་གྱིས་དང་།། དོན་ཆེན་རབ་ཏུ་འགྲུབ་པར་འགྱུར།། ཐུགས་རྗེ་ཆེ་ལྡན་དེ་ལྟ་བུ།། བྱམས་པ་རྐང་གཉིས་མཆོག་གྱུར་པ ་དེ་ཚེ་མཉེས་པར་བྱས་ནས་ནི།། དེ་ནས་མྱ་ངན་འདའ་བར་འགྱུར།། ཡ་མཚན་འདི་དག་ཟོས་གྱུརྡ་ཅིང་།། འབྱོར་ད་པ་མྱི་ཉུང་མཐོང་ནས་ནི།། ནག་པོའི་རིས་ཀྱང་དང་འགྱུར་ནས།། མཞེས་པ་སུ་ཞིག་དང ་མྱི་འགྱུར།། དེ་ཕྱིར་འདི་དག་བདག་ཉིད་ཆེ།། འདོད་ཅིང་བདག་ལ་ལེགས་འདོད་པས།། སངས་རྒྱས་བསྟན་ད་པ་དྲན་བཞིན་དུ།། དྲན་པའི་ཆོས་ལ་གུས་པར་བྱ།། འཕགས་པ་བྱམས་པ ་ལུང་བསྟནད་པ། རྫོགས་སྷོ།། །། @#། རྒྱ་གར་སྐད་དུ། ཨརྱ་སུ་ཁཱ་པ་ཏཾ་བྱཱ་ཧ་ན་མ་མ་ཧ་ཡཱ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་བདེ་བ་ཅན་གྱི་བཀོད་པ་ཞེས ་རྣམས་རྗེས་སུ་འབྲང་བ་ལགས།། བཀའ་ས་ལད་པ། བཅིང་བས་བཅིངས་པར་བྱ་བ་ནི། བསླབ་པའི་བཅིང་བས་སོ།། བཅིངས་པ་འགྲེལ་པ་ནི་སྲེད་པའི་བཅིང་བ་ལས་སོ།། གྲོལ་བ་ཛྲས ་ལ་བསྙེན་བཀུར་བྱ་བ་ནི། ཉན་ཐོས་དང་། རང་སངས་རྒྱས་རྣམས་ལའོ།། མ་གྲོལ་བ་རྣམས་ཀྱི་རྗེས་སུ་འབྲང་བར་བྱ་བ་ནི། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡོངས་སུ་སྦྱིན་པར་བྱ་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི ་བུ་དག་དེ་ལྟ་བས་ན་འདོད་པར་བྱ་བ་རྣམས་ལ་ནི་འདོད་པར་གྱིས་ཤིག། འདོད་པ་མྱི་བྱ་བ་རྣམས་ལ་ནི་འདོད་པར་མ་བྱེད་ཅིག། འདོད་པ་དང་བྲལ་བར་ཡང་གྱིས་ཤིག། གསོལ་ད་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང ་ཆུབ་སེམས་དཔའ་རྣམས་འཚལ་བར་བགྱི་བ་རྣམས་འཚལ་བ་ལགས་ཇི་ལྟར་ན་འཚལ་བར་མྱི་བགྱི་བ་རྣམས་མྱི་འཚལ་བ་ལགས་ཇི་ལྟ་ར་ན་འཚལ་བ་དང་བྲལ་བ་ལགས།། བཀའ་སཿལ་པ། བྱང ་ཆུབ་སེམས་དཔའི་འདོད་པར་མྱི་བྱ་བ་ནི། ཉན་ཐོས་དང་། རང་ས།། ངས་རྒྱས་ཐམས་ཅད་དེ། དེ་དག་ལ་འདོད་པར་མྱི་བྱའོ།། ལྷའོ།། དང་བཅས་པའི་འཇིག་རྟེན་གྱི་འདོད་པར་བྱ་བ་ནི། སངས་རྒྱས་བཙོ ་ལྡན་འདས་རྣམས་ཏེ། དེ་དག་ལ་འདོད་པ་མྱི་བྱའོ།། འདོད་པ་ད་ད་བྲལ་བར་བྱ་བ་ནི། བརྒྱ་བྱིན་དང་། ཚངས་པར་སྐྱེ་བ་ལ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། ཇི་ཙམ་དུ་ཆུང་བའི ་ས་བོན་ལའང་མ་བརྙས་ཤིག། ཞིང་ཚད་མྱེད་པ་ལ་ཡང་མོས་པར་གྱིས་ཤིག། འཐོབ་པ་ཆེན་པོ་ན་མེ་སྦུབ་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ད། བྱང་ཆུབ་སེམས་དཔའ་རྣམས་ཇི་ཙམ་དུ་ཆུང་བའི་ས ་ཐོན་ལ་ཡང་བརྙས་པར་མྱི་བགྱིད་པ་ལགས། ཇི་ལྟར་ན་ཞིང་ཚད་མ་མཆིས་པ་ལ་ཡང་མོས་པ་སགས། ཇི་ལྟར་ན་འཐོབ་པ་ཆེན་པོ་མྱི་སྒྲུབ་པ་ལགས། བཀལུ་སཿལད་པ། ཇི་ཙམ་དུ་ཆུང་བའི་ས་འོ་ན་ཞེས་བྱ་བ་ནི ་ཅི་ཙམ་དུ་ཆུང་བའི་དགེ་བའི་ཆ་བ་སྟེ། དེ་ལ་བརྙས་པར་མྱི་བྱའོ།། ཞིང་ཚད་མྱེད་པ་ལ་ཡང་མོས་པར་བྱ་བ་ནི། སངས་རྒྱས་ལ་ཕུལ་བའི་སྦྱིན་པ་ཚད་མྱེད་པ་ལ་མོས་པར་བྱའོ།། འཐོབ་པ་ཆེན་པོ་མྱི་སྒྲུབ་པ་ནི་སེམས ་ཅན་ཐམས་ཅད་ལ་སྦྱིན་པའི་ཕྱིར་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆགས་པ་རྣམས་ནི་ཁོང་དུ་ཆུད་པར་གྱིས་ཤིག། ཆགས་པ་རྣམས་ལ་ནི་སྤྱོད་ཅིག། ཆགས་པ་ས་ཞེན་པ་རྣམས་ལ་ནི་ལྟོས་ཤིག། ཆགས་པ ་མྱེད་པར་ནི་མ་སྲུང་ཞིག། གསོལྡ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཆགས་པ་རྣམས་འཚལ་བ་ལགས། ཇི་ལྟར་མ་ཆགས་པ་རྣམས་ལ་པྱོད་པ་ལགས། ཇི་ལྟར་མཆགས་པ ་ཞེན་པ་རྣམས་ལ་ལྟ་བ་ལགས། ཇི་ལྟར་ན་ཆགས་པ་མ་མཆིས་པ་ཉིད་དུ་མྱི་ལྟུང་བ་ལགས།། བཀའ་ས་སད་པ། ཆགས་པ་ཞེས་བྱ་བ་ནི་ཐེག་པ་དམན་པ་ལ་འདོད་པ་དང་། ཁོང་ཁྲོ་བའི་སེམས་ཏེ། དེ་གཉིས་ནི་བྱང ་ཆུབ་སེམས་དཔའ་སྲུང་བར་བྱའོ།། ཆགས་པ་རྣམས་ལ་སྱད་པ་ནི་འདོད་པ་དང་། གཟུགས་དང་གཟུགས་མྱེད་པ་རྣམས་སུའོ།། ཆགས་པ་མྱེད་པ་ཉིད་དུ་མྱི་ལྟུང་བ་ནི་མངོན་པར་འདུ་བྱ་བ་མྱེད་པ་སྟེ། དེ་ནི ་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡང་བར་ཡང་ཀྱིས་ཤི། ཀ། ཁུར་ཆེན་པོ་ཡང་ཁྱེར་ཅིག། མ་བླངས་པ་ནི་མ་ལེནད་ཅིག། བླངས་པ་ནི་ཉམས་འོག་ཏུ་ཆུད་པར་གྱིས་ཤིག། གསོལ་པ ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡང་བ་ལ་ཀས། ཇི་ལྟར་ན་ཁུར་ཆེན་པོ་ཁྱེར་བ་ལགས། ཇི་ལྟར་ན་མ་བླངས་པ་མྱི་ལེན་པ་ལགས། ཇི་ལྟར་ན་བླངས་པ་ཉམས་འོག་ཏུ་ཆུད་པར་བགྱི ་པ་ལགས། བཀའ་ས་ཡད་པ། ཡང་བར་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་དོ།། ཞུར་ཆེན་པོ་བཀུང་བ་ནི་སེམས་ཅན་ཐམས་ཅད་དོ།། མ་བླངས་པ་མྱི་བླང་བ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པའོ།། བླངས ་པ་ཉམས་འོག་ཏུ་ཆུད་པར་བྱ་བ་ནི་ཐེག་པ་ཆེན་པོ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་སྨད་པར་ཡང་ཀྱིས་ཤིག། བསྟོད་པར་ཡང་གྱིས་ཤིག། ཉེ་བར་སྟེན་པར་ཡང་གྱིས་ཤིག། སྤང་བར་ཡང་གྱིས་ཤིག། ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སྨད་པ་ལགས། ཇི་ལྟར་ན་བསྟོད་པ་ལགས། ཇི་ལྟར་ན་ཉེ་བར་སྟེན་པ་ལགས། ཇི་ལྟར་ན་སྤང་བ་ལགས།། བཀའ་སཎྜལ་ད་པ། སྨད་པ ་རྣམ་པར་སྨིན་པ་མཁྱེནད་པའི་སྟོབས་དང་ལྡན་པའི་ཕྱིར། གནས་དང་གནས་མ་ཡིན་པ་མཁྱེནད་པ་ལ་མཁས་པ་དང་། དམན་པ་ཉི་ཚེ་བའི་ཐེག་པ་རྣམ་པར་སྤོང་བ་དང་། ཐེག་པ་ཆེན་པོའི་སྒོ ་ཏན་ཡང་དག་པར་སྒྲུབ་པའི་སྟོབས་དང་ལྡན་པས། སྟོབས་ལ་སྦྱོར་བས་ཆོག་མྱི་ཤེས་པ་ཞེས་བྱའོ།། སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་། བརྩོན་འགྲུས་ཀྱི་རིམ་པ་མཁྱེནད་པའི་སྟོབས་དང་ལྡན ་བའི་ཕྱིར། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་ཡང་དག་པར་བླངས་པའི་རྒྱུ་དང་། རྣམ་པར་སྨིན་པ་མཁྱེནད་པའི་སྟོབས་དང་ལྡན་པ་ཞེས་བྱའོ།། ཁམས་དུ་མ་དང་ཁམས་སྔ ་ཚོགས་པའི་འཇིག་རྟེན་ལ་འཇུག་པ་མཁྱེནད་པའི་སྟོབས་དང་ལྔ་ན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་། བརྩོན་འགྲུས་ཀྱི་རིམ་པ་མཁྱེནད་པའི་སྟོབས་དང་ལྡན་པ་ཞེས་བྱའོ།། ་མོས་པ་དུ་མ་དང་། མོས་པ་སྣ་ཚོགས་དང་། མོས་པ་མ་ལུས།། པ་དང་། རྣམ་པར་གྲོལ་བ་མཁྱེནད་པའི་སྟོབས་དང་ལྡན་པའི་ཕྱིར། ཁམས་དུ་མ་དང་ཁམས་སྣ་ཚོགས་པའི་འཇིག་རྟེན་ལ་འཇུག ་པ་མཁྱེནད་པའི་སྟོབས་དང་ལྡན་པའོ།། ཐམས་ཅད་དུའ་གྲོ་བའི་ལམ་མཁྱེནད་པའི་སྟོབས་དང་ལྡན་པའི་ཕྱིར། མོས་པ་དུ་མ་དང་། མོས་པ་སྣ་ཚོགས་དང་། མོས་པ་མ་ལུས་པ་ཐམས ་ཅད་དང་རྣམ་པར་གྲོལ་བ་མཁྱེནད་པའི་སྟོབས་དང་ལྡན་པ་ཞེས་བྱའོ།། བསམ་གཏན་དང་རྣམ་པར་ཐ་རད་པ་དང་། ཏིང་ངེ་འཛིནད་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང ་བ་དང་། རྣམ་པར་གཞག་པ་ཐམས་ཅད་མཁྱེནད་པའི་སྟོབས་དང་ལྡན་པའི་ཕྱིར། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེནད་པའི་སྟོབས་དང་ལྡན་པ་ཞེས་བྱའོ།། སྔོན་གྱི་གནས་རྣམ་པ་དུ་མ་དྲན་པ་མཁྱེན ་པ་ཆགས་པ་མྱི་མངའ་བའི་སྟོབས་དང་ལྡན་པའི་ཕྱིར། བསམ་གཏན་དང་། རྣམ་པར་ཐ་རད་པ་དང་། ཏི་ང་འཛིནད་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ་རྣམ་པར་གཞག་པ་ཐམས་ཅད་མཁྱེནད་པའི་སྟོབས་དང་ལྡན་པ་ཞེས་བྱའོ།། གཟུགས་མ་ལུས་པ་ཐམས་ཅད་སྒྲུབ་པ་མྱེད་པར་གཟིགས་པའི་ལྷའི་སྤྱན་གྱི་མཁྱེནད་པའི་སྟོབས་དང་ལྡན་པའི་ཕྱིར། སྔོན ་ཀྱི་གནས་རྣམ་པ་དུ་མ་དྲད་པ་མཁྱེན་པལ། ཆགས་པ་མྱི་མངའ་བའི་སྟོབས་དང་ལྡན་པ་ཞེས་བྱའོ།། བག་ཆགས་ཀྱི་མཚམས་སྦྱོར་བར་གྱུརྡ་པ་ཐམས་ཅད་དང་། ཟག་པ་ཐམས་ཅད་མ་ལུས་པར་ཟད་པ ་མཁྱེནད་པའི་སྟོབས་དང་ལྡན་པའི་ཕྱིར། གཟུགས་མ་ལུས་པ་ཐམས་ཅད་སྒྲིབ་པ་མྱེད་པར་གཟིགས་པའི་ལྷའི་སྤྱན་གྱི་མཁྱེནད་པའི་སྟོབས་དང་ལྡན་པ་ཞེས་བྱའོ།། ཆོས་ཐམས་ཅད་མ་ལུས་པར་མངོན་པར་རྫོག ་པར་སངས་རྒྱས་སོ་ཞེས་དམ་བཅས་པ་ལ། ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཟིལ་གྱིས་མྱི་ནོན་པའི་དམ་བཅས་པའི་མྱི་འཇིགས་པ་བརྙེས་པའི་ཕྱིར། བག་ཆགས་ཀྱི་མཚམས་སྦྱོར་བར་གྱུརྡ་པ ་ཐམས་ཅད་དང་། ཟག་པ་ཐམས་ཅད་མ་ལུས་པར་ཟད་པ་མ་ཁྱེནད་པའི་སྟོབས་དང་ལྡན་པ་ཞེས་བྱའོ།། ཀུན་ནས་ཉོན་མོང་། ས་པ་ཐམས་ཅད་མྱ་ངན་ལས་འདས་པའི་བར་དུ་གཅོད་པའི་ཆོས ་སུ་བསྟནད་ཏེ། དེར་དམ་བཅས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མྱི་ཤིཀྲིས་པའི་དམ་བཅས་པའི་མྱི་འཇིགས་པ་བརྙེས་པའི་ཕྱིར། ཆོས་ཐམས་ཅད་མ་ལུས་པར་མངོན་པར་རྫོགས ་པར་སངས་རྒྱས་སོ་ཞེས་དང་བཅས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་ཀྱིས་ཟིལ་གྱིས་མྱི་ནོན་པའི་དམ་བཅས་པའི་གྱི་འཇིགས་པ་བརྙེས་པ་ཞེས་བྱའོ།། ངེས་པར་འབྱུང་བའི་ལམ་བསྒྲུབས་ན། མྱ་ངན ་ལས་འདས་པ་རྙེད་པར་འགྱུར་རོ་ཞེས་དམ་བཅས་པས་དང་བཅས་པའི་འཇིག་རྟེན་གྱིས་བརྒལ་དུ་མྱེད་པའི་དམ་བཅས་པའི་མྱི་འཇིགས་པ་བརྙེས་བྱའི་ཕྱིར། ཀུན་ནས་ཉོན་མོངས་པ་ཐམས་ཅད་མྱ་ངན་ལས ་འདས་པའི་བར་དུ་གཅོད་པའི་ཆོས་སུ་བསྟནད་ཏེ། དེར་དམ་བཅས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མྱ་ཤིགས་པའི་དམ་བཅས་པའི་མྱི་འཇིགས་པ་བརྙེས་པ་ཞེས་བྱའོ།། ཟག་པ་ཐམས་ཅད ་