| Wylie | e-texts produced with BDRC’s OCR application |
བློན་པོ་ཆེན་པོ་འམ།། ལྷ་འམ། ལྷའི་བུ་འམ། ལྷ་གཞན་གང་ཡང་། རུང་བ་ཞིག་ཏུ་གྱུར་དཅིག་ཅེས་སེམས་བསྐྱེད་པར་མྱི་བྱེད་དོ།། འོ་ན་གང་དུ་ཞེ་ན་གཞན་དུ་ན། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱ ་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། དགེ་བའི་རྩ་བ་འདི་དང་། ཆོས་ཀྱི་ཕྱིར་ཡོངས་སུ་གཏོང་བ་འདིས་ན།། བདག་སེམས་ཅན་མ་རྒལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་གྲོལ་བར་བྱེད་པ་དང་། དབུགས་མ་ཕྱིནད་པ་རྣམས ་དབུགས་འབྱིན་པ་དང་། ཡོངས་སུ་མྱ་ངན་ལས་ཟློ་བར་བྱེད་པ་དང་། འཇིག་རྟེན་ལོང་བ་འདྲེན་པ་མྱེད་པ་དང་། སྐྱོབ་པ་མྱེད་པ་དང་། སྐྱབས་མྱེད་པ་དང་། གནས་མྱེད་པ་དང་། གླིང་མྱེད་པ་དང་། དཔུང་གཉེན་མྱེད་པ་རྣམས་ཀྱི་འདྲེན ་པ་དང་། ཡོངས་སུ་འདྲེན་པ་དང་། སྒྲོལ་བ་དང་། སྐྱབས་དང་། གནས་དང་། གླིང་དང་། དཔུང་གཉེན་དུ་གྱུར་ད་ཅིག་ཅེས་ཡོངས་སུ་སྔོ་བར་བྱེད་དོ།། དེ་ལ་འདི་སྐད་ཅེས་བྱ་སྟེ།། ཆོས་ཕྱིར་སྦྱིན་པ་འདིས་ན་བདག། འཁོར་བའི་ནི་རྒྱ་མཚོ ་སས།། གཞན་མྱིན་ཐེག་པ་ཆེན་པོ་ཡིས།། སེམས་ཅན་རྣམས་ནི་སྒྲོལ་གྱུརྡ་ཅིག། སྐྱེ་བོ་ཐམས་ཅད་ཉོན་མོངས་པའི་འཆིང་བ་དཔལས་འགྲོལ་བར་ཤོག། དབུགས་མ་ཕྱི་ནད་པ་དབུགས་འབྱིན་ཅིང་།། མྱ་ངན་འདས་ལམ་སྟོན ་xxx ་ཆེན་པོ་སྦྱིན་པའིམ་སོད་ཀྱིད་པ་འཛིན་པར་རྩོན་པར་བྱེད་པ་པ་ནོ།། བྱང་ཆུབ་སེམས་དཔའ་སེམས་པཞིན་པའི་དྲུག་དང་། ས་དང་། ས་དང་། སེ་བ་དང་། ལྡན་ན་ཤེ་ཆོད་ནམ ་ཤིང་ང་རོནམ་པར་སྒྲོགས་པ་ལྟ་འུའི་མྱིའི་དབང་པོའི་གཙུག་གནོམ་བུས།། བཅོམ་ལྡན་འདས་ལས་སྦྱིན་པའི་ཕ་རོལ་ཏུ་ལྡ་ནད་པའི་རྣམ་པར་དབྱེ་བ་བཤད་པ་ཐོས་ནས།། ཚིམ་ཞིང་མགུལ་ཡདི་རངས་ཏེ། རབ་ཏུ་དགའ་ཞིང་བདེ་ཙ། ་དང་། ཡིད་བདེ་བ་སྐྱེས་ནས། སྟན་ལས་ལངས་ཏེ། བླ་གོས་ཕྲག་པཿ། ཅིག་ཏུ་གཟར་ནས།། པུས་མོ་གཡས་པའི་སྐང་པད་མའི་སྙིང་པོ་ལ་ག། ཙུགས་ཏེ། བཅོམ་ལྡན་འདས་ག་ལ་དེ་ལོགས་སུ་ཐལ་མོ་སྦྱར་བ་བདུད། ་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ལེགས། སོ་ཞེས་བྱ་བ་གསོལ་ཏོ།། སྦྱིན་མཛད་ལེགས་སོ་རྟག་ཏུ་ཡབ་འདྲ་ཁྱོ། ད་ལེགས་སོ།། སྦྱིན་མཛད་ལེགས་སོ་གསུང་མཛད་བདེ་གཤེགས ་ཁྱོད་ལེགས་སོ།། གཉེན་གྱུར་ད་ལེགས་སོ་མཛའ་བོ་སྟོནད་པར་གྱུར་པ་ལེགས།། གཅིག་པུ་འདི་ནི་དམྱལ་བ་སྐྱོབ་པ་ཁྱོད་ལེགས་སོ།། ཐུ་བོ་ལག་ས་སོ་ལྷ་མྱི་རྣམས་ནང་བཀྲེས་པ་ལེགས།། མཆོད་ནས་ལེགས་སོ་མྱི ་རྣམས་ནང་ན་དཔའ་བོ་ལེགས།། གསུངས་པ་ལེགས་སོ་བདག་ཉིད་ཆེན་པོ་རབ་དུལ་ལེགས།། མྱི་རྣམས་ཉོན་མོངས་སྟུག་སེལ་སྨན་པའི་རྒྱལ་པོ་ལེགས། གྲོལ་བའི་ལེགས་སོ་སྲིད་པ་གསུམ་ལས་རྣམ་གྲོལ་ལེགས།། སྨན་པ ་ལེགས་སོ་ཕན་བཞེད་དམ་པ་སྦྱིན་མཛད་ལེགས།། དཔལ་ཡོན་ཅན་ལེགས་བཀྲ་ཤིས་སྙོམས་པའི་ཐུགས་མངའ་ལེགས།། སྐལ་ལྡན་ཟླ་བ་ཉ་འདྲ་དྲི་མྱེད་ཞལ་མངའ་ལེགས།། བློ་ལྡན་མཐོང་ཏིང་སྤྱན་ཡངས་རིང་བ་ལེགས། ་དཔལ་ཤངས་འཚམ་ཆ་བྱད་རྨད་དུ་བྱུང་བ་ལེགས།། སྨ་མཁས་སྙན་ཤལ་གསེར་གི་འཕྱང་ཟག་འདྲ་བ་ལེགས།། མཆེ་བ་ཁ་བ་དུང་འདྲ་ལེགས་ལ་ཕྱག་འཚལ་ལོ།། གཙོ་བོ་བཀྲེས་པ་མགོན་པོ་ཁྱོད་ཀྱིས་དེ་རིང་དུ།། མྱི་རྣམས ་ཧ~ཾ། སྲིད་པ་དབྱེ་བ་ལེགས་པར་གསུངས་པ་ལེགས།། སྲར་ཞིམ་ཚུལ་ཁྲིམས་བཟོད་པ་སྟོབས་དང་ཡེ་ཤེས་དང་། ཐབས་དང་བསམ་གཏན་རྫུ་འཕྲུལ་སྨོན་ལམ་མཉམ་པར་འཆལ། བཅོམ་ལྡན་འདས་ཀྱིས་དེ་སད་ཅེས་བཀའ་སྩལ་དས ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔལ་རྒྱན་རས་གཟིགས་དབང་ཕྱུག་དང་། རིའི་ཕུཀ་དང་། ཟོམ་དང་། རི་སུལ་དང་། གསེབ་དང་། སྨན་ལྡོང་ན་སེང་གེའི་མཆོག་རྣམ་པར་བསྒྱིངས་ཤིང ་བ.རོརྣམ་པར་སྒྲོགས་པ་ལྟ་བུའི་མྱེའི་དབང་པོའི་གཙུག་གི་ནོར་བུ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་དང་། སྐྲའི་བུ་དེ་དག་དང་། རྒྱལ་པོ་ཆེན་པོ་བཞི་འདི་དེ་དག་དང་། སྭ་དང་མྱི་དང་། ལཱ་མ་ཡིན་དང་། དྲི་ཟེར་བཅས་པའི ་འཇིག་རྟེན་ཡིད་རངས་ཏེ།། བཅོམ་ལྡན་འདས་ཀྱིས་གསུངས་པ་མངོན་པར་སྟོད་དོ།། འཕགས་པ་སྦྱིན་པའི་ཕ་རོལ་ཏུ་ཕ་རོལ་ཏུ་ཕྱིན་དད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སྷོ།། ་རྒྱ་ཀར་ཀི་མཁན་པོ་ཕྲད་ཉ་བར་མ་དང་། ཞུ་ཆེན་གི་ལོ་ཙ་བ་བ་ད་དེ་ཡེ་ཤེས་སྡེ་ལས་སོགས་པས་བསྒྱུར་ད་ཅིང་། ཞུས་ཏེ་གཏན་ལ་ཕབ་པ།། །། རྒྱ་གར ་གང་དུ།། ཨརྱ་དཱན་ནུ་ཤངས།། བོད་སྐད་དུ།། འཕགས་པ་སྦྱིན་པའི་ལེགས་པ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན ་འདས་མཉན་དུ་ཡོད་པ་ན། འཛེ་ཏའི་ཆལ་མགོན་མྱེད་ཟས་སྦྱིན་ཀྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མཁས་པ་རྣམས་ཀྱིས་ནམ ་བ་སུམ་བཅུ་རྩ་བདུན་སྦྱིན་བ་སྦྱིན་ནོ།། སུམ་བཅུ་མ་བདུན་གང་ཞེ་ན།། སེར་སྣ་རྣམ་པར་སྤང་བའི་ཕྱིར། དད་པས་སྦྱིན་པ་སྦྱིན་ནོ།། དུས་སུ་སྦྱིན་པ་སྦྱིན་ནོ།། དེ་བཞིན་གཤེགས་པས་གནང་བའི་རུང་བ་དངོས་པོ་གསུམ ་ཡོངས་སུ་དག་པར་སྦྱིན་པ་སྦྱིན་ནོ།། སེམས་ཀྱི་འཁྲུག་པའི་སྐྱོན་ཐམས་ཅད་སྤང་བའི་ཕྱིར། སྙིང་སྟད་དུ་བྱས་ཏེ་སྦྱིན་ནོ།། སྙིང་པོ་མྱེད་པའི་ལུས་ལས་སྙིང་པོ་བླ་བའི་ཕྱིར། རང་གི་ལག་ནས་སྦྱིན་པ་སྦྱིན་ནོ།། གཞན ་ལ་མྱི་གནོད་པའི་སྦྱིན་པ་སྦྱིན་ན།། རྣམ་པར་སྨིན་པ་གཏོང་བ་ཆེན་པོ་རབ་ཏུ་ཐོབ་པར་འགྱུར་རོ།། ཁ་དོག་ཕུན་སུམ་ཚོགས་པ་སྦྱིན་པ་སྦྱིན་ན། རྣམ་པར་སྨིན་པ་ཁ་དོག་མཛེས་པ་རབ་ཏུ་ཐོབ་པར་འགྱུར་རོ།། སྤོས་ཕུན་སུམ་ཚོགས་པ ་སྦྱིན་པ་སྦྱིན་ན། རྣམ་པར་སྦྱིན་པ་གྲགས་པའི་སྤོས་རབ་ཏུ་ཐོབ་པར་འགྱུར་རོ།། རོ་བྲོ་བ་ཕུན་སུམ་ཚོགས་པ་སྦྱིན་པ་སྦྱིན་ན།། རྣམ་པར་སྦྱིན་པ་རོ་བྲོ་བ་མཆོག་གི་དཔེ་བྱད་བཟང་པོ་རབ་ཏུ་ཐོབ་པར་འགྱུར་རོ།། གྱ་ནོམ་པ ་སྦྱིན་པ་སྦྱིན་ན། རྣམ་པར་སྦྱིན་པ་ལ་ལོངས་པྱོད་གྱ་ནོམ་པ་རབ་ཏུ་འཐོབ་པར་འགྱུར་རོ།། རྒྱ་ཆེན་པོའི་སྦྱིན་པ་སྦྱིན་ན།། རྣམ་པར་སྨྱིན་པ་ལོངས་སྤྱོད་རྒྱ་ཆེན་པོ་རབ་ཏུ་འཐོབ་པར་འགྱུར་རོ།། བཟའ་བ་སྦྱིན་པ་བྱིན་ན།། རྣམ་པར ་སྦྱིན་པ་སྐྱེ་བ་ཐམས་ཅད་དུ་བཀྲེས་པ་རྣམ་པར་གཅོད་པ་རབ་ཏུ་འཐོབ་པར་འགྱུར་རོ།། བཏུང་བ་སྦྱིན་པ་སྦྱིན་ན། རྣམ་པར་སྦྱིན་པ་སྐྱེ་བ་ཐམས་ཅད་དུ་སྐྱོམ་པ་རྣམ་པར་གཅོད་པ་རབ་ཏུ་འཐོབ་པར་འགྱུར་རོ།། གོས་སྦྱིན་པ ་བྱིན་ན། རྣམ་པར་སྦྱིན་པ་གོས་ཀྱི་ལོངས་པྱོད་སྣ་ཚོགས་རབ་ཏུ་འགྲོ་བ་པར་འགྱུར་རོ།། གནས་སྦྱིན་པ་བྱིན་ན།། རྣམ་པར་སྨིནད་པ། པུ་ཤུ་དང་། ཁང་པ་བརྩེགས་པ་དང་། ཁྱམས་དང་། ཁང་པ་དང་། ་གཞལ་མྱེད་ཁང་དང་། སྐྱེད་ཤིང་གི་ར་བ་དང་། ཀུན་དགའ་ར་བ་དང་། ཚེ་ཡུལ་རབ་ཏུ་འཐོབ་པར་འགྱུར་རོ།། མལ་མ་སྦྱིན་པ་བྱིན་ན།། རྣམ་བར་སྦྱིན་པ་རིགས་མཐོན་པོ་རབ་ཏུ་འཐོབ་པར་འགྱུར་རོ།། གཞོན ་བསྦྱར་བ་སྦྱིན་ན། རྣམ་པར་སྨིན་པ་རྫུ་འཕྲུལ་གི་རྐང་པ་བཞི་རབ་ཏུ་འཐོབ་པར་འགྱུར་རོ།། སྨན་སྦྱིན་པ་བྱིན་ན་རྣམ་པར་སྦྱིན་དཔ་རྒ་ཤི་མྱེད་ཅིང་མྱ་ངན་དང་། ཀུན་ནས་ཉོན་མོངས་པ་འགོག་པའི་མྱ་ངན་ལས་འདས་པ་རབ་ཏུ ་འཐོབ་པར་འགྱུར་རོ།། ཆོས་སྦྱིན་པ་བྱིན་ན། རྣམ་པར་སྨིནད་པ་སྐྱེ་བ་དྲན་པ་རབ་ཏུ་འཐོབ་པར་འགྱུར་རོ།། མེ་ཏོག་སྦྱིན་པ་བྱིན་ན། རྣམ་པར་སྨིནད་པ་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་རབ་ཏུ་འཐོབ་པར་འགྱུར་རོ།། འཕྲེང ་བསྦྱིན་པ་བྱིན་ན། རྣམ་པར་སྦྱིནད་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དྲི་མ་རྣམ་པར་དག་པ་རབ་ཏུ་འཐོབ་པར་འགྱུར་རོ།། བདུག་པ་སྦྱིན་པ་བྱིན་ན། རྣམ་པར་སྦྱིན་པ་ཉོན་མོངས་པའི་དྲི་ང་བ་ཐམས་ཅད ་མྱེད་པ་རབ་ཏུ་འཐོབ་པར་འགྱུར་རོ།། གདུགས་སྦྱིན་པ་བྱིན་ན། རྣམ་པར་སྨྱིནད་པ་ཆོས་ལ་དབང་བའི་དབང་ཕྱུག་རབ་ཏུ་འཐོབ་པར་འགྱུར་རོ།། དྲིལ་བུ་སྦྱིན་པ་བྱིན་ན། རྣ་བར་སྦྱིནད་པ་སྒྲ་དབྱངས་ཡིད་དུ་འོང་བ་རབ་ཏུ་འཐོབ ་པར་འགྱུར་རོ།། སིལ་སྙན་སྦྱིན་པ་བྱིན་ན།། རྣམ་པར་སྤྱདད་པ་ཚངས་པའི་སྒྲ་དབྱངས་ལྟ་བུ་རབ་ཏུ་འཐོབ་པར་འགྱུར་རོ།། མར་མྱེ་སྦྱིན་པ་བྱིན་ན། རྣམ་པར་སྦྱིནད་པ་ལྔའི་མྱིག་སྒྲིབ་པ་མྱེད་ཅིང་།། རྣམ་པར་དག་པ་རབ་ཏུ་འཐོབ་པར ་འགྱུར་རོ།། དང་སྦྱིན་པ་བྱིན་ན། རྣམ་པར་སྤྱདད་པ་ལྔ་དང་མྱིའི་ནང་ན་རྣམ་པར་གྲོལ་བའི་དེར་གིས་བཅིངས་པ་རབ་ཏུ་འཐོབ་པར་འགྱུར་རོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ནམ།། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ ་འབྲུ་མར་དྲི་ཞིམ་པོ་ཕུལ་ལམ།། སྤོས་ཀྱི་ཁྲུས་ཆུ་དབུལ་བ་ཕུལ་ན། རྣམ་པར་སྨིདད་པ་སྐྱེས་བུ་ཆེན་པོའི་མཚན་གསུམ་བཅུ་རྩ་གཉིས་དང་དཔེའ་བྱད་བཟང་པོ་བརྒྱད་བཅུ་རབ་ཏུ་འཐོབ་པར་འགྱུར་རོ།། ཁྲུས ་ཀྱི་ཡོ་བྱད་སྦྱིན་པ་བྱིན་ན།། རྣམ་པར་སྦྱིན་པ་སྐྱེ་བ་ཐམས་ཅད་དུ། ནད་ཉུང་བ་དང་། རིགས་ཀྱི་མཆོག་ཏུ་སྐྱེ་ཞིང་། ཀུན་ཏུ་མཛེས་པ་རབ། ཏུ་འཐོབ་པར་འགྱུར་རོ།། སྙིང་པོ་ལྔ་སྦྱིན་པ་བྱིན་ན།། རྣམ་པར ་སྦྱིནད་པ་སྐྱེ་བ་ཐམས་ཅད་དུ་མཐུ་ཆེ་ཞིང་། སྤྲོ་བ་ཆེན་པོ་མྱ་ཐུ་ལད་པ་རབ་ཏུ་འཐོབ་པར་འགྱུར་རོ།། བྱམས་པ་ལ་གནས་ཏེ། སྦྱིན་པ་བྱིན་ནི་རྣམ་པར་སྨྱིདད་པ་གནོད་སེམས་མྱེད་པ་རབ་ཏུ་འཐོབ་པར་འགྱུར་རོ།། ་སྙིང་རྗེ་ལ་གནས་ཏེ་སྦྱིན་པ་བྱིན་ན།། རྣམ་པར་སྤྱད་པའི་ཆེ་བ་མྱེད་པ་རབ་ཏུ་འཐོབ་པར་འགྱུར་རོ།། དགའ་བ་ལ་གནས་ཏེ་སྦྱིན་པ་བྱིན་ན།། རྣམ་པར་སྨྱིནད་པ་མྱི་འཇིགས་པ་རབ་ཏུ་འཐོབ་པར་འགྱུར་རོ།། བཏང་སྙོམས་ལ་གནས ་ཏེ་སྦྱིན་པ་བྱིར་ན། རྣམ་པར་སྦྱིནད་པ་མྱི་དཀའ་བ་སྤོང་བ་རབ་ཏུ་འཐོབ་པར་འགྱུར་རོ།། རྣམ་པ་སྣ་ཚོགས་སྦྱིན་པ་བྱིན་ན།། རྣམ་པར་སྦྱིནད་པ་ལོངས་འཔྱོད་སྣ་ཚོགས་རབ་ཏུ་འཐོབ་པར་འགྱུར་རོ།། ལན་ལ་མྱི་རེ་བ་ལ ་གནས་ཏེ། སྦྱིན་པ་བྱིན་ན། རྣམ་པར་སྨི་རིད་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐོབ་པར་འགྱུར་རོ།། དགེ་སློང་དག་མཁས་པ་རྣམས་ཀྱིས་རྣམ་པ་སུམ་བཅུ་མ་བདུན་པོ་དེ་དག་སྦྱིན་པ་སྤྲིན་ནོ།། བཅོམ ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སྦྱིན་པའི་ལེགས་པ་རྫོགས་སྷོ།། ་