| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨརྱ་མན་འཛུ་ནི་རྗེ་ཤ་ན་མ་མ་ཧཱ་ཡ་ན་སུ་ཏྲ།། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱིས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའིམདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མྱེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་སོ་ས་བརྒྱ་ལྔ་བཅུའི་དགེ་སློང་ཀ ་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ལྔ་སྟོང་ཐམ་པ་དང་། ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ང་ཅིང་འདུན་གྱིས་བལྟས་ནས་ཆོས་སྟོན་ཏོ།། དེ ་ནས་འཇམ་དཔལ་གཞོ་ནུར་གྱུར་པ་རིན་པོ་ཆེའི་གདུགས་དཔག་ཚད་བཅུས་འཁོར་བ་ཙམ་ཐོགས་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་གི་དྲང་ཟད་ན་འཛིན་ཅིང་འདུག་གོ།། དེ་ནས་ཡོངས་སུ་དགའ་ལྡན་རིས་ཀྱིས་ཝཱན ་བུ་མཚམས་བཟངས་ཞེས་བྱ་བ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་པར་འཁོར་དང་བཅས་ཏེ། འཁོར་དེ་ཉིད་དུ་འདུས་པར་གྱུར་དེ་ནས་འདུག་པ་སྟན་ལས་ལངས་ཏེ། འཇམ་དཔལ་གཞོ་ནུར་གྱུར་ད་པ། ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། འཇམ་དཔལ་གཞོ་ནུར་གྱུར་ད་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་ཁྱོད་བཅོམ་ལྡན་འདས་ལ་མཆོད་པ་མཛད་པས་ད་དུང་ཐུགས་མཆིམ་ལགས་སམ། འཇམ་དཔལ་རྒྱས ་སྨྲས་པལྷའི་བུས་འདི་ཇི་སྙམ་དུ་སེམས་རྒྱ་མཚོ་ཆེན།། པོ་ཆུ་ཟེད་པས་ཚོགས་པར་འཛིན་པར་འགྱུར་སྙམ་འམ། ལྷའི་བུས།། སྨྲས་པ།། འཛེད་པ་ལ་དེ་ནི་མ་ལགས་སོ།། འཇམ་དཔལ་གྱིས་སྨྲས ་པ། ལཱའི་བུ་དེ་བཞིན་དུ་ཐམས་ཅད་མཁྱེནད་པའི་ཡེ་ཤེས་རྒྱ་མན་པོ་ལྟ་བུར་ཟབ་ཅིང་གཏང་དཔག་དཀའ་ལ་དཔག་ཏུ་མྱེད་པས་ཡོངས་སུ་ཆེ་ལ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ། ་བཞིན་གཤེགས་པ་ལ་མཆོད་པ་བྱ་བར་འདོད་པས། གཞན་ཡང་ཆོག་པར་འཛིན་པར་མྱི་བྱའོ།། ལྷའི་བུས་སྨྲས་པ། འཇམ་དཔལ་ཅི་ལ་དམྱིགས་ནས་དེ་བཞིན་གཤེགས་པ་ལ་མཆོད་པར་བགྱི། འཇམ་དཔལ ་ཀྱིས་སྨྲས་པ། ལྷའི་བུ་དམྱིགས་པ་བཞིས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ།། བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ལ་དམྱིགས་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཐ་རད་པར་བྱ་བ་ལ་དམྱིགས ་པ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མྱི་འཆད་པར་བྱ་བ་ལ་དམྱིགས་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བ་ལ་དམྱིགས་པ་སྟེ། ལྷའི་བུ་དམྱིགས་པ་བཞི་པོ་དེ་དག་གིས་དེ་བཞིན་གཤེས ་པ་ལ་མཆོད་པར་བྱའོ།། འཇམ་དཔལ་གྱིས་དེ་སྐད་ཅེས་སྦས་ནས། ལྷའི་བུ་མཚམས་བཟངས་དང་། དགེ་སློང་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དང་། ལྦ་དང་། མྱི་དང་། ་སྒྲ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། འཇམ་དཔལ་གཞོ་ནུར་གྱུར་ད་པས་སྨྲས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་འཇམ་དཔལ་གྱིས་བསྟནད་པ་ཞེས་བྱ་བ་ཐེག་པ་ཆེན་པོ་འི་མདོའོ།། རྫོགས་སྷོ།། ། ་