| Wylie | e-texts produced with BDRC’s OCR application |
ཙ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར། སྐད་གསར་ཅད་ཀྱིས་ཀྱང་བཅོས།། །། ། རྒྱ་གར་སྐད་དུ། བཧུད་ཏུ་ཀ་སུ་ཏྲ། ་བོད་སྐད་དུ། ཁམས་མང་པོའི་མདོའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས ་གཉེན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མྱེད་ཟས་སྦྱིན་གི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གཅིག་པུ་དབེན་པར་སོང་སྟེ། ནང་དུ ་ཡང་དག་བཞག་ན། སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ། འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི། མཁས་པ་ལས་མ་ཡིན་ནོ།། ཡམས་ཀྱི་ནད་གང་དག་དང་། ་གནོད་པ་དང་། ནད་འགྲོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི། མཁས་པ་ལས་མ་ཡིན་ནོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཕྱེ་མ་རེདག་ཏུཏྲ་དག་འཇོག་ལས་ལངས་ནས ་བཅོམ་ལྡན་འདས་ཀ་ལ་བ་དེར་སོང་སྟེ། བྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདིར་བདག་ཅིག་པུ་དབེན་པར་མཆིས་ཏེ། ནང་དུ་ཡང་དག་བཞག་ན། སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་སྐྱེས་ཏེ། འཇིགས་པ་གང་དག་འབྱུང་ཞིང་། ་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི།། མཁས་པ་ལས་མ་ལགས་སོ།། ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགྲོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི ་མཁས་པ་ལས་མ་ལགས་སོ་སྙམ་མོ།། ཀུན་དགའ་བོ་དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ། འཇིགས་པ་གང་དག་འབྱུང་ཞིང་། སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་དག་ལས་སྐྱེའི། མཁས་པ་ལས་ནི་མ་ཡིན་ནོ།། ཡམས ་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག། པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི། མཁས་པ་ལས་ནི་མ་ཡིན་ནོ།། ཀུན་དགའ་བོ་དཔེར་ན་འདམ་བུ་སྐམ ་པོའི་ཁང་པ་འམ། རྩ་སྐམ་པོའི་ཁང་པ་འམ། སོག་མ་སྐམ་པོའི་ཕུང་པོ་དག་ལ་མེ་བཏང་ན། ཁང་པ་བརྩེགས་པ་དང་།། ར་པ་བརྩེགས་པའི་གནས་རྣམས་ཀྱང་ཚིག་པར་བྱེད་དོ།། དེ་བཞིན་ཏུ ་འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེ་བའི། མཁས་པ་ལས་ནི་མ་ཡིན་ནོ།། ཡམས་ཀྱི་ནད་ཀར་ཀ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག ་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱོས་ལས་སྐྱེའི། མཁས་པ་ལས་ནི་མ་ཡིན་ནོ།། ཀུན་དགའ་བོ་འདས་པའི་དུས་སུ་འཇིགས་པ་གང་དག་བྱུང་ཞིང་སྐྱེས་པ་དེ་དག་ཐམས་ཅད་ནི་བྱོས་པ་ལས་སྐྱེས་ཀྱི། མཁས་པ་ལས་ནི ་མ་ཡིན་ནོ།། ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་བྱུང་ཞིང་སྐྱེས་པ་དེ་དག་ཐམས་ཅད་ནི་བྱོས་པ་ལས་སྐྱེས་ཀྱི། མཁས་པ་ལས་ནི་མ་ཡིན་ནོ།། ཀུན་དགའ་བོ་མ་འོངས་པའི ་དུས་སུ་འཇིགས་པ་གང་དག་བྱུང་ཞིང་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེ་བར་འགྱུར་གྱི། མཁས་པ་ལས་ནི་མ་ཡིན་ནོ།། ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག ་པ་གང་དག་བྱུང་ཞིང་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེ་བར་འགྱུར་གི། མཁས་པ་ལས་ནི་མ་ཡིན་ནོ།། ཀུན་དགའ་བོ་དེ་ལྟར་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་དག་ཏུ། འཇིགས་པ་དང ་བཅས་པ་ནི་བྱིས་པའོ།། འཇིགས་པ་མྱེད་པ་ནི་མཁས་པའོ།། ཡམས་ཀྱི་ནད་དང་བཅས་པ་ནི་བྱིས་པའོ།། ཡམས་ཀྱི་ནད་མྱེད་པ་ནི་མཁས་པའོ།། གནོད་པ་དང་བཅས་པ་ནི་བྱིས་པའོ།། གནོད་པ་མྱེད་པ་ནི་མཁས ་པའོ།། ནད་འགོ་བ་དང་བཅས་པ་ནི་བྱིས་པའོ།། ནད་འགོ་བ་མྱེད་པ་ནི་མཁས་པའོ།། འཁྲུག་པ་དང་བཅས་པ་ནི་བྱིས་པའོ།། འཁྲུག་པ་མྱེད་པ་ནི་མཁས་པའོ།། ཀུན་དགའ་བོ་འཇིགས་པ་དང་། ཡམས་ཀྱི་ནད ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་དག་ནི་བྱིས་པ་ལས་ཡིན་གྱི། མཁས་པ་ལས་ནི་མ་ཡིན་པར་ཤེས་པར་བྱའོ།། ཀུན་དགའ་བོ་དེ་ལྟ་བས་ན། བྱིས་པའི་ཆོས་དང་མཁས་པའི་ཆོས་ཁོང་དུ་ཆུད་པར ་བྱའོ།། བྱིས་པའི་ཆོས་དང་མཁས་པའི་ཆོས་དག་ཁོང་དུ་ཆུད། ནས་ཀྱང་། བྱིས་པའི་ཆོས་ནི་སྤང་བར་བྱའོ།། མཁས་པའི་ཆོས་ནི་ཡང་དག་པར་བླང་བར་བྱ་སྟེ། ཀུན་དགའ་བོ་དེ་ལྟར་དེ་བཞིན་དུ ་བསླབ་པར་བྱའོ།། བཙུན་པ་ཅི་ཙམ་གྱིས་ན་བྱིས་པ་བྱིས་པ་ཞེས་བགྱི་བའི་གྲངས་སུ་མཆི་བ་ལགས།། ཀུན་དཀའ་བོ་བྱིས་པ་ནི་ཁཾས་ལ་མཁས་པ་མ་ཡིན་པ་དང་། སྐྱེ་མཆེད་ལ་མཁས་པ་མ་ཡིན ་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་མ་ཡིན་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་མ་ཡིན་པ་སྟེ། ཀུན་དགའ་བོ་དེ་ཙམ་གིས་ན་བྱིས་པ་བྱིས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ།། ་བཙུན་པ་ཅི་ཙམ་གྱིས་ན་མཁས་པ་མཁས་པ་ཞེས་བགྱི་བའི་གྲངས་སུ་མཆི་བ་ལགས། ཀུན་དགའ་བོ་མཁས་པ་ནི་ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེནད་ཅིང་འབྲེལ་པར་འབྱུང་བ་ལ་མཁས ་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་ཡིན་ཏེ། ཀུན་དགའ་བོ་དེ་ཙམ་གྱིས་ན་མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ།། བཙུན་པ་ཅི་ཙམ་གིས་ནི་མཁས་པ་ནི་ཁམས་ལ་མཁས་པ་ལགས།། ་ཀུན་དགའ་བོ་མཁས་པ་ནི་ཁམས་བཅོ་བརྒྱད་པོ་མྱིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མྱིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར ་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི ་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དག། ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། ཀུན་དགའ ་བོ་དེ་ལྟར་ན། ཁམས་བཅོ་བརྒྱད་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་དྲུག་པོ་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང ་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དག། ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་།། པ་སྟེ། དེ་ལྟར་ན། ཁམས་དྲུག་པོ་ཡང་དག་པ་ཇི་ལྟ་བ་བཞིན ་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་དྲུག་པོ་འདོད་པའི་ཁམས་དང་། གནོད་སེམས་ཀྱི་ཁམས་དང་། རྣམ་པར་འཚེ་བའི་ཁམས་དང་། ངེས་པར་འབྱུང་བའི་ཁམས་དང་། གནོད ་སེམས་མྱེད་པའི་ཁམས་དང་། རྣམ་པར་འཚེ་བ་མྱེད་པའི་ཁམས་དག། ཡང་དག་པ་ཇི་ལྟ་བཞིན་ཤེས་ཤིང་མཐོང་བ་སྟེ། དེ་ལྟར་ན་ཁམས་དྲུག་པོ་ཡང་དག་པ་ཇི་ལྟ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང ་ཁམས་དྲུག་པོ་བདེ་བའི་ཁམས་དང་། སྡུག་བསྔལ་གི་ཁམས་དང་། ཡིད་བདེ་བའི་ཁམས་དང་། ཡིད་མྱི་བདེ་བའི་ཁམས་དང་། བཏང་སྙོམས་ཀྱི་ཁམས་དང་། མ་རིག་པའི་ཁམས་དག་ཡང་དག་པ་ཇི་ལྟ་བཞིན་ཤེས་ཤིང ་མཐོང་བ་སྟེ། དེ་ལྟར་ན་ཁམས་དྲུག་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་བཞི་པོ་ཚོར་བའི་ཁམས་དང་། འདུ་ཤེས་ཀྱི་ཁམས་དང་། འདུ་བྱེད་ཀྱི་ཁམས་དང་། རྣམ་པར ་ཤེས་པའི་ཁམས་དག། ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གསུམ་པོ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་དག། ཡང་དག་པ ་ཇི་ལྟ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གསུམ་པོ་དག། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་དང་། འགོག་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ ་ཡིན་ནོ།། གཞན་ཡང་ཁམས་གསུམ་པོ་འདས་པའི་ཁམས་དང་། མ་འོངས་པའི་ཁམས་དང་། ད་ལྟར་བྱུང་བའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གསུམ ་པོ་དམན་པའི་ཁམས་དང་། བར་མའི་ཁམས་དང་། གྱ་ནོམ་པའི་ཁམས་དག་ཡང་དག་པ་ཇི་ལྟ་བཞིན་ཤེས་ཤིང་མཐོབ་པ་ཡིན་ནོ།། གཞན་ཡང་ཁམས་གསུམ་པོ་དགེ་བའི་ཁམས་དང་། མྱི་དགེ ་བའི་ཁམས་དང་། ལུང་དུ་མ་སྟནད་པའི་ཁམས་དག་ཡང་དག་པ། ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁས།། གསུམ་པོ་སློབ་པའི་ཁམས་དང་། མྱི་སློབ་པའི་ཁམས་དང་།། ་སློབ་པ་ཡང་མ་ཡིན་མྱི་སློབ་པ་ཡང་མ་ཡིན་པའི་ཞེས་དག་ཡང་དག། པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གཉིས་པོ་ཟག་པ་དང་བཅས་པའི་ཁམས་དང་། ཟག་པ་མྱེད་པའི ་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གཉིས་པོ་འདུས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ།། ཀུན་དགའ ་བོ་དེ་ཙམ་གྱིས་ན་མཁས་པ་ཁམས་ལ་མཁས་པ་ཡིན་ནོ།། བཙུན་པ་ཇི་ཙམ་གྱིས་ན་མཁས་པ་སྐྱེ་མཆེད་ལ་མཁས་པ་ལགས།། ཀུན་དགའ་བོ་མཁས་པ་ནི་སྐྱེ་མཆེད་བཅུ་གཉིས་པོ།། མྱིག་གི་སྐྱེ་མཆེད་དང་། ་གཟུགས་ཀྱི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཡིད ་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དག་ཡང་དག་པ་ཇི་ལྟ་བཞིན་ཤེས་ཤིང་མཐོང་བ་སྟེ། ཀུན་དགའ་བོ་དེ་ཙམ་གྱིས་ན་མཁས་པ་སྐྱེ་མཆེད་ལ་མཁས་པ་ཡིན་ནོ།། བཙུན་པ་ཅི་ཙམ་གྱིས་ན་མཁས་པ་རྟེནད ་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་མཁས་པ་ལགས། ཀུན་དགའ་བོ་མཁས་པ་ནི་རྟེནད་ཅིང་འབྲེལྡ་པར་འབྱུང་བའི་འདི་ཉིད་ལུགས་བཞིན་འབྱུང་བ་དང་། ལུགས་ལས་བཟློག་པ་འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང་། འདི ་སྐྱེས་པས་འདི་སྐྱེས་ཏེ། འདི་ལྟར་མ་རིག་པའི་རྐྱེནད་ཀྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེནད་ཀྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེནད་ཀྱིས་མྱིང་དང་གཟུགས། མྱིང་དང་གཟུགས་ཀྱི་རྐྱེན་ཀྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི ་རྐྱེནད་ཀྱིས་རེག་པ། རེག་པའི་རྐྱེནད་ཀྱིས་ཚོར་བ། ཚོར་བའི་རྐྱེན་ཀྱིས་སྲེད་པ། སྲེད་པའི་རྐྱེནད་ཀྱིས་ལེནད་པ། ལེནད་པའི་རྐྱེན་སྲིད་པ། སྲིད་པའི་རྐྱེནད་ཀྱིས་སྐྱེ་བ། སྐྱེ་བའི་རྐྱེནད་ཀྱིས་རྒ་ཤི་དང་། ་མྱ་ངན་དང་། སྨྲེ་སྔགས་འདོད་པ་དང་། སྡུག་བསྔལ་བ་དང་། ཡིད། མྱི་བདེ་བ་དང་། འཇུག་པ་དག་འབྱུང་ཞིང་། སྡུག་བསྔལ་གྱི་ཕུངཔོ་ཆེན་པོ་འདི་འབ་ཤིག་འབྱུང་བར་འགྱུར་རོ།། འདི་ལྟ་སྟེ། འདི ་མྱེད་པས་འདི་མྱི་འབྱུང་། འདི་འགགས་པས་འདི་འགག་སྟེ། འདི་ལྟར་མ་རིག་པ་འགགས་པས་འདུ་བྱེད་འགག། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག། རྣམ་པར་ཤེས་པ་འགགས་པས ་མྱིང་དང་གཟུགས་འགག། མྱིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག། རེག་པ་འགགས་པས་ཚོར་བ་འགག། ཚོར་བ་འགགས་པས་སྲེད་པ་འགག། སྲེད་པ་འགག ་པས་ལེནད་པ་འགག། ལེནད་པ་འགགས་པས་སྲིད་པ་འགག། སྲིད་པ་འགགས་པས་སྐྱེ་བ་འགག། སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཇུག ་པ་དག་འགག་ཅིང་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབ་ཤིག། འགག་པར་འགྱུར་བ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། ཀུན་དགའ་བོ་དེ་ཙམ་གྱིས་ན་མཁས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ ་ཡིན་ནོ།། བཙུན་པ་ཅི་ཙམ་གྱིས་ན་མཁས་པ་གནས་དང་། གནས་མ་ཡིན་པ་ལ་མཁས་པ་ལགས།། ཀུན་དགའ་བོ་མཁས་པ་ནི་གནས་ལས་གནས་དང་། གནས་མ་ཡིན་པ་ལས་གནས་ཡཱི་པ་དག་ཡང་དག་པ་ཇི་ལྟ་བ ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། ཀུན་དགའ་བོ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མྱེད་པ་སྟེ། གང་ལུས་ཀྱིས་ཉེས་པར་ཁྱད་པ་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིནད་པ། འདོད་པ་དང་། སྐྲག་པ་དང་། ་དགའ་བ་དང་། ཡིད་དུ་འོང་བ་དག་མངོན་པར་འགྲུབ་པ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། གང་ལུས་ཀྱིས་ཉེས་པར་པྱད་པ་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ། འདོད་པ་མ་ཡིན་པ་དང་། སྡུག ་པ་མ་ཡིན་པ་དང་། དགའ་བ་མ་ཡིན་པ་དང་། ཡིད་དུ་འོང་བ་མ་ཡིན་པ་དག། མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་ཡིན་ནོ།། ཀུན་དཀའ་བོ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་པས་མྱེད་པ་སྟེ། གང ་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིནད་པ། འདོད་པ་མ་ཡིན་པ་དང་། སྡུག་པ། མ་ཡིན་པ་དང་། དགའ་བ་མ་ཡིན་པ་དང་། ཡིད་དུ་འོང་བ་མ་ཡིན་པ ་དག་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ན་གནས་ཡིན་ནོ།། གང་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པོའི་རྣམ་པར་སྨྱིནད་པ་དདོད་པ་དང་། ་སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དག་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་ཞིང་གོ་བསྐབས་མྱེད་པ་ནི། གང་ལུས་ཀྱིས་ཉེས་པར་པྱད་པ་སྤྱད། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ ་སྤྱད་ནས། རྒྱུ་དེ་དང་རྐྱེད་དེས་སུས་ཞོག་ནས་བདེ་འགྲོ་མཐོ་རིམ་གྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ། འདི་ནི་གནས་ཡིན་ཏེ། གང་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱད་ངག་དང་ཡིད་ཀྱིས ་ཉེས་པར་ཁྱད་པ་སྤྱད་ནས། སྐུ་དེ་དང་རྐྱེནད་དེས་ལུས་ཞིག་ནི་ཕན་ཆད། ངན་སོང་ངན་འགྲོ་རྣམ་པར་ལྟུང་བ་སེམས་ཅན་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་བ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་ཞིང་གོ་བསླབས་མྱེད་པ་ནི། ་གང་ལུས་ཀྱིས་ལེགས་པར་སྤྱད་པ་སྱད། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱད་ནས། རྒྱུ་དེང་རྐྱེ་ནད་དེས་ལུས་ཞིག་ནས་ཤི་ཕན་ཆད་ངན་སོང་ངན་འགྲོ་རྣམ་པར་ལྟུང་བ་སེམས་ཅན་དམྱལ་བ་དག་གི་ནང་དུ ་སྐྱེ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། གང་ལུས་ཀྱིས་ལེགས་པར་ཁྱད་པ་སྤྱད། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱད་ནས། རྒྱུ་དེ་དང་རྐྱེནད་དེས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག ་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་ཅུལ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་ཞིང་གོ་སྐབས་མྱེད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་འཇིག་རྟེནད་དུ་གང་སྔ་ཕྱི་མྱེད་པར་འབྱུང་བ་འདི་ནི་གནས་མ་ཡིན་ཏེ། གང་གཅིག ་འབྱུང་བ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་ཞིང་ཀོ་སྐབས་མྱེད་པ་ནི། འཁོར་ལོས་སྒྱུར་བ་གཉིས་འཇིག་རྟེན་དུ་གང་སྔ་ཕྱི་མྱེད་པར་འབྱུང་བ་འདི་ནི་གནས་མ་ཡིན་ཏེ། གང་གཅིག་འབྱུང་བ་འདི་ནི་གནས་ཡིན་ནོ།། ། ་གནས་པ་ཡིན་ཞིང་གོ་སྐབས་མྱེད་པ་ནི། གང་བུད་མྱེད་འཁོར་ལོས་སྒྱུ།། ར་བའི་རྒྱལ་སྲིད་དང་། བརྒྱ་བྱིན་ཉིད་དང་ཚངས་པ་ཉིད་དང་། བདུད།། ཉིད་བྱེད་པར་འགྱུར་བ་དང་། རང་བྱང་ཆུབ་ཏུ་མངོན་ཏུ་བྱེད་པར་འགྱུར། ་པ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འདི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། སྐྱེས་པ་གང་ཡིན་པའོ།། གནས་མ་ཡིན་ཞིང་གོ། ་སྐབས་མྱེད་པ་ནི། གང་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་བསམས་བཞིན་དུ་ཕ་དང་མ་དང་དགྲ་བཅོམ་པ་གསོད་པར་འགྱུར་བ་དང་། དགེ་འདུན་གི་དབྱེན་བྱེད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས། ་ཁྲག་འབྱིན་པར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། སོ་སོའི་སྐྱེ་བོ་གང་ཡིན་པའོ།། གནས་མ་ཡིན་ཞིང་གོ་སྐབས་མྱེད་པ་ནི། གང་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་བསམས་བཞིན་དུ་སྲོག་ཆགས ་ཀྱི་སྲོག་གཅོད་པར་འགྱུར་བ་དང་། བསླབ་པ་བཏང་ནས་ཉམས་པ་ལ་འཇུག་པར་འགྱུར་བ་དང་། འདི་ལས་ཕྱི་རོལ་པ་གཞན་དག་ལ་ཡོན་གནས་སུ་ཚོལ་བར་འགྱུར་བ་དང་། འདི་ལས་ཕྱི་རོལ་པ་གཞན་དག་ལ་སྟོནད་པར་ལྟ ་བར་འགྱུར་བ་དང་། དགེ་མཚན་དང་བཀྲ་ཤིས་དག་གིས་དག་པར་ཡིད་ཆེས་པར་འགྱུར་བ་དང་། དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ་དེ་དག་ཤེས་པར་བྱ་བ་ཤེས་ཤིང་ལྟ་བ་བྱ་བ་མཐོང་ངོ་།། སྙམ་ནས་དགེ་སྦྱོང་དང་བྲམ་ཟེ་གཞན ་གི་ངོར་རྟོག་ཅིང་ངོར་ལྟ་བར་འགྱུར་བ་དང་། སྲིད་པ་བརྒྱད་པ་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། སོ་སོའི་སྐྱེ་བོ་གང་ཡིན་པའོ།། གནས་མ་ཡིན་ཞིང་གོ་སྐབས་མྱེད་པ་ནི། སེམས ་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མྱི་འགྱུར་བ་སྒྲིབ་པ་ལྔ་པོ་མ་སྤངས་པས་ནི། དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས ་ཤིན་ཏུ་ཉེ་བར་བཞག་ནས། གནས་པར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རྭཉ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ ་གྱུར་པ་དང་། མྱ་ངན་ལས་འདའ་བར་མྱི་འགྱུར་བ་གང་སྒྲིབ་པ་ལྔ།། པོ་སྤངས་པས་ནི། དྲན་པ་ཉེ་བར་བཞག་པ་བཞི་དག་ལ་སེཾས་། ཤིནད་ཏུ་ཉེ་བར་བཞག་ནས་གནས་པར་འགྱུར་བ་འདི་ན་གནས་ཡིན ་ནོ།། གནས་མ་ཡིན་ཞིང་གོ་སྐབས་མྱེད་པ་ནི། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་ད་པ་དང་། མྱ་ངན་ལས་འདའ་བར་མྱི་འགྱུར་བ། ་གང་སྒྲིབ་པ་ལྔ་པོ་མ་སྤངས་པས་ནི། དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤི་ནང་དུ་ཉེ་བར་བཞག་པ་ན། བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། སེམས་ཀུན་ནས། ་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདས་པར་མྱི་འགྱུར་བ་གང་སྒྲིབ་པ་ལྔ་པོ་སྤངས་པས་ནི། དྲན་པ་ཉེ་བར་བཞག་པ་བཞི་དག་ལ ་སེམས་ཤིན་ཏུ་ཉེ་བར་བཞག་ནས་གནས་པ་ན། བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། གནས་མ་ཡིན་ཞིང་གོ་སྐབས་མྱེད་པ་ན། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ། ་ཉམ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མྱི་འགྱུར་བ་གང་། སྒྲིབ་པ་ལྔ་པོ་མ་སྤངས་པས་ནི། དྲན་པ་ཉེ་བར་བཞག་པ་བཞི་དག་ལ། སེམས་ཤི་ནད་ཏུ་ཉེ་བར་བཞག། ་ནས་གནས་པ་ན། བྱང་ཆུབ་ཀྱི་ཡན་ལག་བརྙན་བསྒོམ་སྟེ། རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་བ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། ་འདི་ནི་གནས་ཡིན་ཏེ། སེམས་ཀུན་ནས་ཉོན་མོངས་པར་འགྱུར་བ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མྱི་འགྱུར་བ་གང་། སྒྲིབས་པ་སྤངས་པས་ནི།། ནས་ཉེ་བར ་བཞག་པ་བཞི་དག་ལ་སེམས་ཤི་ནད་ཏུ་ཉེ་བར་བཞག་ནས་གནས་པ་ན། བྱང་ཆུབ་ཀྱི་ཡན་ལག་བཅུན་སྒོམས་ཏེ། རང་བྱང་ཆུབ་མངོན་ཏུ་བྱེད་པར་འགྱུར་བ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་མངོན་པར་རྫོགས ་པར་འཚང་རྒྱ་བར་འགྱུར་བ་འདི་ནི་གནས་ཡིན་ཏེ། ཀུན་དགའ་བོ་དེ་ཙ། མ་གྱིས་ན། མཁས་པ་གནས་དང་གནས་མ་ཡིན་པ་ལ་མཁས་པ་ཡི། ན་ནོ།། བཙུན་པ་ཆོས་ཀྱི་རྣམ་གྲངས་འདིའི་མྱིང་ཅི་ལགས་ཇི་ལྟར ་གཟུང་བར་བགྱི། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ནི་ལེ་འུ་བཞི་པ་ཞེས་བྱ་བར་ཡང་ཟུང་ཤིག། ཆོས་ཀྱི་མེ་ལོང་ཞེས་བྱ་བར་ཡང་ཟུང་ཤིཀ།། བདུད་རྩིའི་རྔ་བོ་ཆེ་ཞེས་བྱ་བར་ཡང་ཟུང་ཤིག། ་ཁམས་མང་པོ་པ་ཞེས་བྱ་བར་ཡང་ཟུང་ཤིག། དེ་བས་ན་ཁམས་མང་པོ་པ་ཞེས་བྱ་བ་ནི། ཆོས་ཀྱི་རྣམ་གྲངས་འདིའི་ཚིག་བླ་དགས་ཡིན་ནོ།། །། ཁམས་མང་པོ་པ་ཞེས་བྱ་བའི་མདོའི་རྫོགས་སྷོ།། ། ་རྒྱ་གར་ཀི་མཁན་པོ་སུ་ལེན་དཱ་བོད་དེ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུརྡ་ཅིང་གཏན་ལ་ཕབ་པ།། །། རྒྱ་གར་སྐད་དུ། ཨ་རྱ་ཀརྨ་ཨ་པ་ར་ན་པྲ་ཏི་སྲ་པ་དྷཾ་མ་མ་ཧ་ཡ་ན ་