| Wylie | e-texts produced with BDRC’s OCR application |
རྩ་གསུམ་པའི་ལྷ་དེ་ན་བཞུགས་པ་རྣམས་ཀྱི་ལྷའི་ལོངས་སྤྱོད་རྣཾས།། དངོས་པོ་དང་། ཉམས་སུ་མྱོང་བ་དང་། ངའིར་འཛིནད་པ་མྱེད། པར་འདྲེས་པ་ཉེ་བར་འདྲེས་པར་གནས་སོ།། དེ་བཞིན་དུ་བྱང ་ཆུབ་སེམས་དཔའ་རྣམས་ཇི་སྲིད་དུ་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་མ་གྱུརྡ་པ་དེ་སྲིད་དུ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མྱེད་པ་སེ་མས་མཉམ་པ་དེ་ཐོབ་ནས། བཏང་སྙོམས་པ་དེ་ཐོབ་པར་མྱི་འགྱུར་ཏེ། ་གཉིས་སུ་འདུ་ཤེས་པ་དེ་དག་ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱད་པ་འབྲས་བུ་རོ་གཅིག་པ་འདྲེས་པ་ཉེ་བར་གནས་ཀྱི། གང་ཚུན་ཅད་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་པ་དེ་ཕན་ཆད་གཉིས་སུ་འདུ་ཤེས་པའི་གཉེན་པོས ་སེམས་མཉམ་པ་ཐོབ་ནས། དེའི་འོག་ཏུ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། ཐུན་མོང་མ་ཡིན་པའི་བཏང་སྙོམས་ཐོབ་སྟེ། དེ་ཕན་ཅད་དག་གི་ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱད་པ། འབྲས་བུ་རོ་གཅིག ་པ། འདྲེས་པ་ཉེ་བར་འདྲེས་པར་གནས་སོ།། ཤིན་ཏུ་འདུས་ཡང་འདི་ལྟ་སྟེ་དཔེར་ན། ཆུ་བོ་དང་ཆུ་བྲན་རྣམ་པ་མང་པོ་དག་ཇི་སྲིད་དུ་རྒྱ་མཚོ་ཆེན་པོར་ཞུགས་པར་མ་གྱུརྡ་པ་དེ་སྲིད་དུ་གནས་ཐ་དོད་པ་དང་། ཆུ་བ་དད་པ་དང་། ་ཆུ་ཆུང་བ་དང་། ཆུ་སྐྱེ་འགྲིབ་ཡོད་པ་དང་། སོ་སོར་རང་གི་བྱ་བ་བསྒྲུབ་པའི་ལས་ཅན་ཀི་ཆུ་དང་། སྲོག་ཆགས་ཆུ་ནས་སྐྱེས་པ་ཉུ་དུ་དག་གི་འཚེ་བ་ཉེ་བར་རྟོནད་པའི་གནས་ཡིན་ནོ།། གང་ཚུན་ཅད་རྒྱ་མཚོ་ཆེན་པོར་ཞུགས ་པར་གྱུརྡ་པ་དེའི་ཚེ། གནས་ཐ་དད་པ་མ་ཡིན་པ་དང་། མུ་ཐ་དད་པ་མ་ཡིན་པ་དང་། ཆུ་ཚད་མྱེད་པ་དང་། ཆུ་སྐྱེ་འགྲིབ་མྱེད་པ་དང་། བྱ་བ་སྒྲུབ་པ་གཅིག་པའི་ལས་ཅན་གི་ཆུ་དང་། སྲོག་ཆགས་རྒྱུ་ནས་སྐྱེས་པ་ཕལ་པོ་ཆེ ་ཆེན་པོ་རྣམས་ཀྱི་འཚོ་བ་ཉེ་བར་རྟོནད་པའི་གནས་ཡིན་ནོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཇི་སྲིད་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱ་མཚོ་ཆེན་པོར་ཞུགས་པར་མ་གྱུརྡ ་ཀི་དེ་སྲིད་དུ། གནས་ཐ་དད་པ་དང་། ཡེ་ཤེས་ཐ་དད་པ་དང་། ཡེ་ཤེས་ཆུང་བ་དང་། ཡེ་ཤེས་སྐྱེ་འགྲིབ་ཡོད་པ་དང་། སོ་སོར་རང་གི་བྱ་བ་སྒྲུབ་པའི་ལས་ཅན་གི་ཡེ་ཤེས་དང་། སེམས་ཅན་ཉུ་དུ་དག་ཡོངས་སུ་སྨིནད་པར ་འགྱུར་བའི་དགེ་བའི་རྩེ་བའི་གནས་ཡིན་ནོ།། གང་ཚུན་ཅད་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱ་མཚོ། ཆེན་པོར་ཞུགས་པར་གྱུར་པ་དེའི་ཚེ། གནས་ཐ་དད་པོ་མ་ཡིན ་པ་དང་། ཡེ་ཤེས་ཐ་དད་པ་མ་ཡིན་པ་དང་། ཡེ་ཤེས་ཚད་མྱེད་པ་དང་། ཡེ་ཤེས་སྐྱེ་འགྲིབ་མྱེད་པ་དང་། ཡེ་ཤེས་ཀྱི་རྫོགས་པརལོངས་སྤྱད་པའི་འབྲས་བུ་རོ་གཅིག་པ་འདྲེས་པ་ཉེ་བར་འདྲེས ་པར་འགྱུར་ཏེ། སེམས་ཅན་ཚད་མྱེད་པ་དག་ཡོངས་སུ་སྨིན་པར་བྱེད་པའི་དགེ་བའི་རྩ་བའི་གནས་སུ་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། ཚོགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། ཆོས་རྣམས། ་ཀུན་གྱི་དེ་བཞིན་ཉིད།། བསྒྲིབ་གཉིས་དག་པའི་མཚན་ཉིད་དེ།། དངོས་པོ་ཤེས་པ་དེ་ལ་དམྱི་ཤེས།། དབང་ཟད་མྱི་ཤེས་མཚན་ཉིད་དོ། དེ་བཞིན་ཉིད་ཤེས་ཐམས་ཅད་དུ།། བསྒོམ་པ་ལས་ནི་ཡང་དག་འབྱུང་།། ་སེམས་ཅན་ཀུན་ལ་རྣམ་ཀུན་ཏུ།། གཉིས་སྐྱེད་མྱི་ཟད་འབྲས་བུ་ཅན།། སྐུ་དང་གསུང་དང་ཐུགས་སྤྲུལ་པའི།། སྦྱོར་བའི་ཞབས་ཀྱི་ལས་ཅན་ཏེ།། ཏིང་ངེ་འཛིནད་དང་གཟུངས་སྒོ་དང་།། དཔག་ཏུ་མྱེད་པ་གཉིས ་དང་ལྡན།། རང་བཞིན་ཆོས་རྫོགས་ལོངས་སྤྱོད་དང་།། སྲུལྡ་པ་དག་གིས་ཟ་དད་འཇུག། འདི་ནི་སངས་རྒྱས་རྣམས་དག་གི།། ཆོས་ཉིད་རྣམ་པར་དག་པར་བརྗོད།། བཅོམ་ལྡན་འདས་ཀྱིས་དེ་སྐད ་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིནད་ཏུ་འདུས་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དང་། ལྷ་དང་མྱི་དང ་ལྷ་མ་ཡིན་དང་། དྲི་ཟླར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སངས་རྒྱས་ཀྱི་ས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ། ་རྒྱ་ག་གི་མཁན་པོ་འཛིན་མྱི་ཏྲ་དང་། ཤི་ལེན་དྲ་བོ་དེ་དང་། ཞུ་ཆེན་གི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང། ཞུས་ནས་གཏན་ལ་ཕབ་པ།། ་།། རྒྱ་གར་སྐད་དུ།། ཨ་ནྱ་ཤི་ལ་སྙམ་པ་སྙམ་པ་ན་མ་མ་ན་ཡ་ན་སུ་ཏྲ།། བོད་སྐད། དུའཕགས་པ་ས་ལུའི་ལྡང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི ་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པ་དུས་གཅིག་ན།། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི ་ལ།། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་། ཟབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་ན་ཚེ་དང་ལྡན་པ་ཤ་རིའི་བུ་བྱུང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་བཀོད་པར་བྱ་བའི་ས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།། ཕན་ཚུན་ཡང་དག་པར་དཀའ་བར་བྱ་བའི་གཏམ་རྣམ་པ་མང་པོ་བྱས་ནས་འདུས་ཏེ། གཉིས་ཀ་རྡོལ་བ ་ལ་འཁོད་དོ།། དེ་ནས་ཚེ་དང་ལྡན་པ་ཤ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ།། བྱམས་པ་དེང་འདིར་བཅོམ་ལྡན་འདས་ཀྱིས་ས་ལུའི་ལྡང་བ་ལ་གཟིགས་ནས། ་དགེ་སློང་རྣམས་ལ་མདོ་འདི་གསུངས་སོ།། དགེ་སློང་དག་སུས་རྟེནད་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་།། སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་དེ་སྐད་ཅེས་བཀའ་སྩ་ལད་ནས།། བཅོམ ་ལྡན་འདས་ཅངད་མྱི་གསུང་བར་གྱུར་ད་ན། བྱམས་པ་བདེ་བར་གཤེགས་པས་བཀའ་སྩལ་པའི་མདོ་དེའི་དོན་ཅི།། རྟེན་ཅིང་འབྲེལ་པར་བྱུང་བ་ནི་གང་། ཆོས་ནི་ག་། སངས་རྒྱས་ནི་གང་། ཇི་ལྟར་རྟེནད་ཅིང་འབྲེལྡ ་པར་འབྱུང་བ་མ་འོང་བ་ན་ཆོས་མཐོང་། ཇི་ལྟར་ཆོས་མཐོང་ན་སངས་རྒྱས་མཐོང་། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། ཚེ་དང་ལྡན་པ་ཤ་རིའི་བུ་ལ་འདི་སྐད་ཅེས ་སྨྲས་སོ།། བཙུན་པ་ཤ་རིའི་བུ་འདི་ལ་བཅོམ་ལྡན་འདས་ཆོས་ཀྱིབདག་པོ་ཐམས་ཅད་མཁྱེནད་པས། དགེ་སློང་དག་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་།། སུས་ཆོས ་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་གསུངས་པ་དེ་ལ་རྟེནད་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། རྟེནད་ཅིང་འབྲེལ།། པར་འབྱུང་བ་ཞེས་བྱ་བ་ནི། འདི་ལྟ་སྟེ་འདི་ཡོད་པས་འདི ་འབྱུང་ལ། འདི་སྐྱེ་བའི་ཕྱིར་འདི་སྐྱེ་བ་སྟེ། གང་འདི་མ་རིག་པའི་རྐྱེནད་ཀྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེནད་ཀྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེནད་ཀྱིས་མྱོང་དང་གཟུགས ་མྱིང་དང་གཟུགས་ཀྱི་རྐྱེནད་ཀྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་ཀྱི་རྐྱེནད་ཀྱིས་རེག་པ། རེག་པའི་རྐྱེནད་ཀྱིས་ཚོར་བ། ཚོར་བའི་རྐྱེནད་ཀྱིས་སྲེད་པ། སྲེད་པའི་རྐྱེནད་ཀྱིས་ལེནད་པ། ལེནད་པའི་རྐྱེནད་ཀྱིས་། ་ངལབ་སྐྱེ་བའི་རྐྱེནད་ཀྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོནོད་པ་དང་། སྡུག་བསྔལ་བ་དང་། ཡིད་ཀྱི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་ག་ཕུང་པོ་ཆེན་པོ་འབའ་ཤིག་ངོ ་འདི་འབྱུང་བར་འགྱུར་རོ།། དེ་ལ་མ་རིག་པ་འགགས་པས་འདུ་བྱེད་འགག། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགཀ། རྣམ་པར་ཤེས་པ་འགགས་པས་མྱོང་དང་གཟུགས་འགག། མྱིང་དང་གཟུགས ་འགགས་པས་སྐྱེ་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག། རེག་པ་འགགས་པས་ཚོར་བ་འཀག། ཚོར་བ་འགགས་པས་སྲེད་པ་འགག། སྲེད་པ་འགགས་པས་ལེན། ་པ་འགག། ལེ་ནད་པ་འགགས་པས་སྲིད་པ་འགཀ། སྲིད་པ་འགགས་པས་སྐྱེ་བ་འགཀ། སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་ཀྱི་ཕུང་པོ་ཆེན་པོ་འབའོ་ཤིག་པོ་འདི་འགག་པར་འགྱུར་རོ།། འདི་ནི་བཅོམ་ལྡན་འདས་ཀྱིས་རྟེནད་ཅིང་འབྲེལྡ་པར་འབྱུང་བ་ཞེས་གསུངས ་སོ།། ཆོས་གང་ཞེ་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། འདི་ལྟ་སྟེ་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པོའི་ངག་དང་། ཡང་དག ་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་མཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པ། འི་ཏིང་ངེ་འཛིནད་ཏོ།། འདི་ནི་འཕགས་པའི་ལམ་ཡན་ལག ་བརྒྱད་པ་ཞེས་བྱ་སྟེ། འབྲས་བུ་ཐོབ་པ་དང་། མྱ་ངན་ལས་འདས་པ་གཅིག་ཏུ་བསྡུས་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་སོ་ཞེས་བཀ་འ་སྩལ་ཏོ།། དེ་ལ་སངས་རྒྱས་བཅོམ་ལྡན་འདས་གང་ཞེ་ན། ་སུས་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བྱ་སྟེ། དེས་འཕགས་པའི་ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྐུས་བྱང་ཆུབ་བྱེད་པ་དང་། སློབ་པ་དང་། མྱི་སློབ་པའི་ཆོས་དེ་དག་གཟིགས་པའོ།། དེ་ལ ་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་ཅི་ལྟ་བུ་ཞེ་ན། འདི་ལ་བཅོམ་ལྡན་འདས་ཀྱིས་སུ་རྟེནད་ཅིང་འབྲེལ་པར་འབྱུང་བ་རྟོག་པ་དང་། སྲོག་མྱེད་པ་དང་། སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་བ་དང་མ ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་པ་དང་། ཐོགས་པ་མྱེད་པ་དང་། དམྱིགས་པ་མྱེད་པ་དང་། ཞི་བ་དང་། འཇིགས་པ་མྱེད་པ་དང་། མྱི་ཕྲོགས་པ་དང་། རྣམ་པར་ཞི་བ་མ་ཡིན་པའི་རང ་བཞིན་དུ་མཐོང་བ་སྟེ། ཀར་ཀི་ཚུལ་ཀིས་འདྲ་བར་ཆོས་ལ་ཡང་རྟག་པ་དང་། སྲོག་མྱེད་པ་དང་། སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་ད་པ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས ་མ་བྱས་པ་དང་། ཐོགས་པ་མྱེད་པ་དང་། དམྱིགས་པ་མྱེད་པ་དང་། ཞི་བ་དང་། འཇིགས་པ་མྱེད་པ་དང་། མྱི་འཕྲོགས་པ་དང་། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དུ་མཐོང་བ་དེས། འཕགས་པའི་ཆོས་མངོན་པར ་རྟོགས་ཏེ། ཡང་དག་པོའི་ཡེ་ཤེས་དང་ལྡན་པས། བླ་ན་མྱེད་པའི་ཆོས་ཀྱི་སྐུར་སངས་རྒྱས་མཐོང་ངོ་ཞེས་གསུངས་སོ།། སྨྲས་པ་ཅིའི་ཕྱིར་རྟེ་ནད་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ།། སྨྲས་པ་རྒྱུ་དང་བཅས་རྐྱེནད་དང་བ ་པ་ལ་བྱའི། རྒྱུ་མྱེད་རྐྱེན་མྱེད་པ་ལ་ནི་མ་ཡིན་ཏེ། དེའི་ཕྱིར། རྟེནད་ཅིང་འབྲེལྡ་པར་འབྱུང་བ་ཞེས་བྱའོ།། དེ་ལ་བཅོམ་ལྡན་འདས་ཀྱིས་རྟེནད་ཅིང་འབྲེལྡ་པར་འབྱུང་བའི། མཚན་ཉིད ་མདོར་བཀའ་སྩལ་པ། རྐྱེན་འདི་ཉིད་ཀྱི་འབྲས་བུ་སྟེ། དེ་བཞིན། གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་འདུག་པའོ་ཞེས་བྱ་བ་ནས། གང་འདི་ཆོས ་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་མྱི་འགྱུར་བ་ཉིད་དང་། རྟེནད་ཅིང་འབྲེལ་པར་འབྱུང་བར་འཐུན་པ་དང་། དེ་བཞིན་ཉིད་དང་། མ་ནོ་ད་པ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཡང་དག། ་པ་ཉིད་དང་། བདེན་པ་ཁོ་ན་དང་། མ་ནོར་པ་དང་། ཕྱི་ནད་ཅི་མ་ལོག་པ་ཉིད་ཅེས་བྱ་བའི་བར་དུ་གསུངས་སོ།། འདི་ལྟར་ཡང་རྟེནད་ཅིང་འབྲེལ་ད་བར་འབྱུང་བ་འདི་གཉིས་ཀྱི་ཕྱིར་འབྱུང་སྟེ། གཉིས་ཀང་ཞེ་ན་འདི་ལྟ་སྟེ། ་རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་པའི་ཕྱིར་རོ།། དེ་ཡང་ཕྱིའི་དང་། ནང་གི་དང་རྣམ་པ་གཉིས་སུ་ལྟའོ།། དེ་ལ་ཕྱི་རོལ་གི་རྟེནད་ཅིང་འབྲེལྡ་པར་འབྱུང་བ་རྒྱུ་དང་འབྲེལ་པ་གང་ཞེ་ན། འདི་ལྟ་སྟེ་ས་བོན ་ལས་མྱུ་གུ། མྱུ་གུ་ལས་འདབ་མ། འདབ་མ་ལས་སྡོང་བུ་སྡོང་བུ་ལས་སྦུ་གུ། སྦུ་གུ་ལས་སྙིང་པོ། སྙིང་ལས་མེ་ཏོག། མེ་ཏོག་ལས་འབྲས་བུའོ།། ས་བོན་མྱེད་ན་མྱུ་གུ་མྱི་འབྱུང་སྟེ། མེ་ཏོག་མྱེད་ན ་མྱུ་གུ་སྐྱེ་བ་མ་ཡིན། མ་འགགས་པ་ལུས་ཀྱང་མ་ཡིན་གྱི། ས་བོན་ཡང་འགག་ལ། དེ་ཉིད་ཀྱི་ཚེ་སྲང་མདའི་མཐོན་དམན་བཞིན་དུ་མྱུ་གུ་སྐྱེ་བས་དེའི་ཕྱིར་ཆད་པར་མ་ཡིན་ནོ།། ཇི་ལྟར་འཕོ་བར་མ་ཡིན་ཞེ་ན། ་ག་གི་ཕྱིར་མྱུ་གུ་ཡང་གཞན་ས་བོན་ཡང་གཞན་ལ། མྱུ་གུ་ཀང་ཡིན་པ་དེ་ཉིད་ས་བོན་མ་ཡིན་ཏེ། དེའི་ཕྱིར་འཕོ་བར་མ་ཡིན་ནོ།། ས་བོན་ཆུ་རུ་བཏབ་པ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པར་འགྱུར་ཏེ། དེའི ་ཕྱིར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་བོ།། ས་བོན་ཇི་ལྟ་བུ་བཏབ་པ་དེ་ལྟ་བུའི་འབྲས་བུ་མངོན་པར་གྲུབ་པས་དེའི་ཕྱིར་དེ་དང་བའི་རྒྱུད་ཏུ་སྟེ། དེ་ལྟར་ཕྱི་རོལྡ་ཀྱི་རྟེནད་ཅིང་འབྲེལ་པར་འབྱུང་བ་རྣམ་པ་ལྔར ་བལྟའོ།། དེ་བཞིན་ཏུ་ནང་གི་རྟེནད་ཅིང་འབྲེལྡ་པར་འབྱུང་བ་ཡང་། གཉིས་ཀྱི་ཕྱིར་འབྱུང་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། རྒྱུ་དང་འབྲེལ་ད་པ་དང་། རྐྱེནད་དང་འབྲེལྡ་པའོ།། དེ་ལ་ནང་གི་རྟེནད་ཅིང་འབྲེལ ་པར་འབྱུང་བ་རྒྱུ་དང་འབྲེལ་པ་གང་ཞེ་ན། གང་འདི་མ་རིག་པའི་རྒྱ་ནད་ཀྱིས་འདུ་བྱེད་རྣམས་ཤེས་བྱ་བ་ནས་སྐྱེ་བའི་རྐྱེནད་ཀྱིས་རྒ། ཤི་ཞེས་བྱ་བའི་བར་ཏུའོ།། གལ་ཏེ་མ་རིཀ་པ་མ་བྱུང་ན་འདུ་བྱེད ་རྣམས་ཀྱང་མྱི་མངོན་པ་ཞིག། དེ་བཞིན་དུ་སྐྱེ་བ་མ་བྱུང་དུ་ཟིན་ན། རྒ་ཤིའི་བར་དུ་ཡང་མྱི་མངོན་པ་ཞིག་ན། འདི་ལྟར་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་འགྲུབ་པར་འགྱུར་བས་ནས།། ་སྐྱེ་བ་ཡོད་པ་ལ་རྒ་ཤིའི་བར་དུ་མངོན་པར་འགྲུབ་པར་འགྱུར་རོ།། དེ་ལ་མ་རིག་པ་ཡང་འདི་སྙམ་དུ་བདག་གིས་འདུ་བྱེད་རྣམས་མངོན་པར་བསྒྲུབ་པོ་སྙམ་དུ་མྱི་སེམས་སོ།། འདུ་བྱེད་རྣམས་ཀྱང་འདི་སྙམ་དུ། བདག་ཅག ་ནོམ་རིག་པས་མངོན་པར་བསྒྲུབས་སོ་སྙམ་དུ་མྱི་སེམས་པ་ནས།། དེ་བཞིན་དུ་སྐྱེས་པ་ཡང་འདི་སྙམ་དུ་བདག་གིས་རྒ་ཤི་མངོན་པར་བསྒྲུབ་བོ་སྙམ་དུ་མྱི་སེམས་ཤིང་། རྒ་ཤི་ཡང་འདི་སྙམ་དུ་བདག་ནི་སྐྱེ་བས་མངོན ་ཁར་བསྒྲུབས་སོ་སྙམ་དུ་མྱི་སེམས་པའི་བར་བྱ་སྟེ། འོན་ཀྱང་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་བ་ནས། དེ་བཞིན་དུ་སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་འགྲུབ ་ཅིང་འབྱུང་བར་འགྱུར་ཏེ། དེ་ལྟར་ནང་གི་རྟེནད་ཅིང་འབྲེལྡ་པར་འབྱུང་བ་ཆུ་དང་འབྲེལྡ་པར་བལྟའོ།། ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེནད་དང་འབྲེལྡ་པ་ཇི་ལྟར་བལྟ་ཞེ་ན། ཁམས་དྲུག་འདུས་པའི་ཕྱིར་ཏེ། ཁཾས ་དྲུག་པོ་གང་དག་འདུས་པའི་ཕྱིར་ཞེ་ན། འདི་ལྟ་སྟེ་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཞེས་འདུས་པ་ལས། ནང་གི་རྟེན་ཅིང་འབྲེལྡ་པར་འབྱུང་བ་རྐྱེནད་དང་འབྲེལ་པར་ལྟའོ། ་དེ་ལ་རང་ག་རྟེནད་ཅིང་འབྲེལ་པར་འབྱུང་བའི་སའི་ཁམས་གང་ཞེ་ན། གང་འདི་འདུས་ནས་ལུས་ཀྱི་སྲ་བའི་དངོས་པོ་མངོན་པར་འགྲུབ་པར་བྱེད་པ་འདི་ནི་སའི་ཁམས་ཤེས་བྱའོ།། གང་ལུས་སྡུད་པའི་བྱ་བ་བྱེད་པ་འདི་ནི་ཆུའི ་ཁམས་ཤེས་བྱའོ།། ཀར་ལུས་ཀྱི་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་རྣམས་འཇུ་བར་བྱེད་པ་འདི་ནི་མེ་ལ་ཁམས་ཤེས་བྱའོ།། གང་ལུས་ཀྱི་དབུགས་ཕྱི་ནང་ཏུ་རྒྱུ་བའི་བྱ་བ་བྱེད་འདི། ་ནི་རླུང་གི་ཁམས་ཤེས་བྱའོ།། ཀང་ལུས་ཀྱི་ནང་སྦུབས་ཡོད་པར་བྱེད་པ་འདི་ནོ་ནེ་མ་མཁའི་ཁམས་ཤེས་བྱའོ།། གང་མདུང་ཁྱིམ་གི་ཚུལ་ཏུ་ལུས་ཀྱི་མྱིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་པར ་བྱེད་པ། རྣམ་པར་ཤེས་པའི་ཚོགས་ལྔ་འདུས་པ་དང་། ཟག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་འདི་ནི་རྣམ་པར་ཤེས་པའི་ཁམས་ཤེས་བྱའོ།། རྐྱེནད་འདི་དག་མྱེད་པར་ལུས་སྐྱེ་བར་མྱི་འགྱུར་གི། ནམ་ནད་ཀྱི་སའི ་འམས་ཆང་ཞིང་དེ་བཞིན་དུ་ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་རྣམས་ཀྱང་ཚང་བར་གྱུར་ད་ལ། ཐམས་ཅད་འདུས་པ་དེ་ལས་ལུས་མངོན་པར་འགྲུབ་པར་འགྱུར་རོ།། དེ་ལ་སའི་ཁམས ་ཀྱང་འདི་སྙམ་དུ་བདག་གིས་འདུས་ནས་ལུས་ཀྱི་སྲ་བའི་དངོས་པོ་མངོན་པར་བསྒྲུབ་བོ་སྙམ་དུ་མྱི་སེམས་སོ།། ཆུའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་སྐུད་པའི་བྱ་བ་བྱའོ་སྙམ་དུ་མྱི་སེམས་སོ།། མེའི་ཁམས་ཀྱང་འདི ་ཆུ་བདག་གིས་ལུས་ཀྱི་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་རྣམས་འཇུ་བར་བྱའོ་སྙམ་དུ་མྱི་སེམས་སོ།། རླུང་གི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱེད་དོ།། ་སྙམ་དུ་མྱི་སེམས་སོ།། ནམ་མཁའི་ཁམས་ཀྱང་འདི་སྙམ་དུ་བདག་གི་སེ་ལུས་ཀི་ནང་སྦུབས་ཡོད་པར་བྱའོ་སྙམ་ཅུ་མྱི་སེམས་སོ།། རྣམ་པར་ཤེས་པའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་མྱིང་དང་གཟུགས་མངོན་པར ་བསྒྲུབ་པོ་སྙམ་དུ་མྱི་སེམས་སོ།། ལུས་ཀྱང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མྱི་སེམས་མོད་ཀྱི། འོནོད་ཀྱང་རྐྱེནད་འདི་དག་ཡོད་ན་ལུས་སྐྱེ་བར་འགྱུར་རོ།། དེ་ལ་སའི་ཁམས་ནི་བདག་མ་ཡིན། སེམས་ཅན་མ་ཡིན། ་སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིནི། ཤེད་པུ་མ་ཡིན། བུད་མྱེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ང་མ་ཡིན། བདག་ཀཽ་མ་ཡིན་ཏེ། གཞན་སུའི་ཡང་མ་ཡིན་ནོ།། དེ་བཞིན་དུ་ཆུའི་ཁམས ་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱང་། བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིན། ཤེད་དུ ་མ་ཡིན། བུད་མྱེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ངམ། ཡིན། བདག་གི་མ་ཡིན། གཞན་སུའི་ཡང་མ་ཡིན་ནོ།། དེ་ལ་མ་རཾ། དཀ་པ་གང་ཞེ་ན། ཁམས་དྲུག་པོ་འདི་དག་ཉིད་ལ། ཀང་གཅིག ་བུར་འདུ་ཤེས་པ་དང་། རིལ་པོར་འདུ་ཤེས་པ་དང་། རྟག་པར་འདུ་ཤེས་པ་དང་། བརྟན་པར་འདུ་ཤེས་པ་དང་། ཟེར་ཟུག་ཏུ་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་དང་། སེམས་ཅན ་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། གསོའ་བ་པོ་དང་། སྐྱེས་བུ་དང་། གང་ཟག་ཏུ་འདུ་ཤེས་པ་དང་། ཤེད་ལས་སྐྱེས་པ་དང་། ཤེད་པུར་འདུ་ཤེས་པ་དང་། ང་ཞེས་བྱ་བ་དང་། བདག་གི་ཞེས་བྱ་བར་འདུ་ཤེས་པ་སྟེ། འདི་ལྟ་བུ་ལ ་སྤོགས་པ་མྱི་ཤེས་པ་རྣམ་པ་སྣ་ཚོགས་འདི་ནི་མ་རིག་པ་ཞེས་བྱའོ།། དེ་ལྟར་མ་རིག་པ་ཡོད་པས་ཡུལ་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུཀ་འཇུག་སྟེ། དེ་ལ་ཡུལ་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཎྜི། ་མུག་གང་ཡིན་པ་འདི་ནི། མ་རིག་པའི་རྐྱེནད་ཀྱིས་འདུ་བྱེད་རྣམས་ཤེས་བྱའོ།། དངོས་པོ་སོ་སོར་རྣམ་པར་རིག་པ་ནི་རྣམ་པར་ཤེས་པའོ།། རྣམ་པར་ཤེས་པ་དང་ལྷན་ཅིག་བྱུང་བ་ཉེ་བར་ལེནད་པའི་ཕུང་པོ་བཞི་པོ་འདི་དག་ནི་མྱི ་དང་གཟུགས་སོ།། སྲིང་དང་གཟུགས་ལ་ཉེ་ནད་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་གོ།། ཆོས་གསུམ་འདུས་པ་ནི་རེག་པའོ།། རེག་པ་མྱོང་བ་ནི་ཚོར་བའོ།། ཚོར་བ་ལ་ཞེནད་པ་ནི་མེད་པའོ།། སྲེད་པ་འཕེལ་བ་ནི་ལེན་པའོ།། ་ལེནད་པ་ལས་སྐྱེས་པ་ཡང་སྲིད་པ་སྐྱེད་པའི་ལས་ནི་སྲིད་པའོ།། རྒྱུ་དེ་ལས་ཕུང་པོ་འབྱུང་བ་ནི་སྐྱེ་བའོ།། སྐྱེས་ནས་ཕུང་པོ་སྦྱིནད་པ་ནི་རྒ་བའོ།། རྒས་ནས་ཕུང་པོ་འཇིག་པ་ནི་འཆི་བའོ།། འཚོ་ཞིང་མྱོས་ཏེ་མངོན་པར་ཆགས་པ་དང་བཅས ་པའི་ནང་གི་ཡོངས་སུ་གདུང་བ་ནི་མྱ་ངན་ཏོ།། མྱ་ངན་ལས་བྱུང་བའི་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་འདོནད་པའོ།། རྣམ་པར་ཤེས་པ་ལྔའི་ཚོགས་དང་ལྡན་པའི་མྱི་བདེ་བ་མྱོང་བ་ནི་སྡུག་བསྔལ་ལོ།། ཡིད་ལ་བྱེད་པ་དང་ལྡན་པའི་ཡིད་ཀྱི། ་སྡུག་བསྔལ་ནི་ཡོད་མྱི་བདེ་བའོ།། གཞན་ཡང་འདི་ལྟ་བུ་ལ་སྩོགས་པ་འི་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་དག་ནི་འཁྲུག་པ་ཞེས་བྱའོ།། དེ་ལ་མུནད་པ་ཆེན་པོའི་ཕྱིར་མ་རིག་པའོ།། མངོན་པ་འདུ་བྱེད་པའི་བྱིན ་འདུ་བྱེད་རྣམས་སོ།། རྣཾ་པཱ་རིག་པར་རིག་པའི་ཕྱིར་རྣམ་པར་ཤེས་པ། འོ།། རྟ་ནད་པའི་ཕྱིར་མྱིང་དང་གཟུགས་སོ།། སྐྱེ་བའི་བའི་སྒོའོ། ཕྱིར་སྐྱེ་མཆེད་དྲུག་གོ།། རེག་པའི་ཕྱིར་རེག་པའོ།། མྱོང་བའི་ཕྱིར ་ཚོར་བའོ།། སྦོམ་པོའི་ཕྱིར་སྲེད་པའོ།། ཉེ་བར་ལེནད་པའི་ཕྱིར་ལེནད་པའོ།། ། ཡང་སྲིད་པར་སྐྱེ་བའི་ཕྱིར་སྲིད་པའོ།། ཕུང་པོ་འབྱུང་བའི་ཕྱིར་སྐྱེ་བའི་ཕུང་པོ་སྦྱིན་པའི་ཕྱིར་རྒ་བའོ།། འཇིག་པའི་ཕྱིར་འཚོ་བའོ།། མྱ་ངན་བྱེད། ་པའི་ཕྱིར་མྱ་ངན་ཏོ།། ཚིག་གིས་སྨེ་བའི་ཕྱིར་སྨྲེ་སྔགས་འདོན་པའོ།། ལུས་ལ་གནོད་པའི་ཕྱིར་སྡུག་བསྔལ་བའོ།། སེམས་ལ་གནོད་པའི་ཕྱིར་ཡིད་མྱ་བདེ་བའོ།། ཉོན་མོངས་པའི་ཕྱིར་འཁྲུག་པའོ།། གཞན་ཡང་དེ་ཁོ་ན་གྱི་རྟོགས ་ལོག་པར་ཤེས་ཏེ་མྱི་ཤེས་པ་ནི་མ་རིག་པའོ།། དེ་ལྟར་མ་རེག་པ་ཡོད་ན་འདུ་བྱེད་རྣམ་གསུམ་མངོན་པར་འགྲུབ་སྟེ། བསོད་ནམས་སུ་ཉེ་བར་འགྲོ་བ་དང་། མྱ་གཡ་བར་ཉེ་བར་འགྲབའ། བསོད་ནམས་མ་ཡིན་བཱི་འགྲོ་བ་དང་། མྱི ་གཡོ་བར་ཉེ་བར་འགྲོ་བའོ།། དེ་ལ་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས། བསོད་ནམས་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་བ་དང་། བསོད་ན་སུ་ཨཱིཉྫ་ཉེ་བར་འགྲོ་བའི་བའི་འདུ་བྱེད་རྣམས་ལས། ་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་བ་དང་། མྱི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས། མྱི་གཡོའ་བར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་འགྱུར་བ་འདི་ནི་འདུ་བྱེད། ་ཀྱི་རྐྱེནད་ཀྱིས་རྣམ་པར་ཤེས་པ་ཞེས་བྱའོ།། རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པ་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་དང་། གཟུགས་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་རྐྱེནད་ཀྱིས་མྱིང་དང་གཟུགས་ཤེས་བྱའོ།། མྱིང་དང ་གཟུགས་རྣམ་པར་འཕེལ་བས། སྐྱེ་མཆེད་དྲུག་གི་སྒོ་ནས་བྱ་བ་བྱེད་པ་རྣམས་འབྱུང་སྟེ། དེ་ནི་མྱོང་དང་གཟུགས་ཀྱི་རྐྱེན་ཀྱིས་སྐྱེ་མཆེད་དྲུག་ཅེས་བྱའོ།། སྐྱེ་མཆེད་དྲུག་པོ་དག་ལས་རེག་པའི་ཚོགས་དྲུག་ཀྱིས་འབྱུང་སྟེ། ་དེ་ནི་སྐྱེ་མཆེད་དྲུག་གི་རྐྱེནད་ཀྱིས་རེག་པ་ཞེས་བྱའོ།། ཇི་ལྟར་བུར་རེག་པ་འབྱུང་བ་དེ་ལྟ་བུར་རེག་པ་འབྱུང་བ་དེ་ལྟ་བུར་ཚོར་བ་འབྱུང་སྟེ། དེ་ནི་རེག་པའི་རྐྱེནད་ཀྱིས་ཚོར་བ་ཞེས་བྱའོ།། ཚོར་བའི་བྱེ་བྲག་དེ་དག ་མྱོང་བ་དང་། མངོན་པར་དགའ་བ་དང་། ལྷག་པར་ཞེན་པ་དང་། ལྷག་། པར་ཞེ་ནད་ནས་འདུག་པ་དེ་ནི་ཚོར་བའི་རྐྱེནད་ཀྱིས་སྲེད་པ་ཞེས་བྱའོ།། མྱོང་བ་དང་། མངོན་པར་དགའ་བ་དང་། ལྷག་པར་ཞེ་ནད་པ་དང་། ་ལྷག་པར་ཞེན་ནས་འདུས་པ་ལས། བདག་སྟུག་པའི་ངོ་བོ་དང་། བདེ་བའི་ངོ་བོ་དང་། འབྲལ་པར་མ་གྱུར་ད་ཅིག། སྙམ་དུ་ཡོངས་སུ་མྱི་གཏོང་བར་ཕྱིར་ཞིང་སྨོནད་པ་འདི་ནི། སྲེད་པའི་རྐྱེནད་ཀྱིས་ལེ་ནད་པ ་ཞེས་བྱའོ།། དེ་ལྟར་སྨོན་ཅིང་ཡང་སྲིད་པ་སྐྱེད་པའི་ལས། ལུས་དང་ངག་དང་ཡིད་ཀྱིས་ཀུན་ནས་སློང་བ་དེ་ནི། ལེནད་པའི་རྐྱེནད་ཀྱིས་སྲིད་པ་ཞེས་བྱའོ།། ལས་དེ་ལས་སྐྱེས་པའི་ཕུང་པོ་ལྔ་རྣམས་འགྲུབ་པ་གང་ཡིན་པ་དེ ་ནི་སྲིད་པའི་རྐྱེན་ཀྱིས་སྐྱེ་བ་ཞེས་བྱའོ།། སྐྱེས་ནས་མངོན་པར་འགྲུབ་པའི་ཕུང་པོ་རྣམས་ཀྱི་འཕེལ་བ་ཡོངས་སུ་སྨྱིནད་པ་དང་། འཇིག་པར་འགྱུར་བའི་དེ་ནི་སྐྱེ་བའི་རྐྱེནད་ཀྱིས་རྒ་ཤི་ཞེས་བྱའོ།། དེ་ལྟར་རྟེན་ཅིང་འབྲེལྡ་པར ་འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་དག་ནི། རྒྱུ་གཞན་དང་གཞན་ལས་བྱུང་བ། རྐྱེན་གཞན་དང་གཞན་ལས་བྱུང་བ། རྟག་པ་མ་ཡིན། མྱི་རྟག་པ་མ་ཡིན། འདུས་བྱས་མ་ཡིན། འདུས་མ་བྱས་མ་ཡིན། རྒྱུ་མྱེད ་བ་ཡིན། རྐྱེན་མྱེད་པ་མ་ཡིན། མྱོང་བ་ཡོད་པ་མ་ཡིན། ཟད་པའི་ཆོས་མ་ཡིན། འཇིག་པའི་ཆོས་མ་ཡིན། འགོག་པའི་ཆོས་མ་ཡིན་ཏེ། ཐོག་མ་མྱེད་པའི་དུས་ནས་ཞུགས་པ་རྒྱུན་མ་ཆད་པར་ཀླུང་གི་རྒྱུན་བཞིན་དུ་རྗེས་སུ་ཞུགས ་པའོ།། རྟེནད་ཅིང་འབྲེལྡ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་དག་ནི། རྒྱུ་གཞན་དང་གཞན་ལས་བྱུང་བ། རྐྱེན་གཞན་དང་གཞན་ལས་བྱུང་བ། རྟག་པ་མ་ཡིན། མྱི་རྟག་པ་མ་ཡིན། འདུས་བྱས་མ་ཡིན། འདུས ་མ་བྱས་མ་ཡིན། རྒྱུ་མྱེད་པ་མ་ཡིན། རྐྱེན་མྱེད་པ་མ་ཡིན། མྱོང་བ་ཡོད་པ་མ་ཡིན། ཟད་པའི་ཆོས་མ་ཡིན། འཇིག་པའི་ཆོས་མ་ཡིན། འགོག་པའི་ཆོས་མ་ཡིན་ཏེ། ཐོག་མ་མྱེད་པའི་དུས་ནས་ཞུགས་པ། རྒྱུན་མ་ཆད ་པར། ཀླུང་ཀཽ་རྒྱུ་ན་བཞིན་དུ་རྗེས་སུ་ཞུགས་མོད་ཀྱི། འོ་ནད་ཀྱང་ཡན་ལག་བཞི་པོ་འདི་དག་ནི་རྟེནད་ཅིང་འབྲེལ་པར་འབྱུང་བའི་ཡན་ལ་ཀ་བཅུ་གཉིས་སོ།། དེ་དག་བསྡུ་བར་བྱ་བའི་རྒྱུར་འགྱུར་རོ།། བཞི ་གང་ཞེ་ན། འདི་ལྟ་སྟེ། མ་རིག་པ་དང་། སྲེད་པ་དང་། ལས་དང་།། རྣམ་པར་ཤེས་པའོ།། དེ་ལ་རྣམ་པར་ཤེས་པ་ནི་ས་བོན་གཽ་རང་། བཞིན་གྱིས་རྒྱུ་བྱེད་དོ།། ལས་ནི་ཞོང་གི་རང་བཞིན་རྒྱུ་བྱེད་དོ།། ་མ་རིག་པ་དང་། སྲེད་པ་ནི་ཉོན་མོངས་པའི་རང་བཞིན་གིས་རྒྱུ་བྱེད་དོ།། དེ་ལ་ལས་དང་ཉོན་མོངས་པ་དག་ནི། ས་བོན་རྣམ་པར་ཤེས་པ་སྐྱེད་དོ།། དེ་ལ་ལས་ནི་ས་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱེད ་།། སྲེད་པ་ནི་ས་བོན་རྣམ་པར་ཤེས་པ་རླན་པར་བྱེད་དོ།། མ་རིག་པ་ནི་ས་བོན་རྣམ་པར་ཤེས་པ་འདེབས་ཏེ། རྐྱེན་འདི་དག་མྱེད་ན། ས་བོན་རྣམ་པར་ཤེས་པ་མངོན་པར་འགྲུབ་པར་མྱི་འགྱུར་རོ།། དེ་ལ་ལས་ཀྱང ་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱའོ་སྙམ་དུ་མྱི་སེམས་སོ།། སྲེད་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་རླན་པར་བྱའོ་སྙམ་དུ་མྱི་སེམས་སོ།། མ་རིག་པ་ཡང་འདི་སྐྱེ ་རྩ་བདག་གིས་ས་བོན་རྣམ་པར་ཤེས་པ་གདབ་བོ་སྙམ་དུ་མྱི་སེམས་སོ།། ས་བོན་རྣམ་པར་ཤེས་པ་ཡང་འདི་སྙམ་དུ་བདག་ནི་རྐྱེནད་འདི་དག་གིས་བསྐྱེད་དོ་སྙམ་དུ་མྱི་སེམས་སྟེ།། འོནད་ཀྱང་ས་བོན་རྣམ་པར་ཤེས ་པ་ལས་ཀྱི་ཞིང་ལ་རྟེན་པ། སྲེད་པའི་རླན་གྱིས་རླནད་པ། མ་རིག་པའི་ལུད་ཀྱིས་བྲན་པ། སྐྱེ་བ་ན་སྐྱེ་བའི་གནས་ཉིང་མཚམས་སྦྱོར་བ། མའི་མངལ་དེ་དང་དེར་མྱིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་སྟེ། མྱང་དང ་གཟུགས་ཀྱི་མྱུ་གུ་དེ་ཡང་བདག་གིས་མ་བྱས། གཞན་གིས་མ་བྱས། གཉིས་ཀས་མ་བྱས། དབང་ཕྱུག་གིས་མ་བྱས། ཅུས་ཀྱིས་མ་བསྒྱུར། རང་བཞིན་ལས་མ་བྱུང་། བྱེད་པ་ལ་རག་ལས་པ་མ་ཡིན། རྒྱུ་མྱེད་པ་ལས་ཀྱང ་མ་སྐྱེས་ཏེ། འོ་ནད་ཀྱང་པ་དང་མ་འཕྲད་པ་དང་། ཟླ་མཚན་དང་ལྡན་པ་དང་། རྐྱེནད་གཞན་ཡང་ཚོགས་ན། བདག་པོ་མྱེད་པོའི་ཆོས། བདག་ཀཽ་མྱེད་པ། འཛིནད་པ་མྱེད་པ། ནམ་མཁའ་དང་མཚུངས་པ། སྒྱུ་མའི་མཚན་ཉིད ་ཀྱི་རང་བཞིན་དག་ལ། རྒྱུ་དང་རྐྱེན་མ་ཚང་བ་མྱེད་པའི་ཕྱིར། སྐྱེ་བའི་གནས་ཉིད་འཚམས་སྦྱོར་བ། མའི་དམལ་དེ་དང་དེར་མྱོང་བ་དང་ལྡན་པའི་ས་བོན་རྣམ་པར་ཤེས་པ། མྱང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་པོ།། འདི ་ལྟ་སྟེ་མྱིག་ཀཽ་རྣམ་པར་ཤེས་པ་ནི་རྒྱུ་ལྔས་འབྱུང་སྟེ། ལྔ་གང་ཞེ་ན། མྱིག་ལ་རྟེནད་པ་དང་། གཟུགས་ལ་རྟེན་པ་དང་། སྣང་བ་དང་། ནམ། མཁའ་དང་། དེ་སྐྱེད་པའི་ཡིད་ལ་བྱེད་པ་ལ་ཡང་བརྟེན་ནས། མྱིག་གི། ་རྣམ་པར་ཤེས་པ་འབྱུང་ངོ་།། དེ་ལ་མྱིག་ནི་མྱིག་གི་རྣམ་པར་ཤེསཔའི་རྟེན་གི་བྱ་བ་བྱེད་དོ།། གཟུགས་ནི་མྱིག་གི་རྣཾ་པར་ཤེས་པའི་ང་དམྱིགས་པའི་བྱ་བ་བྱེད་དོ།། སྣང་བ་ནི་མངོན་པའི་བྱེ་བ་བྱེད་དོ།། ནམ ་མཁའ་ནི་མྱོ་བསྒྲིབ་པའི་བྱ་བ་བྱེད་དོ།། དེ་སྐྱེད་པའི་ཡིད་ལ་བྱེད་པ་ནི་བསམ་པའི་བྱ་བ་བྱེད་དོ།། རྐྱེན་དེ་དག་མྱེད་ན། མྱོག་གི་རྣམ་པར་ཤེས་པ་འབྱུང་བར་མྱི་འགྱུར་གཽ། གང་གི་ཚེ་ནང་གི་སྐྱེ་མཆེད་མྱིག་མ་ཚང་བར་མ་གྱུར་པ་ལ། ་དེ་བཞིན་གཟུགས་དང་། སྣང་བ་དང་། ནམ་མཁའ་དང་། དེ་སྐྱེད་པ་ཡིད་ལ་བྱེད་པ་དག་མ་ཚང་བར་མ་གྱུར་ད་ཏེ། ཐམས་ཅད་འདུས་པ་དེ་ལས། མྱིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ།། དེ་ལ་མྱིག་ནི་འདི་སྙམ་དུ་བདག་རྨི ་མྱིག་གི་རྣམ་པར་ཤེས་པའི་རྟ་ནད་ཀྱི་བྱེ་བ་བྱའོ་སྙམ་ཏུ་མྱི་སེམས་སོ།། གཟུགས་ཀྱང་འདི་སྙམ་དུ་བདག་གིས་མྱིག་གི་རྣམ་པར་ཤེས་པའི་དམྱིགས་པའི་བྱ་བ་བྱའོ་སྙམ་དུ་མྱི་སེམས་སོ།། སྣང་བ་ཡང་འདི་སྙམ་དུ་བདག་གིས་མྱིག། ་གི་རྣམ་པར་ཤེས་པའི་མངོན་པར་བྱའོ་སྙམ་དུ་མྱི་སེམས་སོ།། ནམ་མཁའ་ཡང་འདི་སྙམ་དུ་བདག་གིས་མྱིག་གི་རྣམ་པར་ཤེས་པའི་མྱི་སྒྲིབ་པའི་བྱ་བ་བྱའོ་སྙམ་དུ་མྱི་སེམས་སོ།། དེ་སྐྱེད་པའི་ཡིད་ལ་བྱེད་པ་ཡང་འདི་སྙམ་དུ། ་བདག་གིས་མྱིག་གི་རྣམ་པར་ཤེས་པའི་བསམ་པའི་བྱ་བ་བྱའོ་སྙམ་དུ་མྱི་སེམས་སོ།། མྱིག་གི་རྣམ་པར་ཤེས་པ་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མྱི་སེམས་ཏེ། འོ་ནད་ཀྱང་རྐྱེནད་འདི་དག་ཡོད་པ་ལས་མྱིན།། ་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ།། དེ་བཞིན་དུ་དབང་པོ་ལྷག་མ་རྣམས་ཀྱང་ཅི་རིགས་པ་སྦྱོར་རོ།། དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་མྱི་ཕོ་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མྱེད་པའི་ཕྱིར ་ལས་ཀྱི་འབྲས་བུར་མངོན་པ་ཡོད་དོ།། འདི་ལྟ་སྟེ་དཔེར་ན། རབ་ཏུ་ཕྱིས་པའི་མེ་ལོང་ཀྱི་དཀྱིལ་འཁོར་ལ། བཞིན་གི་གཟུགས་བརྙན་སྣང་བ་ཡང་། བཞིན་མེ་ལོང་ཀི་དཀྱིལ་འཁོར་དུ་མ་འཕོ་མོད་ཀྱི། རྒྱུ་དང ་རྐྱེནད་མ་ཚང་བ་མྱེད་པའི་ཕྱིར་བཞིན་དུ་མངོན་པ་ཡང་ཡོད་དོ།། དེ་བཞིན་དུ་འདི་ནས་ཀྱང་ཤི་འཕོས་པ་མྱེད་ལ། གཞན་དུ་ཡང་མ་སྐྱེ། ས་ཏེ། རྒྱུ་དང་རྐྱེནད་རྣམས་མ་ཚང་བ་མྱེད་པའི་ཕྱིར། ལས་ཀྱི་འབྲས ་བུར་མངོན་པ་ཡང་ཡོད་དོ།། འདི་ལྟ་སྟེ་དཔེར་ན་ཟླ་བའི་དཀྱིལ་འཁོར་ནི། དཔག་ཚད་བཞི་ཁྲི་ཉིས་སྟོང་ནས་འགྲོ་སྟེ་འོན་ཀྱང་སྣོད་ཆུང་ངུ་ཆུ་ས་གང་བར་ཟླ་བའི་དཀྱིལ་འཁོར་ཀ་གཟུགས་བརྙན་སྣང་བ་ཡང ་ཟླ་བའི་དཀྱིལ་འཁོར་ནི་གནས་དེ་ནས་མ་འཕོས་ཏེ། སྣོད་ཆུང་ངུ་ཆུས་གང་བའི་ནང་དུ་སོང་བ་ཡང་མྱེད་མོད་ཀྱི། ཆུ་དང་རྐྱེན་མ་ཚང་བ་མྱེད་པའི་ཕྱིར་ཟླ་བའི་དཀྱིལ་འཁོར་དུ་མངོན་པ་ཡང་ཡོད་དོ།། དེ་བཞིན་དུ་འདི་ནས་ཀྱང་ཤི་འཕོས ་པ་མྱེད་པ་གཞན་དུ་ཡང་མ་སྐྱེས་མོད་ཀྱི། རྒྱུ་དང་རྐྱེན་དེ་མ་ཡང་བ་མྱེད་པའི་ཕྱིར། ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དོ།། འདི་ལྟ་སྟེ་དཔེར་ན། མེ་ནི་རྒྱུ་དང་རྐྱེན་མ་ཚང་ན་མྱི་འབར་གྱི། རྒྱུ་དང་རྐྱེན་ཚོགས་པ་ལས ་འབར་རོ།། དེ་བཞིན་དུ་བདག་པོ་མྱེད་པའི་ཆོས་བདག་གི་མྱེད་པ། འཛིནད་པ་མྱེད་པ། ནམ་མཁའ་དང་མཚུངས་པ། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ། རྒྱུ་དང་རྐྱེནད་རྣམས་མ་ཚང་བ་མྱེད་པའི་ཕྱིར། སྐྱེ་བའི་གནས ་ཉིང་འཚམས་སྦྱོར་བ་མའི་མངས་དེ་དང་དེར་ས་བོན་རྣམ་པར་ཤེས་པ་ལས་དང་ཉོན་མོངས་པ་རྣམས་ཀྱིས་སྐྱེད་པ་མྱིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་བསྒྲུབ་སྟེ། དེ་ལྟར་ནང་གི་རྟེནད་ཅིང་འབྲེལ་པར་འབྱུང་བ་རྒྱ་དང་། ་དང་འབྲེལྡ་པར་བལྟའོ།། དེ་ལ་ནང་གི་རྟེནད་ཅིང་འབྲེལྡ་པར་འབྱུང་བ་རྣམ་པ་ལྔར་བལྟ་སྟེ། ལྔ་གང་ཞེ་ན། རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། འཕོ་བར་མ་ཡིན་པ་དང་། རྒྱུ་ཆུ་དུ་ལས་འབྲས་བུ་ཆེན་པོ་འབྲུ ་པ་དང་། དེ་དང་འདྲ་བའི་རྒྱུད་དུའོ།། ཇི་ལྟར་རྟག་པར་མ་ཡིན་ཞེ་ན། གང་གི་ཕྱིར་ཐ་མའི་འཆི་བོའི་ཕུང་པོ་རྣམས་ཀྱང་གཞན་ལ་སྐྱེ་བཱི་ཆེ་གཏོག་པ་ནི་ཀྱང་གན་ཏེ། ནཱི་ཡྀའི་ཕུང་པོ་ག་ཡིན་པ་དེ་ཉིད་སྟེ་ནི་ནར་གཏོག་པ་རྣམ་མི་ཡིན་གི་ས་མ་པོ་རྣམས་ཀྱང་འགག་ལ ་སྐྱེ་བའི་ཆེར་གཏོགས་པའི་ཕུང་པོ་རྣམས་ཀྱང་འབྱུང་བས། དེའི་ཕྱིར་རྟག་པ་མ་ཡིན་ནོ།། ཇི་ལྟར་ཆད་པ་མ་ཡིན་ཞེ་ན། ཐ་མའི་འཚ་བའི་ཕུང་པོ་རྣམས་སྔོན་འགགས་པ་ལས། སྐྱེ་བའི་ཆེར་གཏོགས་པའི་ཕུང་པོ་རྣམས ་འབྱུང་བ་མ་ཡིན། མ་འགགས་པ་ལས་ཀྱང་མ་ཡིན་གྱི། ཟ་མའི། འཚོ་བའི་ཕུང་པོ་རྣམས་ཀྱང་འགགས་ལ། དེ་ཉིད་ཀྱི་ཚེ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་སྲང་མདའི་མཐོན་དམན་བཞིན ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་ཆད་པར་མ་ཡིན་ནོ།། ཇི་ལྟར་འཕོབར་མ་ཡིན་ཞེ་ན། སེམས་ཅན་ཀི་རིས་མྱི་འདྲ་བ་ནས། སྐལ་ད་པ་མཉམ་པའི་སྐྱེ་བར་སྐྱེ་བ་མངོན་པར་འགྲུབ་པས་དེའི་ཕྱིར་འཕོ་བར ་མ་ཡིན་ནོ།། ཇི་ལྟར་རྒྱུ་ཆུ་དུ་ལས་འབྲས་བུ་ཆེན་པོ་འབྱུང་ཞེ་ན། ལས་ཆུང་ངུ་བྱས་པ་ལས་འབྲས་བུ་ཆེན་པོའི་རྣམ་པར་སྨིན་པ་མྱོང་སྟེ། དེའི་ཕྱིར་རྒྱུ་ཆུང་བྱ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པོ།། ཇི་ལྟར་མྱོང་བར་འགྱུར་བའི་ལས ་བྱས་པ་དེ་ལྟར་དེ་མྱོང་བར་འགྱུར་བའི་རྣམ་པར་སྨིནད་པ་མྱོང་བ་དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུའོ།། བཙུན་པ་ཤ་རིའི་བུ་རྟེནད་ཅིང་འབྲེལ་པར་འབྱུང་བ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་གསུངས་པ་འདི། གང་ལ་ལ་ཞིག་གིས ་ཡང་དག་པའི་ཤེས་རབ་ཀྱིས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ། རྟག་པར་རྒྱུན་ཏུ་སྲོག་མྱེད་པ་དང་། སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་པ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ ་བྱས་པ་དང་། ཐོགས་པ་མྱེད་པ་དང་། དབྱིགས་པ་མྱེད་པ་དང་། ཞི་བ་དང་། འཇིགས་པ་མྱེད་པ་དང་། མྱི་འཕྲོགས་པ་དང་། ཟད་པ་མྱེད་པ་དང་། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་ཏུ་མཐོང་བ་དང་། མྱེད་པ་དང་། གསོག་དང་། ་གསོ་བ་དང་། སྙིང་པོ་མྱེད་པ་དང་། ནད་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མྲྀ་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མྱེད་པར་ཡང་དག་པར་རྗེས་སུ་མངོན་པ་དེ་ནི། ཅི་བདག་འདས་པའི་རྒྱས་ན ་བྱུང་བ་ཞིག་ག་མ། འོན་ཏེ་བདག་འདས་པའི་དུས་ན་མ་བྱུང་བ་ཞིག། བདག་འདས་པའི་དུས་ན་ཅིར་གྱུར་ད་པ་ཞིག། བདག་འདས་པའི་དུས་ན་ཇི་ལྟ་བུར་གྱུར་པ་ཞིག་སྙམ་ཅུ། སྔོན་གི་མཐའ་ཡང་མྱི་རྟོག་གོ།། ཙ་མེ་འོངས་པོའོ།། ་དུས་ན་འབྱུང་བར་འགྱུར་རམ། འོན་ཏེ་མ་འོངས་པའི་དུས་ན་འབྱུང་བཱ་མྱི་འགྱུར་རམ། མ་འོངས་པའི་དུས་ན་ཅིར་འགྱུར། མ་འོངས་པའི་དུས་ན་ཇི་ལྟ་བུ་ཞིག་ཏུ་འགྱུར་སྙམ་དུ་ཕྱི་མའི་མཐའ་ལ་མྱི་རྟོག་གོ།། ་འདི་ཅི་ཞིག། འདི་ཅི་ལྟ་བུ་ཞིག། ཅི་ཞིག་ཡོད། ཅིར་འགྱུར། སེཾས།། ཅན་འདི་དག་གང་ནས་འོངས། འདི་ནས་ཤི་འཕོས་ནས་གང་དུ་འགྲོ། བར་འགྱུར།། ཞེས་ད་ལྟར་བྱུང་བ་ལ་ཡང་མྱི་རྟོག་གོ།། འཇིག་རྟེན ་ན་དགེ་སྦྱོང་དང་བྲམ་ཟེ་དག་གི་ལྟ་བར་སོང་བ་ཐ་དད་པ་གང་དག་ཡོད་པ་འདི་ལྟ་སྟེ། བདག་ཏུ་སྨྲ་བ་དང་ལྡན་པ་འམ། སེམས་ཅན་དུ་སྨྲ་དང་ལྡན་པ་འམ། སྲོག་ཏུ་སྨྲ་བ་དང་ལྡན་པ་འམ། གང་ཟག་ཏུ ་སྨྲ་བ་དང་ལྡན་པ་འམ། དགེ་མཚན་དང་བཀྲ་ཤིས་སུ་སྨྲ་བ་དང་ལྡན་པ་དག་ཀྱང་རུང་སྟེ། ལྷག་པར་གཡོ་བ་དང་། བྲལ་བར་གཡོ་བ་དེ་དག་དེའི་ཆེན། དེས་སྤངས་པར་འགྱུར་ཏེ། ཡོངས་སུ་ཤེས་ནས་རྩ་བ་ནས་བཅད་དེ། ་ཏ་ལའི་མགོ་བཞིན་མྱི་སྣང་བའི་རང་བཞིན་དུ། ཕྱིས་ཀྱི་སྐྱེ་མྱི་འགག་པའི་ཆོས་ཅན་དུ་འགྱུར་རོ།། བཙུན་པ་ཤ་རའི་བུ་ལ་ལ་ཆོས་ལ་བཟོད་པ་འདི་ལྟ་བུ་དང་ལྡན་ཏེ། རྟེན་ཅིང་འབྲེལྡ་པར་འབྱུང་བ་འདི་ཡང་དག་པར་ཁོ། ་དུ་ཆུད་ན། དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིན་རྟེན་མཁྱེནད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མྱེད ་པ། སྒྲ་དང་ཕྱི་རྣམས་ཀྱི་སྟོནད་པ། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས། ཟ་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ།། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེ་སྐད་ཅེས་སྨྲས་ནས། ཚེ་དང་ལྡན་པ་ཤ་རིའི་བུ་དང་། ལྷ་དང་། མྱི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་སྟེ།། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཤད་པ་ལ་མངོན་པར་བསྟོད་དོ།། །། ། འཕགས་པ་ས་སུ་ལྡང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའོ།། རྫོགས་སྷོ།། ། ་