| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨ་སྱ་བཱ་བ་སང་ཀྲན་དི་ནམ་མ་ཡ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ ་ལོ།། འདི་སྐད་བདག་གིས་ཟོས་པ་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོ་འི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན། དགེ་སློང་སྟོང་གཉིས་བརྒྱ་ལྔ་བཅུའི་དགེ་སློང་གྱི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཆེན ་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་ཞུགས་ཏེ། དེ་ནས་བཅོམ་ལྡན་འད། ས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོརྡ་ཅིང་མདུནད་ཀྱིས་ལྟས་ནས་ཆོས་སྟོནད་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར ་ཏུ་དགེ་བ། ཐ་མར་དགེ་བ། དོན་པའང་པོ་ཚིག་འབྲུ་བཟང་པོ།། མ་དྲིས་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱ་བ། ཡང་དག་པར་སྟོན་ཏོ།། དེའི་ཚེ་ཡུལ་མ་ཀ་ཏའི་རྒྱལ་པོ་བརྩ ་བྱིངས་གཟུགས་ཅན་སྙིང་པོ་རྒྱལ་པོ་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ།། རྒྱལ་པོའི་འབྱོར་ད་པ་ཆེན་པོ་དང་། རྒྱལ་པོའི་མིབུ་ཆེན་པོས་འོད་མའི་ཚལ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན། ་འདས་ཀྱི་ཞབས་ལ་བགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། ཡུལ་མ་ག་ཏའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས།། བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་ལས་བགྱིས་ཤིང་བསྩགས་པ་ནས། ཡུན་རིང་ཏུ་ལགས་པ་འགུམ་པའི་ཚེ།། དུས་ཀྱི་ཆེ། ཉེ་བར་གནས་ཤིང་ཡིད་ལ་མངོན་ཏུ་འགྱུར་ལགས། འདུ་བྱེད་ཐམས ་ཅང་སྟོང་པ་ལ། ཇི་ལྟར་ལས་རྣམས་འཆབ་མྱི་འཆལ་བར་དགའ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་ཏའི་རྒྱལ་པོ་བཟོ་སྦྱངས་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་པོ་ཆེན ་པོ་འདི་ལྟ་སྟེ། ད་པཱ་ན། མྱི་ཞིག་ཉལ་བའི་རྨྱི་ལམ་ན། ཡུལ་གྱི་བུད་མྱེད་བཟང་མོ་དང་། ལྷན་ཅིག་ཏུ་ཡོངས་སུ་སྤྱོད་པ་གྱིས་ལ། དེ་ཉལ་བ་ལས་སད་ནས་ཡུལ་གྱི་བུར་མྱེད་བཟང་མོ་དེ་དྲན་ན།། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས ་རྨྱི་ལམ་གྱི་བཟང་མོ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་སྙམ་དུ་སེམས། འོ་ན་གང་རྨྱི་ལམ་གྱི་ཡུལ་གྱི་བུད་མྱེད་བཟང་མོ་ལ ་མངོན་པར་ཞེནད་པའི་མྱི་དེ་ཅི་མཁས་པའི་རང་བཞིན་ཅན་ཞིག་ཡིན་ནམ་གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་མ། བཅོམ་ལྡན་འདས་རྨྱི་ལམ་གྱི་ཡུལ་གྱི་བུད་མྱེད་བཟང་མོ་ཡང་ཤི་ནང་ཏུ ་མ་མཆིས་ཤིང་མྱི་དམྱིགས་ལགས་ན་དེ་དང་ཡོངས་སུ་སྤྱོད་པ་ལྟ་ག་ལ་མཆིས་ཏེ། དེ་ལྟར་མྱི་དེ་ནི་འཕོངས་ཤིང་དུབ་པའི་བསྐལ་པ་ཙ། ན་ཏུ་འགྱུར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་རྒྱལ་པོ་ཆེན་པོ་དེ་བཞིན་བྱ།། བྱིས་པ་སོ་སོའི་སྐྱེ་བོ་བོས་པ་དང་ཀྱི་ལྡན་བ་ཡང་རྩིག་གིས་གཟུགས་རྣམས་མཐོང་མ་ཡིད་བདེ་བར་འགྱུར་བ་མི་གཟུགས་རྣམས་ལ་མངོན་པར་ཞེན་ཏེ། མངོན་པར་ཞེན་པར་གྱུར་ངནམ ་རྗེས་སུ་ཆགས་པར་འགྱུར་རོ།། ཀུན་ཏུ་ཆགས་ནས་འདོད་ཆགས་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། ཏིག་མུག་ལས་བྱུང་བའི་ལས་དང་། ལུས་དང་ངག་དང་། ཡིད་ཀྱིས་མངོན་པར་འདུ་བྱེད་པ་དེ་ལས་དེ་མངོན་པར་འདུས་ནས ་འགག་གོ།། འགག་པ་མཤ་རང་ཕྱོགས་སུ་བརྟེན་སྟེ། གནས་པ་མ་ཡིན། ལྷོ་ཕྱོགས་སུ་མ་ཡིན། ནུབ་ཕྱོགས་སུ་མ་ཡིན། བྱང་ཕྱོགས་སུ་མ་ཡིན། སྟེང་དུ་མ་ཡིན། འོག་ཏུ་མ་ཡིན། ཕྱོགས་མཚམས་རྣམས་སུ་བཏེནང་ཅེ ་གནས་པ་མ་ཡིམ། ཏུས་གཞན་ཅིཙམ་ཞིག་ན་འཆིལ་བུའི་དུས་དང་། ཅོང་ཉེ་བར་གནས་པའི་མེ། དེ་དང་ཞལ་བ་འདྲ་བའི་ལས་ཁང་ནས། རྣམ་པར་ཤེས་པ་ལ་མ་འགག་པའི་ཆེ། འདི་ལྔ་སྟེ་དཔེར་ན། ཉལ་ཉལ་ཟམ་པ ་སད་པའི་མྱིའི་ཡུལ་གྱི་བུད་མྱེད་བཟང་མོ་ལྟ་བུར་ལས་དེ་ཡིད་ལ་མངོན་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལྟར། རྣམ་པར་ཤེས་པ་ལ་མ་འགག་ཤིང་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོའོ།། ཡང་ན་ནི ་ལཱའི་ནང་དུ། ཡང་ན་ནི་མྱི་ལི་ནང་ཏུ། ཡང་ན་ནི་ལཱ་མ་ཡིན་གི་ནང་དྷ། ཡང་ན་ནི་སེམས་ཅན་དམྱལ་བ་རྣམས་སུ་ཡ་ན་ནི་བདུད་འགྲོ་རྣམས་སུ་ཡང་ན་ནི་ཡི་དགས་རྣམས་སུ་འབྱུང་བར་འགྱུར་རོ།། རྒྱལ ་པོ་ཆེན་པོ་རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཟག་ཏུ་གཔལ་རྣམ་པར་སྦྱིན་པ་མྱོང་བར་འགྱུར་བའི་མངོན་པ་དེ་དང་སྐལ་པ་འདྲ་བའི་སེམས་ཀྱི་ཆུང་འབྱུང་ངོ་།། རྒྱལ་པོ་ཆེན་པོ་དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས ་འཇིག་རྟེན་ཕ་རོལ་ཏུ་ཕོ་བ་ཡང་མྱེད་ལ་འཆི་འཕོ་དང་སྐྱེ་བར་མངོན་བ་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་དེ་གཔ་ལ་རྣམ་པར་ཤེས་པ་མ་འགགས་པ་དེ་མི་འཆི་འཕོ་ཞེས་བྱའོ།། གང་རྣམ་པར་ཤེས་པ ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱའོ།། རྒྱལ་པོ་ཆེན་པོ་རྣམ་པར། ཤེས་པ་ཟ་མ་འགག་པའི་ཚེ། གང་དུ་ཡང་མྱི་འགྲོའོ།། རྣམ། པར་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པ་འབྱུང་བའི་ཚེ་ཡང་གང ་ནས་ཀྱང་མྱི་འོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་དང་བྲལ་བའི་ཕྱིར་རོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མ་ནི། རྣམཔར་ཞེས་པ་ཐམས་སྟོང་། འཆི་འབོ་ནི་འཆི་འཕོས་སྟོང་། ལས་ནི་ལས ་ཀྱིས་སྟོང་རྣམ་པར་ཞེས་པ་དང་པོ་རི་རྣམ་པར་ཤེས་པ་དང་ཐོས་སོང་། སྐྱེ་བ་མི་སྐྱེ་བས་སྟོང་ལ་ལས་རྣམས་ཆུད་ཀྱི་མ་བར་མངོན་པ་ཡང་ཡོད་ངོ་དོ།། རྒྱལ་པོ་ཆེམ་པོ་རྣམ་པར་ཞེས་པ་དང་པོ་ལྦུ་བའི་ཆམ་གཏོགས་པ་འགགས་མ་ཁག་ཏུ། བ.རམ ་ཆད་པར་གང་ལ་རྣམ་པར་སྨྱིནད་པ་མྱོང་བར་འགྱུར་བ། མངོན་པའི་སེམས་ཀྱི་རྒྱུན་འབྱུང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས།། སྟོན་པ་གཞན་ཡང་འདི་སྐད་ཅེས་བཀའ ་སྦལ་ཏོ།། འདི་དག་ཐམས་ཅད་ཀྱིས་མ་སྟེ། འདུགས་པམ་ཏུ་གནས་པ་ཡིན། བརྗོད་པ་ལས་ནི་གཞན་མ་གྱུར་། བརྗོད་པར་བྱ་བ་ཡོད་མ་ཡིན།། མྱིང་མིག་དང་གང་གིས་སུ།། ཆོས་རྣམས་ཀ་པ་དང་། བྱང་ཆུབསམས ་གང་བརྗོད་པ།། དེས་དེ་ནི་ཡོད་མ་ཡིན།། འདི་ནི་ཆོས་རྣམས་ཆོས་ཉིད་དོ།། མྱིང་ནི་མྱིང་ཉིད་སྟོང་པ་ཉིད།། མྱིང་ནི་མྱིང་གིས་ཡོད་མ་ཡིན།། མྱིང་མྱེད་པའི་ཆོས་རྣམས་ཀུན།། མྱིང་གིས་ཡོངས་སུ་བརྗོད ་པ་བྱས།། ཆོས་རྣམས་འདི་དག་ཡོད་མྱིན་ཏེ།། རྟོག་པ་ལས་ནི་ཀུན་ཏུ་འབྱུང་།། གང་གིས་སྟོང་པར་རྣམ་རྟོག་པ།། རྟོག་པ་དེ་ཡང་འདི་ན་མྱེད།། མྱིག་གིས་གཟུགས་ནི་མཐོང་ངོ་ཞེས།། ཡང་དག་གཟིགས་པས་གང་གསུངས་པ།། ། ་འཇིག་རྟེན་ལོག་པའི་ངང་ཅན་ལ།། ཀུན་རྫོབ་བདེན་པ་དེ་གསུངས་སོ།། ཚོགས་ནས་མཐོང་ཞེས་གང་དག་ཏུ།། འདྲེནད་པས་རབ་ཏུ་བསྟནད་མཛད་པ།། དེ་ནི་དོན་དམ་གདགས་པའི་སར།། བློ་དང་ལྡན་པས་བཀའ་སྩལ ་ཏོ།། མྱིག་གིས་གཟུགས་རྣོ་མྱི་མཐོང་ཞིང་།། ཡིད་ཀྱིས་ཆོས་རྣམས་མྱི་རི་ག་གི།། དེ་ནི་བདེན་པ་མཆོག་ཡིན་ཏེ།། དེ་ལ་འཇིག་རྟེན་མྱི་དཔོགས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩ་ལ་ནས། ཡུལ་མ་ག ་ཏའི་རྒྱལ་པོ་བཟོའ་དབྱངས་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་དེ། ངག་དང་།། དགེ་སློང་དེ་དག་དང་། ལྷ་དང་མྱི་དང་། ལྷ་མོ་ཡིན་དང་།། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་སྟེ། བཅོམ་ལྡན་འདས་ཀྱིས ་གསུངས་པ་ལ་མངོན་པར་སྟོད་ཏོ།། འཕགས་པའི་སྲིད་པ་འཕོ་བཞི་ས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སྷོ།། ། རྒྱ་ཀར་གྱི་མཁན་པོ་འཛིན་མྱི་ཏྲ་དང་། ད་ན་ཤི་ལ་དང་། ཞུ་ཆེན་གི་ལོ་ཚ་བ ་བར་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ཀར་མ་པྲད་ཉ་བོ་ཏཾ། ལས་ཀྱི་ཚུལ་བཤད་པ།། དཀོན་མཆོག་ལ་སུམ་ལ་ཕྱག་འཚལ་ལོ།། སྡོམ་ནི། ཆེད་དུ་བྱས་དང་སེམས ་