| Wylie | e-texts produced with BDRC’s OCR application |
རྒྱུད་རྫོགསོ།།།རྒྱ་གར་སྐད་དུ།དྷྱཱ་ནོཏྟོ་ར་བ་ཊ་ལ་ཀྲམ།བོད་སྐད།བསམ་གཏན་གྱི་ཕྱེ་མ་རིམ་པར་ཕྱེ།།དཔལ་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལོ།།གསང་སྔགས་རྒྱུད་རྣམས་ཀྱི་ཕྱོགས་ལ།།གོང་ཤི། ་བློ་ན་མ་ཞེན་པ།།དེ་ཡང་སྨྲ་བར་སྨྲ་བ་ནི།།མ་སྨྲས་ནི་ནི་མི་འཚོ་འམ་ཅི།།གསང་སྔགས་རྒྱ་མཚོ་ཆེན་པོ་འདི།།དཔེ་དང་ཚད་མ་གཏན་ཚིགས་མ།།རྗེ་སུ་དཔག་པའམ་ཤེས་རབ་ཀྱིས།།རྟོགས་པར་ནུས་པ ་མ་ཡིནོ།།ལུང་དང་མན་ག་མེད་པར།།གང་ཞིག་ལམ་གཞན་འཇུག་པ་དེ།།བསྐལ་པ་དག་ནི་བརྒྱ་རུ་ཡང་།།སྔགས་ལས་དངོས་གྲུབ་མི་ཐོབ་པོ།།ལུང་དང་མཱན་དྲུག་མ་ལུས་པ།།གང་གི་ཡོངསུ་སུ ་པ་དག།གྲུབ་པ་མྱོང་བ་ལ་ལ་ཞིག།ཡོད་དམ་དེ་ནི་མེད་པ་སྤྲོས།།དེ་ནས་གསང་སྔགས་བདག་ཉིད་ཆེ།།དངོས་གྲུབ་རླབས་ནི་འཁྲིགས་པོ་ཅན།།བསམ་ཡས་གཏིང་ནི་དཔག་དཀའ་བ།།རྟོགས་པར་ནུས ་པ་སྨྲས་པའི་མཆོག།གལ་ཏེ་དེ་ལྟར་མི་ཤེས་ན།།ཚངས་པ་ཇི་ལྟར་ཤེས་པ་སྨོས།།ཡང་དག་སྨྲ་བར་མ་སྤྱ་ན།།ང་ཡིས་བཤད་ཀྱིས་ང་ལ་ཉོན།།བྱང་ཆུ་སེམས་དང་དེ་ཉིད ་གསུམ།།གལ་ཏེ་ཤེས་ན་དངོས་གྲུབ་སྣོད།།དེ་དག་ལེགས་པར་མི་ཤེས་ན།།ཁྱོད་ཀྱིས་དངོས་བྲུ་བ་ཅི་ཞིག་ཐོབ།།རེ་ག་སྔགས་ལས་ནི་སྒྲུབ་པ་པོས།།གཞན་ནམ་གཞོན་མིན་ཅི་ཞིག་ཉེས།།གལ ་ཏེ་གཞན་ན་འགྲུབ་མི་འགྱུར།།འོན་ཏེ་གཞན་མིན་གྲུབ་པ་ཉིད།།གལ་ཏེ་གཞན་མིན་ཁྱོད་འགྲུབ་པས།།མཁའ་ལ་སོགས་པར་ད་སོང་ཞིག།དེ་སྟེ་མིན་ན་བརྫུན་ཚིག་པས།།བ་ལང་རྫི་དང་ལྷན།། ་ཅིག་སྨོས།།མཽ་འཆི་ཚངས་ཆེན་ཕ་མཆོད་ཀྱིས།།ཡོངསུ་བསམས་ནུས་ཚིག་སྨྲས་པ།།མི་མཇེད་བདག་པོས་གང་སྨྲས་པ།།གཞན་པས་བདུག་ལ་དྲངས་གྲུབ་མེད།།རིགས་ལས་གྲུབ་པ ་གཞན་མིན་ན།།དངོས་གྲུབ་བདག་ལ་ཡོད་དམ་ཅི།།དེ་ལྟར་གྱུར་ན་ཅི་ཞིག་ཉེས།།འོན་ཏང་འགལ་བ་ཅི་ཞིག་ཡོད།།ོཾ་མའོ་ཚངས་པ་ཁྱོད་ཀྱི་བློ།།ཤིན་ཏུ་དྲི་མ་མེད་པ་དང་།།ཤེས་རབ ་གྲསལ་བར་ངེས་བསམས་ནུ།།ཚིག་རེ་ལ་ནི་རྙོགས་པ་བཞིན།།གཞན་པས་ཁྱེད་ལ་དངོས་གྲུབ་རྒྱུ།།གཞན་མིན་པ་ནི་ཡོངས་གྲུབ་རྒྱུ།།གཞན་མིན་པ་ལུས་གྲུབ་འདོད་ནི།།སྨྱོན་པ་ཉིད ་ནི་ཡིན་པར་འབྱུང་།།འབྲོ་བའི་བདག་པོ་ཇི་ལྟར་ནི།།དངོས་གྲུབ་མེད་པར་ཁས་འཚོང།།ཡིས་སྒྲོན་མོར་གྱུར་པ་ཁྱོད།།ཇི་ལྟར་ཕན་པ་བཞི་དུ་གསོལ།།བདག་གིས་རྣམ་པར་དབྱེད་ན་ནི།།རིག་ལ ་གཞན་པ་འམ་མི་གཞན་མིན།།གཞན་མིན་མི་གཞན་མ་ཡིན་པས།།བདག་ནི་གོམས་ལས་དངོས་གྲུབ་འཐོབ།།ཤེས་བྱ་བ་མེད་གང་ཡིན་པའི།།ཡིས་དེ་ཡང་གོམས་འཐོབ་ན།།ལས་ཀྱི་ཆོ་ག་འདི་དག ་གིས།།དངོས་གྲུབ་ཡོད་པ་ཅི་ཞིག་སྨོས།།བཟླས་བརྗིད་ལྷ་ཡི་དེ་ཉིད་དང་།།བདག་གི་དེ་ཉིད་ཇི་ལྟར་བ།།གནས་རྟེན་གཞན་ལ་མེད་པར་ནི།།མཚུངས་པ་མེད་པར་བདག་གིས་རྟགས།།ཏིག་ལས ་ཏུ་འབྲོས་པ་ལས།།ཚངས་ཆེན་མི་མཆི་ཞེས་བྱ་བ།།དངོས་གྲུབ་འདོད་པ་སྐལ་ཆེན་པོ།།གཙུག་ཏོར་རྒྱུད་ནི་ཉན་པར་བྱེད།།དེ་ནས་ཚངས་པ་ཆེན་པོ་དེ།།རྡོ་རྗེ་གཙུག་ཏོར་ཉན་པ་ལ།།ས་ཡི་མེ་ཏོག་འཇུ ་བྱེད་པས།།བསམ་གཏན་གྱིས་ནི་རྒྱན་པར་བཤད།།དེ་ནས་ཡིས་ཀུན་རྫོགས་པ།།རིག་སྔགས་གོ་སེང་སྔགས་ཐོབས་ཆེན་དེ།།ཕྲ་བ་དེ་བཞིན་གཤེགས་པར་གསུངས།།བསམ་གཏན་གྱིས་ཀྱང་ཤི ་རྒྱན།།རྣལ་འབྱོར་ཐབས་ནི་ཀུན་བསྟན་པ།།སྡུག་བསྔགས་སྡིག་པ་སེལ་བ་སྟེ།།ཕྱག་ན་རྡོ་རྗེ་ཞལ་ནས་གསུངས།།སྐྱེ་དང་འཆི་བ་སྡིག་བྱེད་པ།།ཀུན་ཏུ་མིག་ཚུགས་བརྟན་པ་སྟེ།།འདི་དང་ཕ་རོལ ་ཁྱད་པར་གནས།།དཀྱིལ་འཁོར་ཆེན་པོ་ལ་སོགས་འབྱུང་།།འདོད་པའི་དོན་ནི་རྗེསུ་སྒྲུབ།།ཆོ་ག་གང་དང་གང་དག་གིས།།བསམ་གཏན་ལེས་ལ་གང་གནས་པ།།དེ་བཞིན་གཤེགས་ལ་ཕྱག་འཚལ་ནས། ་དེ་དག་མ་ལུས་བཤད་པར་བྱ།།གསང་སྔགས་བསམ་གཏན་ཞེས་བྱ་བ།།མཆོག་ཏུ་དེསང་བ་ཡང་དག་གསུངས།།དྲང་སྲོང་བཀའ་ཐུབ་ཆེན་པོ་ཡང་།།དེ་དག་མེད་ན་མི་འགྲུའོ།།གསང་སྔགས་རྣལ་འབྱོར ་ཅན་རྣམས་ཀྱིས།།གསྨང་སྔགས་བཟླས་བརྗོད་མྱེར་འབར་བ།།སྐྱེ་དང་འཆིང་འཇིག་བྱེད་པ།།རྡོ་རྗེ་ཅན་གྱིས་སྔོན་གསུང་སྷོ།།དེ་བས་དེ་འདིར་གསང་སྔགས་ཀྱིས།།བསམ་གཏན་ཙམ། ་བྱ་མེ་དག་ལ།།དངོས་གྲུབ་འདོད་པ་དག་གིས་ནི།།རྟག་པར་རྒྱུན་ཏུ་སྦྱོར་བར་བྱ།།ལྷོ་ཡི་སྐུ་ཡི་གནས་དེ་ལ།།དང་པོ་ཁོ་ནར་མཆོད་ནས་ནི།།རྣལ་འབྱོར་གནས་བཅས་ཤེས་རབ་ཅན།།བདེ་ག ་མདུན་དུ་བསམས་ནས་ནི།།ཕྱི་ནས་ཡན་ལག་རྣམ་གྲོལ་པའི།།མི་འབྱེད་འབྱེད་པའི་རྣམ་པར་སྤངས།།ཕྲ་མོ་མི་གཡོ་གསལ་བ་སྟེ།།བློ་ཡི་སྤྱོད་པ་མདུན་ན་གཌྒ།བདག་ཉིད་འདྲི་འདིར་གཞག་ནཱ་ནི།། ་སྔགས་ཀྱི་རྣམ་པར་ཤེས་པས་སྒོམ།།བསྡམས་ནས་ཏིང་འཛིན་ལ་གནས།།སྲོག་དང་རྩོལ་བ་རབ་ཏུ་བསྡམས།།སྒྲ་དང་སེམས་དང་གིཞ་ལ་གཞོའོ།།གསང་སྔགས་མི་འགྱུར་གཞི་ལ་གནས།།ཡིན ་ལེག་མ་ཉམས་གསང་སྔགས་བཟླས།།ངལ་ན་བདག་ལ་ངལ་སོ་ཤིང་།།མི་འགྱུར་བ་ནི་ཡི་གེར་ལྡན།།བཞི་ལས་གཞིར་འགྱུར་དེ་བཞིན་ཏེ།།རང་སྔགས་ཕྱིར་ནི་གང་བརྟགས་པ།།ཡིད་ཀྱི་དམ ་པ་བསམ་པར་བྱ།།སླར་སྡུད་པ་ཡིས་བཀུག་ནས་ནི།།སྲོག་དང་རྩོལ་བ་བསྡམས་པའི་ཡིད།།གསང་སྔགས་རིག་པས་སྔགས་ལ་སྦྱར།།ཡོད་ཀྱི་བཟླས་བརྗོད་བརྩམ་པར་བྱ།།འདི་ཉིད་ཀྱི་ནི་ཆོ་ག་ཡིས།། ་ཡང་ན་ཤུ་བུར་བྱ་ཡང་རུང་།།སྔགས་རིག་དངོས་གྲུབ་འདོད་པ་ཡིས།།བཟླས་བརྗོད་གཞན་དུ་མི་བྱའོ།།རིག་སྔགས་དེ་ཉིད་མ་ལུས་དང་།།བདག་གི་དེ་ཉིད་ཆོ་ག་དང་།།བཟླས་བརྗོད་དེ་ཉིད་མཆོག ་ཉིད་མཆོག་ཤོས་དང་།།མིས་ནི་དངོས་གྲུབ་ཐོབ་པར་འགྱུར།།དབེན་པའི་བསྐྱེད་མོས་ཚལ་དང་ངོགས།།ཕུག་དང་རི་བོར་ནབས་ཚལ་དུ།།བརྟུལ་ཞུགས་གནས་སམ་སྡོམ་པ་ཡིས།།སྔགས་པ་བསམ་པ། ་བྱེད་ཅིང་གནས།།གསང་སྔགས་མི་གནས་དངོས་གྲུབ་སྟེ།།སྒྲ་གནས་རྣལ་འབྱོར་སྟེར་བར་དྲན།།སྒྲ་མཐར་ཐར་པ་སྟེར་བ་ཉིད།།འདི་དག་དེ་ཉིད་གསུམ་པོ་ཡིན།།མི་འབྱེད་ལས་བྱུང་དངོས་པོ་རྣམས།།བློ་ཅན ་གྱིས་ནི་བདག་ལ་བསྡམས།།སྔགས་པ་ཡན་ལག་འདས་ལ་གནས།།ཞེན་པ་མེད་པར་བསམ་པར་བྱའོ།།སྒྲ་ཞེས་བྱ་བ་ཕྲེང་བར་སྦྱར།།ཡི་གེ་བརྒྱུས་ལ་མི་འགྱུར་རྣམས།།དྲིལ་བུའི་སྒྲ་བཞིན་མ་ཆད་པར།། ་།ཡིད་ལ་ཞེན་པར་སེམས་དཔའ་ན།།མེ་ཡིས་ནད་གནས་ཞི་བ་སྟེ།།ཚིག་རྣམས་དག་པ་ཡན་ལག་ལྡན།།སྲོག་དང་རྩོལ་བའང་བཀག་པའི་བདག།གཉིད་སྤངས་ནས་ནི་རྣམ་པར་བསམ།།སྙིང་ཀར་གནྡ ་པའི་ཕྲ་བ་ནི།།དྲི་མེད་ཟླ་བའི་དཀྱིལ་འཁོར་ཏེ།།དེ་ནས་རབ་ཏུ་ཞི་བ་ཡི།།མེ་ལྕེ་རབ་ཏུ་འོད་བཟང་བ།།མི་འགྱུར་བཞི་ནི་དེར་བཞག་ནས།།བདེ་བར་འདུག་ནས་སྒྲ་བསམ་འམ།།མི་འགྱུར་བ་ལ་ཡི་གེ་བཞིན ་སྒྲ་ཉིད་འགའ་ཞིག་བསམ་པར་བྱ།།སྒྲ་ལ་དམིགས་པའི་བསམ་གཏན་ནི།།འགའ་ཞིག་བྱས་པ་ཉིད་ཀྱིས་ཀྱང་།།དངོས་པོ་ཀུན་རྣམས་དམ་པའི་དཔལ།།སྒྲུབ་པའི་སྐྱེས་བུས་ཐོབ་པར་འགྱུར།།ལྟོས ་བཅས་ཡན་ལག་གྱུར་པར་སྣང་།།སྒྲ་ཞེས་བྱ་དང་ཡིད་ཀྱི་དང་།།ཚིག་རྣམས་དག་པོ་རིག་སྔགས་དང་།།ཡན་ལག་སྤང་བ་རྒྱལ་བས་མཁྱེན།།སླར་སྡུད་དཀའ་ཐོབ་བསམ་གཏན་དང་།།སྲོག ་རྩོལ་ཆོ་གའི་བྱ་བ་དང་།།རྣམ་པར་ཤེས་པ་སྣ་ཚོགས་པའི།།སྔགས་པ་རེ་ཤིག་ལྟོས་བཅས་པའོ།།དཀའ་ཐུབ་ཆེན་པོ་དང་ལྡན་པར།།ཆོས་བསྐྱེད་བརྟུལ་ཞུགས་མཆོག་ལྡན་པ།། ་བཅས་པ་ནི་ཡུལ་ལས་གྲོལ།།ཡན་ལག་སྣང་བ་ནན་ཏན་བྱ།།དེ་ཡང་བརྟུལ་ཞུགས་བྱས་ནས་ནི།།དོགས་པའི་འཇིག་རྟེན་སྨད་པ་ཡི།།བསམ་གཏན་གཅིག་པུ་རབ་བསྡམས་ནས།།བློ་གྲོས་ཞིབ ་བརྟན་པ་སྤྱད།།ཁུ་བ་བཤང་གཅི་དག་དང་ནི།།འཕགས་པ་དག་ནི་རྒྱུ་བའང་།།དོགས་པ་ཡི་ནི་གཟུགས་ཀྱིས་ཀྱང་།།དབེན་པར་གཙང་སྦྲ་བརྩམ་པར་བྱ།།སྲང་དང་ཁྲོན་པ་ལུ་མ་དང་།།གྲོང་དང་གནག། ་ལྷས་དག་ལ་ཡང་།།ངག་ལུས་ཡིད་ཀྱིས་སྤང་བ་ནི།།སེམས་ཅན་ག་ནོད་པ་ཀུན་མི་སྤྱད།།བསམ་གཏན་དང་ནི་བཟླས་བརྗོད་དང་།།གསང་སྔགས་གྲུབ་པར་བྱ་བ་དང་།།སྐྱོན་སྲེག་དབང་བསྐུར ་དང་།།ཡུལ་གྱི་བྱ་བ་རྣམས་ལ་ཡང་།།བརྟུལ་ཞུགས་གསུངས་པ་གང་ཡིན་པ།།དེ་ཡི་གནས་དང་ཚང་རྣམས་དང་།།སྔོན་ནི་བདག་ཉིད་འབའ་ཤིག་ལ།།མཐུ་ཚོན་རྡོ་རྗེ་འཛིན་གྱིས་ལྷས།།རབ་ཏུ ་གསང་བ་གསུངས་པ་ཡིན།།ཉེར་འགྱུར་མངོན་དུ་ཕྱོགས་པ་དང་།།གསང་སྔགས་སྟེར་བར་འགྱུར་བ་དང་།།གཞན་དུ་ཕྱོགས་པ་གང་ཡིན་པ།།དེ་ཀུན་ཚངས་པ་ཁྱེད་ལ་བཤད།།གསང་སྤུཊ་ལ་ས ་དང་ལྡན་པ།།རིག་སྤ་ཁྲོ་བོ་མང་པོ་ཀུན།།རྒྱལ་པོའི་སྐུ་ལ་མངོན་ཕྱོགས་པར།།བསམ་གཏན་ངོམས་ཕྱིར་རྟག་ཏུ་གནས།།དུས་གསུམ་དུ་ནི་ཕྲ་མ་འདི།།གསང་སྔགས་སྒྲུབ་ལ་བརྟུན་པ་ཡིས།།ཚད ་པ་རྟག་ཏུ་རིག་བྱ་།།ཡན་ལག་བཅུ་ཡི་ཆོ་ག་ལས།།མ་དད་པ་དང་སྙོམས་པ་དང་།།བསྒྲེས་སྐོམ་ཟིལ་གནོན་དེ་བཞིན་ཏེ།།རྒོད་དང་ཡིད་ཀྱི་གདུངས་པ་དང་།།ལསཱ་ལ་ཐེ་ཚོམ་ཟ་བ་དང་།།བཟླས་བ ་བསམ་གཏན་མཽ་ཞེན་དང་།།བསྡོམ་པ་དག་ནི་གཤིག་པ་དང་།།ཅལ་ཅོལ་གཏམ་ལ་རབ་ཏུ་དང་།།མི་བྱ་བ་ལ་འཇུག་པ་དང་།།ལག་འདྲེན་གྱིས་ནི་བརླབས་པ་དང་།།རྨི་ལམ་ངན་པ་རྣམས་ཀྱིང་མཐོང་།། ་སེམས་ཅན་དག་ལ་གནོད་བྱེད་དེང་།།ལྷ་རྣམས་ལ་ནི་སྨོད་པ་དང་།།སྒྲུབ་པ་པོ་ཡི་ཆོ་ག་ལ།།གང་ཚེ་འདི་དག་བྱེད་པ་ན།།རྟག་ཏུ་འཚེ་བ་འབྱུང་བར་འགྱུར།།གསང་སྔགས་དེ་ལས་གཞན་དུ་ཕྱོགས།། ་གང་བཞིག་ཞི་བར་འདུག་པ་དང་།།སྒྲ་ཡི་ངོ་བོར་གྱུར་པ་ན།།དེ་ཚེ་སྔགས་པ་གསེང་སྔགས་ལྔ།།ཉེ་བར་གྱུར་ཏེ་མངོན་དུ་ཕྱོགས།།ལྷ་དང་ལྷ་མྱིན་སེམས་ཅན་ནི།།དབང་ཕྱུག་ཡིས་འཇུག་པ་རྣམས།། ་མཐོང་ན་ཞི་བ་སྐྱེ་འགྱུར་བ།།དེ་ནི་མངོན་དུ་གྱུར་པ་སྟེ།།རྒྱལ་པོ་དང་ནི་ཕྱུག་པོ་དང་།།སྐྱེ་བོ་བུད་མེད་དགེ་བ་རྣམས།།དབང་དུ་གྱུར་ཅིང་མངོན་དུ་ཕྱོགས།།པུས་མོ་འཛུགས་ཤིང་སྤྱི་བོས་འདུད།།དེ་ལ་ཤེས།། ་པའང་སྐྱེ་བར་འགྱུར།།མ་ཐོས་པ་ཡང་ཤེས་པར་འགྱུར།།སྐད་ཅིག་དག་ལ་ལུས་ལོས་ནི།།བར་བར་མེ་བཞིན་འབར་བར་འགྱུར།།གླུ་དང་སིལ་སྙན་སྒྲ་རྣམས་དང་།།ལྷ་རྣམ་ཀྱི་ནི་སྨྲ་བ་ཡང་།།ལྷ ་མངོན་ཕྱོགས་པའི་སྔགས་པ་ཡིས།།དེ་དག་རྟག་ཏུ་ཐོབ་པར་འགྱུར།།གསང་སྔགས་ལྷ་ནི་མངོན་ཕྱོགས་པའི།།སྒྲུབ་པ་པོ་ནི་མཐུ་ཆེན་པོ།།བློ་ཅན་དཀའ་ཐུབ་འགྲུབ་པ་ཡིས།།ཀུན་ཏུ་ཞེན་པར་རྟག་ཏུ ་བྱ།།མངོན་དུ་ཕྱོགས་པའི་གནས་ཐོབ་ན།།ན་མཁའ་རྒྱུ་བ་མངོན་པའི་གནས།།དབང་ཕྱུག་མང་པོ་རྟག་གྱུར་ཀྱང་།།གང་ཞིབ་མ་མོས་དེ་སྔགས་རིག།གསང་སྔགས་འབྲས་དུ་མ་ལུས་པ། ་ཡེས་དབང་ཕྱུག་བརྒྱན་པ་ཡང་།།དེ་མྱོས་གནས་ནི་མཆོག་ཏུ་འགྲོ།རིང་གི་མཐུ་ཡིས་ཤེས་པས་གོསལ།།རྡོ་རྗེ་ཅན་གྱི་གླས་བའི་མཆོག།ཚངས་པ་སྐྱོན་མེད་གང་ཡིན་པ།།གང་ཞིག་ཐོབ་ནས ་བདེར་འགྱུར་བ།།ཡོངསུ་རྫོགས་པ་རྒྱལ་བ་བཞིན།།སྤྲོ་ཞིང་སྟོབས་དང་ལྡན་པ་ནི།།བཟླས་བརྗོད་བསམ་གཏན་དཀའ་ཐུབ་མིས།།གསང་སྔགས་རང་བཞིན་མ་ཡིས་ནི།།སྡིག་པ་ཐཾད་བསྲེག་པར་བྱ།། ་གནས་དང་ཟས་དང་གྲང་བ་དང་།།ཆར་དང་ཀླུང་དང་ཚ་བ་ལ།།ཅི་མི་སྙམ་པར་ནམ་འགྱུར་ན།།དེ་ཚེ་ལས་ཀྱི་འབྲས་བུ་ངེས།།སྒྲ་འམ་ཡང་ན་གཟུགས་ལ་ཡང་།།གང་བརྩོན་པ་ནི་མི་རྨོངས་པ།།ཉེ་བར་གྱུར ་བཔར་དར་ཤེས་བྱ།།དཀའ་ཐུབ་ཅན་གྱི་གནོད་པ་སྤངས།།གང་ཞིག་མཐོང་བ་ཙམ་གྱིས་ནི།།སེམས་ཅན་ཐམས་ཅད་བྱམས་འགྱུར་བ།།དེ་ནི་དངོས་གྲུབ་ཉེ་བར་འགྱུར།།བགེགས་རྣམས་ཐ~ཾང་རྣམ་པར ་སྤངས།།བདེ་བ་དང་ནི་སྡུག་བསྔལ་མཐའ།།འདོད་དང་ཁྲོ་དང་འཇིགས་པ་དང་།།ནད་དང་ཁྲོ་དང་གདོན་རྣམས་ཁྱོད་།།དགུ་ནི་སྔགས་པ་རྣམས་ལ་ཡོད།།ནེམ་ཞིག་ཉེ་བར་གྱུར་པ་ན།།དུས་དང ་ལུས་དང་བྱ་ངང་ལས།།ཆེས་དང་ཆོས་མིན་འབྲས་བུ་ལ།།དེ་ཚེ་སྔགས་ལ་མི་ལྟོསོ།།རིག་སྔགས་ཉེ་གྱུར་འདོད་པ་དང་།།གྲུབ་པ་དང་ནི་དེ་བཞིན་མཆོག།ཉེས་པ་སྟོང་དག་བྱས་པ་ཡང་།།བཟོད་པར ་འགྱུར་བ་དོགས་པ་མེད།།རིགས་བྱུང་རྫས་བྱུང་དངོས་བྱབ་དང་།།སྨན་གྱི་ཡང་ནི་ལུས་ཅན་ལ།།ཉེ་བར་གྱུར་དང་སྔགས་གྲུབ་པ།།དབང་དུ་གྱུར་པར་རྟག་པར་རོ།།བསམ་གཏན་གྱི་ཕྱི་མ་རིམ་པར་བྷ་བ་རྫོག ་སྤྱི་ཤློག་ལྔ་བཅུ་རྩ་གསུམ་མོ་སྐད།6།།རྒྱུ་གར་སྐད་དུ།སུ་སིདྡྷི་ཀ་ར་མ་ཧཱ་ཏནྟྲ་ས་དྷཱ་ནོ་བ་མ་ཡི་ཀཾ་བ་ཊ་ལེ།།བོད་སྐད་དུ།ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་སྒྲུབ་པའི་ཐབས ་