CLOSE WINDOW

N649: rdo rje sa 'og gi rgyud kyi rgyal po zhes bya ba
Wyliee-texts produced with BDRC’s OCR application

མཁན་པ་ཛི་ན་མིཏྟ་དང་།རྒྱུརྐྱེན་གྱི་ལོ་ཙྪ་བ་བྷེནྟེ་ཡེ་ཤེས་རྗེས་བསྒྱུར་ཅིང་གུས་ཏྭཱཾ་གཏན་ལ་ཕབ་པ།།ཏྱཱ་གྲཝར་སྐད་དུ།ཨཱརྱཱ་བཱཛྙཱ་པཱ་ཏཱ་ལ་ནཱ་མཏྤནྡྷ་རཱ་།བོད་ནང ་དུ།འཕགས་པ་རྗེས་ཏོག་གི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།ཟླུ་མ་ང་འཇམ་པའི་དབྱངས་ལ་ཕྱག་འཚལ།།འདི་སྐད་བདག་གིསུཾ་བྷཱས་པྟ་དུས་གཅི་ག་ནྟ།བཅོམ་ལྡན ་འདས་མཉན་ཡོད་ཀྱི་གཙུག་ལའོ་ཁང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ།དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་བྱེད ་དང་བཅུ་གསུམ་དང་།ཚོགས་དང་།བྱང་ཆུབ་སྙོམས་དཔའི་དགེ་འདུན་དང་ཐོབས་གཅིག་ཏུ་བཞུགས་པ་ལྱཱ་མྦྷ་སྟེ།བྱང་ཆུབ་སེམས་དང་དྲི་མ་མད ་བྱེ་བྱས་དང་།བྱང་ཆུབ་སེམས་དཔའ་བས་མ་བྱས་མི་ཁྱབ་པའི་བྱ་གྲོས་དང་།བྱ་གས་ཐམས་ཅིད་པོ་དང་།བླ་གྲོས་འཕེལ་བ་དང་།འཇིག་རྟེན་གསུམ་རྣམ་པ ་གནོན་པའི་བློ་གྲོས་དང་།ནམཁའི་མཛོད་དང་།ཀུན་ཏུ་བཟང་པོ་དང་།འཇམ་དཔལ་གཞོན་ནུ་འགྱུར་པ་དང་།བྱང་ཆུབ་སེམས་དཔའ་སློང་མོད་ཀྱི་བུ་དང་།མི་རྔུབ་སྒྲོལ་དང་།བྱུང་། ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་།དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་དྲུག་དང་།ཉན་ཐོས་ཀྱིང་དགི་འདུན ་ལ་འདི་ལྟ་སྟེ།རབ་འབྱོར་དང་།ཀ་ཏྱའི་བུ་དང་།འོད་སྲུང་དང་།ལྟེང་རྒྱས་འོད་སྲུང་དང་།མོའུ་དགལ་གྱི་བུ་དང་།མོའུ་དགལ་གྱི་བུ་ཆེན་པོ་དང་།གླང་པོའི་མཆོད་རྟེན་དང་།ཤ ་རདྭ་ཏིའི་བུ་དང་།དེ་དག་ལ་སོགས་པ་ཉན་ཐོས་སྟོང་ཕྲག་ཉི་ཤུ་རྞ་བརྒྱུད་ཀྱི་སྡེ་བཅོམ་ལྡན་འདས་ལ་ཡོངསུ་བསྐོར་ཅིང་མདུན་དུ་བདར་ཏེ་བཞུགས།།གཞན་ཡང་ལྷ་དང་། ་ཀླུ་དང་།གནོད་སྦྱིན་དང་།དྲི་ཟ་དང་།ལྷ་མ་ཡིན་དང་།ན་མཁའ་ལྡིང་དང་།མཱི་འམ་ཅི་དང་།ཅིའི་སྐྱེས་བུ་དང་།ལྟོ་འཕྱེ་ཆེན་པོ་རྣམས་ཀྱང་འཁོར་འདུས་པ་དེའི་ནང་དུ་ཆོས ་ཉན་པའི་ཕྱིར་ལྷག་སོ།།དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་དེར་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་ལ་བཀའ་སྩལ་པ།དྲི་མ་མེད་པའི ་བློ་གྲོས་ཁྱོད་ཀྱིས་ཤར་གྱི་ཕྱོགས་ཀྱི་སྣང་བ་ཆེན་པོ་འདི་མཐོང་ངམ།དེ་ནས་བྱང་ཆུབ་སེམས་དཔེའ་དྲི་མ་མེད་པའི་བློ་གྲོས་སྟན་ལས་ལངས་ཏེ་བློ་གོས་ཕྲག་པ་གཅིག ་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་སཱ་ལ་བཙུགས་ཏེ།བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བྱོས་མངོན་པར་བཏུད་ནས་བཅོམ་ལྡན་འདས་ལ ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་མཐོང་ལག་སོ།།ཤྭར་ཕྱོགས་ཀྱི་ངོས་ཀྱི་སྣང་བ་ཤིན་ཏུ་ཆེན་པོ་ཡོངསུ་འཕྲོ་བ་འདྲི་འཚལ་ལགས་ན།བཅོམ་ལྡན་འདས ་འདི་ལྟ་བུའི་སྣང་བ་འདི་ཅི་ལགས།དེ་ནས་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་ཀྱིས་སླར་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས ་འོད་ཆེན་པོ་འདི་སུས་བགྱིས་པ་བཀའ་སྩལ་དུ་གསོལ།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ཅུང་ཟད་བཞད་པ་དང་བཅས་པས་བྱང་ཆུབ་སེམས་དཔའ ་དྲི་མ་མེད་པའི་བློ་གྲོས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།དྲི་མ་མེད་པའི་བློ་གྲོས་འདིར་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དགའ་བ་དང་ཚིམ་པས་རང་གི་རེག་པའི་ཚོགས ་ཀྱིས་ཡོངསུ་བསྐོར་ཞིང་།གཞན་ཡང་ལྷ་མ་ཡིན་དང་།སྲིན་པོ་དང་།ཤ་ཟ་དང་།འབྱུང་པོ་སྟོང་ཕྲག་རྣམས་ཀྱིས་ཡོངསུ་བསྐོར་ཅིང་མདུན་དུ་བདར་ཏེ་འཁོར་གྱི ་དཀྱིལ་འཁོར་འདིར་འོང་བར་འདོད་པའི་སྣང་བ་ཡིན་ནོ།།དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ནི་རྡོ་རྗེ་དེ་ཉིད་དུ་འཁོར་འདུས་པའི་དཀྱིལ ་འཁོར་དེར་ཕྱིན་པར་གྱུར་ཏོ།།ཕྱིན་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ནས་ཕྱོགསྲ་གཅིག་ཏུ་འཁོད་དོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱོགས་གཅིག་ཏུ་འཁོད་པར་མཁྱེན་ནས་མཁྱེན་བཞིན་དུ་དགྱེས་ཤིང་རངས་པས་ཡོངསུ་དྲིས་པ།ལག་ན་རྡོ་རྗེ་གལོ་ཏི་ངའི་ཐད་དུ་ཅུང་ཟད་གླེང་། ་བཱར་འདོད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བརྩོན་པས་གདོན་མི་ཟ་བར་རྟོགས་པར་གྱིས་ཤིག།བཅོམ་ལྡན་འདས ་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་སླར་ཡང་བཅོམ་ལྡན་འདས་ལ་བལྟས་ནས།དེ་ནས་ཡང་འཁོར་གྱི་དཀྱིལ་འཁོར་ཐམས་ཅད ་ལ་རྣམ་པར་བལྟས་ནས་དཱི་ཕབ་སྟེ།ཅང་མི་སྨྲ་བར་འཁོད་པར་གྱུར་ཏོ།།དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ཅང་མི་སྨྲ་བར་འཁོད་པར་གཟིགས་ནས་འདི་སྐད་ཅེས ་བཀའ་སྩལ་ཏོ།།རིག་པའི་རྒྱལ་པོ་དཔག་ཏུ་མེད་པའི་སྟོབས་ཀྱིས་ཕ་རོལ་ཏུ་གནོན་པའི་རྡོ་རྗེ་འཛིན་པ་ཆེན་པོ་འཁོར་ཐམས་ཅད་སྤྲོ་བའི་སེམས་གྱུར་པས་ཅང་མི་སྨྲ་བར ་འཁོད་ཀྱིས་སྨྲོས་ཤིག་སྨྲོས་ཤིག་།དེནད་ཅེས་བཀའ་སྩལ་པ་དང་།ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསལ་ཏོ།།བཅོམ་ལྡན་འདས་ཀྱིས་རྗེ་སུ་གནང་ནི་ས ་བདག་གྷུ་མྦ་ཡིན་གྱི་དབང་པོ་གཞན་ལེན་ཞེས་བྱ་བ་སྣ་ཉེ་བར་བོས་ཏེ།ལཱ་མ་ཡིན་བྷཱི་འཁོར་རྣོན་པོས་ཡོངསུ་བཀོར་ནས་རང་གི་ཀུན་སུམཚོས།།བཅོམ ་ལྡན་འདས་གནས་དེར་བདག་གིས་སྔོན་མ་འཚལ་བའི་ཁང་པ་དང་།སྒོ་དང་རྟ་བབསྡུ་དང་།པང་ཐོག་དང་།ཕྱིར་དང་།མཚོ་དང་།མཚེའུ་དང་།རྗེ་དང་།ཁྲོན་པ་དང་། ་སྒྲ་དང་།སྒྲ་གསེང་རྣམས་མཐོང་ལགསོ།།བཅོམ་ལྡན་འདས་བདག་གིས་ཏིང་འཛིན་གྱི་ཁྱད་པར་གང་གིས་ཀྱང་སྔོན་མ་འཚལ་ཏེ།བདག་གིས་དེའི་རྣམ་པར་རྣལ་འབྱོར ་པས་བསམ་གཏན་མཆོག་ལ་མཉམ་པར་བཞག་ལག་སོ།།དེར་ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་གྱིས་བདག་ལ་བཅོམ་ལྡན་འདས་གཞལ་དུ་མེད་ཅིང་བསམ་གྱིས ་མེ་ཁྱབ་པའི་རྫུ་འཕྲུལ་དང་སྟོབས་དང་རྣམ་པར་རོལ་པས་ན་མཁའ་ཁྱབ་པའི་སྐུ་མངའ་བ།འཇིག་རྟེན་གསུམ་ལྔས་རྣམ་པར་རྒྱལ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ ་ཅིའི་ཕྱིར་བསམ་གཏན་ལ་མཉམ་པར་འཇོག་པར་གྱུར།བཅོམ་ལྡན་འདས་བདག་གི་གནས་ཁང་ན་ཉམས་མི་དགའ་བ་ཅུང་ཟད་ཀྱང་མ་མཚོས་ན།གང་གི་དོན་དུ ་བསམ་གཏན་ལ་མཉམ་པར་འཇོག་པ་ལགས་པར་བཀའ་སྩལ་དུ་གསོལ་ཞེས་མཆིའོ།།དེ་ནས་ལྷ་མ་ཡིན་གྱི་དབང་པོ་དེས་སྒྱུ་མ་ཐམས་ཅད་དང་།འཁྲུལ་འཁོར་དང་། ་ཟློགས་པ་སོགས་པ་གླེང་ལགས།།བཅོམ་ལྡན་འདས་བདག་གིས་དེ་ཟིལ་གྱིས་མནན་པའི་ཕྱིར་སྣང་བ་ཆེན་པོ་བཛིན་པར་ང་རྫོན་པོ་ཆེན་པར་རྗེས་འོགནས་བརྒྱད ་འཁྲུལ་འཁོར་ཐམས་ཅད་ཀྱི་བླ་མའི་བླ་མར་གྱུར་པ།འཁྲུལ་འཁོར་བརྒྱ་རྩ་བརྒྱུད་པོ་ཐམས་ཅད་འཇོམས་པར་བྱེད་པ།ཉེ་བར་ཞི་བར་བྱེད་པ།ལྟུང་བར་བྱེད་པ།ངེས ་པར་འཇོམས་པར་བྱ་ཤྭད་ལག་སོ།།བཅོམ་ལྡན་འདས་ཀྱིས་འདི་རྗེ་སུ་མཁྱེན་ནོ།།བདག་གིས་དགའ་བའི་བཞིན་གྱིས་བཤད་པ་དང་།སྐྱེ་བོ་མང་པོ་ལ་བོན་པ་དང་།བདེ ་བར་འགྱུར་བར་བཅྡོཾས་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐམ་ལ་སེམས་ཅན་སྐྱབས་མེད་པ་རྣམས་ཞི་བ་དང་།སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོང་སུ་རྫོགས་པར་བྱ་བའི་ཕྱིར ་འཁྲུལ་འཁོར་བརྒྱ་རྩེ་བ་རྒྱུད་པོ་ཐམས་ཅད་འཇོམས་པའི་རྡོ་རྗེ་ས་འོག་ཅེས་བྱ་བོ་འཁྲུལ་འཁོར་ཐམས་ཅད་ཀྱི་བླ་མའི་བླ་མ་བདག་གིས་བཤད་པར་བགྱིའོ།།དོན་ས་བཅོམ ་ལྡན་འདས་ཀྱིས་ལོག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ལག་ན་རྡོ་རྗེ་སྨྲས་པ་འདི་སྲོག་ཆགས་རྣམས་ཀྱིས་སྒྲུབ་པར་དཀའོ།།ལག་ན་རྡོ་རྗེས་གསོལ་པ།བཅོམ ་ལྡན་འདས་བརྗོད་པ་འདི་སྒྲུབ་པར་དཀའ་བ་མ་ལགས་ཀྱིས་བཅོམ་ལྡན་འདས་ཀྱིས་རྗེ་སུ་གནང་བ་མཛད་དུ་གསོལ།བདེ་བར་གཤེགས་པས་རྗེསུ་གནང་བ་མཛད་དུ ་གསོལ།བཅོམ་ལྡན་འདས་བདག་གིས་སྒྲུབ་པར་དཀའ་བ་བརྗོད་པར་མི་བགྱིའོ།།ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་གྱི་འཁྲུལ་འཁོར་བདེ་བླག་ཏུ་སྒྲུབ ་པར་བྱེད་པ་དེ་དག་གིས་རྗེ་སུ་དྲན་ཏེ་བཤད་པར་བགྱི་ལགས་ན།བཅོམ་ལྡན་འདས་ཀྱིས་དྲི་བདག་ལ་རྗེ་སུ་གནང་བ་མཛད་དུ་གསོལ།དེ་སྐད་ཅེས་གསོལ་པ་དང་།བཅོམ ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེསྲ་བཀའ་སྩལ་ཏོ།།ངས་རྗེ་སུ་གནང་གིས་ཁྱོད་ཀྱིས་རྗེ་སུ་ཤོད་ཅིག།ལག་ན་རྡོ་རྗེ་སྐྱེ་བོ་མང་པོ་ལ་ཕན་པ་དང་།སྐྱེ་བོ་མང་པོ་ལ ་བདེ་བ་དང་།ཐབས་ལ་མཁས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་འཁྲུལ་འཁོར་གྱི་བླ་མ་རྟོག་པ་དང་བཅས་པའི་གསང་བ་ཆེན་པོ་སྟོན་ཅིག། ་དེ་ནས་ལག་ན་རྡོ་རྗེ་བཅོམ་ལྡན་འདས་ཀྱིས་རྗེ་སུ་གནང་ནས་ཅ་ཅོའི་སྒྲ་ཡང་དང་ཡང་དུ་ཕྱུང་ནས།རྡོ་རྗེ་གྱེན་དུ་གསོར་ཞིང་རྡོ་རྗེ་འབར་བའི་ཕྲེང་བ་ཅན་ཞེས་བྱ་བའི་ཏིང་འཛིན ་ལ་སྙོམས་པར་ཞུགས་ཏེ།ཎྜོ་རྡྷེ་ས་འོག་གི་བྲེསང་སྔགས་སྨྲས་པ།ན་མོ་རཏྣ་ཏྱཱ་ཡཱུ་ཡཱ།ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ།མ་དཱུ་ཡཀྵ་སེ་ནཱ་པ་ཏ་ཡོ།ོཾ་ཧྲཱིཿཔོ་ཏཱི་བཛྲི་པཱ་ཏཱ་ལུདྡྷཱ་ནཱ་མ། ་བྷཱུ་བྷིནྡྷེ་པཱ་ཏ་ཡ་མཱ་ཙི་རིམ་བཛྲ་ཀཱི་དྷཱ་ཧཱུ~ཾ་ཕཊ།དེ་ནས་རྗེ་རྗེ་ཁྲོའི་ཆེན་པོས་ཀུན་འོད་ཟེར་གྱིས་སྣང་བར་བྱིས་ཏེ།ས་ཆེན་པོ་འདི་རྣམ་པ་དྲུག་དྲུ་གཡོས་སོ།། མེ་ཡིན་རྡོ ་ལྷ་མ་ཡིན་གྱི་བུ་མོ་རྣམས་རྡོ་རྗེ་ཁྲོ་བོས་གཟར་བྱས་སྐྱབས་མེད་པར་གྱུར་ཏེ།བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་།།དོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས ་འདི་སྐད་ཅེས་སྨྲ་ཞིང་འདུད་པར་བྱེད་དེ།།བཅོམ་ལྡན་འདས་བདག་སྲུང་དུ་གསལ།བདེ་བར་གཤེགས་པ་ཡོངསུ་བསྐྱེད་དུ་གསལ།རྡོ་རྗེ་ཁྲོ་བོས་བདག་ཅག་ཡོངསུ་གཟིར་ཏོ།། ་བཅོམ་ལྡན་འདས་རྡོ་རྗེ་ཁྲོ་བོ་འོདི་བཤད་པས་བདེག་ཅག་གི་ཁང་པོ་རྣམས་ཀྱི་འཁྲུལ་འཁོར་རྣམས་མེད་པར་གྱུར།སྒོ་གཏན་རྣམས་མེད་པར་གྱུར།སྒོ་རྣམས་གྲོལ་བར ་གྱུར་ཏོ།།བཅོམ་ལྡན་འདས་མེ་བྱུང་བའི་སེམས་ཅན་རྣམས་ཀྱང་བྱུང་བར་གྱུར་ཏེ།།བཅོམ་ལྡན་འདས་འདིར་ཇི་ལྟར་གནས་པར་བགྱི་བཀའ་སྩལ་དུ་གསོལ།བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ།གྲོགས་པ་དག་མུ་འཇིགས་ཤིག་མ་འཇིགས་ཤིག།ལག་ན་རྡོ་རྗེའི་དམ་ཚིག་ལ་མནོས་ཅིག།དེ་ལྟན་བདེ་བ་ལ་གནས་པ་འགྱུར།།དེ་ནས ་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་གཟིགས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ།།ལག་ན་རྡོ་རྗེ་ལྷ་མ་ཡིན་གྱི་དབང་པོ་ལ་སྔགས་པ་ལ་རྨད་དུ་བྱུང་བའི་དམ་ཚིག་སྟོན་པར ་ལ་བདེ་བར་གྱིས་ཤིག།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།ཕྱག་ན་རྡོ་རྗེས་ལྷ་མ་ཡིན་དང་ལྷ་མ་ཡིན་གྱི་ཆུང་མ་དག་ལ་བཀའ་སྩལ་པ།འདིར ་ཐོག་མར་རྡོ་རྗེས་འོག་གི་ཁྲ་བ་ཆེན་པོའི་ས་འོག་གི་དཀྱིལ་འཁོར་གྱི་དམ་ཚིག་ལ་གང་འཇུག་པ་དེ་དགུ་འདིར་འཁྲུལ་འཁོར་ཆེན་པ་བླ་མའི་རྩི་སྨན་དང་།ཕྱེ་མ ་དང་།རྩ་བ་དང་།སྦྱར་སྨན་དང་།གྲུབ་པའི་རྫས་དང་།དངུལ་ཆུ་དང་།བཅུད་ལེན་དང་།གཞོན་ནུ་མ་དང་།ལྷ་མ་ཡིན་གྱི་བུ་ག་དང་།སྒོར་འཇུག་པ་དང་།འཁྲུལ་འཁོར་ཐམས ་ཅད་འཇོམས་པ་དང་།སྙོམས་པར་བྱེད་པ་དེ་དག་ནི་འཇུག་ངོགས་བདེ་བར་འགྱུ་རོ།།གཞན་དུ་ནི་དེ་དག་འགྲུབ་པར་མི་འགྱུར་བ་དེའི་ཕྱིར་ས་འོག་གི་དཀྱིལ་འཁོར་དུ་འཇུག་པར ་བྱའོ།།ལྷ་མ་ཡིན་རྣམས་ལ་བཀའ་སྩོལ་པ།བུ་གར་འཇུག་ནུས་པ་དང་།བྱ་བའི་རྒྱུད་ཀྱི་ཁམས་དང་།གསེར་འགྱུར་དང་།དུག་སྨན་དང་།ས་འོག་དང་།ཞིང་གི་དངོས་གྲུབ་དག ་རོང་ཉིད་ཀྱི་ཁང་པར་འཇུག་པ་ལྟར་རྡོ་རྗེའི་བྱེ་བྲག་གིས་འགྲུབ་པར་འགྱུརརོ།།ཞེས་ང་སྨྲའོ།།གཞན་དུ་ན་དཀྱིལ་འཁོར་མ་མཐོང་ན་ཉམས་པར་འགྱུརརོ།།རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཆེན་པོ ་འདིར་རང་ཉིད་ཀྱི་རྟོག་པ་དང་།རྒྱུད་གཞན་དུ་གསུངས་པའི་སྒྲུབ་པའི་ཐུབས་རྣམ་པ་སྣ་ཚོགས་ཀྱི་བྱ་བ་མི་བྱེ་ལ།རྟོག་པ་གཞན་གྱི་ཆོ་ག་འདོད་པས་བསྒྲུབ་པར་མི་བྱའོ།།དེ་སྐད་ཅེས ་བཀའ་སྩལ་པ་དང་།ལྷ་མ་ཡིན་དང་ལྷ་མ་ཡིན་གྱི་དབང་པོ་དགའ་ཞིང་རངས་ཏེ་རབ་ཏུ་ཚིམ་པ་དང་མགུ་བོ་སྐྱེས་ནས་རང་ཉིད་ཀྱིས་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་མཐོང་ནས་ངེས་པར ་བྱུང་བྱུ་སྱ།།ཅོས་ལྡན་འདས་ཐམས་ད་ཀྱི་བྷྱ་གྱུར།།དེ་ནས་བན་པ་ལྡན་འདས་བྱུང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་རྒྱུན་པོ་ཕྱུགན་རྡོ་རྗེས་ལྕེའི་མིག་གིས ་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་ནས་དམ་ཆོག་གི་དཀྱིལ་འཁོར་བཀའ་སྐྱེལ་པ།གྲོང་དེ་མ་གྲོང་ཁྱེར་གྱི་སའི་ཕྱོགས་ལེགས་པར་བརྟགས་ནས་དབང་ལྡན ་ཕྱོགས་ནས་བརྣམས་ཏེ་རྡོ་དང་།གསེག་མ་དང་།རུས་པ་དོར་ནས་རྒྱུ་སྐར་དགེ་བ་ལ་རྗེསུ་འཐུན་པའི་མཚོན་རྩི་ལྔའི་ཕྱེ་མས་དཀྱིལ་འཁོར་གྲུ་བཞི་པ།ཁྲུ་བཞི་བསྒོ་འི ་པ་དྲུག་པ་ཅན་ཡང་དག་པར་བྲི་བར་བྱའོ།།སྒོ་དང་སྒྲའི་མཚམས་རྣམས་རྡོ་རྗེ་དྲིང་ཡུངས་ཀར་བཞག་པར་བྱའོ།།ཤར་ཕྱོགས་ཀྱི་ཆར་སངས་རྒྱས་བཅོམ་ལྡན་འདས་བྲི་བར་བྱའོ།། ་བྱུང་དུ་འཇིག་རྟེན་དབང་ཕྱུག།ལྷོར་རྡོརྗེ།ཆུང་།ནུབ་ཏུ་ཆུང་མ་དང་བཅས་པའི་ཁྱུ་མཆོག་གི་རྒྱུ་ལ་མཚན་ཅན་ནོ།།དབང་ལྡན་དུ་དྲི་མ་མེད་པའི་བློ་གྲོས་ལག་པར་རྡུ་ལ་བ་འདིན ་བྱའོ།།མེར་སྐྱོང་བའོ།།ལུས་ངན་དུ་རྗེ་སུ་སྤྱོད་པའོ།།རླུང་དུ་ལས་ཐམས་ཅད་པའོ།།དབུས་སུ་རྡོ་རྗེས་འོག་ལག་པར་རྡོ་རྗེ་དང་དགྲ་སྟེ་འཛིན་པ་བྲི་བར་བྱའོ།།སྙིང་པོ་དང་རྗེས་སུ ་སྤྱོད་པ་ལ་དབྱིག་གུ་དང་ཐོ་བ་བྲི་བར་བྱའོ།།ལས་ཐམས་ཅད་པལ་རྡོ་རྗེའོ།།ཤར་གྱི་སྒོར་སྨན་ཐམས་ཅད་དང་།རྒྱན་ཐམས་ཅད་དང་།དངུལ་ཆུ་དང་།བཅུད་ལེན་དང་། ་མཱ་ཡིན་གྱི་བུ་མོ་དང་།གྲུབ་པའི་རྫས་ལ་སོགས་པ་དང་།སྨིག་སྨན་དང་།ལྡོང་རློས་དང་།རལ་པྲི་དང་།རིན་པོ་ཆེ་སྔོན་དུ་འགྲོ་བ་བཞག་པར་བྱའོ།། ་སྒོར་ལྟ་མ་ཡིན་བརྒྱད་ནི་སྟོབས་ཅན་དང་།སྟོབས་ཅན་གྱི་བུ་དཔྱ་བདེ་མཆོག་དང་།ཐག་ཟངས་རིས་དང་།བདེ་ལྡན་དང་།དུས་ཀྱི་མུ་ཁྱུད་དང་།གཞན་ལྡན་དྲང་།དབྱིག ་ཟའོ།།ནུབ་ཀྱི་སྒོར་འཁྲུལ་འཁོར་བརྒྱ་རྩ་བརྒྱད་བཞག་པར་བྱའོ།།དེའང་བརྒྱད་རྣམ་པ་དང་བཅས་པ་བྲི་སྟྭཾ།སྲད་བུ་དང་།གྲི་གུག་དང་།བུད་མེད་དང་།སེང་གེ་དང་།ལུག ་དང་།མདའ་དང་བཅས་པའི་གཞུ་དང་།ཆུ་རྒྱུན་དང་།སྦྱིན་དང་།མདོ་ལ་དང་།བདག་ཉིད་ཀྱི་འཁྲུལ་འཁོར་རྣམསོ།།བྱང་གི་སྒུར་བུ་ག་བརྒྱད་པ་དང་བཅས་པ་བྲི་སྟེ།དེ་ལ ་ལུག་གི་རྣམ་པ་དང་།ཆུ་སྲིན་གྱི་རྣམ་པ་དང་།གླང་པོའི་གདོང་གི་རྣམ་པ་དང་།ལྟོ་འཕྱེའི་རྣམ་པ་དང་།བྱི་བའི་རྣམ་པ་དང་།མིའི་གདོང་གི་རྣམ་པ་དང་།དཀྱིལ་འཁོར་གྱི ་རྣམ་པ་དང་།མ་བྱས་པའི་གདོང་གི་རྣམ་པའོ།།སྟེགས་བུའི་མཚམཔ་རྣམསུ་སྒོ་བྲལ་བཞི་བྲི་བར་བྱའོ།།མེའི་ཕྱོགསུ་མའི་ཐབ་ཁུང་ངོ་།།བདེན་བྲལ་དུ་བདུག་སྤོས ་ཀྱི་ཐབ་ཁུང་ངོ་།།རླུང་གི་མཚམས་རྣམས་རྦའི་ཐབ་ཁུང་ངོ་།།དབང་ལྡན་དུ་རུས་སྦྲུལ་བཞག་པར་བྱའོ།།དེ་ནས་དྲི་ཐམས་ཅད་དང་།མེ་ཏོག་ཐམས་ཅད་དང་།བདུག ་པཐམས་ཅད་དང་།འབྱུང་པོ་ཐམས་ཅད་པའི་གཏོར་མཱ་དང་།མཆོད་པ་སྟོན་པར་བྱའོ།།དེ་ནས་སྐྱེས་བུ་དཔའ་བོ་དག་གི་དྲི་ཞིམ་བྱོས་ཡན་ལྷག་བྱུགས་ལ་ཤིན་དུ་ཕྲ་བའི་རས་ཀྱིས ་གདོང་ག་ཕྱོགས་ཏེ་བསྲུང་བ་བྱས་ལ་འཁྲུལ་འཁོར་གྱི་བླ་མའི་བྱ་བ་བྱས་ལ་འཇུག་པར་བྱའོ།།སྤྱན་དྲང་བ་དང་གཤེགསུ་གསོལ་བ་ལ་སོགས་པའི་སྒོནས་སོ།།འདིར་རྡུལ ་མཚན་གྱིས་བྲིས་པའི་དཀྱིལ་འཁོར་བསྣུན་པར་བྱའི།།དྲོ་ལྟ་བུའི་དཀྱིལ་འཁོར་མཐོང་བའི་སྐྱེས་བུང་པའི་བུ་དེ་ལ་བླ་མས་རྗེ་སུ་གནང་བ་བྱིན་ལ་དམ་ཚིག་ཤེས་པས་འཁྲུལ ་འཁོར་གྱི་བླ་མོའི་ཕྱག་རྒྱ་འམ།ལྷ་མ་ཡིན་གྱི་ཕྱག་རྒྱ་བཅིངས་པས་དབང་དུ་བྱེད་པར་འགྱུར་རོ།།ལྷ་མ་ཡིན་གྱི་ཆུང་མ་དང་ཁྱིམ་རྣམས་འཇུག་པར་འགྱུར་རོ།།གཞན ་ལེན་གྱི་བྱས་པའི་འཁྲུལ་འཁོར་ཐམས་ཅད་ལོས་ཁྱད་པར་དུ་འཕགས་པའི་རྫས་རྣམས་དབང་དུ་འགྱུར་རོ།།བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་རྡོ་རྗེ ་ས་འོག་གི་དམ་ཚིག་གི་དཀྱིལ་འཁོར་གྱི་ལེའུ་སྟེ་དང་པོའོ།།།དེ་ནས་གཞན་ཡང་ཕྱག་རྒྱ་དང་སྟེགསུ་གྱུར་པ་ནི་སེར་མོ་ཕན་ཚུན་ཁུ་ཚུར་དུ་བྱས་ལ་མཐེ་བོང་སྤྲུལ ་མགོའི་རྣམ་པ་ལྟར་བྱས་པ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱའོ།།སྔགས་ན་ཛི་ན་ཇིག།གཉེན་གྱི་ཕྱོགསུ་པད་མའི་རིགས་ཀྱི་སྙིང་པོའི་ཕྱག་རྒྱ ་དང་སྔགས་ནི་ཨཱ་རོ་ལི་ཀ།ལྷོ་ཕྱོགསུ་རཏྣ་དྷྲྀ་ཀཱ།བྱང་ཕྱོག་དུ་པདྨ་དྷྲྀཀ།རྡོ་རྗེའི་རིགས་ཀྱི་སྙིང་པོའི་ཕྱག་རྒྱ་དང་སྔགས་ནི་བཛྲ་དྷཱཀ།མཐེ་ཆུང་དང་།མིང་མེད་སྦྱར་ལ་རྩེ ་གཅིག་ཏུ་བྱས་པ་ལ་བསྔགས་མཛུབ་བཞག་པོ་ནི་རྡོ་རྗེ་ས་ག་གི་རྩ་བའི་ཕྱག་རྒྱའོ།།སྔགས་ནི་ན་མོ་རཏྣ་ཏྲ་ཡཱཾ་ཡ།ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ།མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ།ོཾ་ཧྲིཿཔོ་ཏྲི་བཛྲ ་པཱ་ཏཱ་ལ་དྷ་ནཱ་མ་ཐ་བྷཉྫ་པྲཱ་ཏཱ་ཡ།མཱ་ཙི་རེ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ།རྩ་བའི་སྔགས་དང་ཕྱག་རྒྱ་ལུས་ཐམས་ཅད་བྱིན་གྱིས་བརླབ་པོ།།ཕྱག་འཚལ་བའི་ཐལ་མོ་ལས་མིང་མེད་ཀྱི་རྩེ་མོ་སྦྱར་ལ་མཐེ་ཆུང་སྦས ་ཏེ་གུང་མོ་དང་མཐེ་བོའི་རྩེ་སྦྱར་ལ་གཡོན་པའི་མཛུབ་མོས་ཕྱི་ནས་བཀུག་སྟེ།གཡས་པའི་མཛུབ་མོ་རྡོ་རྗེའི་རྣམ་པ་ལྟར་བསྐུམ་པ་ནི་རྡོ་རྗེ་དགྲ་སྟའི་ཕྱག་རྒྱའོ།།གཡས་པའི་ལོག་པ་དང་གཡོན ་པའི་ལག་པ་མཉམ་པར་གཞག་ལ་མཐེ་བོ་དང་མཛུབ་མོ་སྦར་ཏེ།གཡས་པའི་མཐེ་བོས་སོར་མོ་གསུམ་གྱི་སེན་མོ་བཀ་བ་ལ་མཉམ་པར་མཛུབ་མོ་གཡོན་པའི་མཐེ་བོའི་རྩེ་བར་སྦྱར་བ་ནི ་ཞགས་པའི་ཕྱག་རྒྱའོ།།ལག་པ་གཡོན་པ་ལའོ།།ོཾ་བི་བྷིནྡ་བྷིནྡ་ཧཱུཾ་ཕཊ་སྭཱཧཱ།།སྙིང་ཁར་རོ།།ོཾ་བཛྲ་པཱ་ཏཱ་ལ་ཧཱུཾ་ཕཊ།སྤྱི་བོར་རོ།ོཾ་ཧཿབཛྲ་ཧཱུཾ་ཕཊ།སྤྱི་གཙུག་གོ།ོཾ་ཧྲཱི།བནྡྷ། ་བནྡྷ་སྭཱ་ཧཱ།གོ་ཆའོ།།ོཾ་བཛྲ་བཛྲ་ས་ཏྭ་ཤྲེ་ཤི་ར་སེ་ཛཱ་ཡི་ཏ་ཨ་ན་ལ་ཧ་ནེ་བྷཉྫ་ཨུཙྪ་ཊ་ཡ་ཧཱུཾ་ཕཊ།མཚམེས་བཅིངས་པའི་སྡིག་སོ།།འདི་དག་དང་རྩ་བའི་ཕྱག་རྒྱ་སྦྱར་བར་བྱའོ།། ་ལག་མཐིལ་མཉམ་པོར་བྱས་ཏེ་མཐོ་བོང་དང་མཐོ་ཆུང་སྦྱར་ལ་སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚན་ཉིད་དུ་བྱས་པ་འདིན་ལས་ཐམས་ཅད་པས་གསུམ་གྱི་ཕྱག་རྒྱའོ།།སྔགས་ནོ།།ན་མ ་ཏྲ་ཡཱ་ཡ།ནུ་མ་ཤྩཎྜ་བཛྲ་པཱ་ཎ་ཡེ།མཧཱ་ཡཀྵ་ས་ནཱ་པ་ཏུ་ཡེ།ཧཱི་རི་མི་རཾ་བི་ར་ར་རི་ཎི་སྭཱཧཱ།སོ་སོར་སྦྱར་བར་བྱའོ།།སེར་མོ་ཕན་ཚུན་སྦྱར་ལ་ཁུ་ཚུར་དུ་བྱས་ཏེ་གུང་མོ་བརྐྱང་ལ་སྦྱར ་ནས་དེའི་ཕྱི་རོལ་ཏུ་མཛུབ་མ་ཅུང་ཟད་བསྐུམས་ལ་མཐེ་བོང་གཉིས་དབུས་སུ་བཞག་པ་ནི་དབང་ཕྱུག་ཆེན་པོའི་ཕྱག་རྒྱའོ།།སྔགས་ནི།ན་མཿསནྣི་བུདྡྷཱ་ནཱཾ་རུ་དྲཱ་ཡ་སྭཱ་ཧཱ་དབང་ཕྱུག ་ཆེན་པོའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་བརྐྱང་བ་འདི་ནི་ལྷ་མོ་ཆུ་ལོན་གྱི་ཕྱག་རྒྱའོ།།སྔགས་ནི།ན་མཿས་མནྟ་བུདྡྷོ་ནི་ཨུ་མ་ཡ་སྭཱ་ཧཱ།ཐལ་མོ་ཕྱེ་བ་ལས་མཐེ་ཆུང་རྩི་མོ་སྦྱར་ལ་དེའི་རྒྱབ ་ཏུ་སྲིན་ལག་སྦྱར་ནས་དེའི་ཚིགས་གསུམ་པར་གུང་མོ་གཉིས་སྦྱར་ལ་དེའི་ཚོགས་དང་པོར་མཛུབ་མོ་གཉིས་སྦྱར་བ་ནི་ལྷ་མ་ཡིན་ཐམས་ཅད་དབང་བསྐུར་བའི་ཕྱག་རྒྱའོ།།གཉིས་ག ་ཡང་རྡོ་རྗེ་མཚན་ཉིད་དང་གཅིག་ཏུ་སྦྱར་བར་བྱའོ།།ལྷ་མ་ཡིན་ཐམས་ཅད་ཀྱི་འཁྲུལ་འཁོར་འཇོམས་ཤིང་འབྱེ་བའི་ཕྱག་རྒྱ་ནི་འདིར་སོར་མོ་རྣམས་རྣམ་པར་བཟློག་ལ་རུས ་སྦལ་གྱིས་རྣམ་པར་བྱ་བ་ནི་རུས་སྦལ་གྱི་ཕྱག་རྒྱའོ།།སྤྱི་བོར་བཞག་པ་ནི་ལྷ་མ་ཡིན་ཐམས་ཅད་དབང་བསྐུར་པོའི་ཕྱོག་རྒྱའོ།།ལག་པ་གཡོན་པ་འོག་ཏུ་བཞག་ལ་དེའི་སྟེང་དུ་ལག ་པ་གཡས་པ་སྔར་ལ་མཐེ་བོངསོ་སོར་བྱ་བ་འདི་ནི་དུ་སྤྲུལ་དབང་བསྒྱུར་བའི་ཕྱག་རྒྱའོ།།ལགྶ་པ་གཱ་ལན་པ་རྗེའི་ཚུལ་དུ་འཞག་པ་ལག་པ་གཡས་པ་རྡོ་རྗེ་ཐུ་སུ ་བཞག་ལ་ཐད་ཀར་སྦྱར་བར་བྱས་པ་འདི་ནི་རུས་སྦལ་གྱི་ཕྱག་རྒྱ་གཞན་ནོ།།བླ་འོག་གི་ལྷག་པོ་རྣམ་པར་བཟློག་ལ་སྙིང་ཁར་སོར་མོ་གྱེན་དུ་བྱས་ལ་མཐེ་བོང་མཉམ་པར་གཞིབས་པ ་ནི་རུས་སྦལ་གྱི་ཕྱག་རྒྱའོ།།རྡོ་རྗེ་ས་འོག་གི་མཛུབ་མོ་སྟེང་དུ་མཉམ་དུ་གཞིབས་པ་ནི་རྡོ་རྗེ་ས་འོག་གི་ཕྱག་རྒྱའོ།།ཁུ་ཚུར་བྱས་པའི་མཛུབ་མོ་བརྐྱང་ལ་གུང་མོ་དང་སྲིན་ལག་གི་སྟེང་དུ ་མཐེ་བོང་སྦྱར་བ་ནི་དབྱུག་གུའི་ཕྱག་རྒྱའོ།།དེ་ཉིད་ལས་མཐེ་བོང་མཛུབ་མོའི་རྩ་བར་སྦྱར་བ་ནི་བའི་ཕྱག་རྒྱའོ།།ཁུ་ཚུར་དུ་བྱས་ལ་གུང་མོ་དང་མཐེ་བོང་མཉམ་པོར་སྦྱར་བ་ནི་བྱ་རོག ་གི་ནིཆུ་ཕྱག་རྒྱའོ།།ལག་པ་གཡོན་པ་རྡོ་རྗེའི་ཚུལ་དུ་བྱས་ལ་སྙིང་ཁའི་ཕྱོགསུ་སྦྱོར་ལ་ལག་པོ་གཡས་པ་རྡོ་རྗེ་སྟེང་དུ་ཕྱིར་ནས་རྐང་པ་བརྐྱང་བསྐུམ་དུ་གནས་པ་ནི་རྡོ་རྗེ་སློང་པའི ་ཕྱག་རྒྱའོ།།ལག་པ་གཡོན་པ་རྡོ་རྗེ་རྩེ་གཅིག་པ་སྙིང་ཁའི་ཕྱོགསུ་བཞག་ལ།ལོག་པ་གཡས་པའི་སོར་མོ་གསུམ་གྱིས་རྒྱས་བཏབ་ནས་བརྐྱང་བསྐུམ་དུ་གནས་པ་འདི་ནི་རྡོ་རྗེ ་གཞན་ལ་སྨོད་པའི་ཕྱག་རྒྱའོ།།སྔགས་ནི།ོཾ་བི་བིནྡྷ་བི་བིནྡོ་ཧཱུ~ཾ་ཕཊ།འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ཇི་སྙེད་པ་ལས་སྔགས་དང་ཕྱག་རྒྱའི་ལེའུ་སྟེ་གཉིས་པའོ།། ་བྱང་གཆ་སྐྱེས་བུ་དཔའ་བ་དཔལ་གྱི་སྒོར་འཇུག་པར་འདོད་པར་གྱུར་ན།དེས་རྡོ་རྗེ་ཁྲོ་བའི་བསྐྱོན་པ་སྔོན་དུ་བྱས་ལ་ཕྱིས་འཇུག་པར་བྱའོ།།དེ་ལ་སྔུན་དུ་བསྟན་པ་ནི་འབུམ་ཕྲག་བརྒྱད ་སློངས་མོ་ཟོ་ཞིང་སྨྲ་བ་བཅད་ལ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་དེ་བཞིན་གཤེགས་པ་མཆོད་པ་ལ་དགའ་བས་རྟེན་ཅིང་འབྲེལ་བྱེར་འབྱུང་བའི་སྙིང་པོའི་མཆོད་རྟེན ་བྱས་ལ།དེའི་མདུན་དུ་རི་བོ་འམ་ཆུ་བོ་འདུས་པ་འམ།ཤེང་གཅིག་པ་འམ།བ་གླང་གི་ལྷས་སམ།བས་མཐའ་འམ།མཆོད་རྟེན་གང་ཡང་རུང་བའི་གནསུ་བྱང་ཆུབ་ཀྱི་སེམས་རྗེསུ ་དྲན་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་ནས་སྡིག་པ་བཤེགས་ཏེ།བླ་ན་མེད་པར་བསྔོ་ལ་དམ་པའི་ཆོས་བཏོན་ཏེ་རྗེ་སུ་དྲན་པར་བྱས་ལ།མཆོད་རྟེན་གྱི་ལས ་ལ་རྗེ་སུ་གནས་ནས་ལུས་དང་སྲེག་ལ་དགའ་བ་དོར་ཏེ།དུས་གསུམ་དུ་ཕྱག་རྒྱ་དང་།དབང་བསྐུར་ཞིང་དུས་གསུམ་དུ་ཁྲུས་བྱས་ལ།དེའི་ལྟ་བུའི་ཚུལ་གྱི་བསྙེན་པ་བྱའོ།།གང་དག ་རྨི་ལམ་མམ་མངོན་སུམ་མཚན་མ་མཐོང་ན་རེ་ཤྲཱིག་མི་འཇུག་སྟེ།དེའོད་རྨི་ལྕམ་ནི་གླང་པོ་ཆེ་ཆེན་པོས་ཟིལ་གྱིས་མངོན་པའོམ།གཟིར་བ་འམ།བྲོས་པ་འམ།འགྱེལ་བ་འམ།ག ་དག་ཤི་བ་དེ་ལྟ་བུ་མཐོང་ན།དེ་ནས་འཇུག་པར་བྱའོ།།ཡང་ནི་མངོན་སུམ་ཏེ་སྒོ་འཕར་གྱི་འཚམས་བཙམ་པ་འམ།རྡོ་ཆེན་པོ་ལྟུང་བ་འམ།ཁྲོས་ནས་གཟའ་ཆེན་པོ་འགུགས་པ ་འམ།གདུག་པ་རྣམས་དང་།གཏུམ་པོ་དང་།འཇིགས་བྱེད་དང་།ཀླུ་དང་།གླང་པོ་ཆེ་ཆེན་པོ་དང་།སེང་གེ་དང་།སྟག་དང་།མ་ཧེ་དང་།དགྲའི་དབུས་སུ་ཕྱིན་ཡང་། ་བལྟ་དཀའ་བར་འགྱུར་བ་དང་།དེ་དག་ཐམས་ཅད་བྱམས་པའི་སེམ་སུ་གྱུར་ན་དེ་ནས་འཇུག་པར་བྱའོ།།ལྷ་ཐམས་ཅད་མངག་གཞུག་ཏུ་འགྱུརརོ།།འདི་ནི་ཁྲོ་བོའི་རྒྱལ་པོ་རྡོ་རྗེས ་འོག་གི་སྔོན་དུ་བསྙེན་པའི་ཆོ་གའི་ལེའུ་སྟེ་གསུམ་པའོ།།།བུ་གའི་མཚན་ཉིད་ཤེས་བྱ་བ།།ཆུ་འབོ་བ་གང་དག་རྩེ་མ་མེད།།ས་ཡི་སྒྲ་ནི་སྒྲོགས་པ་དང་།།ལྟོས་འཕྱེའི་གནས ་ཁང་ཇི་ལྟ་བར།།རྡོ་རྗེ་ས་འོག་མཚན་ཉིད་ནི།།མཁས་པ་ཡིས་ནི་མཚོན་པར་བྱ།།རྣམ་པ་གང་གི་ཚུལ་གྱིས་ནི།བུ་ག་རྣམས་བརྗོད་པ་ཡི།།འཇུག་པ་ན་ནི་དོག་གྱུར་ལ།།བུ ་གདེར་ནི་ཕྱིན་པ་ན།།ཀུན་ནས་ས་གཞི་མཉམ་པ་ནི།།དཔལ་གྱི་སྒོར་ནི་རྣམ་པར་བསྟན།།གླ་རྩེ་མེ་ཆོག་གི་དྲི་ལྡན་ཞིང་།།འཁྲིལ་ཤིང་ལྕུག་མས་ཁྱབ་པ་དང་།།དྲི་སྣུམ་ལྡན ་པའི་ཁ་དོག་ཅན།།དཔལ་གྱི་སྦྱོར་ནི་དེ་གཤད་དོ།།དྲི་དང་ལྡན་ཞིང་ངོས་བརླན་པ།།དྲོ་བ་ཡིས་ནི་འཁྲུགས་འགྱུར་གཱ།།ཞུགས་བཅོམ་གྱིས་ཡང་དང་ཡང་།།འཁྲུག། ་བ་ཉིད་དུ་འགྱུར་བ་ནི།།དཔལ་གྱི་སྒོང་ནི་དེ་ཤེས་བྱ།།དེ་ན་དངུལ་ཆུ་ཡོད་པར་བསྟན།།བུ་ག་ཡི་ནི་སྒོར་ཞུགས་པས།།དེ་ཡི་སེམས་ནི་འདོད་ལྡན་འགྱུར།།ཁྲ་བོའི་སེམས་སུ ་གྱུར་པོ་ནི།།བུ་གར་མཛེས་མ་གནས་པ་ཡིན།།འཇིགས་པ་མེད་ཅིང་ང་རྒྱལ་དང་།།རློམ་པའི་སེམས་དང་ལྡན་པ་ཡིས།།དེརྱ་ནི་ཞུབས་པས་ཚིམ་འགྱུར་ན།།བུ་གར་དཀར་རྫས ་ལྡན་པས་ཁྱབ།།བུ་ག་དག་ནི་གང་དག་ཏུ།།ཚུལ་མེད་ང་རྒྱལ་ཅན་ཁྲོ་བོ།།བརྩེ་མེད་སེར་སྣ་དང་ལྡན་ཞིང་།།ཕན་ཚུན་དུ་ནི་རྙོང་བྱེད་པའམ།།ཡང་ན་བུ་གའི་སྒྲོན་ནི།།སྲིན་བུ་རྣམས ་ནི་རྟེན་གྱུར་པ།།དེར་ནི་ལྟོས་འཕྱེ་ཤེས་བྱ་སྟེ།།བུ་ག་དེར་ནི་རྙེད་དཀའོ།།གང་དག་དཀར་པོའི་བྱ་བ་ནི།།བུ་ག་སྒོར་ཡང་དག་ག་ནས་མཐོང་ན།།དེ་ན་བུད་མེད་སྟོང་ཕྲག་གནས།།གསེར།། ་ནི་རྣམ་པ་དུ་མ་གནས།།ནོར་བཽ་མུ་ཏིག་བྱེ་རུ་དང་།རིན་ཆེན་རྣམ་པ་སྣ་ཚོགས་དང་།།བཅུ་དོ་ལེན་དུ་མའི་རྫས་རྣམས་ནི།།བུ་ག་མཆོག་དེར་གནས་པ་ཡིན།།བུ་ག་གང་གི་སྒོ་ལ་ནི།།། ་རྐང་འདུག་སྒྲ་ནི་གྲགས་གྱུར་ན།།བུ་ག་དི་ནི་རིན་ཆེན་གང་།།བུད་མེད་སྟོང་ཕྲག་དེ་ན་གནས།།བུ་ག་གླང་གི་སྒོ་ན་ནི།།ཚད་བྱེའུ་གར་བྱེད་གནས་གྱུར་ན།།བུ་ག་དེ་ནི་འབྲས་མེད་ཤེས ་དེར་ནི་བློ་ལྡན་འཇུག་མི་བྱ།།གང་གི་ནང་ན་རྐང་གཉིས་ནི།།ཡང་དག་བརྟེན་པར་མཐོང་གྱུར་ན།།དེང་ནི་རབ་ཏུ་སྤྲོ་བ་ཡིས།།མཁས་པ་ཡིས་ནི་འཇུག་པར་བྱ།།མི་གང་འཐུངས ་པས་འཆི་མེད་པའོ།།མཆོག་གི་བཅུད་ལེན་དེ་ན་གནས།།གང་དག་བུ་གའི་སྒོ་ལ་ནི།།གླང་པོ་ཡང་དག་རྟེན་མཐོང་ནས།།མཐོང་ནས་མ་མཐོང་གྱུར་ན་ནི།།བུ་ག་དེས་ནི་ལས ་ཀུན་བྱེད།།གང་དག་བུ་གདོར་འཇུག་པའོ།།ལྟོས་འཕྱོའི་དབང་ཕྱུག་རྣམས་མཐོང་ནས།དཔའ་བོས་དོར་ནི་འཇུག་མི་བྱ།།དེམ་ཐུག་ཏུ་སྲོག་འཕྲོག་བྱེད།།བུ་གའ ་དྲུ་ན་འཇིགས་བྱེད་པའི།།ཅེ་སྤྱང་མེ་ཡི་སྒྲ་གྲག་ན།།དེར་ནི་བག་མེད་མི་བྱ་སྟེ།།འཁོར་དང་བཅས་པ་སྐྲག་པར་འགྱུར།།གང་ན་ཁྲུད་ཁྲུང་སྒྲ་སྒྲོགས་པ།།བུ་གའི་ནང་ན་གནས ་བྱུང་ན།།བུ་གདོན་ཀུན་གྱིས་གང་།།འདོད་པ་རྣམས་ཀྱིས་རྣམ་པར་རྒྱ་ནོ།།གང་དག་བུ་གའི་སྒོར་རྟེན་པའོ།།ཉིན་ཡང་དག་མཐོང་གྱུར་ན།།དར་ནི་བརྫུན་པས་འཇུག་པར་བྱ།། ་བུད་མེད་སྟོང་གི་བདག་པོར་འགྱུར།།བུད་མེད་གཞོན་ནུ་བུམ་པའི་ལག།བུ་གའི་སྣོད་ནི་ཡང་དག་མཐོང་།།གདན་མི་བཟའ་བར་བུ་གའི་ལས།།དེར་ནི་གྲུབ་པར་ཤེས་པར་བྱ།། ་བུ་གའི་ལས་ལ་འཇུག་པ་ན།།སྒྲ་སྐད་ཆེན་པོ་བྱུང་གྱུར་ནི།།བུ་ག་དཱ་ནི་མཐའ་མེད་ཤེས།།དེར་ནི་ཡི་ནཱི་སྦྱོ་རུ་ཡང་།།བྱི་བ་ཀ་ཀ་རུ་དཀར་པོ།།གང་དག་ལྷན་ཅིག་གནས་མཐོང་། ་ན།བུགུ་དེ་ནི་ལུས་ཀུན་བྱེད།།བུ་གའི་སྒྱུ་རུ་ཁྱད་པར་དུ།།དེར་ནི་རས་ཀྱི་དྲི་བྱུང་ན།།བུ་མོ་རྣམས་ནི་སྟོང་ཕྲག་དག།དགུ་དང་བདུན་བརྒྱ་རྣམས་དང་ནི།།བཅུད་ཀྱིས་ལེན ་དང་གསེར་དང་ནི།།དོན་ཆེན་རྣམ་པ་སྣ་ཚོགས་གནས།།གང་དུ་བཞུགས་པའི་འབྱུང་འགྱུར་བ།།ཀ་ར་བི་རིའི་མེ་ཏོག་རྒྱས།།དེ་ནི་དངུལ་ཆུ་གནས་པ་ན།།མཁས་པ་ཡི ་དྷུབྷཱུ་བུ་གྷྲ། དྲུག་གྷཱ་དུ་མན།།གནས་པཱདྨ་མཛོད་ནཱ་པྲ་བྱཱཏྟ།།ལུ་ལ་འཁྱུར་མེད་པར་ཤེས་བྱས་ལ།།དོ་ནཱི་བརྟགླུ་དབྱུང་མི་བྱཱའོ།།བུད་མེད་དག་ནི་ཚིག་སྦྱང་དང་།།བརྒྱ་ཕྲག་དག། ་ནི་བཅུ་གཉིས་ནི།།པདྨའི་སྙིང་པོ་ལྟར་འཇམ་ཞིང་།།རྟ་ག་ཏུ་ངལ་པས་སྤྱོད་པར་བྱེད།།ཐམས་ཅད་ཀྱང་ནི་ཚུལ་ཅིག་གཅིག།ཀུན་ཐོས་མཐོང་ན་དགའ་བའོ།།དེ་ལ་རིན་ཆེན་དུ་མེ་དང་།། ་གིས་ངག་དང་ནི་རྒྱན་དག་དང་།།བཅུད་ཀྱི་ལེན་གྱི་གཙོ་བོ་དང་།།རྣམ་པོ་སྣ་ཚ་གོས་མཛེས་པའོ།།དེ་ནས་ལྡོང་ངོས་དག་དང་ནི།།མིག་སྨན་དང་ནི་དངུམ་ཆུ་དང་།།མཛེས་པའི་མཚོན ་སྣ་ཆགས་རྣམས།།བུ་གའི་གླང་གི་མཆོག་ནའོ།།བུ་ག་དེ་ཡི་ནང་འགྲམན།།དུ་བ་འཛུལ་བ་མཐོང་གྱུར་ནི།།གསེར་ནི་རྣམ་པ་མང་པོ་དང་།།དེར་ནི་དངུས་ཆུར་ཤེས་པར་བྱ། ་གདི་ཡི་ལེགས་ལ་ནི།།ཚངས་པ་ཁྱུ་དོག་སྣ་ཚུགས་པ་འམ།།རང་བཞིན་དཀར་པོ་རྟེན་གྱུར་ན།།བུ་ག་དེ་ཡང་ལས་ཀུན་བྱེད།།དབུས་ནས་མཆེ་མ་འཛག་པ་ཡི།།བྱ་རོག་འཐོན ་པ་གང་ཡིན་པ།།དེ་ནི་བཟའ་བ་སྣ་ཚོགས་པའི།།བུ་ག་རུ་ནི་རྣམ་པར་བསྟན།།གང་ནི་མ་ཧེ་མཐོང་བ་ན།།ཁྱད་པར་དུ་ནི་སྤྲིན་གྱི་མདོག།བུ་ག་དེར་ནི་འབད་པ་ཡིསོ།།མཁས་པ ་ཡིས་ནི་འཇུག་པར་བྱ།།མ་མྱོས་པ་དང་ལྷན་ཅིག་ཏུ།།ལག་ན་རལ་གྲིས་རྒྱུན་དུ་ནི།།བུ་ག་དེར་ནི་དོར་བར་བྱ།།ཐམས་ཅད་དུ་ནི་བྱང་གི་ཆར།།ཟབ་མོ་སྤྲིན་གྱི་མདོག་འདྲ་བའི།། ་དངུལ་ཆུ་དེར་ནི་ཤེས་པར་བྱ།།གང་ན་མེ་ཏོག་དྲི་ཡོད་ཅིང་།།ཁྱུད་པར་དུ་ནི་སྐང་སྨོས་དྲི།།བུ་ག་དེ་ཡིན་ན་ནི།།བུད་མེད་གནས་པར་རྣམ་པར་བསྟན་འཇུག ་པ་པོས་ནི་ཁྱད་པར་དུ།།དིར་ནི་ཐེ་ཚོམ་མི་བྱའོ།།དེ་ནས་རབ་རྣམ་ལྔ་དང་།།རྒྱལ་པོའི་སྒོ་དང་རྟ་བབས་དང་།གསེར་གྱི་རང་བཞིན་ཀ་བ་ནི།།བུད་མེད་རིན་ཆེན་རྣམས་ཀྱིས ་སྤྲས།།བཅུད་ལེན་རྣམས་དང་རིན་རྣམས།།གདོན་མི་ཟ་བར་དེ་ན་གནས།།བུ་གའི་སྒོ་རུ་ཁྱད་པར་དུ།།གང་ན་པདྨའི་དྲི་ཡོད་དང་།།གཞན་ལེན་བུ་གར་དེར་ཤེས་བྱ།། ་འདོད་པ་ཀུན་གྱིས་རྣམ་པར་རྒྱན།།བརྟུལ་ཞུགས་ཙནྡ་གྷིས་དེར་འཇུག་གོ།བརྟུལ་ཞུགསོ་མེད་པས་ནམ་ཡང་མིན།།དེ་ནས་རྣམ་པ་དུ་མྱུ་གནས།།གང་འདོད་དོན་བརྟ ་པར་བྱ།།བུ་གའི་སྤྱི་རུ་ཁྱད་པར་དུ།།གང་ན་སྦྲང་རྩིའི་དྲི་ཡོད་ན།།བུ་གའི་ལོགས་ནི་ཐམས་ཅད་ལ།།དེ་ན་བུང་བ་ཡོད་པ་སྟེ།།དེ་ལ་ཐེ་ཚོམ་མི་བྱའོ།།དེན་གནས་པའི ་བུང་པོ་སོགས།།རིག་པ་འཛིན་པ་ཁྱད་པར་དུ།།སྔགས་གྲུབ་པ་ལ་རྫིད་མི་འགྱུར།།བུ་གཱའི་སྒྲ་ནི་ཐམས་ཅད་དུ།།གང་ན་ས་ཡེ་དྲི་ཡོད་པ།།ས་ལ་རིན་ཆེན་ཇི་སྙེད ་པ།།རྒྱ་མཚོ་ཡང་ནི་ཁྱད་པར་དུའོ།།ལྷ་མ་ཡིན་རྣམས་ཀུན་གྱི་དང་།།མི་ཡི་གཙོ་བོ་རྣམས་ཀྱི་དང་།།གནོད་སྦྱིན་དག་ནི་རྣམས་ཀྱི་ཡང་།།བུ་གའི་མཆོག་དེར་ཐམས ་ཅད་གནས།།རིག་པ་འཛིན་པས་དེར་བཞུགས་པས།།འདོད་པ་ཐམས་ཅད་ཐོབ་པར་འགྱུར།།བུ་གའི་ནང་ན་ལུག་གི་དྲི།།གང་དག་ཡོད་ན་བུ་ག་དེ།།འཁྲུལ་འཁོར་མེད་པར་ཤེས ་པར་བྱ།།འདོད་པ་ཀུན་གྱིས་རྣམ་པར་ཐུ་ནི།།ཆུ་སྐྱུར་དང་ནི་ཆུ་སྦྱར་མ།།མཉམ་དུ་སྤྱོད་ཅིང་ལྷན་ཅིག་ཏུ།།བུ་གའི་ནང་ན་གནས་ན་ནི།།བུ་ག་དེ་ཡི་འཁྲུལ་འཁོར་མེད།།དེ་ན་དངུལ ་ཆུ་བཙོ་གཅིག་ཡོད།།དེ་ནི་བུ་གའི་དམ་པའོ།།བུ་ག་དག་ནི་བ་རྐོས་པ་ན།།གང་དུ་ལུགས་ཀོང་མཐོང་གྱུར་ན།།བུ་ག་དེ་ནི་རིན་ཆེན་གང་།།མཁས་པ་ཡིས་ནི་འཇུག་པར་བྱ།། ་ཞུགས་པ་ཙམ་ན་མཐང་འགྱུར་བ།།དཀྱུས་སུ་དཔག་ཚད་ཕྱེད་པ་ཡི།།དེ་ན་ཐང་ནི་ལེགས་པར་ཡོད།།འཛམ་བུ་ཆུ་བོ་འདྲ་བའི་འོད།།དེར་ནི་མེ་ཡིས་འབྲས་ཐོབ་སྟེ།།ལོ་ནི་ཁྲིག ་ཕྲག་བརྒྱར་འཚོའོ།།གང་ན་མི་མོ་སྒྲོན་མའི་ལག།བུ་གའི་ནང་ན་གནས་པ་ན།།འདི་ནི་དེ་ཡི་བུ་གར་ཤེས།།གདོན་མི་ཟ་བར་དངུལ་ཆུས་གང་།།བུ་གའི་སྒོ་རུ་ཁྱད་པར་དུ། ་གེང་ན་ཤ་ཡི་དྲི་ཡོད་པ།།སྲིན་པོ་རྣམས་ཀྱི་བུ་གར་ཤེས།།བློ་དང་ལྡན་པས་དེར་མི་འཇུག།བུ་གའི་དྲུང་ན་གར་བྱེད་པའི།།རྨ་བྱ་མཐོང་ན་བུ་ག་དེ།།འཁྲུལ་འཁོར་མེད་པར ་ཤེས་པར་བྱ།།འདོད་པ་ཀུན་གྱིས་རྣམ་པར་རྒྱན།།བུ་གའི་སྒྲ་རུ་ཁྱད་པར་དུ།།གང་ན་ཁྲག་ནི་མཐོང་བ་ན།།གཙོག་པུ་ཉིད་དུ་དོར་འཇུག་སྟེ།།རང་གི་ཁྱིམ་བཞིན་འཇིགས ་བ་མེད།།གང་ན་ཉ་ཡི་དྲི་ཡོད་ཅིང་།།ཁྱད་པར་དུ་ཡང་ཞག་དྲི་ཡོད།།དེ་དང་དེར་ནི་བརྩོན་པ་ཡིས།།མཁས་པ་ཡི་བ་ནི་འཇུག་པར་བྱ།།ཞུགས་པས་ཆུ་རྒྱུན་མཐོང་གྱུར།། ་ན།།འདོད་པ་ཀུན་གྱི་འབྲས་བུ་སྟེ།།དེ་ཡི་འགྲམ་དུ་བཟང་ལྡན་པའི།།ཁང་པ་རབ་ཏུ་སྦྱངས་གྱུར་པ།།ལྷ་ཁང་དང་ནི་ཤིང་ཁང་ལ།།བ་དན་རྣམས་ཀྱིས་མངོན་པར་སྤྲོས།།དེ་ན་རིན ་ཆེན་བཟང་པོ་དང་།།དགའ་མ་འདྲ་བའི་བུད་མེད་དང་།།དེ་ན་དངུལ་ཆུ་མང་ཡོད་པར།།ཐམས་ཅད་དུ་ནི་ཐེ་ཚོམ་མེད།།བུ་ག་གང་དག་བརྐོས་པ་ན།།ཁྲག་གི་ཆར་པ་བའི་གྱུར་ན།།དེར་ནི ་འཇུག་པར་མི་འགྱུར་སྟེ།།དེ་མ་ཐག་ཏུ་སྲོག་འཕོག་བྱེད།བུ་ག་བརྟགས་ཤིང་དཔྱད་པ་ན།།གང་ན་མུན་པ་ཡོད་པར་གྱུར་ན།།དེར་ནི་འཇིགས་པ་མེད་པར་འཇུག།བུ་ག་དེ་ནི་རང་ཁྱིམ ་མཚུངས།།བུ་གའོ་སྒོ་རུ་ཁྱད་པར་དུ།།གང་ན་རས་ཀྱི་དྲི་ཡོད་པ།།དེ་ན་རིན་ཆེན་དུ་མོ་དང་།།དངུལ་ཆུ་ལྡོང་རོས་དེ་བཞིན་དུ།།མིག་སྨན་བཟང་པོ་རྣམས་དང་ནི།།རིན་ཆེན་རྣམས་ཀྱི་རྒྱན་དག ་ནི།དུ་མ་རྣམ་པ་སྣ་ཚོགས་དང་།།གསེར་ནི་རྣམ་པ་དུ་མ་ལོད།།བུ་གའི་ནེ་བོ་ནི་གང་དག་ན།།སྒྲེན་མ་ཡེ་ནི་དྲི་ཡོད་པ།།དེ་རུ་ཡང་ནི་འཇུག་པར་བྱ།།འདོད་པ་ཐམས་ཅད་ཐོབ་པར་འགྱུར། ་བུ་ག་ཡི་ནི་འགྲམ་ལོགས་ན།།གང་ན་གདུག་པ་གནས་བྱུང་ན།།དེ་ནི་ཤ་ཟའི་གནས་ཡིན་ཞིང་།།བཟང་གནས་པར་གདོན་མི་ཟ།།གང་ན་ཧ་ཧོའི་སྒྲ་སྒྲོགས་པ།།དབང་ལྡན་གྱི་ནི ་ཕྱོགས་པ་སྷོ།། ན་ནས་།།ད་སྒྱུ་བ་ས་པ་གྶ།།ཤཱང་ན་མང་གགིས་པ་ལ།ཤཱངཀྱི་ཕྱོགས་ས་ཡང་དག་སྦྱིན།།ུ་བྱུ་མྦྷ།མྦཱ་།།བླ་གྲོད་སྤྱོད་ལ་སྨན་། ་བྱེད།།བུག་དེ་ཡི་ཐོན་འཁོར་དུ།།གང་ནི་རྡོ་རྗེའི་ཆར་འབབ་ན།།དེང་ནི་དབུལ་ཆུར་ཤེས་བྱ་སྟེ།།སེམས་ཅན་ཐམས་ཅད་གྲུབ་པར་བྱེད།།བུ་ག་དེ་ཡི་ཐོ་ན་ལ་ཁར་དུ།།མེ་ཏོག་དྲི་ལྡན་བུ་ག་།། ་འཁྲུལ་འཁོར་མེད་པར་ཤེས་པར་བྱ།།འདོད་པ་ཐམས་ཅད་སྒྲུབ་པར་བྱེད།བུག་དེ་ཡི་ནང་ནིནི།།གང་ན་རྒྱལ་པོའི་སྒྲ་ཡོད་པ།།བུག་འཁྲུལ་འཁོར་མེད་ཤེས་བྱ།།དེ་ནི་མཁས ་པས་འཇུག་པར་བྱ།།བུ་ག་ཡི་ནི་ཐོ་ན་འཁོར་དུ།།གང་ན་ཁྱུ་མཆོག་མཐོང་བ་དང་།།དེ་ཡང་དཔའ་བོས་འཇུག་གར་བྱ།།བྷ་ག་དེ་ཡི་རིན་ཆེན་གང་།།གང་ན་སྐྱེས་བུ་གྲྀ་ཅེར་བུ་ནི།།ནག ་པོ་ཤ་ངའི་ཁྱ་ཆེན་པོ་དགོ།།མཐོང་ནས་ཡང་ནི་མ་མཐོང་ན།།བུ་ག་དེང་ང་ལས་ཀུན་བྱེད།།གང་ན་དགེ་སྦྱོང་གཅེར་བུ་དང་།།སྤྱི་གཅེར་དང་ནི་སྣ་རིང་པོ་འམ།།གང་དག་ཏུ་ནི་ཁྱིམ་མཐོང་ན། ་དེངན་གྲུབ་པར་བརྟན་པའོ།།དྲུག་གླང་གིབློན་འཁོར་དུ།།རྣ་མ་ཡོནཱ་ཡ་ན།། དེ་ཡང་ལ་སུམྦྷ་རྒྱུད།དཔ་མང་ནྀ་ཤེས་པཱ་།།གདུན་ཅི་གསུམ་མཚན་ཉིད་ནི།།ཐམ ་ཅད་དུ་ནི་མཐོང་བ་ནི།།མི་རྣམས་ཀྱིས་ནི་ཁྱད་པར་དུ།།འུག་དང་འཇུག་ནུས་མ་ཡིན།།གང་དུ་མེ་ཏོག་དྲིས་རྒྱན་པའི།།བྲམ་ཟེ་མཐང་ན་བུ་ག་དེ།འཁྲུལ ་འཁོར་མེད་པར་ཤེས་བྱ་སྟེ།།འདོད་པ་ཀུན་གྱི་འབྲས་བུ་འགྲུབ།།བུ་གའི་སྒོ་རུ་ཡང་དག་བརྟེན།།གང་ན་དཀར་པོའི་སྦྲུལ་ཡོད་ན།།དེར་ཡང་བརྩོན་པར་བྱས་ན་སུ།། ་མཁས་པ་ཡིས་ནི་འཇུག་པར་བྱ།།བུ་གའི་སྒྲ་ཡི་ཐན་འཁོར་ནི།།གང་དུ་དོམ་ནི་མཐོང་བ་ན།།བུ་ག་འཁྲུལ་འཁོར་མེད་ཤེས་བྱ།།འདོད་པ་ཀུན་གྱི་དོན་འགྲུབ་བྱེད།།བུ་གའི་ལས་ནི་བྱེད་པ ་ན།།གང་དུ་ཕག་ནི་མཐོང་གྱུར་ན།།བུ་ག་འཁྲུལ་འཁོར་མེད་ཤེས་བྱ།།གདོན་མི་ཟ་བར་རིན་ཆེན་གང་།།བུ་གའི་སྒོ་ཡི་ཐོན་འཁོར་ནི།།གང་ན་ཆུ་ཡི་དྲི་ཡོད་པ།།དེར་ནི་དངུལ་ཚུར ་ཤེས་བྱ་སྟེ།།སེམས་ཅན་ཀུན་ལ་ཕན་པར་བྱེད།།བུ་ག་དེ་ཡི་ཐོན་འཁོར་ནི།།གང་ལ་བདུག་པའི་དྲི་ཡོད་པ།།བུ་ག་འཁྲུལ་འཁོར་མེད་ཤེས་བྱ།།གདན་མི་ཟ་བར་རིན་ཆེན་གང་།། ་བུ་བའི་སྒོ་ལ་གནས་པ་ཡི།།གང་ན་བུར་ཆད་དྲི་ཡོད་ན།།བུད་མེད་རིན་ཆེན་གཟུགས་མཛེས་དང་།།བཟའ་དང་བཏུང་བར་ཤེས་པར་བྱ།བུ་ག་ཡི་ནི་ཐོན་འཁར་ན།གང་ནར་ཡི ་དྲི་ཡོད་པ།།དེང་ཡང་དཔའ་བོས་འཇུག་བྱ་སྟེ།།དགའ་ཞིག་དང་ནི་འཇུག་མ་ཡིན།།མ་མྱོས་པར་ནི་ཞུགས་ན་སུ།།དེར་ནི་ཇི་ལྟར་འདོད་པ་བསྡང་།།དད་ལྡན་གཙང་ཞིང་མཁས ་པ་དང་།།བྱ་བ་བྱས་པས་ཁྱད་པར་དུ།།དོཀོན་མཆོག་གསུམ་ལ་ཕྱག་བྱའོ།།དེ་བཞིན་རིག་པའི་བདག་པོ་དང་།རིག་པའི་རྒྱལ་པོ་ལྷ་མོ་དང་།།རིག་པའི་ཚོགས་ལའང་ཁྱད ་བར་དུའོ།།ོཾ་བ་རཱ་བཛྲ་ཧཱུ~ཾ་ཕཊ།འཕགས་པ་རྡོ་རྗེས་འོག་གི་སྙིང་པོའོ།།ལཱས?་ཐམས་ཅད་པའི་ཉེ་བའི་དབང་པོ་འང་དེ་ཉིད་དོ།།ོཾ་ཧྲཱིཿཧཱུཾ་ཕཊ།འི་བྷི་ན་དྷ་བི་བིན་དྷ་ཧཱུཾ་ཕཊ།འངས་སུ ་དང་འཁྲུལ་འཁོར་གྱི་ཕྱོགས་སེམ་མཆོད་པའི་དུས་སུ་བསྲུང་བར་བྱའོ།།འདི་ནི་རྡོ་རྗེས་འོག་གི་རྒྱུད་ལས་བུ་གའི་མཚན་ཉིད་མཚོན་པའི་ལེའུ་སྟེ་བཞི་པའོ།།།།སྔགས་པས ་དཔལ་གྱི་སྒོར་འཇུག་པོར་འདོད་ན།དེས་བརྗོད་པ་དང་སྦྱང་བ་བྱས་ལོ་འཇུག་པར་བྱའོ།།དེ་ལ་བརྗོད་པ་ནི་གང་།སྦྱང་བ་ནི་གང་ཞེ་ན།དེ་ལ་ཐེག་མར་ས་རྙིང་པ་དང་།ཆུ་དང་།སྨན ་གྱིས་ལུས་ཉེ་བར་བྱུགས་ལ།ཀུ་མུ་ད་དང་།ུད་པ་ལོ་དང་།རུ་རྟ་དང་།ཌིར་གུཎྜི་དང་།ལྡོང་རོས་མཉམ་པོར་སྦྱོར་བའི་སྨན་གྱི་དམ་པ་འདིས་སྲིན་པོ་འཇོམས་པ་དང་།དུག་འཇོམས ་ཤིང་གཞོན་ནུ་རྣམས་སྐྱེད་འཕེལ་བ་དང་།མཆོད་སྦྱིན་གྱི་བགེགས་སེལ་བ་དང་།ཚངས་པའི་སྲིན་པོ་སྲུང་བ་དང་།དྲག་པ་དང་སྐེམ་བྱེད་ཀྱིས་བཟུང་བ་དང་།གང་དག་ལུས་སྲུལ ་པོས་བཟུང་བ་དང་།བུད་མེད་མངལ་ཉམས་པ་རྣམས་ཀྱིས་ཉེ་བ་གནས་ལ་བྱུགས་པས་བཟང་པོར་འགྱུར་བ་དང་།དེ་དག་གིས་ཡན་ལོག་བྱུགས་པ་གང་ཡིན་པས་ནི་དུག་ཧ་ལི་ཧ ་ལ་ཡང་འཐུང་བར་བྱེད་དོ།།དེ་དག་གིས་འདིང་ཡན་ལག་བྱུགས་ནས་ཞུགས་པས་སྒོ་གྲོལ་བར་འགྱུར་ལ།།སྒོ་བསྒྲིབས་པ་དེ་གྲོལ་ནས་གང་དག་མཚམས་རིང་དུ་སྦྱར་བའི་རླུང ་ཡང་འབྱུང་བར་འགྱུར།།དེ་དག་ནི་བརྗོད་པའོ།།སྦྱོར་བ་ཡང་མ་ཏུ་ལུང་ཀ་དང་།ཀ་རཉྫ་དང་།ནྱ་གྲོ་ངའི་ཡལ་ག་ལ་སོགས་པའི་ཤིང་རྣམས་ཀྱིས་བུ་གའི་སྒོ་བཀག ་ལྔ་མཚམས་མེད་པར་བྱས་ཏེ།སྒོ་འཕར་གྱིས་ཀུན་ནས་བསྒྲིབས་ལ་མེ་སྦྱར་བར་བྱའོ།།གང་དག་ནང་ན་གནས་པའི་མེ་རབ་ཏུ་ཞི་བ་ནི་སྦྱོར་བའོ།།དེ་ནས་སྐྱེས་བུ་དཔའ་བས་མ ་སེར་སྐྱའི་ལྕི་བ་ས་ལ་མོ་ལྷུང་བསྡུ་དཀྱིལ་འཁོར་ཉེ་བར་བྱུགས་ལ་བུ་གའི་སྒོར་མཆོད་པ་དང་གཏུར་མའི་ཆོག་བྱས་ཏེ། པ་མནའི་ཡུམ་ཤིང་ལ་མཾ་རབ་ཏུ་སྦར་ལ།།མྦྷ་ནའི ་འབྲས་བུ་དང་།མར་དང་།སྦྲང་རྩི་བཏགས་ཏེ་བསྲེགས་བླུག་ག་བརྒྱ་རྩ་བརྒྱད་ཁྲོ་བོའི་ཁྲུལ་འཁོར་གྱི་བླ་མས་དབུལ་བར་བྱའོ།།འདིས་འཁྲུལ་འཁོར་ཐམས་ཅད་ལྟུང་བ་དང ་བརླག་པར་འགྱུརརོ།།དེ་ནས་རའི་ལྤགས་པའི་རལ་གུ་གྱོན་ལ།།ཉམ་ཤར་བ་ན་འཁོར་དང་བཅས་པ་ཐམས་ཅད་སྨན་གྱིས་ལུས་བྱུགས་ཏེ།བྱ་བ་བྱས་ལ་གྲོགས་བཟིང་པོ་དང ་འཇུག་པར་བྱའོ།།ཤིང་བདར་དང་།ཀོ་བི་དྷ་ར་དཀར་བ་དང་།ཀུ་ཌ་ཀ་བླུགས་པའི་ཡུང་བ་གཉིས་ཀྱིས་སྦྲུལ་གྱི་དཔའ་བ་འཇོམས་པ་དང་།མངོན་པར་འདོད་པའི་དོན་སྒྲུབ་པ་དང་། ་སྐྱེས་བུ་གནོན་ནུ་སྲུང་བ་དང་།བུད་མེད་སྐུལ་བ་བཟང་པོ་དེ་བྱེད་པ་དང་།འདོད་པའི་བསྲུང་བ་ཐམས་ཅད་སེལ་བ་དང་།རྩོད་པ་ཞི་བར་བྱེད་པ་དང་།སའི་བདག་པོས་རྒྱས་པ་སྐྱེ ་དང་།དགྲ་ཐམས་ཅད་རྟག་ཏུ་འཇོམས་པ་དང་།ཉི་མ་ཤཱར་བ་ན་དབང་དུ་བྱེད་པར་བརྗོད་དོ།།འདིར་འདི་དྲུག་གིས་ལུས་བྱུགས་ལ།རའི་ལྤགས་པའི་རལ་གུ་གྱོན་ཏོ།།ཆུ་གྲི་བཟུང་ལ ་མུན་པའི་ཕྱིར་སྒྲོན་མ་ཤལ་མ་ལིའི་དོག་པ་ལས་སྡོང་བུ་བྱས་ཏེ།འཁྲུལ་འཁོར་གྱི་བླ་མ་ལན་ཉི་ཤུ་རྩ་གཅིག་ཡོངསུ་བཟླས་ལ།རབ་ཏུ་སྦྱར་ཏེ།བྱི་བའི་རྣམ་པ་ཡིན་ན་བྱ་བའི་ཞག ་དང་།ཆུ་སྲིན་གྱི་ཞག་སྔ་མ་བཞིན་ནོ།།ཇི་ལྟར་གླང་པོའི་གདོང་གི་རྣམ་པ་ཡིན་ན་སྔ་མ་བཞིན་དུ་གླང་པོའི་ཞག་གིས།།ཇི་ལྟར་ལྟོས་འཕྱེའི་རྣམ་པ་ཡིན་ན་སྔ་མ་བཞིན་དུ་ལྟོས་འཕྱེའི ་ཞག་གིས་སོ།།མིའི་གདོང་གི་རྣམ་པ་ཡིན་ན་མིའི་ཞག་གིས་ཤལ་མ་ལི་ཡི་ཐེག་པའི་སྡོ་བུ་སྟེང་དུ་བཞག་ལ་མུན་པའི་ཕྱོག་སུ་བཟུང་པོར་བྱ།གང་གི་གདོང་གི་རྣམ་པར་འདུག་པ། ་དེའི་ཞག་གིས་བསྐུས་ལ་འཁྲུལ་འཁོར་གྱི་བླ་མ་ཉི་ཤུ་རྩ་གཅིག་བཟླས་ལ་མེ་སྦྱར་རོ།།མུན་པ་མུན་ནག་ཐམས་ཅད་འཇོམས་པར་འགྱུརརོ།།འཇུག་པ་ན་ལྷན་ཅིག་པ་རྣམས་ལ་ཡང་ཉེ ་བར་བྱགོ།ཏ་ཀ་རའི་མེ་ཏོག་དང་།རུ་རྟ་དང་།སྲང་སྤོས་དང་།སུག་སྨེལ་དང་།ུད་པ་ལ་ཝ་ཏི་དང་།སི་གྷི་དང་།བྷཱུ་གྷྲི་དང་།ན་མོ་སྐ་རེ་དང་། ནན་ཏཱ་དང་།ཛ་ཡན་ཏི་དང་།རྨ་བྱི ་གཙུག་ཕུད་དང་།དུང་གི་མེ་ཏོག་སྟེ།དེ་དག་གི་ཕྱེ་མས་སྒྱུ་མ་ཐམས་ཅད་འཇོམས་པ་དང་།འབྱེད་པ་དང་།སྲེག་པ་བརྗོད་དོ།།ཆུ་དང་།སྦྱིན་དང་།དེ་བཞིན་དུ་བཅུད་དང་།བཅུད་ལེན ་དང་།དུའི་ཁང་བུ་དང་།དྲུག་གོ་གདུག་པ་དང་།པད་མའོ་མཚོ་དང་།སྣ་མ་ཡིན་གྱི་བུ་མོ་འགུགས་པ་དང་།རླུང་དུ་བྱེད་པ་དང་།བུང་མོད་འབབས་པ་དང་།དང་ན། ་གི་གནས་རྣམས་སམ།གཞན་དུ་ཡེང་སྐྱེ་བུ་དཔའ་བས་འཁྲུལ་འཁོར་གྱི་བླ་མ་ཉི་ཤུ་རྩ་གཅིག་བཟླས་ལ་བསྣུན་པར་བྱའོ།།ཆུར་འཇུག་པ་དང་།དུག་གི་དུ་བ་དང་།དུག་གི་རློ ་ལ་རང་གི་རྐང་མཐིལ་དང་།སྤྱི་གཙུག་གི་བར་དུ་ཡོངསུ་བྱུགས་ལ་འཇུག།དེ་དག་ཐམས་ཅད་ལས་སྲུང་བ་བྱི་ས་པར་འགྱུར།།འཇུག་པན་འཁྲུལ་འཁོར་གྱི་བླ་མ་བཻཟླན ་ཟློས་ཤིང་འཇུག་པར་བྱའོ།།རྡོ་རྗེ་འཛིན་པའི་ག་ཟོ་བཛྲོད་ལྟ་བུར་ཐམས་ཅད་ཀྱིས་ཚུགས་པ་དེ་མི་ནུས་ཏེ།རང་གི་ཁྱིམ་དུ་འཇུག་པ་བཞིན་ནོ།།རའི་རློམ་དང་ཀར་ལྷན ་ཏུ་བཛྲ་ཏནྡྷ་ལ་དང་བསླགས་ལ་ཁྲོ་བོ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཟོས་ལ་འཇུག་གོ།གང་གི་ཚེ་ལྷ་ཆེན་པོའི་ཁང་པའི་ལྟེ་བཤོས་ཡོད་པ་ལས་འཕྱོགས་ཏེ།གཡས ་ཕྱོགས་ནི་ས་བསྐོར་ལ་འཁྲུལ་འཁོར་གྱི་བླ་མ་བཟློས་ཤིང་འཇུག་པར་བྱའོ།།ཞུགས་པ་དང་།རྡོའི་དབྱུག་གུ་ལཱ་ལན་ཉི་ཤུ་རྩ་གཅིག་བཟླས་ལོ་བརྡུང་བར་བྱའོ།།གང ་གོ་ཚེ་རྔའི་སྒྲ་གྲག་པ་ལ་བུད་མེད་ཀྱི་ཚོགས་མ་འོངས་ན་དེ་ནས་ལྷ་ཆེན་པོའི་ལྷོའི་ས་ལ་བསྡད་ལ་འཁྲུལ་འཁོར་གྱི་བླ་མ་བཟླའོ།།དེའི་སྐད་ཅིག་ལ་བུད་མེད་ཀྱི་ཆགས ་ཐམས་ཅད་ཐུངད་དུ་འོངས་ཏེ།མཆོད་ཡོན་སྦྲེངས་ནས་སྐྱེས་བུ་དཔའ་བོ་རྣམས་འཇུག་པར་བྱེད་དོ།།ཞུགས་པ་དང་ཇི་སྲིད་འཚོའི་བར་དུ་བཞུགས་ཤིག་ཅེས་ཕྲིན་ཡིག་གངས་པར ་བྱེད་དོ།།དཀོན་མཆོག་གསུམ་དང་འཕགས་པ་ཕྱག་ན་རྡོ་རྗེ་རྟག་ཏུ་རྗེ་སུ་དྲན་པས་བཟླས་པར་བྱའོ།།འདི་ལྟར་བུད་མེད་ཀྱི་དབུས་སུ་ཉི་མ་དང་།ཟླ་བ་དང་།སྐར་མ་གནས་ཀྱི་བར ་དུ་སྡོད་དོ།།ཇི་སྲིད་འགྲོ་བར་འདོད་ན་དེས་སྦྱར་སྨན་གྱིས་བསྐུ་བ་བྱུགས་ལ།དངུལ་ཆུ་དང་།བཙུད་ལེན་དང་།གྲུབ་པའི་རྗེས་གང་འདོད་པ་དེ་བཟུང་བར་བྱའོ།།གཞུའི་འཁྲུལ་འཁོར ་ལ་ས་བྱོལ་ལ་ཡུངས་ཀར་ལ་ལན་བདུན་བཟླས་ལ་བསྣུན་པར་བྱའོ།།དེ་ལྟ་ན་ཡང་མི་ལྟུང་ན་དེ་ནས་འཁྲུལ་འཁོར་དེ་ལ་ལྷོའི་རྩེ་ནས་བསྣུན་པར་བྱའོ།།དེ་ནས་ལྟུང་ངོ་།།ཐོག་མར་འཁོར ་རྣམས་སྔོན་དུ་བཏང་ལ་བདག་ཉིད་ཕྱི་ནས་འཇུག་པར་བྱིའོ།།མོར་མེའི་མཆོད་སྡོང་ལེ་སྦྱིན་སྲེག་གི་ཐབ་ནས་མེ་སྦར་ལ་འཇུག།ཁྲོན་པ་རྣམསུ་འཁྲུལ་འཁོར་གྱི་བླ་མ་སྟོང་ཕྲག ་བརྒྱད་བཟླས་པས་སྒོ་འབྱུང་ངོ་།།ཁྱོན་པ་དེ་ན་ཡང་ཏ་ལའི་ཤིང་སྦྲུལ་གྱི་རྣམ་པར་སྣང་པོ་ལ་དྲི་མ་མེད་པའི་མིག་སྨན་དང་།རྒྱ་སྤོས་དང་།རུ་རྟ་དང་།བཱི་ལཱ་དང་།སྤང་སྤོས་དང་།ལྗོང ་རོས་དང་།གི་ཝང་རྣམས་མཉམ་པོར་སྐར་མ་རྒྱལ་ལ་སྦྱར་བའི་རིལ་བུར་བྱས་ལ་སྨན་གྱི་མཆོག་དུག་འཇོམས་པ་དེ་ཤེས་རབ་ཅན་གྱིས་བསྣུན་པར་བྱའོ།།དེ་ནས་ཏ་ལའི་ཤིང ་ཉིད་དུ་འགྱུར་རོ།།འདི་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཀའ་སྩལ་ཏོ།།འཕགས་པ་ཕྱག་ན་རྡོ་རྗེས་བཀའ་སྩལ་པའི་འཁྲུལ་འཁོར་འབའ་ཞིག་པའི་ལེའུ་སྟེ་ལྔ ་པའོ།།།།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པོའི་སྤྱོད་ཡུལ་གྱི་གནས་ན་གསང་བ་པའི་བདག་པོ་ལ་གྲེ་ན་རྡོ་རྗེ་དང་ཐབས་གཅིག་ཏུ་བཞུག་སོ།།དེ་ནས་བཅོམ་སྟོན ་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ།ལག་ན་རྡོ་རྗེ་ཇི་ལྟར་ལྷ་མ་ཡིན་ཐམས་ཅད་ཀྱི་དྲེགས་པ་གཞོམ་པ་དང་།དམ་ཚིག་ལ་གནས་པར་བྱ་བའི་ཕྱིར ་རྡོ་རྗེ་ཁྲོ་བོའི་དམ་ཚིག་འདི་སྒྲོགས་ཤིག།དེ་ནས་ལག་ན་རྡོ་རྗེ་སྟན་ལས་ལངས་ཏེ།བླ་གོས་ཕྲག་པ་གཅིག་ཏུ་གཟེར་ནས་པུས་མོ་གཡས་པའི་ལྷ་ང་སཱ་ལ་བཙུགས་ཏེ།བཅོམ ་ལྡན་འདས་ལ་བཏུད་ནས་ཐལ་མོ་སྦྱར་ཏེ་ཕྱག་བྱས་ནས།རྡོ་རྗེ་ཁྲོ་བོས་སྨྲསོ།།སྨྲས་པ་ཙམ་གྱིས་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་མེ་ལྕེ་གཅིག་ཏུ་འབར་ཏེ།འཇིག་རྟེན་གསུམ་བཀང ་ནས་སྒྲ་ཆེན་པོ་ཕྱུང་།།དེ་ནས་དེ་ལྟ་བུའི་མཚན་མ་ཆེན་པོ་དེས་ལྷ་མ་ཡིན་འཁོར་དང་བཅས་པ་ཐམས་ཅད་འདིར་ལྷ་དང་ལྷ་མ་ཡིན་རྣམས་གཡུལ་འགྱེད་པར་གྱུར་ཏོ་སྙམ ་དུ་སེམས་ཏེ།ལྷ་མ་ཡིན་རྣམས་ལ་ཐགས་བཟངས་རིས་དང་།སྟོབས་ཅན་དང་།རྣམ་པར་སྣང་བྱེད་དང་།རབ་བདེ་དང་།བདེ་མཆོག་དང་།དུས་ཀྱི་མུ་ཁྱུད་དང་།དབྱིག ་ཟ་དང་།རུས་སྦལ་ལ་སོགས་པ་འཁོར་དང་བཅས་པ་དང་།གཞན་ཡང་བགྲོད་དཀའ་ཆེན་པོ་དང་གློག་གི་ལྕེ་དང་།སྒྲ་གཅན་དང་།སྣ་བའི་ཕྲེང་བ་ཅན་དང་།འཕྲོག་བྱེད་སེར་སྐྱ་ལ ་སོགས་པ་དང་།ཡི་དགས་དང་།ལྷ་མ་ཡིན་གྱི་རྗེ་སུ་དཔྱོད་པ་དཔུང་དང་བཅས་པ་བཞོན་པ་དང་བཅས་པ་འདུས་ཏེ།བཅོམ་ལྡན་འདས་ག་ལེ་བ་དེར་ལྷག་སོ།།ལྷ་རྣམས་ཀྱིས་ཀྱང་དེ ་ལྟ་བུའི་མཚན་མ་ཆེན་པོ་དེ་མཐོང་ནས་ལྷའི་ཚོགས་གཞོན་རྣམས་དང་རང་རང་གི་རྣམ་པར་རྟོག་པ་ཇི་ལྟ་དེ་ལྟར་ལྷ་རྣམས་ཀྱི་དབང་པོ་ལ་སྨྲ་ཞིང་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས ་ཏེ་ཐལ་མོ་སྦྱར་ནས་ཕྱོགས་གཅིག་ཏུ་འཁོད་དོ།།དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ།ལག་ན་རྡོ་རྗེ་གང་འདིར་དུས་ལ་བབ་པར་ཤེས ་ན་དེང་འདིར་ས་འོག་གི་དབང་བསྐུར་བ་རྔའི་སྒྲ་དབྱངས་ཞེས་བྱ་བས་བྱིན་གྱིས་རློབས་ཤིག།སྐྱེ་བོ་མང་པོ་ལ་ཕན་པ་དང་།དོན་དང་བདེ་བར་འགྱུར།།བཅོམ་ལྡན་འདས་བདག་གིས ་ཐེག་པ་ཆེན་པོ་ལ་དད་པ་དང་ལྡན་པའི་རིགས་ཀྱི་བུའི་དོན་དུ་དོམ་ཚི་གོ་བསྟན་པས་བྱིན་གྱིས་རློབས་ལགས་ཀྱིས།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ།དེ་བཞིན་གཤེགས་པ་གཞན་གྱིས་ཀྱང་བྱིན་གྱིས་བརླབས་ལགསོ།།དེ་བདག་གིས་ཀྱང་བྱིན་གྱིས་བརླབ ་པར་འགྱིའོ།།དབང་ལྷུན་གྱི་ཕྱོགསུ་བསྡད་ལ་གནས་མཆག་དེར་མགལ་དུམ་དང་།རྡོ་བོ་དོར་ཏེ།འཁྲུལ་འཁོར་དང་ཤིང་སྡོང་སྤངས་ལ།གཞན་ཡང་བསང་གཏར ་དང་།ལྷའི་མཆོད་སྦྱིན་དང་།དཀྱིལ་འཁོར་དང་།དབང་བསྐུར་བ་བྱས་པ་དང་།བགེགས་དང་།ལོག་འདྲེན་དང་།གནོད་སྦྱིན་མཆོད་པ་བྱས་པ་དང་།དགེ་འདུན་དབང་བསྐུར་བའི ་གནས་རྣམས་དོར་ལ།དེར་ཡང་ཆུ་སྣུམ་པ་དང་།མཚོ་དང་།མཚེའུ་དང་།རི་བ་དང་།སྙམ་པའི་ཕྱོགས་མཚོན་པར་བྱས་ལ།དེ་རྣམསུ་སྔོན་བཞིན་དུ་བྱི་དོར་དྲང་ཡོངསུ་སྦྱང་བར ་བྱས་ཏེ།ཚོན་སྣ་ལྔས་གྲུ་བཞི་པ་སྒོ་བཞི་པའི་རི་མོ་བྲིས་ལ་དཀྱིལ་འཁོར་གྱི་དབུས་ཆ་བརྒྱད་པར་བྱས་ཏེ།ཡུངས་ཀར་དཀར་པོས་བྱིན་གྱིས་བརླབས་པའི་རྡོ་རྗེ་གྲཝ་བཞིར་བཞག ་པར་བྱའོ།།དེའི་དབུསུ་སངས་རྒྱས་བཅོམ་ལྡན་འདས་བྲི་བར་བྱའོ།།བཅོམ་ལྡན་འདས་ཀྱི་གཡས་ཀྱི་དྲུང་དུ་འཕགས་པ་ཕྱག་ན་རྡོ་རྗེ་འབར་བའི་ཕྱག་ཅན་གཞག་པར་བྱའོ།།དེའི་དྲུང ་དུ་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ས་འོག་རྡོ་རྗེ་དགྲ་སྟའི་ཕྱག་རྒྱན་གཞག་པོར་བྱའོ།།བཅོམ་ལྡན་འདས་ཀྱི་གཡོན་གྱི་དྲུང་དུ་བྱང་ཆུབ་སེམས་དཔའ་དྲི་ན་མེད་པའི་བློ་གྲོས་རྔ་ཡབ་ཀྱི་ཕྱག་ཅན་གཞག ་བཻར་བྱའོ།།བཅོམ་ལྡན་འདས་ཀྱི་མདུན་དུ་ལྷ་ཆེན་པོ་ཆུང་མ་དང་བཅས་པ་གཞག་པར་བྱའོ།།དེའི་མདུན་དུ་ཁྱུ་མཆོག་ཁ་འོག་ཏུ་ལྟ་བ་ནག་པོའི་གོས་ཅན་བཞག་གོ།ཤར་གྱི་སྒོར་སྨན་ཐམས། ་ཅད་བཞག་པར་བྱ་སྟེ།ོཾ་ར་བ་ཏི་དང་།མེ་ཥ་བ་ཏི་དང་།ཛྱོ་ཏི་ར་ས་དང་།བེ་ཀ་པ་ཏི་དང་།སཱུརྱ་བ་ཏི་དང་། ཛ་གནྡྷ་དང་།ཡཀྵ་ཀ་ནྱ་སྟེ།སྨན་ཆེན་པོ་འདི་བརྒྱད་བཞག་པར་བྱའོ།།དེའི་གཟུགས་ནི་སེང ་གེ་དང་།ཁྱུ་མཆོག་དང་།བྱ་རྒོད་དང་།རུས་སྦལ་དང་།སྦལ་པ་དང་།རྩངས་པ་དང་།མེ་འབར་བ་དང་།དངུལ་ཆུ་རྣམས་གནས་རྣམསུ་གོ་རིམས་བཞིན་དུ་བྲི་བར་བྱའོ།།སྨན་རྣམས་དངུལ་ཆུ་དང་། ་བཅུད་ལེན་དང་།རིགས་ཀྱི་བུད་མེད་ཀྱི་དབྱེ་བ་སུ་བཞག་པར་བྱའོ།།རྒྱུན་རྣམས་དང་གྲུབ་པའི་རྫས་རྣམས་དང་།ལྡེང་རོས་དང་།མིག་སྨན་དང་།གེ་ཝང་དང་།བུམོ་པ་བཟང་པོ་དང་།རྐང་བྱུག་དང་། ་མཆོད་ཕྱིར་ཐོགས་དང་།འཁོར་ལོ་དང་།རོལ་གྲི་དང་།དབྱུག་གུ་དང་།རྩེ་གསུམ་དང་།ཞགས་པ་ལ་སོགས་པ་བྲི་བར་བྱའོ།།དེའི་ལྷོའི་སྒོར་ལྷ་མ་ཡིན་བརྒྱད་བྲི་སྟེ།སྟོབས་ཅན་དང་།སྟོབས་ཅན ་གྱི་བུ་དང་།བདེ་མཆོག་དང་།དུས་ཀྱི་མུ་ཁྱུད་དང་།ཐགས་བཟངས་རིས་དང་།རབ་བདེ་དང་།གཞན་ལེན་དང་།དབྱུག་ཟའོ།།ནུབ་ཀྱི་སྒོར་འཁྲུལ་འཁོར་སུམ་ཅུ་ལྷག་པའི་སྟོང་གཞག་པར ་བྱའོ།།དེ་ལ་འཁྲུལ་འཁོར་ཆེན་པོ་བརྒྱད་རྣམ་པ་དང་བཅས་པ་གཞག་པར་བྱ་སྟེ།དེ་ལ་སྲད་བུ་དང་།གྲི་གུག་དང་།བུད་མེད་དང་།གཞིའི་འཁྲུལ་དང་།འཕང་འཛིན་པའི་ལག་པ་དང་། ་འོག་ཏུ་ལྟ་བའི་ཚུལ་དང་།གཞིའི་འཁྲུལ་འཁོར་ལ་ལྟ་བ་བྲི་བར་བྱའོ།།དེ་ནས་སེང་གེ་དང་།ལུག་དང་།ཆུ་སྲིན་དང་།གླང་པོ་དང་།ལྟོས་འཕྱེའི་རྣམ་པ་དང་།དཀྱིལ་འཁོར་གྱི་རྣམ ་པ་དང་།མ་བྱས་པའི་གདོང་དང་།དཔལ་གྱི་སྒོ་འདི་བརྒྱད་རྣམ་པ་དང་བཅས་པ་བྲེ་བར་བྱའོ།།གདོང་གི་འཁྲུལ་འཁོར་མཆུ་བཙུམ་པ་བྲི་བར་བྱའོ།།ལུག་གི་སྤྱི་བོར་ཕུར ་བུའི་འཁྲུལ་འཁོར་བྲི་བར་བྱའོ།།མདའ་དང་བཅས་པའི་གཞུ་དང་།ཆུ་རྒྱུན་གྱི་ལྟེ་བར་ཕུར་བུ་གཞག་པར་བྱའོ།།སྦྱིན་དང་འོད་ལི་གྲུ་བཞི་པ་དང་།བསྐོར་པོའི་འཁྲུལ་འཁོ་རོ་བྲིའོ།། ་གཉིས་དང་།འོད་འཕྲོ་བའི་རྣམ་པ་བྱི་བར་བྱའོ།།དེའང་གི་རློམས་བཞིན་དུ་རྣམ་པ་དང་བཅས་པའི་འཁྲུལ་འཁོར་ལོ་ཕུར་བུས་བསྣུན་པ་བྲི་བར་བྱའོ།།དེ་ནས་བྱང་གི་སྒོར་བུ་ག་རྣམ ་པ་དང་བཅས་པ་བྲི་བ་རེ་བྱ་སྟེ།སེང་གེ་དང་།ལུག་དང་།ཆུ་སྲིན་དང་།གླང་པོ་ཆེའི་གདོང་དང་།ལུས་འཕྱེའི་གདོང་དང་འ་ཁ་ལང་གི་གི་དོང་དང་།དཀྱིལ་འཁོར་དང་།མ་བྱས་པའི་གདོང ་གི་རྣམ་པ་སྟེ།དཔལ་གྱི་སྒོ་བརྒྱད་ཕུར་བུས་བསྣན་པའི་རྣམ་པ་དང་བཅས་པ་བྲི་བར་བྱའོ།།དེའི་དབུས་སུ་ཆུ་རྒྱན་དབྱུག་གུ་ད་བཅས་པ་བྲི་བར་བྱའོ།།གྲཝ་བཞིར་སྒྲོ་བྲལ་བཞི་བྲི ་པར་བྱའོ།།མེར་མེའི་ཐབ་ཁུང་ངོ་།།བདེན་བྲལ་དུ་དུ་བའི་ཐབ་ཁུང་ངོ་།།རླུང་དུ་ཆུའི་ཐབ་ཁུང་ངོ་།།དབང་ལྡན་དུ་སྦྲུལ་བཞག་པར་བྱའོ།།དེ་ནས་ས་དཀར་པོ་ཕྲ་བ་དྲི་ཞིམ་པའི་གདུགས ་བཞི་དང་།དབྱིག་དང་བཅས་པའི་ནོར་བུས་བྱིན་གྱིས་བརླབས་ལ་ཤིན་ཏུ་དྲི་ཞོམ་པའི་ཆུ་གཙང་མས་ཡོངསུ་བཀང་བའི་བུམ་པ་རྩེ་བ་ནག་པོ་མེད་ཅིང་ཞིམ་པོ་ས་ཡོངསུ་བྱུགས་པ ་།བཞག།ཕྱིའི་དཀྱིལ་འཁོར་གྱི་ཕྱོགས་གྲཝ་བཞི་པའི་ཤཱར་གྱི་སྦྱོར་གནས་གཙུག་ཏུ་ལྷམ་ཡིན་གྱི་དབང་པོ་སྟོབས་ཅན་དང་།བགོད་དཀའ་ཆེན་པོ་བྲི་བར་བྱའོ།།དེའི་ལྟར་རྣམ་པར་སྣང ་བྱེད་དང་།ཧ་རི་ཏིའི་པི་ག་ལ་ཞེས་བྱ་བ་བྲི་བར་བྱའོ།།དེའི་ནུབ་ཀྱི་སྒོར་སྣང་བའི་ཕྲེང་བ་ཙན་དང་།རྔ་བོ་ཆེ་སྟེ།ལྷ་མ་ཡིན་གྱི་དབང་པོ་དེ་དག་བྲི་བར་བྱའོ།།དེ་ནས་མཆོད་པ་ཤ་མེད་པའི་ལྷ ་བྲྀ་ཤོས་བྱ་བ་སྟེ།གཅིག་ནི་སངས་རྒྱས་བཅོམ་ལྡན་འདས་ལའོ།།གཉིས་པ་ནི་དྲི་མ་མེད་པའི་བློ་གྲོས་ལའོ།།གསུམ་པ་ནི་རྡོ་རྗེ་འཛིན་པ་ལའོ།།བཞི་པ་ནི་ཁྲོ་བོའི་རྒྱལ་པོ་ལའོ།།ལྟ་པ ་ནི་ལྷ་ཆེན་པོ་ལའོ།།དེ་ནས་ཇི་ལྟར་འབྱོར་པས་ལྷ་མ་ཡིན་གྱི་དབང་པོ་རྣམས་ཀྱི་གཏོར་མ་དང་།འབྱུང་པོ་ཐམས་ཅད་པའི་གཏོར་མ་སྦྱིན་པར་བྱའོ།།དེ་ནས་དྲི་ཐམས་ཅད་དང་།མེ་ཏིག ་དང་།ཕྱེ་མ་ལ་སོགས་པའི་ལྷ་བཤོས་སྦྱིན་ནོ།།དེ་ནས་ལྷ་རྣམས་འཆིང་བར་བྱེད་པའི་སྤུ་ནཱི་ཨོཾ་བཛྲ་གརྦྷེ་བཛྲ་གརྦྷེ་ཕཊ་ཧཱུ་དི་ཀི་རི་ཎི་སྭཱ་ཧཱུ~ཾ།།དེ་ན་སོ་མཚམས་བཞི་རུ་ལག་པ་ཕྱག་རྒྱས ་བྱིན་གྱིས་བརླབས་པས་ལོག་འདྲེན་བཅིང་བར་བྱའོ།།དེའི་སྔགས་ནི་ན་མཿས་མནྟ་བཛྲ་ཎཱི།ོཾ་བཛྲ་པཱ་ལ་ཡ་སྭཱ་ཧཱ།།ཞེས་ལན་གསུམ་དུ་བརྗོད་དོ།།རྡོ་རྗེ་ལྕགས་སྒྲོག་གོས་བཅིང ་བ་དང་དགུག་པར་བྱའོ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ལྷ་ཐམས་ཅད་མེ་ཏོག་གིས་དགུག་པར་བྱའོ།།ན་མསྟྲཻ་ཡ་དྷྭི་ཀཱ་ནཱ།སརྦ་ཏ་ཐཱ་ག་ཏཱ་ནཱ~ཾ། ན་ལ་བྷཱ་ཀཱ་ནཱཾ་ན ་མཿསྭཱཧཱ།།དེ་ནས་སྐྱེས་བུ་དཔའ་བོས་སྔགས་འདིས་བསྲུང་བར་བྱཱ་སྟྭཾ།ོཾ་དུཎྜ་རོ་ཛྭཱ་ལ་ཛྭ་ལ་ནཱ་མོ་བཛྲ་སཱ་ག་རཱ་ཡ་སྭཱཏྨ།།འདིས་བསྲུངས་ནས་རས་དཀའ་པོ་ཕྲ་བ་དྲི་ཞིམ ་པོས་གདོང་གཡོགས་ཏེ་འཁྲུལ་འཁོར་གྱི་བླ་མ་བཟླ་ས་ལ་སྐྱེས་བུ་དཔའ་བོས་ཆོས་ཀྱི་གྲུ་ལྟ་བུའི་ཤིང་ལྷ་མ་བསྐོན་ཏེ།ལག་པ་གཡས་པ་རུ་སྦལ་གྱི་ཕྱག་རྒྱ་འམ།ལྷ་མ་ཡིན་གྱི་ཕྱག ་རྒྱ་བཅིངས་ལ།རྩ་བ་ནག་པོ་མེད་པའི་བུམ་པ་ལོ་མ་བཟང་པོ་དང་ལྡན་པའི་ཆུས་ཤར་གྱི་སྒོར་འཁྲུལ་འཁོར་གྱི་བླ་མ་ཟློས་ཤིང་དབང་བསྐུར་བར་བྱའོ།།དེ་ལྟར་དབང་བསྐུར་བ་དེའི ་རྗེ་སུ་ལག་པ་རྡོ་རྗེའི་ཕྱག་རྒྱས་མེ་ཏོག་དོར་རོ།།མེ་ཏོག་གང་ལ་ལྷུང་བ་དེའི་ལྷའི་རིགས་འགྲུབ་པོ།།དེ་ནས་གདོང་བཙོངས་པ་དཀྲོལ་ལ་དབང་བསྐུར་བ།།དེ་ལ་སྐྱེས་བུ་དཔའ་བོས ་དཀྱིལ་འཁོར་བསྟེན་པར་བྱའོ།།ལྷ་མ་ཡིན་གྱི་དབང་པོ་རྣམས་ཀྱི་གནས་དང་།མཚོན་ཆ་དང་།དངུལ་ཆུ་དང་།བཅུད་ལེན་དང་།བུད་མེད་ཀྱི་ཚོགས་དང་།གྲུབ་པའི་རྫས་དང་།དེ ་དག་གི་དཀྱིལ་འཁོར་མཐོང་ན།ལྷ་དང་།ལྷ་མ་ཡིན་གྱི་དམ་ཚིག་གི་ཚེགསུ་འགྲོ་བར་འགྱུར་རོ།།སྔོན་དུ་བསྙེན་པ་མ་བྱས་ཀྱང་འཁྲུལ་འཁོར་འཇིག་པར་འགྱུར་རོ།།དེ་དག་གིས ་ཉེ་བར་མི་རྩེད་དོ།།ལྷ་མ་ཡིན་ཐམས་ཅད་ཀྱི་ཁང་པ་དང་།དངུལ་ཆུ་དང་།བཅུད་ལེན་དང་།བུད་མེད་དང་མཚོན་ཆ་དང་།རྒྱན་དང་།སྒྱུ་མ་ལ་སོགས་པའི་འཁྲུལ་འཁོར་རྣམ་པ ་སྣ་ཚོགས་པ་དེས་དབང་དུ་འགྱུརརོ།།སྒྱུ་མས་སྤྲུལ་པ་འམ།ལྷ་མ་ཡིན་གྱི་སྤྲུལ་པ་རྣམས་སམ།གཞན་ཡང་དྲང་སྲོང་དང་།གྲུབ་པས་རབ་ཏུ་སྦྱར་བའི་འཁྲུལ་འཁོར་ལ་སོགས་པ་ལྟུང་བ ་དྲང་དབང་དུ་བྱེད་ནུས་པར་འགྱུརརོ།།གང་དག་དཔལ་ཀྱེ་སྦྱོར་འཇུག་པརའི་དོད་ན་སྔོན་དུ་རྡོ་རྗེ་ཁྲོ་བོས་བཟླས་ལ་དཔལ་གྱི་སྒོར་བརྗོད་པ་དང་།སྦྱོང་བས་སྲེག་པ་ལ་སོགས་པ་བྱས་ཏེ།བ ་སེར་སྐྱའི་ལྕི་བས་དཀྱིལ་འཁོར་བྱུགས་ལ་གཏོར་མའི་ཚིག་བྱས་ནས་ཁའི་རྣམ་པའི་ཐོབ་ཁུང་གི་སྟོང་དུ་ཨ་པ་མརྒའི་ཡུམ་ཤིང་ལ་མེ་སྦྱར་ལོ། བེ་མརྒའི་འབྲས་བུ་སྟོང་ཕྲག་བརྒྱད ་སྦྱིན་པོ་སྲེག་བྱའོ།།དེས་འཁྲུལ་འཁོར་ཐམས་ཅད་ལྟུང་བར་འགྱུར་རོ།།དེ་ནས་རའི་ལྤགས་པའི་རེལ་གུ་གྱོན་ལ་ལག་ཏུ་མཚོན་ཆ་ཐོགས་ཏེ་མར་མེའི་མཆོད་སྤོང་བ་ལང་གི་རྔ་མའི་ལྤགས ་པོ་བཅིངས་ལོ།ཤུལ་མ་ལིའི་འདོག་པས་བཀང་སྟེ་ཛྱོ་ཏི་སཱུ་ཏའི་འབྲུ་མར་ལ་སྔགས་འདིས་མེ་སྦྱར་རོ།།ཾ་དྷཱུ་པི་རཱུ་པི་པྲ་ཛྭ་ལི་ནཾ་སྭཱ་ཧཱ།།ཡང་ན་བུ་ག་གང་གི་རྣམ་པར་གྱུར་པ་དེ་བཞག ་ལ་སྔགས་འདིས་མེ་སྦར་ཏེ།འཁྲུལ་འཁོར་གྱི་བླ་མ་བཟླའོ།།མུན་པ་མུན་ནགེ་ཐམས་ཅད་འཇོམས་པར་འགྱུར།།བདག་དང་ལྷན་ཅིག་སྤྱོད་པ་ཐམས་ཅད་སྨན་གྱིས་ལུས་བྱུག་གོ།སྨན ་ནི་འདི་དག་སྟེ།རྒྱུ་སྒྲས་དང་།གུར་གུམ་དང་།རུ་ཏྱེ་དང་།སྤང་སྤྲིས་དང་།སུག་སྦྲེལ་དང་།མུ་ལི་ཀ་དང་།དརྦྷ་ཨུད་པ་ལ་དང་།སཾཀྵྨེ་དང་།བྷཱུ་བྷཱི་དང་།ན་མེ་སྐ་རི་དང་།ནདྷ་ད ་ཡནྟི་དང་།རྨ་བྱའི་གཙུག་པུད་དག་སྟེ།འདྲི་རྣམས་ཀྱི་ཕྱེ་མ་སྒྱུམ་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་སྟེ།ཆུའི་འཁྲུལ་ལཁོར་དང་།སྦྱིན་དང་།དངུལ་ཆུ་དང་།། ་བཅུད་ལེན་དང་།བུད་མེད་ཀྱི་དབུས་སུ་འཇུག་པ་དང་།ལྷ་མ་ཡིན་གྱི་བུ་མོ་འགུ་གས་པ་ན་ཆོ་ག་ཕྲ་མོ་བྱས་ཏེ།འཁྲུལ་འཁོར་གྱི་བླ་མ་བཟླས་ནས་དེའི་རྐང་པ་ལེགས་པར་བྱུགས་པས། ་སྦྱིན་ལ་སོགས་པའི་འཁྲུལ་འཁོར་ཐམས་ཅད་འབྱུང་བར་འགྱུར།།དེར་འཇུག་པ་ན་སྔོན་དུ་བཛྲཱ་ཏོན་དྷུ་ལ་བསྒྲགས་ལ་ཀཱ་ར་དང་ལྷན་ཅིག་ཏུ་ཟོས་ལ་འཇུག།ལྷའི་ཁང་པའི་ལྷ ་བོ་ཤོས་མི་བཟའོ།།ལྷའི་གྲོང་ལ་གཡས་ཕྱོགས་ནས་བསྐོར་ལ་འགྲོའོ།།རྔའི་ཁང་པར་འཇུག་གོ།།ཇིའི་འོག་ཏུ་རུ་སྦྲུལ་གྱི་ཕྱག་རྒྱ་འབྲིའོ།།དབྱུག་གུ་ལ་འཁྲུལ་འཁོར་གྱི་བླ་མ ་བརྒྱ་རྩ་བརྒྱད་བཟླས་ཏེ་རྐང་པ་གཡོན་པོས་མནན་ལ་ཁྲོ་བོའི་རྒྱལ་པོ་ཟློས་ཤིང་བརྡུང་ངོ་།།འཇུག་པའི་སྔོན་དུ་མཆོད་ཡོན་དང་།ཞབས་བསིལ་དང་།འཐོར་འཐུང་བཟུང་ནས ་མ་འོངས་ནི་ཐམས་ཅད་དེར་མཆི་བར་འགྱུར་རོ།།ཅི་ནས་ཀྱང་འོང་བར་འགྱུར་རོ།།འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཉིད་ཀྱིས་གསུང་སོ།།ཡང་ན་ཕྱག་རྒྱའི་སྟེང་དུ་རྐང་པས ་རྐང་པ་མནན་ལ་ཁ་བྱང་དུ་ཕྱོགས་ཏེ།ཕྱག་རྒྱ་བཅིངས་ལ་ཅུང་ཟད་ཅིག་བཟླའོ།།རྐང་འོག་གི་ནང་ན་གནས་པ་ཐམས་ཅད་དང་།ལྷ་མ་ཡིན་གྱི་བུ་མོ་ངེས་པར་འོང་བར་འགྱུརརོ།། ་ཇི་ལྟར་འདོད་པའི་དངུས་ཚྭ་དང་།བཱནད་ལོནྡྲ་དང་།གྲུབ་པའི་རྫས་རྣམས་སྟེར་རོ།།དེ་ནས་ཛཱི་ལྟར་འདོད་པའི་དུས་དེ་སྲིད་དུ་དེ་རྣམས་དང་ལྷན་ཅིག་ཏུ་གན་སོ།།དེ་ནས་འོད་བར་འདོད་ན་སེམས ་ཅན་ལ་ཕན་པར་བྱེད་པའི་རྫས་མཛེས་པ་ཇི་ལྟར་འདོད་པ་བཟུང་ལ་གང་འདོད་པ་དེ་གདོན་མི་ཟ་བར་འདོང་བར་བྱའོ།།དེ་ནས་འཁྲུལ་འཁོར་གྱི་དབྱིབས་ཀྱི་རྣམ་པ་སེམས་ལ་བྲིས་ལ ་ལྷ་མ་ཡིན་གྱི་ཕྱག་རྒྱ་འམ།གཞན་གྱི་ཕྱག་རྒྱ་བཅིངས་ལ་བཟླའོ།།དེའི་སྐད་ཅིག་ལ་སྣང་བ་ཆེན་པོ་བྱུང་ནས་སྒོ་གྲོལ་བར་འགྱུར་རོ།།སོམ་ཉི་མཽད་པར་ཇི་ལྟར་འདོད་པར་འགྲོའོ།། ་དཔག་ཏུ་མེད་པོའི་སྟོབས་ཀྱིས་ཕ་རོལ་གོནན་པར་འགྱུར་རོ།།ཡིད་ལྟར་མགྱོགས་པ་དང་།ཇི་ལྟར་འདོད་པའི་རྒྱལ་པོ་གདུལ་དཀའ་བར་འདུལ་བར་འགྱུ་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ ་འཛིན་པས་བཀའ་སྩལ་ཏོ།།རྡོ་རྗེ་རྔ་བོ་ཆེ་ས་འོག་གི་དཀྱིལ་འཁོར་ཞེས་བྱ་བ་དོན་ཡོད་པ་ལྷ་མ་ཡིན་གྱི་གཙོ་བོ་སྐྱེས་བུ་དཔའ་བོ་རྣམས་དབང་བསྐུར་བ་འདི་ལས་གཞན་པ་མེད་དོ།། ་རྡོ་རྗེ་རྔ་བོ་ཆེ་ས་འོག་གི་ཕྱག་རྒྱ་དང་དཀྱིལ་འཁོར་ཞེས་བྱ་བ་ལས་དོན་ཡོད་པའི་ལེའུ་སྟེ་དྲུག་པའོ།།།།དེ་ནས་རྡོ་རྗེ་ས་འོག་ལས།གསུངས་པའི་དབང་བསྐུར་རབ་བཤད་བྱ།།ས ་འོག་དཀྱིལ་འཁོར་གསོང་བ་ཡི།།རྔ་ཡི་སྒྲ་དབྱངས་བྲི་བར་བྱ།།དེ་ནས་རུ་སྦལ་ཕྱག་རྒྱ་གཞག།ཡུངས་ཀར་དཀར་པོའི་སྟེང་དུའོ།།མཆོད་པའི་ཆོ་ག་བྱས་ནས་སུ།།ཕྲ་བའི ་རས་ཀྱིས་རྒན་པ་ཡི།།བུམ་པརྞྞ་བཱ་མི་གནག་པ།།རིན་ཆེན་སྨན་གྱིས་ཡོངས་བཀང་ལ།།གཏོད་མུ་གཡས་བསྐོར་བྱན་ནས་སུ།།ཕྱག་རྒྱའི་སྟེང་དུ་བཞག ་པར་བྱ།།སྔོན་དུ་བཤད་པའི་ཆོ་ག་ཡིས།དཀྱིལ་འཁོར་བྱིན་གྱིས་བརླབས་པར་བྱ།།ལྷ་དག་སྤྱན་དང་བྱས་ནས་སུ།།ཇི་ལྟར་རིགས་པའི་མཆོད་པ་བྱ།།བྱང་ཆུབ་སེམས་ནི་བསྐྱེད ་ནས་སུ།།སྡིག་པ་ཡང་ནི་བཤག་པར་བྱ།།དེ་ནས་རྡོ་རྗེའི་ཕྱག་རྒྱ་བཅིང་།།གསོང་བའི་དཀྱིལ་འཁོར་ཕྱི་རོལ་ཏུ།།གྲུབ་པའི་རྡོ་རྗེའི་ཆུ་ཡིས་སུ།།དོན་ས་དབང་བསྐུར་བ་ནི་བྱ།། ་ཇི་ལྟ་བ་ཡི་དབང་བསྐུར་ལ།།དེ་ལྟ་བུ་ཡི་བུམ་པ་དགོད།།གོང་གི་དཀྱིལ་འཁོར་ཆོ་ག་ལ།།ཕྱག་རྒྱ་གཏོར་མའི་ཆོ་གར་བཤད།།དབང་བསྐུར་ཕྱིར་ནི་འབད་པ་ཡིས།།ཕྱག་རྒྱ ་བཅིངས་ལ་གནས་པར་བྱ།།སྔོན་དུ་བསྙེན་པ་བྱས་ནས་སུ།།དངུལ་ཆུའི་བྱ་བ་སྤང་བར་བྱ།།མདོ་སྡེའི་རྗེས་འབྲང་ཆོ་ག་ཡིས།།མཆོད་རྟེན་གྱི་ནི་ལས་བྱའོ།།གྲོགས་རྣམས ་ཀུན་དང་རྣམ་གྲོལ་ཏེ།།སློངས་མོ་ཟ་ཞིང་མཉ་མོ་གཞག་པས།།མྱུར་དུ་དངོས་གྲུབ་ཐོབ་པརཱ་འགྱུར།།ཕྱག་ནི་རྡོ་རྗེས་བྱིན་གྱིས་རློབ།།འཕགས་པ་རྡོ་རྗེས་འོག་གི་སྒྲུབ་པང་། ་བྱེད་པའི་དབང་བསྐུར་བའི་ལེའུ་སྟེ་བདུན་པའོ།།།།དེ་ནས་འདིར་བཅོམ་ལྡན་འདས་འཇིག་རྟེན་གསུམ་གྱིས་ཞབས་ལ་རྗེད་ལ།ཁྲོ་བོ་ཆེན་པོ་རྡོ་རྗེ་ས་འོག་གི་བྲིས་སྐུའི།། ་ཚིག་བརྗོད་པར་བྱའོ།།གཞོན་ནུ་མསཱ་བཀལ་བའི་སྲད་བུ་བ་ལུང་གི་ཆུས་བཀྲུས་ཏེ།ཡན་ལག་བརྒྱད་པའི་གསོ་སྦྱོང་ལ་གགུནས་པའི་ཐགས་མཁན་གྱིས་བཏག་པར་བྱའོ།།རས་སུ ་གྱུར་པ་དང་སྔགས་པའི་ཁྲུ་པའི་སྲིད་ལ་ཞེང་དུ་ཁྲུ་གང་དང་སོར་བརྒྱད་པ་ལ།རི་མོ་མཁན་ཡན་ལོག་བརྒྱད་པའི་གསོ་སྦྱོང་དང་ལྡན་པ་ལ་སྲུང་བ་བྱས་ཏེ།མཆོད་ཡོན་ཕུལ་ལ། ་བཅོམ་ལྡན་འདས་ཨུད་པལ་སྔོན་པོའི་ཁ་དོག་ཅན་ཁྲོ་བོ་སྤྱན་དམར་པོ།།ཡ་སོས་མ་མཆུ་མནན་པ།གནས་གསུམ་གཡོ་བ།ཁྲོ་གཉེར་བསྡུས་པ།གདུ་བུ་དང་།སྐ་རགས་དང ་རྐང་གདུབ་དང་།དཔུང་རྒྱན་དང་།རིན་པོ་ཆེའི་ཅོད་པན་གྱིས་སྤྲས་པའི་རལ་པའི་ཐོར་ཚུགས་ཅན།མི་མགོ་རློན་པའི་ཕྲེང་བས་རྒྱན་པའི་མཆོད་ཕྱིར་ཐོགས་འཆང་བ།།གདུ་བུ་དང ་འཁྱིལ་པས་རྣ་བ་རྒྱན་པ།།རལ་པའི་ཐོར་ཚུགས་ཀྱི་སྟེང་དུ་པདྨའི་སྐྱིལ་ཀྲུང་གི་ས་བཞུགས་པ།ཆོས་འཆད་པའི་ཚུལ་ཅན།བཅོམ་ལྡན་འདས་མི་འཁྲུགས་པ་བྲི་བར་བྱའོ།། ་ལོག་པ་གཡས་པར་རབ་ཏུ་འབར་བའི་རྡོ་རྗེའོ།།གཉིས་པར་ལྕིགསོ་ཀྱུའོ།།གཡོན་པར་པདྨའི་མཛོད་ཀྱི་ནང་དུ་ཡིད་བཞིན་གྱི་ནོར་བུས་གང་བ་འཛིན་པའོ།།གཡོན་པའི་གཉིས་པ ་ལྷ་མ་ཡིན་བསྡིགས་པའི་མཛུབ་མོའོ།།རྒྱ་མཚོ་ཆེན་པོའི་ནང་དུ་པདྨ་ཆེན་པོའི་སྟེང་ན་བཞུགས་པ།འགྲན་ཟླ་དང་བྲལ་བ་གཅིག་པུའོ།།གཡས་པའི་ལག་པའི་འོག་ཏུ་སྒྲུབ་བྱེད ་པདྨའི་སྟེང་དུ་བུས་མ་བཙུགས་པ་པདྨའི་སྡོང་བུས་བརྒྱན་པའི།ལག་པ་ཅན་བྲི་བར་བྱའོ།།དེ་ནས་སྔར་བཤད་པའི་གནས་རྣམསུ་རྗེ་སུ་འཐུན་པའི་རབ་ཏུ་གནས་པ་དང་།། ་མཆད་པ་བྱས་ལ་རིང་བསྲེལ་ཅན་གྱིས་མཆོད་རྟེན་གྱི་མདུན་དུ་འབུམ་ཕྲག་བཅུ་བཟླས་པར་བྱའོ།།དེ་ནིས་ལས་ཐམས་ཅད་བྱེད་པར་འགྱུར་རོ།།དཔལ་གྱི་སྒོར་བྲི་བ་སྐུ་བཞག་པར་བྱའོ།།། ་ཇི་ལྟར་འདོད་པར་རོ།།དཔེལ་དང་ལྡན་པས་བ་ལང་གི་ལྤགས་པའི་སྟེན་ལ་གོས་དམར་པོ་གྱོན་ཏེ།དུག་དང་ཁྲག་བསྲེས་ལོ་མིའི་རུས་པས་བཅུས་ཤིང་བརྒྱ་ཕྲག་བརྒྱད་བསྲེགས ་བླུགས་བྱའོ།།བུ་གའི་འཁྲུལ་འཁོར་ཐམས་ཅད་འཇེམས་པར་འགྱུར་རོ།།བཅོམ་པ་དང་།དངུལ་ཆུ་དང་།བཅུ་དེ་ལན་དང་།བུད་མེད་ཀྱི་གྲོང་དུ་འཇུག་པར་འགྱུར་རོ།།འཁྲུལ་འཁོར་རྣམས ་བཀའ་བཞིན་དུ་སྒྲུབ་པར་འགྱུར་རོ།།ཕྱག་རྒྱས་ལྷ་ཐམས་ཅད་འགུགས་པར་བྱེད་དོ།།འདི་ལྟ་བུས་གང་ཇི་ལྟར་སེམས་པའི་བསམ་པ་དང་།གང་ཇི་ལྟར་སེམས་པའི་ལས་དང་།གང་ཇི་ལྟར ་སེམས་དཔའི་ཆོ་ག་ཐམས་ཅད་དཀའ་བཞིན་དུ་བྱེད་པར་འགྱུར་རོ།།བསྒོ་བ་ཉན་པར་འགྱུརརོ།།གང་ཞིག་ཀླུའི་རྒྱལ་པོ་བྲིས་ནས་དེའི་མདུན་དུ་བཱིས་སྐུ་བཀྲམ་སྟེ།རྐང་པ་གཡོན་པས་མནན ་ལ། སྟོང་ཕྲག་བརྒྱ་བཟླས་པར་བྱའོ།།ཀླུའི་རྒྱལ་པོ་དེ་འོངས་ནས་ཅི་བགྱི་ཞེས་སྨྲ་བར་འགྱུརརོ།།དེས་སྨྲས་པ།ངའི་བཀའ་བཞིན་དུ་གྱིས་ཤིག་ཅིས་བརྗོད་དོ།།ངས་ཅི་བསྒོ་བ་ཉན་པར། ་འགྱུརརོ།།ཀླུ་ཐམས་ཅད་ཀྱི་ཁང་པ་རྣམསུ་འཇུག་པར་འགྱུ་རོ།།དེ་དག་ལ་འདི་དག་ཐམས་ཅད་ཀྱིས་ཤིག་ཅེས་བཀའི་བསྒོ་བ་ཉན་ནོ།།དེ་བཞིན་དུ་ལུས་ངན་རྣམས་དང་།གནོད་སྦྱིན་རྣམས་དང་། ་འབྱུང་བ་རྣམས་དང་།སྲིན་པོ་རྣམས་དང་།བྱར་འདབས་རྣམས་ཀྱི་གནོད་སྦྱིན་མོ་ལ་སོགས་པ་ཐམས་ཅད་དཀའ་བཞིན་བྱེད་པར་འགྱུརརོ།།ཅི་བོ་སྒོ་བ་ཉན་ནོ།།གྲོགས་མཁར་བདུན་གྱི་རྩེ་མོའི་ས ་བསྡུས་ཏེ།དེ་ལས་ན་མཁའ་ལྡིང་བྱས་ལ་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་དྲུང་དུ་བྲིས་སྐུ་བཀྲམ་སྟེ།དགོན་པ་འམ།གཞན་གང་ཡང་རུང་བར་དེའི་སྟེང་དུ་བསྡད་ལ།སྟོང་ཕྲག་བརྒྱ་བཟླའོ།།དེའི་སྟེང་།། ་དུའི་གྲོའོ།།སྲིད་མེད་ཀྱི་བུ་ཆེན་པོའི་སྟོབསུ་འགྱུར་རོ།།སྤྲུལ་པ་ཆེན་པོ་བྱེད་དོ།།ཐམས་ཅད་གྲུབ་པའི་རིག་པ་འཛིན་པ་རྣམས་ཀྱི་འཁོར་ལོས་བསྒྱུར་བར་འགྱུར་རོ།།ལེས་ཐམས་ཅད་པ་ལྟ་བུར།། ་ཚེ་དཔག་ཏུ་མེད་པ་དང་།འཆི་བ་ལ་དབང་ཐོབ་པ་དང་།འདོད་ན་སངས་རྒྱས་ཀྱི་ཞིང་རྣམ་སུ་སྐྱེ་བ་དང་།དེ་ནས་ཡང་ཤི་འཕོས་ནས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའི་དགེ ་བའི་བཤེས་གཉེན་གྱིས་རྗེསུ་འཛིན་པར་འགྱུར་རོ།།འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ཀྱི་སྤྲོནི་ཆེན་པོ་འབེབས་པར་བྱེད་ཅིང་རྐང་འོག་ཐམས་ཅད་ཀྱི་ནང་དུ་རིག་པ་དང་།སྤྱོད་པ་དང་།རིན ་པོ་ཆེའི་འབྱུང་ཁུངས་ཐམས་ཅད་ཀྱི་གཙོ་བོ་དང་།མཆོག་སྟེར་བ་དང་།འཁོར་ལ་འཛིན་པ་ལྟར་གཅིག་ཏུ་དཔའ་བོའི་རྒྱལ་པོ་ཆེན་པོར་འགྱུར་རོ།།འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན ་བསྡུ་གཱཀཱ་སྩལ།འགྶས་པདུ་རྒྱས་འག་ཏྱཱ་ལ་སྣ་ཐམས་ཅད་སྒྲུབ་པར་བྱེད་འི་འུ་སྟེ་བརྒྱད་པའོ།།།དོ་ནས་ལྷྭམ་ཡོན་ཐམས་ཅད་ཀྱིས་མཛོད ་བམཆོག་ཏུ་གསང་བའི་བྲིས་སྐུ་བཤད་པར་བྱའོ།།གཞོན་ནུམས་པ་ཀོལ་བའི་ཁ་ཚར་མ་བི་ཙད་ཙྪིངོ་སྒྲ་མེད་པའི་རཱསཱ་ལ་རི་མོ་མཁན་གསོ་སྦྱོང་དང་ལྡན་པས་ཁ་དོག་མ་འདྲེས་པ་སྣོད ་གསར་པར་བཞག་ལ།ཁེ་དོག་དམར་པོ་ཕྱག་བཞི་པ།།སྦྲུལ་གྱི་སྐུ་རགས་ཀྱིས་རྒྱན་པ།།སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན།།སྤྲིན་གསྦྱོར་པ་ལྟ་བུ་མཆུ་སྦྱར་བ།དཔྲལ་ཟེ ་ཁྲོ་གཉེར་བསྡུས་པ།རྡོ་རྗེ་དང་བཅས་པའི་མགོ་པའི་ཕྲེང་བ་ཅན།།གཡས་པར་དགྲ་སྟྭ་དང་།ཡང་རྡོ་རྗེའོ།།གཡོན་པའི་བསྡིགས་མཛུབ་ཀྱིས་དཔལ་གྱི་སྒོའི་བུ་ག་གསལ་བར ་བྱི་པ།གཡོན་པའི་གཉིས་པར་ལྟོས་འགྲོ་ཆེན་པོ་བསྐྱིལ་བའི་ཞགས་པ་འཆང་བའོ།།འོག་ཏུ་གཟིགས་པ།ཞལ་མཆེ་བ་གཙིགས་པ།དྲབ་པོའི་གཟུགས་ཅན་མ་མོས་པར ་གྱུར་པས་བྲི་བཱར་བྱ་རྣམ་པར་བྲལ་བ་འམ།སྐྱེད་པའི་ཕྱོགས་མེ་ཏོག་དང་འབྲུས་བུ་ལྡན་པའམ།བྱུ་གའི་མྱུར་འབུམ་ཕྲག་དྲུག་བཟླང།།དེའི་སྐྱོན་དུ་དེ་ལྟར་བྲིས་སུ་དེ་གདུན ་བཻ་ཅན་འགའ་ཡིས་ཀྱང་མ་མཐོང་བ་དེ་ལྟར་བྱའོ།།དེ་ནས་རྡོ་རྗེས་བསྣུན་པའི་ཤིང་གིས་སེ་བསྲེགས་ལ་ཕྱོགས་དེར་ཡུངས་ཀེར་དཀར་པོ་ལ་རྡོ་རྗེ་ཁྲོ་བོས་ཡོངསུ་བསྔགས ་གདབ་པར་བྱའོ།།དེ་ལས་སྐྱེས་པའི་ས་བོན་དེ་བཟུང་བར་བྱའོ།།དེ་ནུས་རྡོ་རྗེས་བསྣུན་པའི་ཤིང་ལ་མེ་སྦྱར་ཏེ།རྡོ་རྗེའི་རྣམ་པའི་ཐབ་ཁྲུང་དུ་ཡུངས་ཀར་དེ་དང་།ཙཱན་དན་དམར་པོ་བསྲེས་ལས ་སྟོང་ཕྲག་བརྒྱད་བསོགས་བློགས་བྱའོ།།ཉི་མ་བཞི་པ་ལ་ལྷོ་མ་ཡིན་གྱི་གྲོང་ན་གནས་པའི་བུད་མེད་ལས་དྲོ་བ་དང་ལྡན་པས་ངེས་པར་འོངས་ནས་སྟོན་པར་འགྱུར་རོ།།དེ་རྣམས་དང་ལྷན་ཅིག ་ཏུ་འཇུག་པར་མི་བྱའོ།།དེ་རྣམས་དང་སྨྲ་བར་མི་བྱའོ།།ཉི་མ་ལྔ་པ་ལ་བསྲེགས་བླུགས་བྱས་པའི་མཐར་འཁྲུལ་འཁོར་ཐམས་ཅད་ལ་དུ་བ་འབྱུང་བར་འགྱུར་རོ།།དེ་ནས་བུད་མེད་དེ་དག ་འོངས་ཏེ།སྐྱེས་བུ་དཔའོ་བྱོན་པར་ཞུ་ཞེས་སྨྲ་པོར་འགྱུ་རོ།།དེར་ཡང་འཇུག་པར་མི་བྱའོ།།བསྲེགས་བླུགས་བྱས་པ་དང་།ཉི་མ་དྲུག་པ་ལ་ཁང་པ་ཐམས་ཅད་ལ་དུ་བ་འབུལ་བར ་འགྱུར།།འཁྲུལ་འཁོར་གྱི་གྲན་སུ་ཀཽ་ཊི་ཀི་ཊ་ཞེས་སྒྲོག་པར་འགྱུར་རོ།།དེ་ནས་བུད་མེད་དེ་རྣམས་མིག་མཆི་མོས་གང་བཞིན་དུ་གྲུབ་པའི་རྫས་དང་།རིན་པོ་ཆེ་ཐམས་ཅད་བཟུང ་ནས་འོང་བར་འགྱུར་རོ།།རང་གི་ཕྱག་རྒྱ་བསྟན་ལ་བླང་བར་བྱའོ།།གལ་ཏེ་མི་འདོད་ཡང་ཉི་མ་བདུན་པ་ལ་སྦྱིན་པ་སྲེག་བྱའོ།།གང་སྔོན་དུ་ཞུགས་པ་དེ་ཐམས་ཅད་འཆི་བར་འགྱུར་རོ།། ་འཁྲུལ་འཁོར་ཐམས་ཅད་ལྟུང་བ་དང་འཇོམས་པར་འགྱུར་རོ།།ཆོ་ངེས་འདེབས་ཤིང་ངེས་པར་འོང་བར་འགྱུ་རོ།།དེ་དག་ལ་མི་འཇིགས་པ་བྱིན་ལ་ཕྱི་ནས་འཇུག་པར་བྱའོ།།འཕགས ་ཁ་རྡོ་རྗེས་འོག་གི་རྒྱུད་ལས་ལྷ་མ་ཡིན་གྱི་བུ་མོ་ལ་དྲག་ཤུལ་སྤྱོད་པའི་ལེའུ་སྟེ་དགུ་པའོ།།།།དེ་ནས་གཞན་ཡང་རིམ་པར་ཕྱེ་བར་གྱུར་པ་ནི་བཅོམ་ལྡན་འདས ་དེ་ཉིད་རྣམ་པར་འགྱུར་བ་སྟག་གི་ལྤགས་པའི་ཤམ་ཐབས་ཅན།ཕྱག་བཞི་པ།ལྷ་མ་ཡིན་ཆེན་པོ་གཞན་ལེན་གྱི་མགོ་ལ་ཕྱག་གཉིས་ཀྱིས་རྡོ་རྗེས་བསྣུན་ནས་གསོད་པར ་མཛད་དོ།།ཕྱག་གཡས་པར་ཆུ་སྲིན་གྱི་མཆེ་བའི་རྣམ་པའི་སོར་མོའི་རྩེ་མོ་ལྕགས་ཀྱིས་མེ་ཏོག་འདོན་པ་ལྟར་བསྣུན་པའོ།།གཡོན་པ་བསྡིགས་མཛུབ་མཛད་པའོ།།དེའི་མདུན་དུ ་རྡོ་རྗེས་བསྣུན་པའི་ཤིང་ལ་མེ་རབ་ཏུ་འབར་ལ།མེ་ཏོག་དང་འབྲས་བུ་ལྡན་པར་རྡོ་རྗེ་རྩེ་མོ་དྲུག་པ།ཉི་མ་གཅིག་ཏུ་ཕཊ་ཀྱི་ཡི་གེ་དང་ལྡན་པར་བསྲེག་པར་བྱའོ།།དེ་བསྲེགས་པས། ་ལྷ་མ་ཡིན་ཐམས་ཅད་ཀྱི་རིགས་ཀྱི་བུད་མེད་ཆོ་ངེས་འདེབས་ཤིང་།སྐྱེ་བས་མེད་པར་འོང་བར་འགྱུརརོ།།དེ་རྣམས་དང་ལྷན་ཅིག་ཏུ་འཇུག་པར་འགྱུར་རོ།།དེ་ན་ལྷ་མོ་གཡོན་ཕྱོགས ་པ་ཞེས་འཇིག་རྟེན་དུ་གྲགས་པའི་རྣམ་པ་སྤུ་ཚེལ་དང་།ཚ་བ་གསུམ་དང་།ལུགས་ཕྱེ་བསྲེས་པ་ལས་གཟུགས་རྙན་བྱས་ལ།རྡོ་རྗེས་སྣུན་པའི་ཤིང་ལ་མེ་སྦར་ཏེ།རྡོ་རྗེས ་གླིང་ཁར་གཟེར་ལ་ཇི་སྲིད་ལངས་ཀྱི་བར་དེ་སྲིད་དུ་བསྲོ་བར་བྱའོ།།གལ་ཏེ་མི་ལྡང་ན་རྡོ་རྗེའི་རྣམ་པའི་ཐབ་ཁུང་དུ་ཤིང་དེ་ཉིད་ལ་མེ་སྠི་ར་ལ་དུམ་བུར་བཏུབས་ཏེ་སྦྱིན ་བསྲེག་བྱའོ།།འཁྲུལ་འཁོར་ཐམས་ཅད་ལ་དུ་བ་དེས་རེརྙོག་པ་ཙམ་གྱིས་ལྟུང་སྟེ།སླར་འབྱུང་བའི་མཐུ་མེད་པར་འགྱུར་རོ།།གསང་བ་ཆེན་པོ་འདི་དཀྱིལ་འཁོར་མ་མཐོང་བ་དང་།ཆོ་ག་མི ་ཤེས་པོ་དང་།ལས་ཀྱི་སྒྲིབ་པ་མ་སྦྱངས་པ་དང་།དམ་ཚིག་མེད་པ་ལ་སྦྱིན་པར་མི་བྱའོ།།བསོད་ནམས་བྱས་པ་དང་།བུ་གའི་འཁྲུལ་འཁོར་འཇོམས་པ་དང་།སྤྲོ་བའི་སེམས་དང་ལྡན་པ ་དང་།ཁ་ན་མ་ཐོ་བ་མེད་པའི་ཡིད་དང་།པ་དང་མ་ལ་གུས་པ་དང་།བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་།དེ་བཞིན་གཤེགས་པ་ལ་བསམ་པ་མི་ཕྱེད་པ་དག་ལ་སྦྱིན་པར་བྱའོ།།འཕགས ་བ་རྡོ་རྗེ་ས་འོག་གི་རྒྱུད་ལས་ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་གྱི་གཙུག་ཏུ་བྲི་བའི་ལེའུ་སྟེ་བཅུ་པའོ།།།།དེ་ནས་གཞན་ཡང་རིམ་པས་ཕྱེ་བར་གྱུར་པ་ནི་ཧཱ་ཡང་ཙོའི་དབུས་སུ ་ཡུངས་ཀར་སྐྱ་བོས་སྟོང་ཕྲག་བརྒྱད་བསྲེགས་བླུགས་བྱའོ།།དེ་ནས་བུད་མེད་རྣམས་འོང་བར་འགྱུ་རོ།།ལག་པ་ཡོངསུ་བཟུང་ནས་འཇུག་པ་རོ་བྲེད་དོ།།ཡང་ན་གང་འདོད་པ་དེ་སྟེར་རོ།། ་འབུམ་ཕྲག་ཉི་ཤུ་རྩ་གཅིག་བཟླས་པས་རི་བོ་དང་བགྲོགས་རྣམས་པ་སྣ་ཚོགས་པ་རྣམ་པར་འཇོམས་པར་བྱེད་དོ།།འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ།། ་འཕགས་པ་རྡོ་རྗེས་འོག་གི་རྒྱུད་ལས་རྡོ་རྗེ་ཉིང་ཁུའི་ལེའུ་སྟེ་བཅུ་གཅིག་པའོ།།།།དེ་ནས་འདིར་རྟོག་པ་གཞན་ཡང་བཤད་པར་བྱ་སྟེ།ལོ་མ་དང་།ནས་ཀྱི་བཟའ་བ་དང་།སློངས ་མཱའི་ཟླས་ཟ་ཞིང་སྔར་བཤད་པའི་ཚུལ་གྱིས་འབུམ་ཕྱག་གསུམ་བཟླ་བར་བྱའོ།།བཟླས་པ་ཡོང་སུ་རྫོགས་པ་དང་།རྡོ་རྗེས་བསྣུན་པའི་ཤིང་ལ་རྡོ་རྗེ་ཁྲུབ ་ཚོན་གང་ཁྲོ་གཉེར་བསྙེར་ཞིང་མཆུ་བསྡེམས་པ་འཇིགས་པར་བྱེད་པ།རྡོ་རྗེ་འབྱུར་བའི་ལག་པ་ཅན།གཡོན་པའི་མཛུབ་མོ་བསྡིགས་མཛུབ་ཏུ་བྱས་པ།དེ་ནས་ཟླ་བ་ཆེར་གཟུས ་བཟུང་ནས་མི་མཐོང་བ་ནི་དུར་ཁྲོད་དུ་ཙནྡ་དུན་དམར་པོའི་སྟན་ན་མོ།ཆུ་བོའི་འགྲོ་མ་གྱི་འཇིམ་པ་ལ་བཞུགས་པར་བྱའོ།།དེ་ལ་རྒྱ་ཆེན་པོའི་མཆོད་པ་བྱས་ནས།དེའི་མདུན་དུ་རྡོ་རྗེས ་བསྣུན་པའི་ཤིང་ལ་སོར་དྲུག་པའི་རྡོ་རྗེ་རྩེ་མོ་ལྔ་པ་བྱས་ཏེ་དྲི་དང་།མེ་ཏོག་གིས་མཆོད་ལ་ཇི་ལྟར་འབྱོར་བའི་མཆོད་པ་དང་།གཏོར་མ་བྱས་ཏེ་ཨ་ཤྲྀདྠའི་མདབ་མ་བཞིའི་སྟེང་དུ ་བཞིག་ལ།།ལོ་མ་གསུམ་གྱིས་དགབ་པར་བྱའོ།།ལག་པ་གཡོན་པའི་མཐིལ་དུ་དུར་ཁྲོད་ཀྱི་སོལ་བས་རྡོ་རྗེ་བྲིས་ལ།ལག་པ་དེས་བཀ་བ་སྟེ།དེ་ཉིད་ཇི་སྲིད་ས་མི་འགུལ་ཐེ ་དེ་སྲིད་ཀྱི་བར་དུ་བཟླས་པས་དེ་ནས་འགྲུབ་པོར་འགྱུརརོ།།རྡོ་རྗེ་དེ་ཉིད་ལག་པར་བཟུང་བས་བུ་ག་ཐམས་ཅད་ཀྱི་འཁྲུལ་འཁོར་འཇོམས་པར་བྱེད་དེ།།འདི་ན་བཅོམ་ལྡན་འདས ་རྡོརྗེ་འཛིན་པས་བཀའ་སྩལ་ཏོ།།དེ་ནས་བུད་མེད་རྣམས་ཕྱི་རོལ་ཏུ་དགུག་པར་འདོད་ན་དཔལ་གྱི་བུ་གའི་སྒོར་རྡོ་རྗེ་ཁྲོ་བོ་དེ་ཉིད་བཞག་ལ་དུར་ཁྲོད་ཀྱི་ཤིང་ལ་མེ་སྦར་ཏཱི།རྡོརྗེ ་དེ་ལག་པ་གཡོན་པར་བཟུང་ལ་གཡས་པ་མ་ཡིན་པའི་ལག་པས་ཡུངས་ཀར་སྐྱ་བོ་རྣམས་སྟོང་ཕྲག་བརྒྱད་དུ་སྦྱིན་པ་སྲེག་བྱའོ།།དེ་ནས་བུད་མེད་རྣམས་འོང་བར་འགྱུར་རོ།།ལག་པ་ནས ་བཟུང་སྟེ་འཇུག་པར་བྱེད་དོ།།ཡང་ན་གང་འདོད་པ་དེ་སྟེར་བར་འགྱུར།།འབུམ་དྲག་ཉི་ཤུ་རྩ་གཅིག་ཏུ་བཟླས་པས་རི་མོ་འཁྲང་པོ་རྣམ་པ་སྣ་ཚོགས་འཇོམས་པར་འགྱུརརོ།།འདི་ནི ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ།།འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་རྡོ་རྗེ་སྒྲུབ་པར་བྱེད་པའི་ལེའུ་སྟེ་བཅུ་གཉིས་པའོ།།།།སྨན་འདི་སྒྲུབ་པ་པོས་ཅི་ནས་ཀྱང ་བསྒྲུབ་པར་བྱའོ།།བགེགས་རྣམས་དང་ལོག་པར་འདྲེན་པ་མེད་པར་བྱེད་དོ།།ཟླ་བ་ཤ་ར་བ་དང་།དབང་པོ་ལ་གྲ་པ་དང་།སིཾ་བྷཱི་དང་།བྱཱ་གྷྲྀ་དང་།ལག་པ་བཞི་པ་དང་།བྷ་ར་ཧ་ཀརྞི་ཀ ་དང་།ག་དྷྲྀ་ཀ་དང་།ར་ཙ་ནི་དང་།རུ་རྟ་དང་།གུར་བུམ་དང་།དུང་གི་ཕྱེ་མ་རྣམས་གླང་པོའི་གཅིན་གྱིས་སྨྲས་ལ་ཇི་ལྟར་འདོད་པའི་རིལ་བུ་བྱའོ།།དྲི་དང་།མེ་ཏོག་དང་།གཏོར་མ་དང་། ་བདུག་པ་རྣམས་གནས་རྣམསུ་བཞག་ལ།ཆུ་འཆག་པ་དང་།དྲི་མ་འདོར་པ་ན་རས་ཀྱིས་བཅིང་བར་བྱའོ།།དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ།།གཞན་དུ་ན ་ལོག་པར་འདྲེན་པ་རྣམས་ཞུགས་ཏེ་མ་རུངས་པར་བྱེད་པར་འགྱུར་རོ།།བཤད་མ་ཐག་པའི་སྨན་གྱིས་ལོག་པར་འདེན་པ་ལ་སོགས་པ་ཐམས་ཅད་རྣམ་པར་ཉམས་ནས་པན་ཚུན ་།ཞིང་དྀས། ནས།འདོན་ཇི་སོང་བླན་ཡོད་པ་དེ་སྤྱོད་འགྲོ་བྱུ་མ་མ་ནོས་སྨྲ་ན།བྱུགས་དང་པ་བྱུགས་རྣམ་སུ་འབྱུང་བར་ཝཱཀྵམྨུ།།དབྱུག་དྷཱང་བྱུད། ་གི་ཁུ་སུ་བགེགས་ལྡང་བར་མི་འགྱུརརོ།།ལས་ཐམས་ཅད་ཀྱང་འགྲུབ་པར་འགྱུརརོ།།གང་ཡང་རིག་པ་འཛིན་པོས་དུས་གསུམ་དུ་ཉེ་བར་བྱུགས་ནོ་དེ་ལ་འག་ཞིག་གིས་ཀྱང་འཇུག ་པར་མི་ནུས་སོ།།བཱ་ལེ་ཀ་དང་།སྠི་རི་བ་དང་།ལོ་དྲ་མ་དང་།ལང་གཽ་ལི་དང་།སྒོག་པ་དང་།བྱི་བའི་སྤུ་རྣམས་སྦྱར་བའི་བདུག་པ་འབད་པས་བྱས་ན་བུ་གའི་སྒོར་འགྲོ་བ་ན་ཐིགས ་བཞི་པར་བྱེད་དོ།།ུད་པ་ལ་སྔོན་པོ་དང་།དྲི་ཞིམ་པོའི་མྱུར་དང་།རུ་ཎྜ་དང་།སར་བཱི་དང་།ཙན་དན་དང་།བོ་ལོ་ཀ་དང་།བ་ལང་གི་ཅིན་གྱིས་སྨྲས་པའི་སྨན་གྱིས་དུག་འཇོམས ་བར་བྱེད་ཅིང་དཔལ་གྱི་སྒོའི་དྲོང་གྲེ་ཤེར་ལས་སྐྱེས་པ་འཇོམས་པར་བྱེད་དོ།།རྒྱུ་ཤིང་དང་གླ་སྒང་དང་།བཱཎྜ་དང་།ཀོཥྞཱ་དང་།ུ་དུམ་པར་དང་།བ་ལི་དང་། ཤྭ་གཱན་དྷ ་དང་།ཤུ་དག་དང་།གེ་རི་ཀེརྟྟི་ཀ་དཀར་པོ་སྟེ་འདི་རྣམས་སྦྱར་བས་ཐམས་ཅད་ཀྱི་གཉིད་དང་།འཁྲུལ་འཁོར་དང་།མུན་པ་འཇོམས་པར་བྱེད་དོ།།ཤི་བྷ་ཨཉྫཉྩ་པོའི་ས ་བོན་དང་།ུད་པ་ལ་དང་།ནཱ་གཾ་གེ་སར་དང་།ག་བུར་རྣམས་མཉམ་པོར་སྦྱར་བའི་མིག་སྨན་གཉིད་མེད་པར་བྱེད་དོ།།ཀ་ར་དང་།རྟའི་ཁ་ཆུ་དང་།ནཱ་ག་གེ་སར་དང་།ས། ་རཔས་མག་སྨན་བྱས་ལ་ཁྲོ་བོ་བཟླས་པ་ཉིད་ཀྱི་འཁྲུལ་འཁོར་བཟློག་པར་བྱེད་དོ།།རྨ་བྱའོ་གཙུག་པུང་དང་།མཉམ་པོར་སྦྱར་ལ།ན་ལོ་ཤམ་དཀར་བ~ཾ་དང་བཏགས་ཏེ།ལན་བདུན་བཟླས ་པས་རྩོད་པ་བཟློག་པར་བྱེད་དོ།།སེམས་རྣམ་པར་གཡེང་བ་མེད་པ་དང་།བརྫེ་བ་དང་ལྡན་པ་དང་།ཆེས་ཤེས་པ་དང་།རིང་དུ་མཐོང་བ་གང་གི་ཁྱིམ་དུ་ཚིག་དང་ལྡན་པས་སྨན་བཞིག། ་ནས་ཁྲོ་བོ་རྡོ་རྗེས་འོག་ལྡན་ཆོག་ཏུ་གུས་པར་གྱུར་ན།དེས་རྐང་འོག་གི་དཔལ་གྱི་སྒྲོ་འགྲུབ་པར་འགྱུར་ཏེ།འདི་ལ་ཐེ་ཚོམ་མེད་དོ།།ཡ་བའི་མྱེ་ཏོག་དང་།རྒྱུ་སྲན་གྱི་ཕྱེ་མ་དང་།ཡུངས ་ཀཱར་དང་།བྷྲཱུཾ་ལ་དང་།ིང་གུ་རྣམས་སཱང་རེ་རི་སི་ཏ་དང་ལྷན་ཅིག་བསྲེས་ལ་ལན་ཉི་ཤུ་རྩེ་གཅིག་བཟླས་པས་བཀྲེས་པའི་འཁྲུལ་འཁོར་བཟློག་པར་བྱེད་དོ།། པོ་མནའི་ས་བོན་དང་། ་བིཛ་ཨཀྵ་རི་སྣ་བོན་དང་།ུ་དུམ་པ་རིའི་རི་བུ་ལ་ལན་བདུན་བཟླས་ནི་བཀྲེས་པ་སེལ་བར་བྱེད་དོ།།གླང་པོའི་རྣ་བའི་པ་ལ་ཤིའི་ཁུ་བ་བླངས་ལ་རྡོ་རྗེའི་སྡོང་སྐྱེས་དང་།རྡོ་རྗེའི་འོ་མ ་དང་མཉམ་པོར་སྦྱར་ལ།ཏི་ལོ་མེར་དང་བསྐལ་ཏེ་སྦྱིན་རྣམས་ཐམས་ཅད་ལམ་གདུའི་མཆོག་དེས་བྱུགས་པར་བྱའོ།།རྡོ་རྗེ་ལྗོན་པའི་ཁྲག་དང་ནི།།དེ་བཞིན་རྡོ་རྗེ་སྡོང་བུའི་བཅུད།། ་སཾ་པ་ལ་ཡི་བཅུད་དང་སྦྱར།།གསེར་གྱི་མར་དང་གཽཙོ་བར་བྱ།།ཐོག་མར་དེ་དག་བཅད་ནས་སུ།།མཁས་པ་ཡིས་ནི་འབད་པར་བསྡད།།འདྲ་མར་གྱིས་ནི་ལུས་ཕྱུགས་ནི།།སྦྱིན་གྱི་སྤྱོང། ་ནས་འགྲོ་བར་བྱ།།ིང་གུ་བི་ལའི་མར་ཁུ་དང་།།ཁ་བ་ཡི་ནི་ནས་དག་ནི།།རྟ་ཡི་དྲི་དང་མཉམ་བསྲེས་ནས།།རྟ་ཡི་གཅིན་དང་བསྐོལ་བར་བྱ།།འདྲི་དག་གིས་ནི ་ལུས་བྱུགས་ན།།སྦྱིན་གྱིས་གོས་པར་མི་འགྱུ་རོ།།འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་སྨན་དང་རྩིའི་ལེའུ་སྟེ་བཅུ་གསུམ་པའོ།།།།དེ་ནས་སེང་གེའི་ལྟོ་སྟངས་ཀྱིས་བུ་ག ་འཇུག་པར་བྱའོ།།མཁས་པས་མཚན་མ་མཚོན་པར་བྱ་སྟེ།དཔལ་གྱི་སྒོར་རྐང་བཞི་པ་དང་།དངུལ་ཆུ་དང་།བཙུད་ལེན་དང་།བུད་མེད་དང་།གྲུབ་པའི་རྫས་ཀྱིས་ཡང་དག་པར་ཁྱབ ་པ་དང་།བུ་གོ་གང་དག་ཤང་ཤོང་ཅན།།ལ་ལ་རྡོ་བསོ་ཁྱབ་པ་ནི།།དེ་ནི་རང་རོད་ཅན་ཤེས་བྱ།།ས་ནི་འབར་བས་ཆུ་སྐེམས་ཤིང་།།ཕྱི་རོལ་བཤང་བའི་དྲི་མནམ་ཞིང་།།ཀེང་རློས ་ཀྱི་ནི་རུས་པས་ཁྱབ།།གདུག་པའི་རྡོ་བ་དག་གིས་གང་།།དེ་ནི་རང་རོད་ཅན་དུ་བསྟེན།།འགའ་ཞིག་འཇིམ་པ་དག་གིས་ཁྱབ།།ལ་ལྀ་རྡོ་དང་ཆུ་ཡིས་གང་།།དྲི་མི་ཞིམ་པའི་ཤིང ་མངག།རང་རོད་འཇིགས་པ་ཉིད་དུ་འགྱུར།།བཤང་དང་ལྡན་ལྗིན་དྲི་མནམ་ཞིང་།།ཁ་ཅིག་ན་ནི་སྦྲུལ་གྱི་དྲི།།ལྤགས་པ་དང་ནི་བྱ་ཡིས་ཁྱབ།།དེ་ནི་ངེས་པར་ཅེ་སྤྱད་གནས།།ཡང ་ན་རྡོ་རྗེས་འོག་ལས་བསྟན་པའི་ཇི་ལྟ་བུའི་རྣམ་པའི་སྒོ་མཁས་པས་ཕྱི་རོལ་ཏུ་བརྟགས་ནས་འཇུག་པར་བྱའོ།།ཡོ་བྱད་ཐམས་ཅད་དང་ལྡན་པས།།ཁྲོ་བོའི་དམ་པ་ལེགས་པར ་བཟླས།།དབང་བསྐུར་བྱས་ནི་དབང་བསྐུར་ལ།།བློ་དང་ལྡན་པས་བསྲུང་བར་བྱ།།འདི་ཡིས་ཚུལ་གྱིས་དཔའ་བོ་ཡིས།།ས་འོག་མཐོ་རིས་དཔལ་གྱི་སྒོ།།དེར་ནི་སོམ་ཉི་མེད་པར་འཇུག། ་དེ་ཡིས་འདོད་འབྲས་ཐོབ་པར་འགྱུར།།དཔའ་བོ་དེ་ཡིས་ཆེར་སྤྲོ་ངས།།གོ་ཏོང་དང་རྩེ་ལྡན་གཙང་བ་དང་།།དྲེགས་མེད་མངོན་པའི་ང་རྒྱལ་བྲལ།།འཇིགས་བྲལ་ཁྱད་པར་འཕགས་པའི ་ཡིད།།མེ་འོད་དང་ནི་ལྟས་ཆེན་པོ།།མཐོང་ནས་ཟུག་རྔུ་མེད་པའི་སེམས།།རྡོ་རྗེ་ལྟ་བུར་བརྟན་པ་ཡིས།།སྒྲུབ་པར་དཀའ་བའང་བསྒྲུབ་པར་བྱ།།འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད ་ལས་འཁྲུལ་འཁོར་བརྟག་པའི་ལེའུ་སྟེ་བཅུ་བཞི་པའོ།།།།དེ་ནས་གཞན་ཡང་དཔལ་གྱི་སྒོར་འཇུག་པའི་རིམ་པར་ཕྱེ་བར་གྱུར་པ་ནི།འཁྲུལ་འཁོར་གྱི་ནི་དྲུང་འགྲོ་བ།།ཤིན ་ཏུམྱུར་དང་བུལ་མིན་པར།།རྐང་པ་འཛག་ཅིང་འབད་པ་ཡིས།།ཀུན་ནས་འཁྲུལ་འཁོར་བལྟ་བར་བྱ།།གང་ཚེ་འཁྲུལ་འཁོར་ག་ཡོ་བ་དང་།།འགུལ་བ་དང་ནི་ལྡེག་པ་འམ།ཡང ་ན་མཚོན་ཆ་ཐོགས་པ་སྟེ།།མདའ་དང་ཤ་ཀ་ཏི་དབྱུག་གུ་དང་།།རལ་གྲི་འཁོར་ལོ་མཚོན་ཆ་ཡི།།འཁྲུལ་འཁོར་གྱིས་ནི་གང་མཐོང་ཞིང་།།གྲི་གུག་སྤུ་གྲིའི་སོ་དག་དང་།།དེ་བཞིན ་ལུག་ལ་སོགས་འགྲོ་བ།།དེ་ལྟའི་རྣམ་པ་མཐོང་ན་ནི།།ཕྱག་རྒྱ་ལེགས་པར་བཅིང་བར་བྱ།།ཡུངས་ཀར་སྐྱ་བོ་ཉིད་དམ་ནི།།ཐལ་བ་ལ་ཡང་ཁྲོས་པ་ཡིས།།ཁྲོ་བོ་ལན་བདུན་བཟླས ་ནས་སུ།།འཁྲུལ་འཁོར་ལ་ནི་མཁས་པས་བསྣུན།།གདོན་མི་ཟ་བར་དེ་ལྟུང་ངོ་།།ལྷ་ཡི་ཁང་པར་འཇུག་པར་བྱ།།གང་དག་ལྷ་ཆེན་པོར་གྱུར་པ།།དོར། ་ནི་ཡི་དགས་གཏོར་མ་མཐོང་།།ཇི་ལྟར་བཀྲེས་ཀྱང་མི་ཟའོ།།དེ་ཉིད་དུ་ནི་ངེས་མཐོང་བ།།སྐད་ཅིག་ཙམ་ཡང་མི་འགུལ་ཞིང་།།དེ་ཆ་དེ་ནི་མི་སྨྲ་སྟེ།ལྷ་མིན་སྟོང་གིས་རྒྱས་བཏབ ་པས།།དེ་མཐོང་ནས་ནི་རུ་སྦལ་གྱི།།རྒྱ་ལྡན་ལན་བདུན་བཟླས་པས་གཡོ།།དེ་ནི་རང་བཞིན་དང་བ་ཡིས།།གུས་དང་བཅས་པས་ཕྱག་འཚལ་ཏེ།།ལེགས་པ་བྱོན་ཏམ་དཔའ ་པོ་རྣམས།།ཅི་བདེ་བར་ཡང་འཇུག་པར་མཛོད།།གྲུབ་པའི་ཆོ་གའི་སྦྱོར་བ་རྣམས།།རིན་ཆེན་རྣམ་པ་དུ་མ་དང་།།དངུལ་ཆུ་དང་ནི་བོཅུད་ལེན་དང་།།ནོར་བུ་རྣམས་དང་བུད་མེད ་དང་།།གཞན་ཡང་ནང་ན་གང་བ་ཡིས།།རལ་གྲི་དང་ནི་མཚོན་ཆ་རྣམས།།དེ་དག་གི་ནི་ལག་པ་ནས།།བཟུང་ནས་ཇི་ལྟར་བདེ་བར་སྟོན།།ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱིས།།དེར ་ནི་ཇི་ལྟར་འདོད་པར་བྱ།།དེར་ནི་ཇི་ལྟར་སྤྱོད་ཀྱི་བར།།ལྷ་མིན་བུ་མོ་རྣམས་དང་རྩེ།།དེ་རྣམས་ཀྱིས་བསྟན་ལམ་ནས་ནི།།ཅི་བདེ་བར་ནི་ངེས་པར་འདོང་།།ལྷ་མིན་གྲོང་དུ་བདེ ་བར་འགྲོ།།ཇི་ལྟར་བདེ་བར་སླར་ཡང་འོང་།།གང་དག་དེར་ནི་སྔོན་སོང་བ།།རྡོ་རྗེ་ས་འོག་གིས་གཟིར་བྱས།།གལ་ཏེ་འོངས་པར་མ་གྱུར་ན།།དེར་ནི་རྨོངས་ནས་འཆི་བར ་འགྱུར།།དེསན་སྔོན་རྒྱུ་ཞུགས་རྣམས་ལ།།བློ་གྲོས་ལྡན་པ་སྐུ་གཟིར་མི་བྱ།འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་དཔལ་གྱི་སྒོར་འཇུག་པའི་ལེའུ་སྟེ་བཅོ་ལྔ་པའོ།།།།དེ་ནས་དཔལ ་གྱི་སྒོའི་རྟོགས་པ་རེ་བརྗོད་པའི་རིམ་པར་ཕྱེ་བར་འགྱུར་བ་ནི།དཔལ་གྱོ་སྒོ་ཡི་ཕྱིར་གནས་པའི།།མཚན་ཉིད་མཐོང་ནས་ཤེས་པ་ཡིས།།སྨྲ་སྤངས་སློང་བ་ཟ་བ་དང་།།འཁྲུལ་པ ་མེད་པའི་སེམས་ལྡན་པས།།བློ་གྲོས་ཅན་གྱིས་འབུམ་ཕྲག་གསུམ།།དཔལ་གྱི་སྒོ་ལ་བརྟེན་ཏེ་བཟླས།།འབུམ་ཕྲག་དང་པོ་བཟླས་པ་ཡིས།།འཁྲུལ་འཁོར་རྣམས་ནི་ལྟུང་བར ་འགྱུར།།གཉིས་པ་ཡིས་ནི་ས་གླེཡོ་ཞིང་།།དུ་བ་ཆེན་པོ་འཁྲུག་པར་འགྱུར།།གསུམ་པ་ཡིས་ནི་དྲོ་ལྡན་པའི།།རྒྱན་དང་སྐེ་རགས་གྲོལ་བ་ཡི།།ལྷ་མིན་བུ་མོ་ངེས་པར་འོང་། ་ཁྲོ་བོ་མེ་ཡིས་བསྲོས་པ་ནི།།བསྐལ་པའི་མི་སྙམ་སེམས་པ་ཡིས།།ཅ་ཅོ་འདོན་ཞིང་རྣམ་པར་འབྲོས།།དེར་ནི་ཞི་བར་བྱ་དོན་དུ།།ཙན་དན་ལྡན་མར་སྦྱིན ་སྲེག་གིས།།དེ་ཡི་ལུས་ནི་རྣལ་མར་གནས།།བསམ་པ་ཐག་པས་འདུད་པར་འགྱུར།།དཔལ་གྱི་སྒོ་དེར་ནོ་བ་རྣམས་དང་།།རལ་གྲི་ལྡོང་རོས་མཽག་ལ་སོགས།།དངུལ་ཆུ་བཙུད ་ན་བཟང་པོ་དང་།།བུད་མེད་སྟོང་ཕྲག་བརྒྱ་རྣམས་གནས།།བདག་གི་བདག་པོ་ཁྱོད་ཀྱིས་མཛོད།།མཐོ་རིས་ས་འོག་བཟང་པོ་སྟེ།།གལ་ཏེ་དེར་ནི་མི་འཇུག་ནའང་།འཇི་ལྟར ་བཞེད་པ་དེ་བཞིན་མཛོད།།རལ་གྲི་གྲུབ་པའི་མིག་སྨན་སོགས།།དེ་ཡི་མདུན་དུ་བཞག་ནས་ཀྱང་།།དེ་རྡོ་ཁྲོ་བོས་གཟིར་བས་ན།།ཡིད་ལ་གཅུགས་བཞིན་སྟོར་བར་འགྱུར།། ་ཇི་ལྟར་འདོད་པ་དེ་བཟུང་སྟེ།།དེ་ནི་བཏང་བ་ཉིད་དུ་བྱ།།དེར་ནི་དཀྱིལ་འཁོར་བསྡུ་བྱས་ཏེ།།ལྷ་དག་མཉེས་པར་བྱས་ནས་སུ།།ཁྲོ་བོ་དེ་ཡང་གཤེགསུ་གསོལ།།བརྒྱ་རྩ་བརྒྱད་བཟླས ་ཅིང་དེར་འགྲོ།གོ་ཆ་ཆེན་པོ་གྱོན་པ་ཡིས།།བློ་དང་ལྡན་པས་དབང་བླངས་ཏེ།།སིར་སྣ་ཁྲོ་དང་འགྱོད་པ་དང་།།ཕྲག་དོག་ལ་སོགས་དོར་ནུསུ།།རྟག་ཏུ་སྤྲོ་བར་འགྱུར་བ་ཡིས།།བྱ་བ་བྱས་ན ་ལེགས་པར་འགྲུབ།།འདི་ནི་བཅོམ་ལྡན་རྡོར་འཛིན་གསུངས།།འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་དཔལ་གྱི་སྒོ་དྲག་ཤུལ་སྤྱོད་པའི་ལེའུ་སྟེ་བཅུ་དྲུག་པའོ།།།།དེ་ནས་མཚན་ཉིད་གཞན ་གྱིས་རིམ་པར་ཕྱེ་བར་གྱུར་པ་ནི།སྔོན་དུ་འབུམ་ཕྲག་གསུམ་བཟླས་ལ།།དེ་ནས་བུ་གའི་སྒར་ལུས་དྲི་ཞིམ་པོས་འོ་མ་དང་ན་ས་ཟན་ཟ་ཞིང་འབུམ་ཕྲག་གསུམ་བཟླའོ།།དེ་ནས་བུ་གའི་འཁྲུལ ་འཁོར་ཐམས་ཅོད་འཇོམས་པར་འགྱུ་རོ།།དེ་ནས་ཐེ་ཚོམ་མེད་པར་གྱུར་པའི་ཡིད་ཀྱིས་སྒོ་དྲུང་དུ་བསྲེགས་བླུགས་བརྒྱ་རྩ་བརྒྱད་བྱས་ལ་འཇུག་པར་བྱ་སྟེ།རང་གི་ཁྱིམ་བཞིན་ནོ།།ལྷམ ་ཡིན་གྱི་དབང་པོ་གཞན་ལེན་གྱིས་བེ་སྒྲགས་པའི་གསང་བ་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ས་འོག་གི་གསོང་བ་ཆེན་པོའི་དཔལ་གྱི་སྒོ་བཀའ ་སྟཱལྟ་བ།རྡོ་རྗེ་འཁོར་ལོ་དེ་བཞིན་དུ།།རྩེ་གསུམ་ཀུ་མུད་པདྨ་དང་།།བཀྲ་ཤིས་དང་ནི་དུང་ཉིད་དང་།།ཆུ་སྲིན་དུ་ནི་མཚོན་པར་བྱ།།རྡོ་རྗེས་གནོད་སྦྱིན་རྣམསུ་འགྲོ།།འཁོར་ལོས་སྲིན་པོ་རྣམས ་འགྲོ་སྟེ།།ཀླུ་ཡི་ཁང་པར་རྩེ་གསུམ་གྱིས།།རྐང་འོག་ཏུ་ནི་ཀུ་མུ་ངས།།ལམ་པོ་ཆེ་རེ་ནི་པདྨས་འགྲོ།།བཀྲ་ཤིས་ཁྱིམ་གྱིས་མཛོད་ཁྱིམ་དོང་།།ཆུ་སྤྲིན་གྱིས་ནི་བུད་མེད་ཁྱིམ།།འཕགས་པ ་རྡོ་རྗེ་ས་འོག་གི་རྒྱུད་ལས་མཚན་ཉིད་ཀྱི་ལེའུ་སྟེ་བཅུ་བདུན་པའོ།།།།དེ་ནས་རིག་པ་འཛིན་པའི་རྣལ་འབྱོར་གྱི་རློམ་པར་གྱུར་པ་ནི།མུན་པ་ལས་ནི་འདས་པ་ན།།གང་ཚོ་སྒྲོན་མའི་འོད་གས ་བ།།དེ་ནི་འཁྲུལ་འཁོར་གནས་ཞེས་བྱ།།གནས་དེར་བློ་ལྡན་འགྲོ་མི་བྱ།།འཁྲུལ་འཁོར་གཞོམ་པར་བྱ་བའི་ཕྱིར།།རྡོ་རྗེ་འཕྱར་བ་སྦྱར་བར་བྱ།།རྐང་པ་གཡས་པ་བཏེག་ནས་སུ།།གཡོན ་པའི་སྟེང་དུ་སྦྱར་བར་བྱ།།ལྟེ་བའི་གནས་སུ་ཁུ་ཚུར་གྱིས།།གར་གྱི་སྦྱོར་བས་བསྐོར་བར་བྱ།།ལག་པ་གཡས་པོ་སྒྲེང་ནས་སུ།།གཡོན་པ་ལ་ནི་བསྣུན་པར་བྱ།།སྟེང་དུ་ལག་པ་འོག་ཏུ་ལྟ།། ་ཕྱི་ར་འདི་ཡི་སོ་བསྣུན་པར་བྱ།།ཡུངས་ཀར་དང་ན་ཐལ་བ་ཡིས།།བསྣུན་པས་ས་ནི་གཡོ་འགྱུར་ཏེ།།འཁྲུལ་འཁོར་ལྷོད་པ་ཉིད་དུ་འགྱུར།།སླར་ཡང་དེ་ཡིས་བསྣུན་པ་ཡིས།།གདོན་མ ་བོར་ལྟུང་བར་འགྱུར།།རྐང་པ་མཉམ་པར་གནས་བྱས་ནས།།ལག་པ་གཡོན་པ་སྙིང་ཁར་བཞག།གནས་དེ་ཕྱི་རུ་གར་བྱས་ཏེ།གང་ཡང་རུང་བས་བསྣུན་པར་བྱ།།ཧཱུཾ་དང་ལྡན་པའི་ཁྭ ་བོ་ཡིས།།ཕྱེ་མར་གྱུར་ནས་ས་ལ་ལྟུང་།།རྡོ་རྗེ་འཕྱར་བའི་ཆོ་ག་ཡིས།།ས་ལ་ལྟུང་བའི་འཁྲུལ་འཁོར་རྣམས།།སླན་ཆད་དེར་ནི་འབྱུང་མི་འགྱུར།།འཁྲུལ་འཁོར ་མེད་པའི་བུ་གར་ཤེས།།ན་མཁའི་འཁྲུལ་འཁོར་གང་བཤད་དང་།།གྲོང་ཡང་དུག་གི་རླུང་འབྱུང་བ།།དེ་ཡང་ཆོ་ག་འདི་ཡི་སུ།།མཐོང་བ་ཙམ་གྱིས་ལྟུང་བར་འགྱུར།།དམ་ཚིག་ཤེས ་པ་བློ་ལྡན་དེས།ཡང་ན་ལྷ་ཡི་གནས་མཐོང་ན།།འཕྱར་བའི་ཕྱག་རྒྱས་ལེགས་བསྐྲུན་ཞིང་།།བསྐོར་ཞིང་རབ་ཏུ་འཕེན་པ་ཡིས།།འབྱུང་པོ་རྣམས་ནི་དགུག་པར་བྱ།།དེ་བཞིན་དམ ་ཚིག་ཉིད་ཀྱང་བསྟན།།སྒྲུབ་པ་དབང་བསྐུར་ལྡན་པོ་དང་།།ལོས་ཀྱི་ཆོ་ག་མཐོང་བ་ཡིས།།དེ་ཉིད་འདི་ནི་བསྟན་པར་བྱ།།གཞན་དུ་ན་ནི་འཆི་བར་འགྱུར།།དཔལ་གྱི་སྒྲ་ཡི་སྨན་རྣམས ་དང་།།དངུལ་ཆུ་གྲུབ་པའི་མགོ་སྨན་སོགས།།དེ་བཞིན་བུད་མེད་རྣམས་དང་ནི།།དེ་ཉིད་དུ་ནི་མི་སྣང་འགྱུར།།གཏེར་དང་གསེར་འགྱུར་བུ་གའི་སྒོར།།དབང་དུ་བྱེད་པའང་དེ་བཞིན་དུ།། ་དབང་བསྐུར་མིང་པོའི་བློ་ལྡན་གྱིས།།མཐོང་ཡང་ཐོབ་པར་མི་འགྱུར།།ལྷ་མུ་ཡིན་གྱི་ཚིག་དང་།།རྡོ་རྗེས་འོག་དཀྱིལ་འཁོར་དུ།།ཇི་ལྟར་ཞུགས་པར་གྱུར་པ་ཡི།།དཀྱིལ་འཁོར་སྲུང ་བ་བྱས་ནས་སུ།།བླ་མ་ལེ་ནི་ཡོན་ཕུལ་ཏེ།།དྲི་དང་མེ་ཏོག་མཆོད་པར་བྱ།།རྡོ་རྗེ་ཆུ་ཡི་ཆུས་བཀང་ནས།།ཕྲ་བའི་རས་ཀྱིས་མགྲིན་བཅིངས་པའི།།བུམ་པ་ལྡན་པའི་བཞིན་དག་གིས།། ་མཚན་ཉིད་དེ་ཡིས་དབང་བསྐུར་བྱ།།དེ་ནས་རུ་སྦྲུལ་ཕྱག་རྒྱ་བཅིང་།།བྱིན་རླབས་ཕྱག་རྒྱ་འམ་དེ་བཞིན་དུ།།ལྷ་མིན་ཕྱག་རྒྱས་རྗེས་གནང་ནི།།བླ་མས་བྱིན་པས་དྲོན་ཀུན་འབྲུག།ལྷ་མིན་རྣམས ་དང་འཁྲུལ་འཁོར་རྣམས།།སྐྱོ་མ་ཡིས་ནི་རྒྱན་པ་རྣམས།།འབྱེད་དང་རབ་ཏུ་བྱེད་པོ་ནི།།རིག་པ་འཛིན་པ་དེ་ཡིས་འགྲུབ།།འཁྲུལ་འཁོར་གྱིས་མིན་དུག་གིས་མིས།།ཆུ་ཡིས་མ་ཡིན་མེས་ཀྱང ་མིན།།གླང་པོ་སོགས་མིན་ལྟོ་ས་འཕྱེ་མིན།།དེ་ལ་འཁྲུལ་འཁོར་བཞིས་ཀྱང་མིན།།རལ་བྲི་དབྱུག་གུ་མུ་སཎྜ།།ཆུ་བོ་ཨཉྫ་ག་སྦྲུལ་མིན།།གཞན་ཡང་འཁྲུལ་འཁོར་སྣ་ཚོགས་པ།།གསང་བའི ་མཚམས་ན་རྟེན་རྣམས་ཀྱང་།།དབང་བསྐུར་དམ་ཚིག་དག་གིས་ནི།།བྱིན་རླབས་དེ་ལ་བསྣུན་མི་འགྱུར།།དེ་ཡི་མཐུ་ཡིས་ཅུང་ཟད་ཅིག།བཟླས་པས་འཁྲུལ་འཁོར་ཐམས་ཅད་འཇོམས།། ་དེ་ནི་རིག་པ་འཛིན་པ་ཡིས།།རིགས་ཀྱི་བྱིན་གྱིས་བརླབས་པར་འགྱུརརོ།།དེས་ན་འབད་པ་ཐམས་ཅད་ཀྱིས།།དབང་བསྐུར་བ་ནི་སྦྱར་བར་བྱ།།དོན་ཀུན་གྲུབ་པ་ཐོབ་འགྱུར་ཞིང་།།དེ་ལ་ལྷས ་ཀྱང་བྱིན་གྱིས་རློབ།།དམན་པའི་བྱ་བ་དོར་བར་བྱ།།མངོན་སྤྱོད་ཀྱི་ནི་ལས་ཀྱང་སྤང་།།འབེབས་དང་དབང་དུ་བྱ་བ་དང་།གདོན་གྱི་ལས་ཀྱང་དོར་བར་བྱ།།བློ་དང་ལྡན་པས་རྒྱུན་ཏུ་བཟླས། ་ཉོན་མོངས་བྲལ་བའི་སྙོམས་འཇུག་གིས།།འབོགས་པ་རྡོ་རྗེས་འོག་གི་རྒྱུད་ལས་རིག་པ་འཛིན་པའི་ལེའུ་སྤྱི་བཅོ་བརྒྱད་པའོ།།།།དེ་ནས་ཁྲོ་བོའི་རྒྱལ་བ་རྡོ་རྗེས་འོག་གིས་བྱིན་གྱིས།། ་བརླབས་པ་མཆོག་ཏུ་གས་པ་དཀྱིལ་འཁོར་བཤད་པར་།།དབྱུང་ལྡན་གྱི་བྱག་སུ་བཱཟླས་ཏེ་འཛོད་ལ།གླིང་གི་མཐའ་འམ།གྲོང་མྱུར་ནི་ཕྱོགས་ཀྱིམ ་དང་།རུས་པ་དང་།གསེག་མ་དང་།དམན་པའི་སེལ་བ་དང་།ཐལ་བ་དང་།གྱོ་མོ་དང་།སཾ་ཕ་གེ་དང་།གནོད་སྦྱིན་ལ་བཙུགས་པའི་ཤིང་དང་།མགལ་དུས་སྣང་པ་དང་།ཆུ་འཛག་པ་དང་། ་ཁམ་པར་གྱི་ཕུང་པོ་དོར་ཏེ།བཀྲ་ཤིས་ཀྱི་ཉིན་པར་སྲུང་བ་བྱས་ལ།ཁ་དོག་ལྔས་ཁྲུ་བཞི་པ།གྲཝ་བཞི་པ།སྒོའི་མཚམསུ་སྒོ་ཁང་དང་།དཀྱིལ་འཁོར་དབུས་ཟླུམ་པོར་གནས་པ། ་གནས་གཡས་བསྐོར་དུའོ།།ཕྱོགས་བྱུལ་གྱི་མཚམ་སུ་ཟླུམ་པོ་མ་ཡིན་པའི་དཀྱིལ་འཁོར་རོ།།ཆེར་བརྟགས་ཏེ།རི་མོ་རྡོ་རྗེས་བྱིན་གྱིས་བརླབ་པོ།།གོ་རིམས་བཞིན་དུ་ལྷམ ་ཡིན་གྱི་རྒྱལ་པོ་རྣམས་ཀྱི་གནོས་རྒྱ་མཚོ་ཆེན་པོ་བྲི་བར་བྱའོ།།སྒོ་གྲོས་དང་ལྡན་པས་དཔལ་གྱི་སྒོ་བྲི་བར་བྱའོ།།རིན་པོ་ཆེའི་རྣམ་པ་མཚན་ཉིད་དང་ལྡན་པ་དང་།འཁྲུལ་འཁོར ་གྱི་གནས་དང་།སྦྱིན་དང་།པལ་ཚྭ་དང་།བཅུད་ལོན་དང་།གྲུབ་པའི་རྗེས་དང་།ཉེ་བར་སྤྱོད་པ་དང་།གཻཏྟ་རོ་མ་དང་བུམ་པ་གང་བ་སྟེ།དེ་རྣམས་ཀྵི་ཀཱནྟ་སྱེ་རྣམས་ཐིག་གིས་གང ་པར་བྱིའོ།།དེན་མི་དཀྱིལ་འཁོར་གྱི་ནུས་སུ་སངས་རྒྱས་ཅོམ་ལྡན་འདིས་གཞག་པར་བྱའོ།།དེ་ག་ལ་སུ་ལ་ཞིན་རྗེའོ།།དེ་དང་ཉེ་བར་ཁྲོབ་རྡུ་རྗེས་འག་ལག ་ངག་སྟ་ཅན་གཞག་པར་བྱའོ།།བཅོམ་ལྡན་འདས་ཀྱི་གཡོན་གྱི་དྲུང་དུ་བྱང་ཆུབ་སེམས་དཔའ་དེ་མ་མེད་པའི་བློ་གྲོས་རྔ་ཡབ་འཛིན་པ་གཞག་པར་བྱའོ།།དེ་ནས་རྡོ་རྗེ་འཛིན་པའི་འོག་ཏུ་ཆུང་མ ་དང་བཅས་པའི་དབང་ཕྱུག་གི་མདུན་དུ་ཁྱིམ་ཆོག་དང་ལྡན་པ་གཞིག་པོར་བྱའོ།།དེ་ནས་ཤར་གྱི་སྒོར་འཕར་མེ་དང་པོ་ལ་སྨན་ཐམས་ཅད་དང་།དངུལ་ཆུ་དང་།བཅུད་ལེན་དང་།རྐྱེན་དང་། ་གཞོན་ནུ་མ་ལས་སོགས་པ་བཞག་པོར་བྱའོ།།དེ་ནས་ལྟོའི་སྒོར་ལྷ་མ་ཡོན་བརྒྱད་གཞག་པར་བྱའོ།།སྟོབས་ཅན་དང་།སྟོབས་ཅན་གྱི་བུ་དང་།བདེ་མཆོག་དང་།གཞན་ལེན་དང་།དུས། ་ཀྱི་མུ་ཁྱུད་དང་།ཐགས་བཟངས་རིས་དང་།རབ་སིམ་དང་།དབྱིག་ཟའོ།།དེ་ནས་ནུབ་ཀྱི་སྒོར་འཁྲུལ་འཁོར་སྟོང་སུམ་ཅུ་གཞག་པར་བྱ་སྟེ།དེ་ལ་འཁྲུལ་འཁོར་བརྒྱད་རྣམ་པ་དང་བཅས ་པ་བྲིའོ།།སྲད་བུ་དང་།གྲི་གུག་དང་།བུད་མེད་དང་།སེང་གེ་དང་།ལུག་དང་།མདའ་དང་བཅས་པའི་གཞུ་དང་།ཆུ་རྒྱུན་དང་།སྦྱིན་དང་།གཉིད་ཀྱིའཁྲུལ་འཁོར་རྣམསོ།།དེ་ནས་བྱང ་གི་སྒོའི་འཕར་མར་བུ་ག་བརྒྱད་རྣམ་པ་དང་།བཅས་པ་བྲི་བར་བྱ་སྟེ།ལུག་གི་གདོང་དང་།ཆུ་སྲིན་གྱི་གདོང་དང་།གླང་པོ་ཆེའི་གདོང་དང་།ལྟོས་འཕྱེའི་གདོང་དང་།བྱི་བའི་གདོང་དོང་།། ་སྐྱེས་བུའི་གདོང་དང་།དཀྱིལ་འཁོར་གྱི་རྣམ་པ་དང་།མ་བྱས་པོའི་གདོང་གི་རྣམ་པ་རྣམ་སོ།།དེ་ནས་མཚམས་རྡོ་རྗེས་བྱིན་གྱིས་བརླབས་པའི་འོག་ཏུ་སྐྲ་བྲལ་བཞི་བཞག་པར་བྱ། ་མེའི་མཚམ་སུ་མེའི་ཐབ་ཁུང་ངོ་།།རླུང་དུ་ཆུའི་ཐབ་ཁུང་ངོ་།།བདེན་བྲལ་དུ་བདུག་སྤོས་ཀྱི་ཐབ་ཁུང་ངོ་།།དབང་ལྡན་དུ་སྦྲུལ་གྱི་རྣམ་པ་བཞག་པར་བྱའོ།།དེ་ནས་ང ་རྣམས་སྤྱན་དྲངས་ལ།།རྡོ་རྗེ་ཁྲོ་བོ་འབེབས་པ་ཆེན་པོས་བྱིན་གྱིས་བརླབ་པར་བྱའོ།།བུམ་པ་རྩ་བ་ནག་པོ་མེད་པ་བཞི་ལྗོན་པ་ལྔ་དང་།སྨན་ལྔ་དང་།རིན་པོ་ཆེ་ལྔ་དང་ལྡན་པ་ལ ་རས་ཕྲ་བོ།དྲི་ཞིམ་པ་སྒྲ་མེད་པས་མགུལ་པ་བཅིངས་ཏེ།མཚམས་བཞི་པོ་རྣམསུ་རྡོ་རྗེས་བྱིན་གྱིས་བརླབས་པ་ལ།ཡུངས་ཀར་གྱིས་བྱིན་གྱིས་བརླབས་ཏེ་བཞག་པར་བྱའོ།། ་དེ་ནས་རྡོ་རྗེའི་ཆུ་དང་།ཕྱག་རྒྱས་བྱིན་གྱིས་བརླབས་པའི་མེ་ཏོག་དང་།བདུག་པ་དང་།མརོ་མོ་དང་།དྲི་ལ་སོགས་པ་དང་།ལྷ་བཤོས་དབུལ་བར་བྱའོ།།དེ་ནས་སྣ་ཚོགོས་པའི ་རོ་དང་།འབྲས་བུ་དང་།འབྲས་ཀྱི་རྒྱལ་པོའི་འབྲས་བུ་ལེགས་པར་སྦྱར་བ།ཆང་དང་ཤ་མེད་པའི་ལྷ་བཤོས་དང་།གཏོར་མ་ཡིད་དུ་འོང་བ་དམ་པོ།རྒྱ་ཆེན་པོས་འབྱུང་པོ ་ཐམས་ཅད་ལ་ཕྱོགས་དང་མཚམས་རྣམསུ་བྱིན་ལ་ཉེ་རེག་བྱའོ།།ཆོ་ག་བཞིན་དུ་ཕྱག་རྒྱ་དང་།དཀྱིལ་འཁོར་གྱི་བྱ་བ་བྱས་ལ།ཁྲོ་བོའི་རྒྱལ་པོ་དཔའ་བོ་གཅིག་པ་རྡོ་རྗེས ་འོག་རྗེ་སུ་དྲན་པོས་བཟླས་པར་བྱའོ།།སྐྱེས་བུ་དཔའ་བོས་བྱིན་གྱིས་བརླབ་པའི་དོན་གྱི་ཕྱིར་ལྷ་མ་ཡིན་གྱི་ཕྱག་རྒྱའི་འོག་ཏུ་སོན་པར་རྐང་མཐིལ་ནས་སྤྱི་གཙུག་གི་བར་དུ་གོ ་ཆས་བྱིན་གྱིས་བརླབ་པོ།།ཇི་ལྟར་མི་འབབ་ན་དེས་དྲི་བཟང་པོ་དང་།བདུག་སྤོས་ཀྱིས་བདུགས་ལ།རས་དཀར་པོ་ཕྱ་བས་གདོང་གཡོགས་ཏེ།ལག་པ་རྡོ་རྗེ་ཐལ་མོའི་ཕྱག་རྒྱ་སྦྱར་ལ་ལས་རྒྱ ་གྲུ་ལ་རྐང་པ་གཉིས་བཞག་སྟེ།ཡོན་ཕུལ་ལ།རྣ་བ་དམ་ཚིག་གི་བྱིན་གྱིས་བརླབས་པས་སངས་རྒྱས་དང་།ཆོས་དང་།དགེ་འདུན་དང་།བྱང་ཆུབ་སེམས་དཔའི་རིགས་རྣམས་ཀྱི་དམ ་ཚིག་ཕྱེ་བ་རྣམས་དང་།དམ་ཚིག་མཚུངས་པར་འགྱུརརོ།།འདི་ལྟ་བུའི་དམ་ཚིག་ཐོས་ནས་མེ་ཏོག་དོར་བར་བྱའོ།།གང་གི་སྟེང་དུ་ལྷུང་བ་དོ་ལྷའི་རིག་སོ།།ཐོག་མར་ཕྱག་རྒྱ་བཅིངས ་པས་བྱིན་གྱིས་བརླབས་ནས་དེ་ལ་ཡོན་དབུལ་བར་བྱའོ།།དེ་ནས་རྡོ་རྗེ་ཞགས་པའི་ཕྱག་རྒྱས་དཀྱིལ་འཁོར་བསྡུས་ཏེ།ཆོ་ག་བཞིན་དུ་ཕྱག་རྒྱ་དང་།སྔགས་ལྷ་རྣམསོ་གཤེགསུ ་གསོལ་བར་བྱའོ།།དེ་ནས་དཀྱིལ་འཁོར་མཐོང་ནས་དམ་ཚིག་དམ་པས་བྱིན་གྱིས་བརླབས་པ་དང་།གསང་སྡིགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དང་།ལེགས་པ ་བགྱོད་པ་དང་།འདོད་པའི་དོན་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པ་དང་།འདུལ་བ་རྣམས་ལ་རབ་ཏུ་སྦྱོར་བ་དང་།རྒྱུན་རྣམས་ཀྱི་འགོག་པ་དང་།འཆིང་བ་དང་།སྟོན་པ་དང་།བྱེད་པ་དང་། ་བསྐྱོད་པ་དང་།ཕུར་བུས་བསྣུན་པ་དང་།འབྱེད་པ་དང་།རྒྱུད་ཐམས་ཅད་ཀྱི་དོན་ཐོབ་པ་དང་།སྒྲོགས་པ་དང་།དཔྱོད་པ་དང་།ཟློས་པ་དང་།སྒོམ་པ་དང་།རྣལ་འབྱོར་དུ་བྱེད་པ ་དང་།གདུག་པ་ཐམས་ཅད་ལ་དྲག་ཤུལ་སྤྱོད་པ་དང་།གཞོན་ནུ་མ་རྣམས་དང་།འཁྲུལ་འཁོར་རྣམས་འབྱེད་པ་དང་།གཅོད་པ་དང་།སྒྲུབ་པ་དང་།རྣམ་པ་རྣམས ་ཅད་དུ་ངན་ཐམས་ཅད་གྲུབ་པ་རྙེད་པ་འདི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ།།འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་གྲུབ་པའི་དཀྱིལ་འཁོར་གྱི་བྱ་བ་ས་འོན་ག་རྡོ་རྗེ ་དཔའ་བོ་གཅིག་པའི་ལེའུ་སྟེ་བཅུ་དགུ་པའོ།།།དེ་ནས་གཞན་ཡང་ལུས་རྒྱས་པའི་རིམ་པར་ཕྱེ་བ་ནི་རྡོ་རྗེས་བསྣུན་པའི་ཤིང་ལས་རྡོ་རྗེ་བྱས་ལ་འབུམ་ཕྲག་གསུམ་བཟླ་བར ་བྱའོ།།དེ་ནས་ཟླ་བ་ཉ་བ་ལ་མཆོད་པ་བྱ་སྟེ།ལག་མཐིལ་དུ་བཟུང་ལ་ཇི་སྲིད་ཙིཊ་ཙི་ཊི་ཞེས་སྒྲོགས་ཀྱི་བར་དུ་བཟླ་བར་བྱའོ།།དེ་ནས་འགྲུབ་པར་འགྱུརརོ།།འཁྲུལ་འཁོར་ཐམས ་ཙོཅིང་འཇོམས་པར་འགྱུརརོ།།སྲེག་པར་འགྱུརརོ།།དེ་ནས་བུད་མེད་རྣམས་མཆོད་ཡོན་བཟུང་ནས་འོང་བར་འགྱུརརོ།།དེ་ནས་འཁྲུལ་འཁོར་མེད་པར་འཇུག་པར་བྱེད་དོ།།གང་འདོད ་པའི་རྫས་དེ་ལ་སྟེར་རོ།།བཅོམ་ལྡན་འདས་ལྷའི་ལྷ་ཡིས་ཕྱག་བྱས་ཤིང་མཆོད་པ་རིག་པའི་རྒྱལ་པོ་ཆེན་པོའི་བདག་པོའི་དཔལ་དང་ལྡན་པའི་ཁྲོ་བོའི་རྒྱལ་པོ་འདི་མི་བསྒྲུབས་ཀྱང ་ལས་རྣམས་བྱེད་པར་འགྱུརརོ།།ལྕེ་མ་ཡིན་གྱི་བུ་མོ་ལ་དམས་ཏེ།བུ་གའི་སྒོར་སྟོང་ཕྲག་བརྒྱ་བཟླས་པར་བྱའོ།།ལྷ་མ་ཡིན་གྱི་བུ་མོ་བསྐྱོད་པར་འབྱུང་།།ནད་མི་བཟོད་པས ་བཟུང་ནས་སྟོང་ཕྲག་བརྒྱ་པ་ཡོངསུ་རྫོགས་པ་འོང་བར་འགྱུར།།གལ་ཏེ་མི་འོང་ན་དུག་དང་བསྲེས་པ་ལ་ཡུངས་ཀར་སྐྱ་བོར་སྦྱར་བའི་བསྲེགས་བླུགས་སྟོང་ཕྲག་བརྒྱད་སེང་ལྡེང་གི་སོལ ་བ་ལ་བྱའོ།།འོང་བར་འགྱུར་རོ།།གལ་ཏེ་མི་འོང་ན་ཀ་ར་བི་རའི་མེ་ཏོག་དམར་པོས་བསྲེགས་བླུགས་སྟོང་ཕྲག་བརྒྱད་བྱའོ།།དེ་ནས་རྡོ་རྗེ་ལ་བསྦྱིན་པས་ཅི་ནས་ཀྱང་འོང་བར་འགྱུར་རོ།། ་དེ་ནས་སྐྱེས་བུ་དཔའ་བོའི་ལོག་པ་ལས་བཟུང་ནས་འཇུག་པར་བྱའོ།།རྡོ་རྗེ་ལག་པར་བཅངས་ལ་འཇུག་པར་བྱའོ།།ཡང་ན་དོ་རྗེས་བསྣུན་པའི་ཤིང་ལ་འཁོར་ལོ་བྱས་ལ་དུར་ཁྲོད་དུ ་ནིམ་པའོ་སོལ་བ་ལ་ཚ་བའི་མར་ཁུ་བ་དང་བ་སྲེས་ཏེ།སྭཱ་ཧཱའི་ཡི་གེ་དང་ལྡན་པས་སྟོང་ཕྲག་བརྒྱད་བསྲེགས་བླུགས་བྱའོ།།དེ་ཉིད་དུ་འགྲུབ་པར་འགྱུ་རོ།།དུག་དང་།ཁྲག་དང་།ཡུངས ་ཀར་སྐྱ་བོ་བསྲེས་ཏེ།སྟོང་ཕྲག་བརྒྱད་བསྲེགས་བླུགས་བྱས་པས་བུ་གེའི་སྒོ་འབྱེ་བར་འགྱུར་རོ།།དེ་ནས་བུ་གའི་སྒོར་བ་ལང་གི་ལྕི་བས་དཀྱིལ་འཁོར་ཉེ་བར་བྱུགས་ལ་སྟེང་དུ ་དྲིས་ཕྱོགས་ཏེ།དེ་ནས་རྡོ་རྗེ་དེས་དེའི་སྟེང་དུ་རྡོ་རྗེ་བྲི་བར་བྱའོ།།དཽ་ནས་རྡོ་རྗེ་དེ་ལག་པ་གཡོས་པར་བཟུང་ལ་ཡུངས་ཀར་ལ་ཅུང་ཟད་ཅིག་བསྔགས་ཏེ།སྟོང་ཕྲག་བརྒྱད་བསྲེགས་བླུགས་བྱའོ།། ་ཅི་བདེ་བར་རྫས་བཟུང་ནས་འོང་བར་འགྱུརརོ།།དེ་གཟུང་བར་བྱའོ།།གལ་ཏེ་མི་འདོད་ན་དེ་རྣམས་དང་ལྷན་ཅིག་ཏུ་འཇུག་པར་བྱའོ།།ཡང་ན་གཏེར་འདོན་པར་འདོད་པས་ལྕག་ས་ལས་བྱས། ་པའི་ཕུར་བུ་བཞི་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཕྱོགས་བཞིར་བཏབ་ལ་གསང་སྔགས་བཟླས་པར་བྱའོ།།དེ་ནས་དེར་གཏེར་འབྱུང་བར་འགྱུར།།འདི་ནི་བཅོམ་ལྡན ་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ།།ན་མོ་རཏྣ་ཏྲ་ཡཱ་ཡ།ན་མཤྩོཎྜ་བཛྲ་པཱ་ཎ་ཡེ།མ་ཧཱ་ཡཀྵ་སེ་ནཱི་པ་ཏ་ཡེ།ོཾ་བཛྲེ་བིཛྲཱི་ཎི།བཛྲེ་ཏ་ཏ་རེ།བཛྲ་བི་ཛ་ཡེ།བཛྲེ་པ་ར་ཛི་ཏི།བཛྲ་པཱ་ཏཱ་ལི་ནི། ་ཧཱུཾ་ཕཊ་ཧཱུཾ་ཕཊ་སྭཱ་ཧཱ།།རྡོ་རྗེས་བསྣུན་པའི་ཤིང་ལ་སོར་བརྒྱད་པའི་རྡོ་རྗེ་རྩེ་གཅིག་བྱས་ཏེ།ཙན་དན་དམར་པོ་ལས་བྱས་པའི་རྡོ་རྗེའི་རྣམ་པ་སོར་བཅུ་དྲུག་པའི་སྟན་བྱས་ལ་དེའི་སྟེང་དུ་རྡོ་རྗེ ་བཞག་ལ་གསོ་སྦྱོང་དང་ལྡན་པས་ཐམས་ཅད་ལ་ཙན་དན་གྱི་རང་བཞིན་དུ་བྱས་ཏེ།དཔལ་གྱི་སྒོར་བཞག་པར་བྱའོ།།ལོ་མ་དང་།ནས་ཟན་དང་།སློང་བ་ཟ་ཞིང་འབུམ་ཕྲག་གསུམ ་བཟླ་བར་བྱའོ།།དོ་ནས་འཁྲུལ་འཁོར་ཐམས་ཅད་ལྟུང་བར་འགྱུར་རོ།།དེ་རྣམས་རང་ཉིད་འོངས་ནས་འཇུག་པར་བྱེད་དོ།།གལ་ཏེ་དེ་རྣམས་མ་འོངས་ན་ལས་གཞོན་ཡང་བཤད་པར་བྱ་སྟེ། ་ཡུངས་ཀར་སྐྱ་བོ་དང་།དུག་དང་།ཁྲག་བསྲེས་པས་སྟོང་ཕྱག་བརྒྱད་བཟུང་ལ་རེ་རེ་ལ་ཡོངསུ་བཟླས་ཏེ།རྡོ་རྗེ་ལོ་བསྣུན་པས་དེ་ནས་འོངས་ཏེ།ལག་ནས་བཟུང་ནས་འཇུག་པར་བྱེད་དོ།།སྐྱེས ་བུ་དབང་པོ་སོ་ལ་སུ་གྱུར་པ་གཞན་ཡང་དུག་དང་ཁྲག་བསྲེས་པས་སྟོང་ཕྲག་བརྒྱད་བསྲེགས་བླུགས་བྱས་པས་དེ་ནས་འོང་བར་འགྱུརརོ།།རྡོ་རྗེ་བཟུང་ལ་འཇུག་པར་བྱའོ།།ཞེས་བཅོམ ་ལྗོན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ།།དྲོནས་ལས་གཞན་ཡང་བཤད་པར་བྱ་སྟེ།ལོ་མ་ལ་སོགས་པ་ཟ་ཞིང་དུས་གསུམ་དུ་ཁྲུས་བྱས་ལ་མི་སྨྲ་བའི་བརྟུལ་ཞུགས་ཀྱིས་འབུམ་ཕྲག་གསུམ ་བཟླས་པར་བྱའོ།།དེ་ནས་རྡོ་རྗེས་བསྣུན་པའི་ཤིང་ལ་མཐེ་བོང་ཙམ་གྱི་རྡོ་རྗེ་ཆ་ཤས་བཅུ་དྲུག་པ་རྩེ་མོ་གསུམ་པ་བྱས་ཏེ།ཙན་དན་དམར་པོའི་ཁྲིལ་རྡོ་རྗེ་དེ་བཞག་པར་བྱའོ།།མེ་ཏོག་དམར་པོ་དེག ་དྲི་ལ་སོགས་པ་རྣམས་ཀྱི་སྐྱེ་མཆོད་དེ།གཏོར་མ་བྱིན་ལ་ཉིན་མཚན་དུ་གསོ་སྦྱོང་དང་ལྡན་པས་ཀ་ར་བཱི་རང་མེ་ཏོག་གིས་རྡོ་རྗེ་ལ་བརྒྱད་བརྒྱར་བསྣུན་པར་བྱའོ།།དེ་ནས་རྣམ་པ་གསུམ་འགྲུས ་པར་འགྱུར་ཏེ།རྡོ་རྗེ་ལ་ཙི་ཊི་ཙོ་ཊི་འབྱུང་བ་དང་།བུ་གཽར་དུ་བའི་སྡོང་བུ་འབྱུང་བ་དང་།གཞོན་ནུ་མ་རྣམས་འོང་བར་འགྱུརརོ།།གང་གི་ཚེ་ཞུགས་ཤིག་ཅེས་སྨོན།དེ་ནས་འཇུག་པའི་དུས་སུ་ཉིན ་མཚན་དུག་སོ་སྦྱོང་ལ་གནས་པས་ལྷས་བརྟག་པར་བྱ་སྟེ།གང་གི་ཚེ་རྡོ་རྗེ་ལ་རྩི་ཊི་རྩི་ཊི་ཞེས་སྒྲོགས་ན།འཁྲུལ་འཁོར་རྣམས་འབྱེད་པ་ཡིན་ནོ།།གང་གི་ཚེ་དུ་བ་འབྱུང་བར་མཐོང་ན་དེ་ནས ་འཁྲུལ་འཁོར་ཐམས་ཅད་འཇིག་པ་ཡིན་ནོ།།དེན་སོ་རང་གི་ཁང་པ་བཞིན་དུ་འཇུག་པར་བྱའོ།།གང་འདོད་པའི་རྫས་དེར་སྟེར་བར་འགྱུར་རོ།།གལ་ཏེ་མི་འདོད་ན་བུ་གཽའི་སྒོ་དེ་ཉིད་དུ་ཨརྒའི ་ཡི་ཤིང་ངམ།སེང་ལྡེང་གི་ཡམ་ཤྲིང་ལ་མེ་རབ་ཏུ་སྦར་ཏེ།ཡུངས་ཀར་སྐྱེ་བོ་རྣམས་དང་རོང་གི་ཁྲག་བསྲེས་ལ་སྟོང་ཕྲག་བརྒྱད་བསྲེགས་བླུགས་བྱའོ།།དེ་ནས་གཞོན་ནུ་མ་རྣམས་འོངངོ་།། ་བོངས་ནས་ཀྱང་ལ་གན་ས་བཟུང་སྟེ་འཇུག་པར་བྱེད་།།ཇི་ལྟར་འདོང་པའི་རྫས་རྣམས་སྦྱོར་རོ།།གཞན་དུ་ན་དྲང་མོད་དོ་རྣམས་འཚོ་བར་འགྱུར།།ཚན་སྣ་ལྔ་སླང་དུས་དཀྱི ་འཁོར་གདབ་པར་བྱའོ།།རྡོ་རྗེ་ས་འོག་གི་རྒྱུད་ལས་རྒྱས་པའི་ལེའུ་སྟེ་ཉི་ཤུ་པའོ།།།།དེ་ནས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་དེས་ས་འོག་ཆེན་པོའི་ཆོ་གར་གྱུར་པ་ནི་གཞོན་ནུ་མས ་བཀལ་བའི་སྲད་བུ་ལས་བ་ལང་གི་གཅིན་གྱིས་བཀྲུས་ཏེ།གསོ་སྦྱོང་དང་ལྡན་པའི་ཐགས་མཁན་གྱིས་ནག་པོའི་ཕྱོགས་ཀྱི་བཅུ་བཞི་པ་འམ།བརྒྱད་པ་འམ།ཡང་ན་ཉ་ལ་རྣམ་པར་བྲལ ་བའི་ཕྱོགསུ་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་ཏེ།དྲི་དང་།མེ་ཏོག་དང་།བདུག་པ་ལ་སོགས་པ་རྣམས་ཀྱིས་མཆོད་ལ།རྒྱ་ཆེན་པོའི་གཏོར་མ་དང་།ལྷ་བཤོས་བྱས་ཏེ།བདེ་བར ་གཤེགས་པའི་མཐོ་གང་ལས་ལྷག་པ་ཇི་ཙམ་འདོད་པའི་ཚད་ཀྱིས་བྲིས་སྐུ་འཚམ་པར་བྱས་ལ།དེ་ལ་རིན་ཆེན་དང་།སྨན་དང་།འབྲུས་བྱིན་གྱིས་བརླབས་པའི་བུམ་པོས་མཆོད་ཡོན ་སྦྲེངས་ལ་གཏོར་མ་དང་།ལྷ་བཤོས་རྒྱ་ཆེན་པོ་བྱས་ཏེ།ཇི་ལྟར་འབྱོར་པའི་དགེ་སློང་ལ་གྱ་ནོམ་པའི་བཟའ་བས་ཚིམ་པར་བྱས་ནས།ཇི་ལྟར་འདོད་པའི་དངོས་གྲུབ་ཏུ་སྨོན་ཏེ།ཡན་ལག ་བརྒྱད་པའི་གསོ་སྦྱོང་དང་ལྡན་པའི་རི་མོ་མཁན་ལོ་སྲུང་བ་བྱས་ལ་དཔའ་བོས་རིན་ཐང་ངེས་པ་མི་གཟུང་བར་ཡོན་བྱིན་ཏེ།ཁ་དོག་མ་འདྲེས་པས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་དཔའ ་བྱོ་གཅིག་པ་རྡོ་རྗེ་ས་འོག་ཆེན་པོ་བྲི་བར་བྱའོ།།བཻ་ཌཱུརྱ་སྔོན་པོ་དང་།སྤྲིན་ཆེན་པོ་འདྲ་བ།སྦྲུལ་གྱི་མཆོད་ཕྱིར་ཐོགས་འཆང་བ།ཀླུའི་རྒྱལ་པོ་ནོར་རྒྱས་ཀྱིས་སྐ་རགས་བྱས་པ།དགའ་བོ་དང་། ་སྟོབས་ཀྱི་རྒྱུས་རྣ་བརྒྱན་པ། ཤི་བི་ཤིས་ལག་པ་དང་རྐང་པརྒྱན་པོ།སྟག་གི་ལྤགས་པའི་ཤམ་ཐབསོ་ཅན།སྤྱན་གསུམ་པའིརྫོགས་བྱེད་ཆེན་པོ་ཊ་ནུས་བཞད་གི་མཆེ་བ་གཙིགས ་ཤིང་འབར་བས་འཁྲུགས་པ།ཐམས་ཅད་རབ་ཏུ་འབར་བའི་འོད་ཀྱི་ཚོགས་ཅན་ཕྱག་བཞི་པ།ཕྱག་གཡས་པར་འོད་ཟེར་ཆེན་པོའི་དཀྱིལ་འཁོར་ཅན་གྱི་རྡོ་རྗེ་རྩེ་གསུམ་པའོ།།གཞན་པར ་ཆུ་སྲིན་གྱི་གདོང་གི་རྣམ་པའི་ལྕགས་ཀྱུའི་སོར་མོས་མེ་ཏོག་གི་སྡོང་བུ་ལྟར་འགུགས་པའོ།།གཡོན་པར་ལྟོ་འཕྱེ་ཆེན་པོ་བསྐྱིལ་བའི་ཞགས་པའོ།།གཉིས་པའི་འོག་ཏུ་སོན་པར་བགེགས ་རྣམས་དང་།ལྷ་མ་ཡིན་རྣམས་དང་།ཀླུ་དང་།གནོད་སྦྱིན་ལ་སོགས་པ་རྣམས་ལ་བསྡིགས་པའོ།།འོག་ཏུ་རྒྱ་མཚོ་ཆེན་པོ་བྲི་བར་བྱའོ།།དེའི་དབུ་སུ་རི་བོ་ཆེན་པོའི་སྟེང་དུ་པདྨ་ཆེན་པོ་ལ་བཞུ ་པ་ནི་བཅོམ་ལྡན་འདསོ།།རྒྱ་མཚོ་ཆེན་པོ་དེའི་ནང་དུ་ལུས་ཕྱེད་ནུབ་པའི་འོག་ཏུ་ལྟ་བའི་ལྷ་མ་ཡིན་ཆེན་པོ་བརྒྱད་བྲི་བར་བྱོ།།བཅོམ་ལྡན་འདས་ཀྱི་སྟེང་དུ་འོད་ཀྱི་དཀྱིལ་འཁོར་གྱི་དྲུང་དུ་པདྨོ། ་གདན་ལ་བཞུགས་པ་དང་།ཁྲོ་བོའི་གདན་ལ་བཞུགས་པོ་སྟེང་དུ་ཕྱག་བརྐྱང་ནས་ཁྲོ་བོ་ཆེན་པོ་དབུགས་འབྱིན་པར་མཛད་པ་དེ་བཞིན་གཤེགས་པའི་སྐུ་འོད་དཔག་ཏུ་མེད་པ་དེང་།མེ ་བསྐྱོད་པ་དྲག་བྲི་བར་བྱའོ།།དེ་ལྟ་བུའི་བྲིས་སྐུ་ཡོངསུ་རྫོགས་པ་དང་།རིག་པ་འཛིན་པ་གཅིག་པུས་མི་སྨྲ་བའམ།སྲོགས་བཟང་པོ་དང་བཅས་ཏེ།རི་བོ་འམ།སྒྲ་མེད ་པའི་ཕུག་རྙིང་པའམ།ཤིང་གཅིག་པོའི་གོནས་ཇི་ལྟར་རྙེད་པར་ལམ་དང་།འབྲས་བུ་དང་།འོ་མ་དང་།སློང་བ་ཟ་ཞིང་སྡིགས་པ་བཤགས་ལ་བསོད་ནམས་ལ་རྗེ་སུ་ཡི་རང་བ་དང་།ཆོས ་ལ་དགའ་བས་བྲིས་སྐུ་རབ་ཏུ་གནས་པ་བྱ་སྟེ།འབུམ་ཕྲག་བཅུ་བཟླའོ།།ཆོ་ག་འདིས་ཧཱུ~ཾ་ཞེས་བརྗོད་པས་རི་རབ་ཀྱང་ཕྱེ་མར་རློག་ཅིང་རྒྱ་མཚོ་ཡང་སྐེམསོ།།ལྷའི་གནས་ལྟུང་བར་བྱེད་དོ།། ་དེ་ལྟ་བུས་སྔོན་དུ་བསྙེན་པ་བྱས་ཏེ།དཔོལ་གྱི་སྒོའི་སྒོར་བྲིས་སྐུ་བཞིག་ལ་སྟོང་ཕྲག་བཅུ་བཟླའོ།།གང་དེའི་ཉེ་བར་གོནས་པ་རྣམས་དེར་འོང་ངོ་།།ཐམས་ཅད་ལ་བཀའ་བསྒོ་བར་བྱའོ།། ་དངུལ་ཆུ་དང་།བཅུད་ལེན་དང་།མིག་སྨན་དང་།གྲུབ་པའི་རྫས་ལ་སོགས་པ་སྟེར་རོ།།སྒོ་འབྱེད་པར་འགྱུར་རོ།།སྦྱིན་ཐམས་ཅད་ཀྱིས་གོས་པར་མི་འགྱུ་རོ།།སྒྲ་མེད་པར་བྱེད་དོ།། ་ཆུརྒྱུནི་སྐེམས་པར་འགྱུར་རོ།།འཁྲུལ་འཁོར་ཐམས་ཅད་ལྟུང་བར་འགྱུརརོ།།སྡིག་པ་ཐམས་ཅང་བྲལ་བར་འགྱུརརོ།།མར་དང་འབྲས་ཡོས་ཀྱི་སྦྱིན་སྲེག་གྲིས་ཞི་བར་བྱེད་དོ།།མར ་དེང་འོ་མའི་སྦྱིན་སྲེག་གིས་སྟོབས་འཕེལ་བར་བྱེད་དོ།།མར་དང་རྟེན་དུ་ལེའི་སྦྱིན་བསྲེག་གིས་ནད་ཆེན་པོ་ནི་བར་བྱེད་དོ།།དུག་དང་ཁྲག་གི་སྦྱིན་སྲེག་གིས་ལོག་པོར་འདྲེན་པ ་རྣམས་བསོད་པར་བྱེད་དོ།།ནིམ་པའི་ལོ་མའི་སྦྱིན་སྲེག་གིས་སྐྲོད་པར་བྱེད་དོ།།བྱི་བའི་སྤུ་དང་།རང་གི་ཁྲག་བསྲེས་པའི་སྦྱིན་སྲེག་གིས་ལྷ་མ་ཡིན་ཆེན་པོའི་བུ་མོ་འགུགས་པར་བྱེད་དོ།།སྐྱེ ་མེའི་སྤུའི་སྦྱིན་སྲེག་གིས་ཀླུ་རྣམས་འགུགས་པར་བྱེད་དོ།།འདིའི་ཚོ་གས་རྟོག་པ་གཞན་དུ་བཤད་པ་ཐམས་ཅད་ཀྱང་འགྲུབ་པར་འགྱུརརོ།།འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ ་སྩལ་ཏོ།།འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་ཐམས་ཅད་སྒྲུབ་པར་བྱེད་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།།།།དེ་ནས་འཁྲུལ་འཁོར་འཇོམས་པར་བྱེད་པ་རྒྱལ་བའི་རིམ་པར་ཕྱེ་བར་གྱུར ་པ་ནི་སེང་གེ་དང་།སྟག་དང་།གླང་པོའི་དབང་པོ་དང་།རྟ་དང་།ཁྱུ་མཆོག་དང་།ལུག་དང་།བསེ་རུ་དང་།དོམ་དང་།སྤྲེའུ་དང་།ཕག་དང་།མ་ཧེ་དང་།རྀ་དགས་སྟེ་འཁྲུལ་འཁོར་བཅུ་གཅིག ་སྤྲུལ་པ་ལེགས་པར་སྦྱངས་པ།སུ་འོག་གི་སྒོ་གཏན་གྱི་འཁྲུལ་འཁོར་བསྡམས་པ་ལ་ཁུ་ཚུར་འབྱར་བས་བསྣུན་པར་བྱའོ།།རྡོ་རྗེས་བསྣུན་པ་ལྟར་འཇིག་པར་འགྱུརརོ།།འུག་པ་བྱ ་རིག་བྱ་རྒོད་དང་།།ཁྭ་དང་ལོ་མ་བརྒྱ་པ་དང་།།མཁའ་ལྡིང་བཞིད་དང་གཙུང་ཕུ་དེ་དང་།།འཁྲུལ་འཁོར་འདི་དག་རབཱི་གྲགསོ་པ།།ས་ཆེན་པོ་ལི་བསྡོགས་པ་ཡིས།།ཐེ་ཙོམ་མེད་པར་བསྣུན ་པར་བྱ།།རལ་བྲི་མུ་སདྡྷི་སྒོ་གླེགས།།འཁོར་ལོ་སྤྲུལ་དང་དབྱུག་གུ་དང་།།སྐྱེས་བུ་གཞུ་ཡི་ལེག་པ་དང་།།སྤུ་གྲི་ཞུགས་པ་འཛིན་པ་ལ།།མདའ་ཆེན་བློ་གྲོས་ལྡན་པས་བསྣུན།།རླུང ་འཕྲུམ་མའོ་འ་ལ་མཥར།།གློས་དང་གཉིད་དང་འདྲ་བདང་།།མགན་ད་ན་མི་གནང་ལ།།འཁར་ལའི་ཀུན་གྱི་བསྣུན་ཕྱུ་བྱ།།བན་པའི་འདལ་རྒྱ་། ་རྒྱུན།།དུག་གི་རླུང་དང་སྦྱིནཱ་ནཱག་དང་།།རྨྱི་སྲིན་དུ་སྐལ་བྱི་བ་དང་།སྦྲུལ་པ་སྡིག་པ་དེ་བཞིན་དུ།།ཀ་རཱི་ཡིས་གཅོད་པ་ལ།།རྔ་རྔ་རྡུང་པོའི་སྐྱེས་བུ་ཡིས།།རྡོ་རྗེ་བསྔགས་པས་བསྟན ་བཻ་བྷ།ཉེར་གྱི་སྦྱོར་བའི་དེ་ཉིད་ཀྱིས།།གཞན་ཡང་འཁྲོལ་འཁོར་དུམ་ནི།།རླུང་དང་མེ་རུ་བ་གླགས་པ།།ས་དང་ཆུ་ལེ་ཟུག་རྔུང་།།ན་མཁའ་དུག་དང་ལྷན་ཅིག་པ།ཐམས་ཅད ་ནང་།རྡོ་རྗེ་མོས།།གར་གྱི་སྦྱོར་བྱས་བསྣུན་པར་བྱ།།རྡོ་རྗེ་བསྔགས་པའི་སྦྱོར་བ་ཡིས།།རྡོ་རྗེ་ཁུ་ཚུར་གྱིས་ནི་བསྟན།།བསྣུན་པས་འཁྲུལ་འ་ཁོར་ཐམས་ཅད་ནི།།གདོན་མི ་བར་ལྟུང་བར་འགྱུར།།ཉི་མདོད་ནི་རྡོར་འཛིན་ཡང་།།དཔལ་ལྡན་གྱིས་བསྣུནྡོ་གུ་ཡོ་འགྱུར་ན།།ཕལ་པའི་འཁྲུ་ལའི་ཁར་སྨྲས་ཅི་དགོས།།ལྷ་མིན་བུ་མོ་རྙེད་དཀའ་མིན།།རལ་གྲི ་འཁོར་ལོ་དདྲུག་གུ་སོགས།།འོད་ལི་ཨ་ཛ་གྷ་ར་དང་།།གསང་བའི་མཚམས་ཀྱི་སྒོ་གླེགས་དང་།།བུད་པའི་ཕྲེང་བ་དེ་བཞིན་དུ།དྲག་པོའི་སྒྲ་དང་གད་རྒྱངས་ཚེ།ཚར་གཅོད་པ་རུ་གང ་གྱུར་བ།།ཕྱི་རོལ་ཏུ་ནི་ཆོ་ག་དེས།།ཇི་ལྟར་འཇོམས་པ་དེ་བཞིན་བརྫུན།།ཁྲོས་པས་མཆེ་བས་མཆུ་མནན་ཏོ།།ས་འོག་བཟླས་པས་བསྣུན་པར་བྱ།།ཁྲོན་པར་འཇུག་པའི་འཁྲུམ ་འཁོར་ནི།།དེ་ནི་འོག་གི་འཁྲུལ་འཁོར་བཤད།།དཔལ་གྱི་སྒོ་ནི་གང་ཚེ་མཐོང་།།བཟང་ཡང་མཚན་ཉིད་ཉམས་པ་དང་།།སྲ་བའི་མཚམས་དང་སྦས་པ་དང་།།རི་མོ་ཡིས་ནི་ཡོངས་བྲེས་པ།། ་དེ་ལ་ས་གའི་ཆོ་ག་ཡིས།།ལག་པ་སྟེང་དུ་བྱས་ནས་སུ།།རྡོ་ལ་བརྒྱད་བརྒྱ་བཟླས་ནས་ཀྱང་།།མཚམས་ལ་དྲག་ཏུ་བརྡེག་པར་བྱ།།བསྣུན་པ་ཙམ་གྱིས་འཁྲུལ་འཁོར་དེ།།གདོན་མི་ཟ་བར ་མཐོང་བར་འགྱུར།།བྱ་རོག་མཆུ་དང་དབྱུག་གུ་དང་།།མཐོ་བ་མཆིང་བའང་དེ་བཞིན་ཏེ།།རུ་སྦལ་ཕྱག་རྒྱའི་ཚི་ག་ཡིས།།གཡོས་ལེ་ས་གཞན་པས་རེག་པར་བྱ།།ཕུར་བུ་བཅིང་བར ་བྱས་ན་སུ།།བྱོ་རོག་མཆུ་ལ་གཟིར་བར་བྱ།།གཡོན་བརྐྱང་བ་འམ་མཉམ་པ་ཡིས།།གཡས་པ་ཡིས་ནི་དེ་བསྐོར་རོ།།འཁྲུལ་འཁོར་གྱིས་ནི་མཚམས་རྙེད་འགྱུརརོ།།དེ་ནི་མྱུར་བས་གདོན ་པོར་བྱ།།དེ་ནས་པུས་མོ་གཡས་བསྐུམས་ཏེ།།རྐང་པ་གཡོན་པ་བརྐྱང་བར་བྱ།།མཐོ་བས་ཕུར་བུ་ལ་བསྣུན་པས།།མཚམས་ཀྱི་འཁྲུལ་འཁོར་བསྐྱོད་པར་འགྱུར།།རྡོ་རྗེ་ཁྲོ་བོ་དེ ་མ་ཐག།གསང་སྔགས་བཟླས་པས་གདོན་པར་བྱ།།དེར་ནི་དུ་བ་འབྱུང་བ་ན།།རླུང་གི་འཁྲུལ་འཁོར་གྱིས་བྱས་ཡིན།།གེ་སར་རྒྱ་སྤོས་རུ་རྟ་དང་།།པུ་ནོར་ན་བ་ཁྱབ་འཇུག་ནོན།།དེ་དག ་རྣམས་ལས་བདུག་པ་བྱ།།རླུང་གི་འཁྲུལ་འཁོར་ཟློག་པར་འགྱུར།།འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ།།འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་འཁྲུལ་འཁོར ་འཇོམས་པ་རྒྱལ་བ་ཞེས་བྱ་བའི་ལེའུ་སྟྭཾ་ཉི་ཤུ་གཉིས་པའོ།།།དེ་ནས་རྡོ་རྗེ་ཁྲོ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཉིད་ཀྱ་། ་རྣམ་པར་རྒྱལ་བ་རྡོ་རྗེའི་རྒྱུད་ཆེན་པོ་བཀའ་སྩ་ལ་ལགས་ན།བདག་ཀྱང་རིག་པ་འཛིན་པ་རྣམས་ལ་སྨིན་པའི་སླད་དུ་བཤད་པས་བཅོམ་ལྡན་འདས་ལ་ཞུའོ།།བཅོམ་ལྡན་འདས་རིག ་པའཛིན་པ་ཇི་ལྟར་གནས་པར་བགྱི།ཇི་ལྟར་རིག་པ་སྒྲུབ་པར་བགྱི།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསེང་བ་པའི་བདགེ་པོས་རྡོ་རྗེ་ཁྲོ་བོ་ལ་འདི་སྐད ་ཅེས་བཀའ་སྩལ་ཏོ།།རྡོ་རྗེ་ཁྲོ་བོ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་རིག་པ་འཛིན་པ་འགྲུབ་པའི་རྒྱུ་དྲིས་པ་ལག་སོ་ལེག་སོ།།རིག་པ་འཛིན་པས་ཇི་ལྟར་རིག་པ ་སྒྲུབ་པ་རྡོ་རྗེ་ཁྲོ་བ་ཉན་ཅིག།དེ་ལ་རེ་ཤིག་དང་པོར་རིག་པ་འཛིན་པས་བསླབ་པའི་གནས་ལྔ་ཡོངསུ་བཟུང་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་དེ།བྱམས་པ་ཆེན་པོ་དང་།སྙིང་རྗེ་ཆེན ་བྱཕྱི་དང་།དགའ་བ་ཆེན་པོ་དང་།བཏང་སྙོམས་ཆེན་པོ་ལ་གནས་པ་དེའི་རིག་པ་འཛིན་པའི་འདུལ་བ་ངས་བཤད་པར་བྱའོ།།དང་པོར་རོ་ཤིག་བཟླས་པའི་ཕྲེང་བ་ཡོངསུ་བཟུང་སྟེ། ་ནོར་བུ་དང་།བུ་ཡིས་འཚོ་བ་དང་།དྲག་པོའི་རིལ་བུ་དང་།ཙན་དན་དམར་པོ་དང་།རྡོ་རྗེའི་མིག་རྣམས་ལས་དྲག་པོའི་མིག་ཁྱད་པར་དུ་འཕགས་པས་དེ་བརྒྱུ་བའི་སྔགསུ་གྱུར ་པ་ནི།ན་མོ་བཛྲ་པཱ་ཎ་ཡེ།ོཾ་ཀ་ཀཽ་རི་རོ་དྲྀ་ཎོ་སྭཱ་ཧཱ།།སྔགས་འདིས་ཕྲེང་བ་བརྒྱུ་བར་བྱའོ།།དེ་ནས་སློབ་དཔོན་ལས་གནང་བ་ནོད་དེ།སློབ་དཔོན་ལ་ཕུལ་དུ་བྱུང་བའི་ཡོན་ཕུལ་ལ་སྔགས ་བཟླ་བར་བྱའོ།།དེ་ལྟ་བུའི་བྱ་བ་དང་ལྡན་པས་སྡིགས་བསྒྲུབས་པས་ངེས་པར་འགྲུབ་པར་འགྱུར་རོ།།བགེགས་རྣམས་ཀྱིས་བར་དུ་གཅོད་པར་མི་འགྱུར།།དཀྱིལ་འཁོར་དུ་མ་ཞུགས ་ན་ཚིག་ཙམ་ཡང་སྦྱིན་པར་རོ་མི་བྱ་ན།སྔགས་འགྲུབ་པ་ལྟ་ཅི་སྨོས།དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ལ་སྔགས་འགྲུབ་པ་གསང་བ་བཤད་པར་བྱའོ།།རིག་པ་འཛིན་པས་ཞི་བ་དང་།རྒྱས ་པ་དང་།མངོན་སྤྱོད་དང་།དབང་དུ་བྱ་བ་དང་།གསོད་པ་དང་།བསྐྲད་པ་རྣམས་སྒྲུབ་པའི་དོན་དུ་གནས་ཡོངསུ་བཟུང་བར་བྱའོ།།དེ་ལ་རེ་ཤིག་གན་སུ་གྱུར་པ་ནི་རིའི་རྩེ་མོ་དང་།ཤིང ་གཅིག་པ་དང་།དུར་ཁྲོད་དང་།རིང་བསྲེལ་ཅན་གྱི་མཆོད་རྟེན་རྣམསུ་བུམ་པ་རྩ་བ་ནག་པོ་མེད་པར་ནོར་བུ་དང་།འབྲུ་དང་།སྨན་ཐམས་ཅད་ཀྱིས་ཡོངསུ་བཀང་ལ།བཅོམ་ལྡན་འདས ་ཀྱི་མདུན་དུ་བརྒྱད་བརྒྱ་བཟླའོ།།།།ོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་འཁྲུལ་འཁོར་གྱི་གནསུ་སྔགས་འདིས་བཟླ་བར་བྱའོ།།དེ་ནས་སིའི་ཕྱོག་སུ་བུམ་པ་ལ་ཁྲོ་བོས་བསྔགས་ཏེ།ཐམས་ཅད ་ལ་བསེང་ག་ཏོར་བྱའོ།།ཆུའི་རྒྱུན་མ་ཆད་པས་ཐམས་ཅད་ལ་བསྐོར་བ་བྱའོ།།དུག་དང་ཁྲག་དང་ཡུངས་ཀར་པོ་སྲེས་པས་ཨནའི་ཤིང་ལ་མེ་སྦར་ལ་སྟོང་ཕྲག་བརྒྱད་བསྲེགས་ལ ་འདི་སྐད་ཅེས་ཁོ་བོས་གནས་འདི་ཡོངསུ་བཟུང་ངོ་།།ཞེས་བརྗོད་པར་བྱའོ།།དེ་ནས་རིག་པ་འཛིན་པ་དེའི་རིག་པ་རྣམས་དང་།གཞན་ཡང་གླགས་ལྟ་བ་འཇུག་པའི་གོ་སྐྲ ་རྙེད་པར་མི་འགྱུར་རོ།།ཇི་ལྟར་འདོད་པར་སེམས་པ་བསྒྲུབ་པར་བྱའོ།།ཆོ་ག་གང་སྒྲུབ་ན།དེ་ནས་རིག་པ་འཛིན་པས་བ་ལང་གི་འོ་མ་དང་།ནས་དང་།འོ་མ་དང་།སློང་བཟེ་ཞིང་དེ་བཞིན ་གཤེགས་པ་ལ་ཕྱོགས་པས་འབུམ་ཕྲག་གཅིག་བཟླ་བར་བྱའོ།།སྔགས་ཀྱི་མཐོར་གསོལ་པ་གདབ་པར་བྱ་སྟེ།གང་གི་ཚེ་བཅོམ་ལྡན་འདས་བདག་གི་སྒྲུབ་པ་འདི་གདོན་མི་ཟ་བར ་འགྲུབ་པར་འགྱུ་རོ་བ་དེ་བདག་ལ་བཀའ་སྩལ་དུ་གསོལ་ཞེས་བརྗོད་ལ།དེ་ནས་རྗེ་བཙུན་སངས་རྒྱས་ཀྱི་མདུན་དུ་ནག་པོའི་བརྒྱད་པའི་ཉིན་མཚན་གསོ་སྦྱོང་དང་ལྡན་པས་དགོངས་གའི་དུས ་སུ་ཇི་ལྟར་ནུས་པས་མཆོད་པ་བྱ་སྟེ།ཀུ་ཤའི་ཆུན་པོའི་སྟེང་དུ་བསྡད་ལ་དེ་བཞིན་གཤེགས་པ་ལ་མངོན་དུ་ཕྱོགས་ཏེ་རིག་པ་ཁོར་མོར་ཇི་སྲིད་གཉིད་མ་བྱུང་བ་དེ་སྲིད་བཟླ་བར་བྱའོ།། ་དེ་ནས་དེར་ཀུ་ཤ་སྡོམ་པ་ལ་ཉལ་ཏེ།གཉིད་ཀྱི་མཚན་མོའི་ཐུ་ན་ཚོད་ཕྱི་མ་ལ་ལྷ་དེ་ཉིད་གྲུབ་པ་ཡང་བཀའ་སྩོལ་བར་འགྱུ་རོ།།གལ་ཏེ་མི་གསུང་ན་ཉི་མ་ཕྱེ་མ་ལ་དེ་བཞིན་དུ་མཆོད་པའི་ཆ ་གས་བཅོམ་ལྡན་འདས་སྤྱན་དང་ལྷན་ཅིག་པ་མཆོད་དེ།སྣ་མའི་མེ་ཏོག་ལ་བརྒྱད་བརྒྱ་ཡོངསུ་བཟླས་ལ་ཕྱོགས་བཞིར་གཏོར་ཏེ།ཇི་སྲིད་གཉིད་མོ་བྱུང་བ་དེ་སྲིད་བར་དུ་བཟླས་པར ་བྱའོ།།ངེས་པར་གསུང་བར་འགྱུར།།དེ་ནས་ཐེ་ཙོམ་མེད་པར་སླར་ཡང་སྔར་བཤད་པའི་རྒྱོབ་བཞིན་དུ་གསུང་སྔགས་ཆེན་མོ་འབུམ་ཕྲག་གསུམ་དང་།སྟོང་ཕྲག་བརྒྱད་བཟླ་བར་བྱའོ།། ་ནུནས་སྦྱིན་སྲེག་གི་ཆོ་ག་ནི་མངོན་སྤྱོད་ལ་སྟེགས་བུ་གྲུ་གསུམ་པ་བྱེའོ།།རྒྱུ་སྟེ་པལ་གྲུ་བཞིའོ།།ཞི་བ་ལ་ཟླུམ་པོའོ།།སྒྲུབ་པ་ཆེན་པོ་ལ་པུདྨའི་རྣམ་པའོ།།དབང་དུ་བྱ་བ་ལོ་ལྕགས་ཀྱུའི་རྣམ་པའོ།། ་རིག་པ་དང་ལྷན་ཅིག་ཏུ་དྲི་ཞིམ་པར་མེ་ཏོག་དང་།ཡམ་ཤིང་བསྲོག་པར་བྱའོ།།མངོན་སྤྱོད་ལ་དུར་ཁྲོད་ཀྱི་ཤིང་ལ་ཚ་བྱ་གསུམ་དང་།སྐྱེ་ཚེ་དང་།ཡུངས་ཀུར་དང་།ལན་ཚྭ་དང་།ཐལ་བ་དང་། ་ཁྲག་ལ་སོགས་པ་ཡིས་ཁྲོ་བོ་ལ་བསྲེགས་བླུགས་བྱའོ།།ཞི་བ་ལ་སྨན་གྱི་ལྗོན་པའི་ཡ་མོ་ཤིང་གིས་སོ།།རྒྱས་པ་ལའོ་མ་ཅན་གྱི་ཡ་མྲྀ་ཤིང་གིས་སོ།།ཞི་བ་ལ་མེ་ཏོག་དང་།དྲི་དཀར་པོས་སོ།། ་རྒྱུརྒྱས་པ་ལ་མེ་ཏོག་དང་།དྲི་སེར་པོས་སོ།།མངོན་སྤྱོད་ལ་མེ་ཏོག་དང་དྲི་དེ་མར་པོས་སོ།།དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང་ལྡན་པའི་སྔགས་ཀྱིས་ཐུན་སུམ་དུ་ལས་བྱེའོ།།སྒྲུབ་པ་ཆེན། ་པོ་ལ་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང་ལྡན་པས་ལས་བྱའོ།།ཞི་བ་ལ་སྐྱིལ་ཀྲུང་གཱསོ།།རྒྱས་པ་ལ་ཙོག་བུས་སོ།།མངོན་སྤྱོད་ལ་རྐང་པས་རྐང་པ་མནན་པོསོ།།ཟས་མི་ཟ ་བར་བསྲེགས་བླུགས་བྱའོ།།སྒྲུབ་པ་ཆེན་པོ་དང་།ཞི་བ་ལ་ཧཱུཾ་གི་ཡཽ་གི་བཟླའོ།།མངོན་སྤྱོད་པ་ཕཊ་ཀྱི་ཡི་གེའོ།།ཞི་བ་ལ་སྲོད་ཀྱི་ཐུན་ལའོ།།རྒྱས་པ་ལ་སྔ་དྲོའི་ཐུན་ལའོ།།མངོན་སྤྱོད་ལ་ཉི ་།སརྦ་དམུན་མགུང་གི་དུས་སུ་ར་བལྟསྭཱ་ཧཱུ~ཾ་ལས་བྱུ།།སྒྲུབ་པ་ཚན་པོ་དང་།ཞོ་བ་ལ་ཁྭ་ཤར་དུ་ཕྱུགས་བྱས་སོ།།རྒྱས་པ་ལ་བྱུང་དུ་ཕྱོགས་པས།།དབང ་དུ་བྱ་བུ་ལ་བྱུང་དུ་ཕྱུགས་པས།།སང་ས་རྒྱ་ས་བཅོམ་ལྡན་འདས་ཀྱི་སྤྱན་སྔོར་ལྷལ་མཆོད་པ་བྱས་ཏེ།རྒྱས་པའི་ལས་བྱའོ།།དུང་ཁྱོད་དང་།རྟོགས་གཙོག་པ་དབང་དུ་བྱུ་བ་ལྕེ ་མངོན་སྤྱོད་དོ།།ཞོ་བྷ་ལ་སོགས་པ་ལ་མེ་སྦྱར་ཏེ་བྱའོ།།གང་གི་ཆུང་རིམ་བཟང་པོར་གྱུར་ན།དེ་ནས་ལས་འགྲུབ་པ་རོ་གྱུ་།།ཐིག་མ་ཁོ་ནར་སྔགས་ཀྱི་ལྷ་སྤྱན་དྲངས་ཏོ།།ཕྱིས ་བཅིང་བྱུར་བྱུར།།ཐོག་མ་ང་ལྟར་མ་བྱས་ན་རིག་པ་འགྲུབ་པར་མི་འགྱུར།།སྤྱན་དྲངས་ནུས་དྲིའི་ཆུས་གང་ཤཱའི་སྣང་དུ་མི་ཏོག་དཀར་པོ་དང་ལྡན་པ་ལ་སངས་རྒྱས་བཅོམ་ལྡན ་འདས་ཀྱིས་སྟོན་སྔར་ཕྱོགས་ཏེ།གས་སྔགས་བརྒྱད་བརྒྱ་བགྲང་བར་བྱའོ།།སྒྲིབ་པོ་ཆེན་པོ་འབྱུང་བའི་མཚན་མིརྣམས་འབྱུང་སྟེ།བློ་བུར་དེ་དུང་གི་སྒྲའམ།འབྲུག་གི་སྒྲ་ཐོས་པ ་དང་།དྲིའི་མོ་པ་བྱིད་ནོ།།དེ་ནས་རིག་པའི་ལྕེ་འོངས་པར་ཤེས་པར་བྱའོ།།གལ་ཏེ་མ་འོངས་ན་བཅོམ་ལྡན་འདས་སྤྱན་དང་ལྷན་ཅིག་པ་ལ་སྔར་བཞིན་དུ་མཆོད་ཡོན་བ་ཟུང་ཏེ།བརྒྱུད ་བརྒྱ་ཟླའོ།།འོང་བར་འགྱུར།།བྱོན་པ་དང་།དཀྱིལ་འཁོར་བཙོང་བ་དང་།ཕྱོགས་བཅངས་ལ་གཏོར་མ་།ལྕེ་བཾ་ཤོས་དབུལ་བར་བྱའོ།།དེ་ནས་མིག་སྨན་དང་། ་ལ་སོགས་པ་རྣམས་བསྒྲུབ་པར་བྱའོ།།རྒྱུན་དུ་སྦྱངས་ཏེ་ཕྱིས་བསྒྲུབ་པར་བྱའོ།།མིག་སྨན་དང་། ངོས་ལ་སོགས་པ་རྣམས་ལ་ཉིན་མཚན་དུ་འོམས་བླན་ཞིང་བ་འགག།དོན་པ ་ཏོན་ལ་ཇི་ལྟར་ནུས་པས་དགེ་འདུན་ལོ་དགའ་སྟོན་བྱའོ།།སྐྱ་རོམ་རྒྱུལ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆོད་པས་མཆོད་ལ་རསྭཱ་དཀརེ་བོ་མ་ཉམས་པས་གཡོགས་ཏེ། ་བསོད་ནམས་མཆོད་ལ་བརྟག་པར་བྱའོ།།བརྟགས་པན་སྔོན་གྱི་མཚན་མ་བྱུང་ན་ལས་འགྲུབ་པར་ཤེས་པར་བྱའོ།།མཚན་མ་གཞན་མ་སིལ་སྙན་གྱི་སྒྲ་དང་།དུང་གི་སྒྲ་དང་།རྒྱལ ་བའི་སྒྲ་བྱུང་ན་སིལ་སྙན་གྱི་སྒྲས་རིག་པ་འཛིན་པ་ཆེན་པོ་འགྲུབ་པར་འགྱུརརོ།།རྒྱལ་བའི་སྒྲས་མཁའ་ལ་འགྲོ་པོ་འགྲུབ་པར་འགྱུརརོ།།དུང་གཱི་སྒྲས་ད་བང་དུ་བྱེད་པོ་འགྲུབ་པར་འགྱུརརོ།། ་རྫས་བཏོགས་ཏེ་མིང་མིང་ཀྱི་ས་རིལ་བུ་སྡུ་བྱཱའོ།།རས་མ་ཉམས་པའི་སྒྱིང་དུ་བཞག་སྟེ།གྲིབ་མ་ལ་བསྐུམ་བྱེར་བྱའོ།།དེ་ནས་ཨ་ཤོད་པའི་ཤིང་གི་སྟེང་དྲི་བོ་ཞེགནས་ཞག་བདུན་དུ ་སྐྱུགས་པར་གནས་པར་བྱའོ།།དེ་ནས་ཐེ་གྲོ་མ་སྒྲུབ་པའི་ཉན་མོ་སྔ་དྲོའི་ཚེ་ཡེངས་ལྟུང་བས་བརྫུན་པཱ་ལ་ལེན་སྟོང་ཕྲག་གཅིག་བསྔགས་ཏེ།དེ་ནས་ཕྱི་མ་དུ་བསྒྲུབ་པ་ལ་འཇུག་སྟེ ་བྱཾ་སྟེ། ཤྭདྠའི་ལོམ་བཞི་གཡས་བསྐོར་དུ་བསྐོར་བ་ལ་བཞག་སྟེ།གསུམ་གྱིས་དག་པགི།།ཾ་ཤྭདྠའི་ལ་མ་རྣམས་འདི་ལྟ་བུའི་གནས་ནས་བླང་བར་བྱ་སྟེ།ལྗོན་ཤིང་གཞན་གྱི ་གྲིབ་མ་སྙམ་ཕོག་པ་དང་།ལྷའི་ཁང་པས་མ་ཕོག་པ་དང་།དུར་ཁྲོད་དུ་སྨོས་པ་རྣམས་ཀྱི་ཨ་ཤཱཏྠའི་ལོ་མ་ཡོངསུ་གཟུང་བར་མོ་བྱའོ།།དེ་དགྲ་ལས་གཞན་གནས ་བསྔགས་པའི་ཨ་ཤཱཏྠའི་ཤིང་གི་ལོ་མ་རྩེ་མོ་དཀར་པོ་རྣམས་ཀྱི་སྟེང་དུ་གྲུབ་པའི་རྫས་ཆ་གསུམ་དུ་བྱས་ཏེ།བླ་མ་དང་བདག་ཉིད་དང་ལྷན་ཅིག་པ་རྣམས་ཀྱིའོ།།རྡོ་རྗེ་དང་།འཁོར་ལོ་དང ་རལ་གྲི་རྣམསུ་བློས་བརྟགས་ནས་དེ་དག་ཐུན་ཚོད་སྔར་ཡོངསུ་བསྐམས་ཏེ།དེ་ནས་བ་ལང་གི་ལྕི་བོའི་ཚོགས་ཀྱི་དབུས་སུ་བཅུག་ལ་ཞག་ཉི་ཤུ་རྩ་གཅིག་ཏུ་བཞག་གོ།དེ་ནས་བཏོན ་ཏེ་བའི་རྣམ་ལྔས་བཀྲུས་ལ།དེ་ཉིད་དུ་ཞག་བདུན་ལྷག་པར་གནས་པར་བྱས་ཏེ།ཡོངསུ་ལྟུང་བས་བསྣུན་པ་ལ་སྟོང་ཕྲག་བརྒྱད་ཡོངསུ་བཟླས་ལ་དེ་ནས་སྒྲུབ་པ་ལ་འཇུག་གོ།། ་མིག་སྨན་དེ་དང་།རུ་རྟ་དང་།རྒྱ་སྤོས་དང་།ལོ་དྲི་རྣམས་བསྲེས་ལ།བཅོམ་ལྡན་འདས་སྤྱན་མའི་སྙིང་པོ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་ཏེ།སྒྲུབ་པའི་དུས་སུ་མིག་ལ་བྱུགས ་པས་གཉིད་མི་འབྱུང་ངོ་།།གཞན་ཡང་སྨན་དུ་གྱུར་པ་ནི་ཨ་བེ་མཱརྒ་དཀར་པོའི་རྩ་བ་དང་།ཤུ་དག་སྐྱ་བོ་དང་།རུ་རྟ་དང་།རྒྱ་སྤོས་དང་།གཱི་ཝང་དང་།གུར་གུམ་དང་།ཙན་དན་དཀཱ་ར ་པོ་དང་།ཐོག་མར་རིང་བསྲེལ་ཅན་གྱི་མཆོད་རྟེན་གྱི་མདུན་དུ་ཞིག་གསུམ་དུ་སྨྱུང་བ་བྱས་ཏེ།རྡོ་རྗེ་གོ་ཆའི་སྔགས་སྟོང་ཕྲག་བརྒྱད་མངོན་པར་བསྔགས་གོ།དེ་ནས་སྒྲུབ་པའི ་།དུས་སུ་བ་ལང་གི་གཙོན་དང་བཏོགས་ཏེ་ལུས་ལ་ཡོངསུ་བསྡུས་ནས་སྒྲུབ་པ་ལ་འཇུག་གོ།ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།རིག་པ་འཛིན་པ་དང་།ལོག་འདྲེན་ཐམས་ཅད་ཀྱིས་རྒྱང ་ནས་འདི་དང་ལྡན་པའི་མིའི་ཕུང་པོ་ལྟར་འབར་བར་མཐོང་སྟེ།མཐོང་ནས་ཕྱག་འཚལ་བར་འགྱུར་རོ།།འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་རིགས་རྣམས་མཚུངས་པར ་འགྲུབ་པར་འགྱུ་རོ།།གང་གི་ཚེ་རིག་པ་འཛིན་པས་རྫས་འགྲུབ་པར་གྱུར་ནི།དེ་ནས་སྔོན་བཞིན་བཅོམ་ལྡན་འདས་སྤྱན་མའི་སྔགས་ཀྱིས་མེ་ཏོག་དཀར་པོ་ལ་བརྒྱད་བརྒྱ་བཟླས་ལ་རྫས ་ཀྱི་དབུས་སུ་བཅུག་པས་རྫས་བརྟན་པར་འགྱུརརོ།།གཞན་དུ་ན་དངོས་གྲུབ་འཕྲོག་པར་འགྱུར་རོ།།གལ་ཏེ་རིག་པ་འཛིན་པས་གསང་སྔགས་གྲུབ་པར་མ་གྱུར་ན་རིག་པ་འཛིན་པ་དེས་འདྲི ་ལྟར་བྱ་སྟེ།རྒྱ་མཚོ་ཆེན་པོར་འབབ་པའི་ཆུ་བོའི་འགྲམ་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་ཅན་གྱི་མཆོད་རྟེན་ཁྲུ་གང་བ་བརྒྱད་བརྒྱ་བྱས་ལ།མཆོད་རྟེན་རེ་རེ་ལ་ཇི་ལྟར་ནུས་པའི ་དེ་དང་།མེ་ཏོག་དང་།བདུག་སྤོས་ཕུལ་ཏེ།དུས་གསུམ་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་ལ་སྡིག་པ་བཤགས་ཏེ་རེ་རེའི་མདུན་དུ་སྟོང་ཕྲག་བརྒྱད་དམ?།བརྒྱད་བརྒྱ་བཟླའོ།།གལ་ཏེ ་མཚན་མ་མ་བྱུང་ན་ཆོ་ག་འདིས་མཆོད་རྟེན་སྟོང་ཕྲག་གཅིག་བྱོས་ཏེ།དེའི་ནུབ་ཕྱོགས་མ་ཡིན་པའི་མཆོད་རྟེན་འབར་ན་ལས་ཀྱི་སྒྲིབ་པ་ཟད་པོར་ཤེས་པར་བྱའོ།།དེ་ནས་གང་ཅི་སྒྲུབ ་པ་དེ་ཐམས་ཅད་འགྲུབ་པར་འགྱུ་རོ།།སྒྲུབ་པ་ཆེན་པོ་བརྩམས་ནས་ལས་གཞན་དབབ་པ་དང་།གསོད་པ་ལ་སོགས་པ་རྣམས་མི་བྱའོ།།གལ་ཏེ་བྱས་ན་རིག ་པ་འགྲུབ་པར་མི་འགྱུ་རོ།།ལོང་བ་དང་།སྒུར་པོ་དང་།རླིག་རླུགས་དང་།འོན་པ་དང་།སེན་མོ་ངན་པ་དང་།ཤ་བཀྲ་ཅན་དང་།ལུས་ཞ་བ་དང་།སྒོ་གོ་ནག་པ་རྣམས་ཀྱིས་སྒྲུབ། ་པ་ཆེན་པོ་འགྲུབ་པར་མི་འགྱུ་རོ།།གཞན་གཟའ་ལ་སོགས་པ་འགྲུབ་པར་འགྱུརརོ།།མི་གང་སངས་རྒྱས་དང་།ཆོས་ལ་དད་པ་དང་ལྡན་པ་དང་།འདུན་པ་དང་ལྡན་པ་དང་།སེཾན ་མོ་ཟངས་ཀྱི་མདོག་ཅན་དང་ལྡན་པ་དང་།ཕ་མ་ལྡེ་གུས་པ་དང་།བླ་མ་ལ་སྲི་ཞུ་ཆེ་བ་དེས་ཐམས་ཅད་འགྲུབ་པར་འགྱུར་རོ།།རིག་པ་འཛིན་པས་བསྔགས་སྒྲུབ་པ་སྔོན་བཞིན ་སྒྲུབ་པ་དང་ལྡན་ན་ཚེའི་དུས་བྱས་ཀྱང་གང་འདོད་པ་སེམས་ཤིང་ཤི་བས།དེ་ཤྱ་བ་ཙམ་གྱིས་དེ་དང་དེར་སྐྱེ་བར་འགྱུར་ཏེ།རིག་པ་འཛིན་པའི་འཁོར་ལོས་བི་སྦྱར་བ་ཆེན་པོའམ། ་ཡང་ནུ་རིག་པ་འཛིན་པའི་རིགས་སམ།དབང་ཕྱུག་ཆེན་པོའི་རིགས་སམ།གདོལ་པའི་རིགས་འཛིན་པའི་རིགས་དེ་ལྟ་བུའི་རིམ་པ་གང་འདོད་པའི་བསམ་པོ་ས་སྔགས་བསྒྲུབ། ་པས་དེ་ལྟ་བུའི་རིགསུ་འགྲུབ་པར་འགྱུརརོ།།སྦུབས་པ་ཆེན་པོ་ལ་འབད་པའི་རིག་པ་འཛིན་པས།རྡོ་རྗེ་དང་།འཁོར་ལོ་དང་།རྩེ་གསུམ་དང་།དབྱུག་གུ་དང་།ཞགས་པ ་དང་།མདུང་ཐུང་དང་།དབྱུག་པོ་དང་།པདྨ་དང་།དུང་དང་།ལྕགས་ཀྱུ་དང་།སྤྱི་བླུགས་ལ་སོགས་པ་རྣམས་ལ་རྐང་པས་བརྫི་བར་མི་བྱའོ།།ས་ལ་བྲིས་པ་ཡང་དེ་བཞིན་དུ་བྱུང་། ་འདི་ལྟར་རྡོ་རྗེ་འཆང་བའི་རྡོ་རྗེ་དང་།ཁྱབ་འཇུག་འཁོར་ལོ་དང་།ལྷོ་ཆེན་པོའི་རྩི་གསུམ་དང་།གཤིན་རྗེའི་དབྱུག་གུ་དང་།ཆུ་ལྷའི་ཞགས་པོ་དང་།གཞོན་ནུའི་མདུང་ཐུང་དང་།སྟེ་བློས་ལྷའོ།། ་དབྱུག་ཐོ་དང་།བྱང་ཆུབ་སེམས་དཔའ་རྣམས་ཀྱི་པདྨ་དང་།རྡོ་རྗེ་ལྕགས་ཀྱུའི་ལྕགས་ཀྱུ་དང་།ཚངས་པའི་སྤྱི་བླུགས་ཏེ།ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གང་ཐོབ་པར་འདོད་པ་བདག་ཉིད་ཀྱིས ་རྡོ་རྗེ་ལ་སོགས་པོ་དེ་དང་དེ་དག་ཕྱག་རྒྱ་ཆེན་པོའི་རྐང་པས་བཛྲཱི་བ་ར་མི་བྱའོ།།གང་གི་ཚེ་རིག་པ་འཛིན་པའི་ག་སང་སྔགས་བསྒྲུབས་པ་ན་རེག་པའི་ལྷའི་དངོས་གྲུབ་མི་སྟེར་ན་དེས་ལས ་འདིས་རིག་པ་མཉེས་པར་བྱ་སྟེ།དྲི་ཐམས་ཅད་ཀྱིས་རིག་པའི་ལྷའི་གཟུགས་བརྙན་བྱས་ལ།བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞབས་ཀྱི་དྲུང་དུ་བཞག་སྟེ།ཞག་གསུམ་དུ་མྱང་བར ་གནས་ལ་ནག་པོའི་བརྒྱད་པ་འམ།ནག་པོའི་བཅུ་བཞི་ལ་སྤྱན་དང་ལྷན་ཅིག་པའི་རིག་སྔགས་ཀྱིས་སྣ་མའི་མེ་ཏོག་སྟོང་ཕྲག་བརྒྱད་དེའི་གཟུགས་བརྙན་གྱི་སྐྱེང་ཁར་བརྡེག་པར་བྱ ་ཞིང་།མར་ནག་དང་མོར་བསྲེས་པས་སྟོང་ཕྲག་བརྒྱད་བསྲེགས་བླུགས་བྱས་ལ།དེ་ཉིད་དུ་འཁོད་དེ་ཇི་ལྟར་ནུས་པའི་མཆོད་པ་དང་།གཏོར་མའི་ཚིག་བྱའོ།།དེ་ནས་རིག་པ་འཛིན ་པདེ་ང་སྨྲ་པས་གཉིད་ལོག་པ་དང་།སྨྱོན་པར་འགྱུར་བ་འམ།རྗེ་སུ་གདམས་པ་སྟོན་པར་འགྱུར།།གལ་ཏེམ་འོངས་ན་ཉིམ་ཕྱི་མ་ལ་དེ་བཞིན་དུ་གཏིང་མ་འཆོད། ་བྱས་ཏེ།རྡོ་རྗེ་ཁྲོ་བོ་དང་ལྷན་ཅིག་ཏུ་སྟོང་ཕྲག་བརྒྱད་བཟླའོ།།དེ་ནས་རིག་པའི་ལྷ་དེ་ཉིད་ཁྲོ་བ་དང་ལྷན་ཅིག་ཏུ་རྨི་ལམ་དུ་མཐོང་ནས་ཆད་པ་དང་།ལྷག་པ་དང་།ཕྱེ་མུ་སྨན་པ་དང་། ་ཡི་གེ་གཞན་དུ་གྱུར་པ་ཡང་སྟོན་པར་འགྱུརརོ།།གལ་ཏེ་ཡོངསུ་རྫོགས་པར་གྱུར་ན་དེ་ནས་དངོས་གྲུབ་སྟེར་བར་འགྱུརརོ།།སྒྲུབ་པ་དང་པོ་ལ་ལས་འདྲི་མི་བྱ་ལོ་ཇི་སྲིད་ལན་བདུན ་བསྒྲུབས་ཀྱང་མི་གྲུབ་ན་དེ་ནས་ལས་འདི་བྱའོ།།དེ་ནས་རྫས་སྒྲུབ་པའི་དུས་སུ་གྱུར་ན་དེའི་མཐར་སྲོད་དམ།ནམ་གུང་དང་།ཉི་མ་ཤར་བ་ན་རིག་པ་འཛིན་པོས་རྨི་ལམ་ལྟ་བུར ་གསང་སྔགས་གང་འདོད་པ་ཡིད་ལ་སེམས་ཤིང་བཟླ་བར་བྱའོ།།གཞན་དུ་ན་ལོག་པར་འདྲེན་པ་རྣམས་ཞུགས་པར་གྱུར་ནས་རིག་པའི་ལྷ་མངོན་དུ་མི་འགྱུར་རོ།།གཞན་གྱི་གས ་ལ་རེག་པར་མེ་བྱ་ཞིང་བགོ་བ་གསུམ་བྱས་ཏེ།གཅིག་གྱོན་ལ་ཁྲུས་བྱའོ།།གཉིས་པས་བཟླ་བར་བྱའོ།།གསུམ་པས་མཚན་མོ་གྱོན་པར་བྱའོ།།སྐྱིལ་ཀྲུང་གིས་གནས་ཏེ། ་རིག་པའི་ལྷའི་མཚན་མ་མཐོང་ནས་ཏོལ་དང་།མར་བསྲེས་པའི་བསྲོགས་བླུགས་བྱའོ།།རིག་པའི་སྟོབས་འཕེལ་བར་འགྱུརརོ།།ཏིལ་མེད་ན་དམ་དུ་ལ་དང་།སྲན་མ་མ་ཤ ་དང་།མུང་ག་རྣམས་ཅེས་བྱའོ།།ཉ་དང་ཤ་དང་།ཆང་བཏུང་བར་མི་བྱ་སྟེ།ཉེས་པ་དེས་ལྡོག་པར་འདྲེན་པ་རྣམས་ཀྱིས་ཟིལ་གྱི་ས་གནོན་པར་འགྱུརརོ།།རྟག་ཏུ་སངས་རྒྱས་དང་།ཆོས་དང་། ་དགེ་འདུན་ལ་བསྙེན་བཀུར་བ་དང་ལྡན་པས་བྱང་ཆུབ་ཀྱི་སེམས་ཚོན་པོ་བསྐྱེད་པར་བྱའོ།།དམ་ཚིག་ཤེས་པར་གྱུར་པས་འདི་ལྟར་བྱས་ན་རིང་པོ་མི་ཐོག་པར་འགྲུབ་པར་འགྱུར་རོ།། ་རིག་པ་འཛིན་པས་སྔར་བཤད་པར་བྱའོ།།རྟག་ཏུ་ལྷ་ཐམས་ཅད་ལ་བདུག་པོ་དང་།ལྕིབ་ཤོས་ཀྱི་འབྲས་ཆན་རང་གི་ལག་གིས་དབུལ་བར་བྱའོ།།ཟློས་པ་ན་ཁ་ཤར་དུ་ཕྱོགས་ཏེ། ་བྲིས་སྐུ་བྲིས་པའི་སྔོན་དུ་བཟླས་པར་བྱའོ།།བྲིས་སྐུའི་ཚད་ཆེན་པོ་ཁྲུ་བཅུ་པའི་རུས་ལའོ།།དེའི་ཕྱེད་དང་།ཕྱེད་ལ་འབྲིང་དང་།ཐ་མར་འགྱུརརོ།།སྐབས་འདིར་རིག་པ་འཛིན་པས ་སྡེར་པོ་ཤེད་པ་རྣམས་བྱའོ།།གལ་ཏེ་བརྒྱ་ལ་རྫས་སམ།གོས་སིམ།རྒྱུན་སྟེར་ན།དེ་བཟུང་བར་མི་བྱ་སྟེ།འབྲས་བུ་ཙམ་བཟུང་ན་ཡང་གསང་སྔགས་འགྲུབ་པར་མི་འགྱུརརོ།། ་ཆུ་ཉུང་ངུས་བཀྲུ་བར་མོ་བྱ་ཞིང་རྐང་པས་མོ་ལ་རེག་པར་མེ་བྱ་ལ།སེན་མོས་སཾ་ལ་ར་མོ་བྲི་བར་མི་བྱ་ཞིང་།ལྷའི་ཁང་པའི་གྲིབ་མ་ལ་འགྲོམ་པར་མི་བྱ་སྟེ།འདི་ལྟ་བུའི་ཡོན་ཏན ་དོང་ལྡན་ཞིང་དེ་དག་དོར་པོའི་སྔགས་པས་མྱུར་དུ་རིག་སྔགས་འགྲུབ་པར་འགྱུར་རོ།།འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་རིག་སྔགས་ཀྱིས་འདུལ་པོ་ཞེས་བྱ་བ་རྡོ་རྗེ་ཁྲོ་བོས ་ཡོངསུ་ཞུས་པའི་ལྕེའུ་སྟེ་ཉི་ཤུ་གསུམ་པའོ།།དེ་དུ་འབད་པས་འཇུག་པ་ན།།ཁང་བཟུང་དམ་པ་དད་པ་ཡིས།།བསྣུན་བཙོས་ལས་ནི་ངེས་བཞིན་པའོ།།ག ་ཀྱི་ཆ་ནི་རབ་བཤད་བྱ།།ཤྭར་ན་ནྱ་གྲོ་ད་ཡཾ་ཤིང་།།དབང་ལྡན་དུ་ནི་པ་ལཀྵ།།ལྷོ་རུ་ཡང་ནཱི་ཨ་ཤྭཏྠ།།ནུབ་ཏུ་དེ་བཞིན་པ་ལཀྵ།།བྱང་དུ་ལྗོན་ཤིང་མ་དུག།གནས་རྣམསུ་ནི་གདོན་མོ་ཆེ།། ་གང་དག་དུ་ནི་ཤིང་མོང་ན།།དེ་ལ་ཡང་ནི་མཚན་བཟང་པོ།།ཤར་ན་གཞན་པའི་ལུས་གཅིག་སྟེ།།ལྷོ་རུ་ཡང་ནི་བཞི་རུ་འགྱུར།།ནུབ་དུ་གསུམ་དུ་བསྟན་པ་སྟེ།།བྱང་དུ་གཉི་སུ་བསྒྲགས ་པའོ།།མཛེས་པའི་བུ་མོ་རྟག་ཏུ་གནས།།གྲུབ་པའི་རྫས་དང་དངུལ་ཆུ་ནི།།ལྷ་ཡི་བྱང་ན་རྟག་ཏུ་ཡང་།།དངུལ་ཆུ་རུ་ནི་ཤེས་པར་བྱ།།དབང་ལྡན་དུ་ཡང་དངུལ་ཆུ་སྟེ།།དབང་པོར་རྫས་ནི་དེ ་བཞིན་ནོ།།ཆུ་ལྟར་རྟག་ཏུ་རྫས་བཟང་པོ།།གྲུབ་པའི་རྫས་ནི་བླ་ན་མེད།།བདེན་གྲོལ་དུ་ནི་རལ་གྲིར་འགྱུར།།གཤིན་རྗེར་དེ་བཞིན་མིག་སྨེན་ཉིད།།རླུང་གི་ཕྱོགསུ་རྟག་གནས་པ།། ་ཡིད་བཞིན་ནོར་བུ་ཞེས་བྱ་བའོ།།ལྷ་ཉིད་ཀྱི་ནི་མདུན་དུ་ཡང་།།འབབ་སྟེགས་ཅན་གྱི་རྫིང་བུར་བསྟན།།ཁང་བཟང་གི་ནི་ནང་ན་ཡང་།།གྲུབ་པའི་རྫས་ལ་ཐེ་ཙོམ་མེད།ལྷོ་ཡི་སྒོ་རུ ་གང་གྱུར་པ།།ལྷོ་ཡི་ཕྱོགསུམངོན་ཕྱོགས་པ།།དེ་ན་རྫས་རྣམས་ཐམས་ཅད་དེ།།ལྷ་ཡི་ཁང་པར་རྣམ་པར་བསྟན།།དབང་པོའི་ཕྱོགསུ་མངོན་ཕྱོགས་པ།།དེ་ནས་རྫས་རྣམས། ་ཀུན་བསྡུས་པའོ།།བྱང་དུ་ཕྱོགས་ཏེ་ལོགས་གནས་པ།།བྲིས་སྐུས་བཀབ་པའི་རྫ་སུ་བཤད།།ནུབ་དུ་ཕྱོགས་ཏེ་ལོགས་གནས་པ།།དེ་ན་ཡང་ནི་བསྒྲིབས་ནས་གནས།།རིག་སྔགས ་བཀླགས་པས་འགྲུབ་འགྱུར་ཏེ།།འཇིག་རྟེན་གསུམ་ཤེས་བླ་ན་མེད།།རིན་ཆེན་རྣམ་པ་རྭ་སྣ་ཚོགས་པའི།།ལྷ་ཡི་གན་སུ་རྣམ་པར་བསྟན།།ཤར་ནས་ཤར་དུ་མངོན་ཕྱོགས་པའི།། ་འཁྲུལ་འཁོར་དུ་ནི་རྣམ་པར་བཤད།།ལྷོ་རུ་མངོན་པར་ཕྱོགས་གནས་པ།།ལྷོ་ཡི་ཕྱོགས་ཀྱིས་རྣམ་པར་བསྟན།།ནུབ་ཀྱི་ཕྱོགསུ་མངོན་ཕྱོགས་པ།།ནུབ་ཀྱི་ཕྱོག་ས་པརོ་རྣམ་པར ་བསྟེན།།འདི་ཡིས་བྱང་དུ་བཤད་པ་དང་།།དབང་ལྡན་གྱི་ཡང་དེ་བཞིན་ནོ།།ཕྱོགས་རྣམས་ཀྱི་ཡང་མཚན་ཉིད་ནི།།བསྟོན་པ་འདི་ལ་ཐེ་ཙམ་མེད།།འདི་ལྟར་ཤེས་པའི་མཁས་པ ་ཡིས།།ཕྱོགས་ཀྱི་འཁྲུལ་འཁོར་མཚོན་པར་བྱ།།སྔོན་བཞིན་ལེགས་པར་ཤེས་པ་ཡིས།།རྫས་རྣམས་ཀྱང་ནི་བློ་ལྡན་གྱིས།།དེ་འདའི་ཕྱོག་སུ་འཁོད་ནས་ནི།།དེ་ཡིས་ལམ་ནི་བལྟ།། ་པར་བྱ།།གཉིས་པ་ཡི་ནི་ལམ་གྱུར་པ།།འཁྲུལ་འཁོར་མེད་པས་བརྟགས་མི་དགོས།།གསུམ་པ་ཡང་ནི་ཤེས་བྱ་སྟེ།།བཞི་པ་ཡང་ནི་མཚུངས་པའོ།།ལམ་ནི་རྣམ་པ་བཞིར ་ག་ཤོད་པས།།འདོད་ལྡན་ལ་ནི་འབྲས་བུ་སྟེར།།དང་པོ་རུ་ནི་མི་དཔྱད་པར།།བཟའ་བར་བྱ་བ་མ་ཡིན་ནོ།།གཉིས་པ་རུ་ནི་བཟའ་བར་བྱ།།གསུམ་པ་ལ་ཡང་དེ་བཞིན་ནོ།།བཞི ་པ་ཡང་ནི་བཟའ་བར་བྱ།།དེ་དག་འཁྲུལ་འཁོར་མེད་པར་བསྟུན།།ཕྱོགས་ཀྱི་ཆ་ནི་ཐམས་ཅད་དུ།ཡོངསུ་ཕང་དུར་ཤེས་པར་བྱ།།ཕྱི་མ་ཡི་ནི་ཆོ་ག་ཡིས།།ཆུང ་འདུས་ཟེ་འབྲུ་རྒྱུ་བའོ།།འཕགས་པ་རྡོ་རྗེ་སོ་འོག་གི་རྒྱུད་ལས་ཕྱོགས་ཀྱི་མཚན་ཉིད་ཀྱི་ལེའུ་སྟེ་ཉི་ཤུ་བཞི་པའོ།།།།འཕགས་པ་རྡོ་རྗེ་ས་འོག་ཅེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྫ ་།།ཕྱག་ནི་རྡོ་རྗེ་ལ་ཕྱག་འཚལོ།།དེ་ནས་ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་གྱིས་སླར་ཡང་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པའི་མགོན་པ་ལ་གུས་པས་ཕྱག་འཚལ་ནས ་ཐལ་མོ་སྦྱོར་ཏེ་གསོལ་པ།སྦྱོར་བ་བཅུ་གཉིས་པོ་འདི་དྷི་གང་དང་གང་འབྱུང་བ་དང་།བུ་ག་ཐམས་ཅད་ཀྱི་འཁྲུལ་འཁོར་ནམ་མེད་པར་འགྱུར་བ་ལགས།བཅོམོ་ལྡན་འདས་ཀྱིས ་བཀའ་སྩལ་བ།དེ་དེ་བཞིན་ཏེ།དབྱར་ཟླ་ཐ་ཆུངས་ཀྱི་ནག་པོའི་བཅུ་བཞི་ལ་གཟའ་ཕུར་བུའི་ཉི་མ་དང་།།སྐ་རེ་མ་རྒྱལ་འཛོམ་པ་ལ་ངེས་པར་བུ་གའི་སྒོ་འབྱེད་པར་འགྱུར་རོ།།སྟོན ་ཟླ་ཐ་ཆུངས་ཀྱི་གནམ་སྟོང་ལ་ཕུར་བུའི་ཉི་མ་དང་།རྒྱུ་སྐཱ་ར་ས་རི་འཛོམ་པ་ལ་ངེས་པར་བུ་གའི་སྒོ་གྲོལ་བར་འགྱུར།།གཞོན་ནུ་མ་རང་ཉིད་འོངས་ནས་འཇུག་པར་བྱེད་དོ།།སྟོན་ཟླ ་ཆུངས་ཀྱི་ཉེ་ལ་ཕུར་བུའི་ཉི་མ་དང་།སྐར་མ་བྲ་ཉ་འཛོམ་པ་ལ་བུ་ག་ཐམས་ཅད་ཀྱི་འཁྲུལ་འཁོར་འཁོར་མེད་པར་འགྱུརརོ།།དེ་གུན་ཟླ་འབྲིང་པོའི་ནག་པའི་བཅུ་བཞི་ལ་ཕུར་བུའི ་མ་དང་།སྐར་མ་རྒྱལ་འཇོམ་པ་ལ་འཁྲུལ་འཁོར་ཐམས་ཅད་གྲོལ་བར་འགྱུརརོ།།དགུན་ཟླ་ཐ་ཆུངས་ཀྱི་ནག་པོའི་བཅུ་བཞི་ལ་ཕུར་བུ་དང་།སྐར་མ་གྲོ་ཞུན་ལ་བུ་གུ་ཐམས་ཅད་ཀྱི་འཁྲུལ ་འཁོར་མེད་པར་འགྱུརརོ།།དགུན་ཟླ་ཐ་ཆུངས་ཀྱི་དཀར་པོའི་བཅུ་བཞི་ལ་ཕུར་བུའི་ཉི་མོ་དང་།སྐེར་མ་རྒྱལ་འཇོམ་པ་ནི་འཁྲུལ་འཁོར་མ་ལུས་པ་གྲོལ་བར་འགྱུར་རོ།།སྟོན་ཟླ་ར་བའི་ནག ་པོའི་ཚེས་བརྒྱད་ལ་ཕུར་བུའི་ཉིན་པར་དང་།སྐར་མཱནམ་གྲུ་འཛེམ་པ་ན་བུ་གའི་སྒོ་ཐམས་ཅད་གྲོལ་བར་འགྱུར་རོ།།དབྱེར་ཟླ་འབྲིང་པོའི་ནག་པོའི་བཅུ་བཞི་ལ་ཕུར་བུའི་ཉིན་པར་དང་།སྐད ་མརྒྱལ་ལམ་ནམ་གྲུ་འཛོམ་པ་ལ་བུ་ག་ཐམས་ཅད་ངེས་པར་གྲོལ་པར་འགྱུར།།གྲོང་གི་མི་འཁོར་དང་བཅས་པ་ཐམས་ཅད་འཇུག་པར་བྱའོ།།སྟོན་ཟླ་ར་བའི་ནག་པོའི་བཅུ་བཞི་ལ ་ཕུར་བུའི་ཉིན་པར་དང་།སྐར་མ་ཕལ་གུ་ནི་འཛོམ་པ་ནུ་ངེས་པར་བུ་གའི་སྒྲོ་གྲོལ་བར་འགྱུརརོ།།ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་གྱིས་རྗེ་བཙུན་འཕགས་པ་ཕྱག་ན་རྡོ་རྗེ་རབ་ཏུ ་དགྱེས་པའི་དོན་དུས་འོག་གི་གསང་བ་ཆེན་པོ་སྨྲས་པའོ།།སྔགས་དང་སྦྱིན་སྲེག་རྣམ་པཪྻ་སྤང་ངོ་།།ས་འོག་གི་གསང་བ་ཆེན་པོ་ཡོངསུ་རྫོག་སོ།།།།འཕགས་པ་ཕྱག་ན་རྡོ་རྗེའི ་རྒྱུད་ཀྱི་རྒྱལ་བ་ཆེནི་པ་རྡོ་རྗེ་སའོག་ཅེས་བྱ་བ་ཇི་སྦྲིད་པ་ཡོང་སུ་རྫོག་སོ།།།རྐྱེ་གར་གྱི་པཎྜི་ཏ་བརྡ་སྤྲོད་པ་ཆེན་པོ་བདེ་བར་གཤེགས་པའི་དཔལ་ཞེས་བྱ་བ་དང་།སྒྲ་བོསྒྱུར་གྱི་མཛེས ་པབྷཱུའི་གཙུག་ལགུ་ལ་མཚུངས་པ།གསང་སྔགས་འཛིན་གསུན་དགའ་རྒྱལ་མཚན་དང་ལྟ་བཟང་པོས་དཔལས་སྒྱུའི་དབེན་གནས་དམ་པར་བསྒྱུ་པ།། ་ལྷ་མིན་དབང་པོའི་སྒོ་གླེགས་འཇོམས་བྱེད་པ།།གསུང་རབ་དམ་པ་དཔལ་ལྡན་ཀུན་དགའ་ཡི།།རྒྱལ་མཚན་གྱིས་བསྒྱུར་འདི་ལ་སྒྲ་ཉམས་པ།གང་ལགས་དེ་ལ་མཁས་རྣམས ་བཟོད་པར་མཛོད།།ས་འོག་འཁྲུལ་འཁོར་བདེ་ལེགས་རིན་ཆེན་གཏེར།།གསང་བདག་རྡོ་རྗེ་འཛིན་པ་དམ་པའི་བཀའ།།གངས་ཅན་འགྲོ་ལ་ཕན་པའི་བློ་གྲོས་ཀྱིས།།བསྒྱུར ་བའི་བསད་ནམས་འཛིན་བཅས་རྣམས་ལ་བྱིན།།རྒྱ་གར་སྐད་དུ།བྷུ་ཏཱ་ནཱ་མ་ར་མྦྷནྟ་ཏནྟྲ་རཱ་ཛཱ་ནཱ་མ།བད་སྐད་དུ།འབྱུང་བ་འདུལ་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པ ་