CLOSE WINDOW

N73: 'phags pa byams pas zhus pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

ཡིན།མ་བྱིན་པར་ལེན་པ་དང་།འདོད་པས་ལོག་པར་གཡེམ་པ་དང་།བརྫུན་དུ་སྨྲ་བ་དང་།ཕྲ་མྲའི་ཚིགས་དང་།ངག་རྩུབ་པོ་དང་།ཚིག་ཀྱལ་པ་སྤངས་པ་ཡིན་ཏེ།བྱམས་པ་དེ་ལྟར ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱོར་བ་ཕུན་སུམ་ཚོགས་པ་ཡིན།།བྱམས་པ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཏོང་བ་ཕུན་ཚོགས་པ་ཡིན་ཞེ་ན། ་བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་སྦྱོང་དང་བྲམ་ཟེ་རྣམས་དང་།ཕོངས་པ་དང་།སློང་བ་རྣམས་ལ་གོས་དང་།ཟས་དང་།མལ་ཆ་དང་།ན་བའི་གསོས ་སྤྱནྡ་དང་།ཡོ་བྱད་རྣམས་གཏོང་བ་དང་།སྐྱོན་བདག་ཏུ་གྱུར་པ་ཡོན་ཏོ།།བྱམས་པ་དེ་ལྟ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཏོང་བ ་ཕུན་སུམ་ཚོགས་པ་ཡིན་ནོ།།བྱམས་པ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བསྔོ་བ་ལ་མཁས་པ་ཡིན་ཞེ་ན།བྱམས་པ་འདི་ལ་བྱང་ཆུབ་སེམ ་དཔའ་སེམས་དཔའ་ཆེན་པོ་ནི་ལུས་དང་ངག་དང་ཡིད་ཀྱིས་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་གང་ཅི་ཡང་རུང་སྟེ།དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ།།བྱམས་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བསྔོ་བ་ལ་མཁས་པ་ཡིན་ནོ།།བྱམས་པ་ཇི་ལྟར་ན་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན།བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱམས་པའི་ལུས་ཀྱི ་ལྔས་དང་ལྡན་པ་ཡིན།བྱམས་པའི་ངག་གི་ལས་དང་ལྡན་པ་ཡིན།བྱམས་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ཏེ།བྱམས་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་བྱམས་པ་ཕུན་སུམ་པ་ཡིན་ནོ།།བྱམས་པ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཕུན་སུམ་ཚོགས་པ་ཡིན་ཞེ་ན།བྱམས་པ་འདི་ལ་བྱང་ཆུབ་སེམ ་དཔའ་སེམས་དཔའ་ཆེན་པོ་ནི་གནོད་སེམས་མེད་པའི་ལུས་ཀྱི་ལྷ་དང་ན་པ་ཡིན།གནོད་སེམས་མེད་པའི་ངག་གི་ལུས་དང་ལྡན་པ་ཡིན།གནོད་སེམས་མེད་པའི་ཡིད་ཀྱི་ལས་དང་ལྡན་པ ་ཡིན་ཏེ།བྱམས་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་ཕུན་སུམ་ཚོགས་པ་ཡིན་ནོ།།བྱམས་པ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་ཐབས་ལ་མཁས་པ་ཡིན་ཞེ་ན།བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཀུན་རྫོབ་ཀྱི་དོན་ལྔ་མཁས་པ་ཡིན།དམ་པའི་དོན་ལ་མཁས་པ་ཡིན།གཉི་གའི ་དོན་ལ་མཁས་པ་ཡིན་ཏེ།བྱམས་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཡིན་ནོ།།བྱམས་པ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དངུ ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བ་ཡིན་ཞེ་ན།བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་ཡང་དག་པར་སློབ་སྟེ།འདི་ཡོད་པའི ་ཕྱིར་འདི་འབྱུང་།འདྲི་སྐྱེས་པས་འདི་སྐྱེ་བ་སྟེ།འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས།འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ།རྣམ་པར་ཤེས་པའི་རྐྱེན་གྱི་སྔ ་མིང་དང་གཟུགས།མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག།སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ།རེག་པའི་རྐྱེན་གྱིས་ཚོར་བ།ཚོར་བའི་རྐྱེན་གྱིས་སྲེད་པ།སྲེད་པའི ་རྐྱེན་གྱིས་ལེན་པ།ལེན་པའི་རྐྱེན་གྱིས་སྲིད་པ།སྲིད་པའི་རྐྱེན་གྱིས་སྐྱེ་བ།སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་།མྱ་ངན་དང་སྨྲེ་སྔགས་འདོན་པ་དང་།སྡུག ་བསྔལ་བ་དང་།ཡིད་མི་བདེ་བ་དང་འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ།དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ།།འདི ་མེད་པའི་ཕྱིར་འདི་འབྱུང་འདི་འགགས་པས་འདི་འགག་སྟེ།འདི་ལྟ་སྟེ་མ་རིག་པ་འགགས་པ་ས་འདུ་བྱེད་འགག།འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག ་རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག།མིང་དང་གཟུགས་འགག་པས།སྐྱེ་མཆེད་དྲུག་འགག།སྐྱེ་མཆེད་དྲུག་འགེགས་པས་རེག་པ ་འགག།རེག་པ་འགགས་པས་ཚོར་བ་འགག།ཚོར་བ་འགྲགས་པས་སྲིད་པ་འགག།སྲེད་པ་འགོགས་པས་ལེན་པ་འགག།ལེན་པ་འགགས་པས་སྲིད་པ་འགག ་སྲིད་པ་འགགས་པས་སྐྱེ་བ་འགག།སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་།སྡུག་བསྔལ་བ་དང་།ཡིད་མི་བདེ་བ་དང་།འཁྲུག་པ་རྣམས ་འགག་པར་འགྱུར་ཏེ།དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབོའ་ཞིག་པོ་འདི་འགག་པར་འགྱུར་སྙམ་པ་སྟེ།བྱམས་པ་དེ་ལྟར་ནི་བྱང་ཆུབ་སེམས་དཔ ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དྲིས་པར་འབྱུང་བྱ་ཡིན་ནོ།།བྱམས་པ་བྱང་ཆུབ་སེམས་དཔའ་སེམྦྷས་དཔའ་ཆེན་པོ་བརྒྱད་པ་དེ་དག་དང་ལྡན་ན།བླན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོགས་པའི་ཆོས་ཅན་དུ་འགྱུར་ཞིང་།མི་ཉམས་ལ་ཡོངསཱ་སུ་མི་ཉམས་ཏེ་ཁྱད་པར་ཐོབ་པར་འགྱུར་རོ།།བདུད་ཕྱིར ་རྒོལ་བ་བཅོམ་པར་འགྱུར།བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པ་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ནས་འཁོར་བ་ནི་ཡོངས་སུ་མི་སྐྱེ་བར ་འགྱུར།ཡོངས་སུ་མི་སྐྱོ་བའི་ཡིད་དང་ལྡན་པར་གྱུར་ན་ས་ཀྱ་ང་གཞན་གྱི་ཁ་ན་མ་ལུས་པའི་ཡེ་ཤེས་ཀྱིས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན ་པར་རྫོགས་པར་འཚང་རྒྱའོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་།དགེ་སློང་དེ་དག ་དང་བྱང་ཆུབ་སེམས་དཔའ་དེ་དག་དང་།ལྷ་དང་མི་དང་ལྷ་མ་ཡིན་དང་།ཇི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུང་པཱ་ལ་མངོན་པར་བསྟོད།། ་འཕགས་པ་དཀོན་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་ལས་བྱམས་པས་ཞུས་པ་ཆོས་བརྒྱད་པ་ཞེས་བྱ་བའི་ལེའུ་སྟེ་འདུས་པ་བཞི་བཅུ་རྩ་གཉིས་པ ་རྫོགས་སོ།།།།ཤོ་ལོ་ཀ་བརྒྱད་ཅུ་རྩ་གསུམ་མཆིས།རྒྱ་གར་གྱི་མཁན་པོ་འཛིན་མི་དྲཱ་དང་།དཱ་ན་ཤཱི་ལ་དང་།ཞུ་ཆེན་གྱི་ལོ་ཙྪབ་བན ་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ།སྐད་གསར་ཆོད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕུབ་པ།།།།རྒྱ་གར་སྐད་དུ།ཨཱརྱ་ཀ་ཤྱ་པ་པ་རི་བརྟ་ནཱ་མ་མ་ཧཱ ་ཡཱན་སུ་ཏྲ།བོད་སྐ་དདུ།འཕགས་པ་འོད་སྲུང་གི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།།།བམ་པོ་དང་པོ།།སངས་རྒྱས་དང་།བྱང་ཆུབ་སེམས ་དཔའ་ཐམས་ཅད་ལ་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང ་བརྒྱད་སྟོང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ་ཁྲི་དྲུག་སྦྱོང་ཐམས་ཅད་ཀྱང་འདི་ལྟ་སྟེ།བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་གཅིག་གིས་ཐོགས་པ་ཤྲ་སྟག་དང་ཐབས་གཅིག་ཏུ་བཞུགས་ཏེ།དེའི་ཚེ་ན་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འཁྲོར་དེ་ཉིད་དུ ་འདུས་པར་གྱུར་ནས་འདུག་གོ།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བཀའ་སྩལ་པ།འོད་སྲུང་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ ་སེམས་དཔའི་ཤེས་རབ་ཡོངས་སུ་ཉམས་པར་འགྱུར་བ་སྟེ།བཞི་གང་ཞེ་ན།འདི་ལྟ་སྟེ་ཆོས་དང་ཆོས་སྨྲ་བ་ལ་མི་གུས་པ་ཡིན།ཆོས་ལ་སེར་སྣ་བྱེད་ཅིང་ཆོས་ལ ་སློབ་དཔོན་གྱི་དཔེ་མཁྱུད་བྱེད་པ་ཡིན།ཆོས་འདོད་པའི་གང་ཟག་རྣམས་ལ་ཆོས་ཀྱི་བར་ཆད་བྱེད་ཅིང་འདུན་པ་ཟློག་པར་བྱེད།རྣམ་པར་འཁྲུག་པ་བྱེད་དེ་མི་སྟོན་ཅིང་རབ་ཏུ ་འཆབ་པ་ཡིན།མངོན་པའི་ང་རྒྱལ་གྱིས་བདག་ལ་སྟོད་ཅིང་གཞན་ལ་སྨོད་པ་ཡིན་ཏེ།འོད་སྲུང་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཡོངས་སུ ་ཉམས་པར་འགྱུར་བའོ།།དེ་ལ་འདི་སྐད་ཅེས་བྱ་སྟེ།ཆོས་སྨྲ་བ་ལ་གུས་པ་མེད་པ་ཡིན།ཆོས་ལ་སེར་སྣ་བྱེད་པར་གྱུར་པ་དང་།ཆོས་ལ་སློབ་དཔོན་དཔེ་མཁྱུད། ་བྱེད་པ་ཡིན།ཆོས་འདོད་རྣམས་ལ་བགེགས་ནི་བྱེད་གྱུར་ཅིང་།།འདུན་པ་བཟློག་ལ་དེ་བཞིན་རྣམ་འཁྲུག་བྱེད།།རྒྱལ་བས་བསྔགས་པའི་ཆོས་ནི་ཡོང་མི ་སྟོན།།ལེ་ལོ་ཅན་ཏེ་བདག་བསྟོད་རྟག་ཏུ་བརྩོན།།གཞན་ལྔ་སྨོད་པར་བྱེད་ལ་མངོན་པར་དགའ།།ཆོས་བཞི་འདི་དག་རྒྱལ་བའི་སྲས་རྣམས་ཀྱི།།ཤེས་རབ ་ཉམས་པར་འགྱུར་བར་རྒྱལ་བས་གསུངས།།ཆོས་བཞི་འདི་དག་རབ་ཏུ་སྤང་བྱས་ལ།།རྒྱལ་བས་གསུངས་པའི་ཆོས་བཞི་གཞན་བསྒོམ་མོ།།འོད་སྲུང་ཆོས ་བཞི་པོ་འདི་དགྲ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཆེན་པོར་འགྱུར་བ་སྟེ།བཞི་གུང་ཞེ་ན།འདི་ལྟ་སྟེ་ཆོས་དྲང་ཆོས་སྨྲ་བ་ལ་གུས ་པ་དང་བཅས་པ་ཡིན།ཟོང་ཟིང་མེད་པའི་སེམས་ཀྱིས་རྙེད་པ་དང་བཀུར་བསྟི་དང་ཚིག་ས་སུ་བཅད་པ་ལ་མི་རེ་བར་ཇི་ལྟར་ཐོས་པ་དང་།ཇི་ལྟར་ཁ་ཚོང་དུ་ཆུད་པའི ་ཆོས་རྣམས་གཞན་དག་ལྔ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་ཡིན།མང་དུ་ཐོས་པ་ལས་ཤེས་རབ་འབྱུང་བར་རིག་ནས།མགོ་འམ་གྲོས་ལ་མེ་འབར་བ་བཞིན ་དུ་ཐོས་པ་ཡོངས་སུ་ཚོལ་ཞིང་ཇི་ལྟར་ཐོས་པའི་ཆོས་རྣམས་འཛིན་པར་བྱེད་པ་ཡིན།ནན་ཏན་སྙིང་པོར་བྱེད་ཀྱི་སྨྲ་བ་དང་བརྗོད་པའི་ཚིག་ལྷུར་ལེན་པ་མ་ཡིན་ཏེ།འོད་སྲུང་ཆོས ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཆེན་པོར་འགྱུར་བའོ།།དེ་ལ་འདི་སྐད་ཅེས་བྱ་སྟེ།ཆོས་སྨྲ་བ་ལ་གུམ་དང་བཅས་པ་ཡིན།།ཟང་ཟིང་མེད་ཅིང་རྙེད་དང་བཀུར ་བསྟི་ལ།།རེ་བ་མེད་ཅིང་ཚིགས་བཅད་མི་སེམས་པར།།ཇི་ལྟར་ཐོས་པའི་ཆོས་རྣམས་གཞན་ལ་སྟོན།།ཐོས་ལས་ཤེས་རབ་འབྱུང་བར་དེས་རིག་ནས།།མགྲོ་ལ་འབར ་བཞིན་རྟག་ཏུ་ཐོས་པ་ཚོལ།།དེ་ནི་ཇི་ལྟར་ཐོས་པའི་ཆོས་རྣམས་འཛིན།།ཆོས་བཟུང་ནས་ནི་ནན་ཏན་བྱ་ཕྱིར་གནས།།མཁས་དེ་ནན་ཏན་སྙིང་པོར་བྱེད་པ་ཡིན།།ཚིག་ལྷུར་མི། ་ལོན་སྒྲུབ་ལྷུང་མོ་ལེན།།མཁས་པས་ཆོས་བཞི་འདི་དག་བསྙེན་བྱས་ན།།རྒྱལ་བས་བསྔགས་པའོ་ཤེས་རབ་ཐོབ་པར་འགྱུར།།འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་པནི་དང་ལྡནན། ་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ།བཞི་གང་ཞེ་ན།འདི་ལྟ་སྟེ་སློབ་དཔོན་དང་བླ་མ་དང་སྦྱིན་གནས་ལ་སླུ་བ་དང་།གཞན་འགྱོད་པ་མེད་པ་དྲུག་ལ་འགྱོད་པ་ཉེ་བར་བསྒྲུབ་པ་དང་། ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་བཱསྔགས་པ་མ་ཡིན་པ་དང་།མི་སྙན་པ་དང་།བརྗོད་པ་མ་ཡིན་པའི་སྒྲ་ཚིགས་སུ་བཅད་པ་འབྱིན་པ་དང ་སྒྱུ་དང་གཡོས་གཞན་ལ་ཉེ་བར་སྤྱོད་ཀྱི་ལྷག་པའི་བསམ་པས་མ་ཡིན་པ་སྟེ།འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར ་རོ།དེ་ལ་འདི་སྐད་ཅེས་བྱ་སྟེ།སྦྱིན་གནས་བླ་མས་བསྒོ་བཞིན་མི་བྱེད་དང་།།གཞན་དག་ལ་ཡང་ཐེ་ཚོམ་ཉེ་བསྒྲུབ་དང་།སེམས་ཅན་གང་དག་བྱང་ཆུབ་རབ་ཞུགས་པ།། ་དེ་ལ་བསྔགས་མིན་མི་སྙན་སྨྲ་བ་དང་།།སྒྱུ་དང་གཡོ་དང་རྒྱན་ལ་དོར་བྱེད་པས།།གཞན་ལ་བརྟེན་གྱི་བསམྱ་པས་མི་ཡིན་པ།།ཆོས་བཞི་འདི་དག་ཀུན་དུ་བསྟེན་བྱས་ན།སངས ་རྒྱས་བྱང་ཆུབ་སེམས་མཆོག་ཉམས་པར་འགྱུར།།དེ་ལྟ་བས་ན་ཆོས་འདི་བསྟེན་བྱེད་ན།།བྱང་ཆུབ་མཆོག་ལས་དེ་ནི་རེང་བར་འགྱུར།།དེ་ལས་བཟློག་པ་བསྟེན་པར་བྱེད་ནི ་བྱང་ཆུབ་མཆོག་རབ་བསྔགས་པ་རེག་པར་འགྱུརརོ།།འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྐྱོ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱུང ་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཏེ།བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མདོར་བརྗོད་པར་མི་འགྱུར་རོ།།བཞི་གང་ཞེ་ན།འདི་ལྟ་སྟེ་སྲོག་གི་ཕྱིར་རམ།ཐ་ན་གཞོང ་