CLOSE WINDOW

N646: 'phags ma lha mo chen mo dpal lung bstan pa
Wyliee-texts produced with BDRC’s OCR application

གཏིང་མཐའ་མེད།།ན་མོ་བྷ་ག་པ་ཏེ།པྲཧྨ་ཎེ།ན་མཿས་ར་སྭ་ཏྱཻ་ད~ཾ་བི་སིད་དྷཱནྟྲ་མནྟོ་པཱ་ད་ཏཾ་བྲདྡྷཱ་ནུ་མནྟྲི་སྭཱཧཱ།།དཔལ་ལྷ་མ་སྒྲ་དབྱངས་ལ་བསྟོད་པ་རྫོགསོ།།།།རྒྱ་གར་སྐད ་དུ།ཨཱརྱ་ཤྲཱི་མ་ཧཱུ~ཾ་དེ་བི་བྱཱ་ཀ་ར་ཎ།བོད་སྐད་དུ།འཕགས་པ་ལྷ་མ་ཆེན་མོ་དཔལ་ལུང་བ་སྟོན་པ།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚའོ།། ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་བདེ་བ་ཅན་ན་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་འདི་ལྟ་སྟེ།བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་པ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས ་ཅད་རྣམ་པར་སེལ་བ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་།བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ན་མཁའི་སྙིང་པོ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་།བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་འཇིགས་པ་ཐམས་ཅད་སེལ་བ་དང་།དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱེད་ཀྱི་བཀྲ་ཤིས་ཐམས་ཅད་འཛིན་པ་དང་། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས་ཀྱི་མཚན་ཐམས་ཅད་འཛིན་པ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་ཟླ་དང་།འཇིག་རྟེན ་འཛིན་པ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མུ་སྟེགས་ཀྱི་བཀྲ་ཤིས་ཐམས་ཅད་འཛིན་པ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་འཇམ་དཔལ་གཞོན་ནུར་གྱུར་པ་དང་།དེ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཚོན་པོ་ཐམས་ཅད་དང་ཐབས་གཅིག་ཏུ་བཞུན ་སོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག།བཅོམ་ལྡན་འདས་ག་ལ་བྱ་དེར་སོང་སྟེ་ཕྱིན་ནས།བཅོམ་ལྡན ་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག།ལྷ་མོ་ཆེན་མོ་དཔལ་ཡང་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟཽ་བྱིན་ནས།བཅོམ་ལྡན ་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་བདེ་བ་ཅན་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་ཡང་མགོ་བོས ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག།དེ་ནས་བཅོམ་ལྡན་འདས་བསོད་ནམས་བརྒྱ་སྟོང་དུ་མས་རྒྱུན་ཅིང་།དེ་བཞིན་གཤེགས་པ་བྱེ་བ་དག་གིས་ཡོངསུ་བསྐོར་ཏེ།བརྒྱ ་བྱིན་དང་།ཚངས་པ་དང་།འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགསོ།།ལྷ་མོ་ཆེན་མོ་དཔལ་ལ་གཟིགས་ནས།ཚངས་པ་ཆེན་པོའི་གསུང་གིས་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།སྤྱན་རས་གཟིགས་དབང་ཕྱུག་རྒྱལ་པོ་འམ།བློན་པོ་འམ།དགེ ་སློང་ངམ།དགེ་སློང་མ་འམ།དགེ་བསྙེན་ནམ།དགེ་བསྙེན་མོ་འམ།བྲམ་ཟེ་འམ།རྒྱལ་རིགས་སམ།རྗེའུ་རིགས་སམ།དམང་རིགས་གང་ལ་ལ་ལྷ་མོ་ཆེན་མོ་དཔལ ་གྱི་མིང་བརྒྱ་རྩ་བརྒྱད་དྲི་མ་མེད་པར་གྲགས་པ་ཞེས་བྱ་བའི་བསྟོད་པ་འདི་འཆང་ན།རྒྱལ་རིགས་ཀྱི་རྒྱལ་པོ་དེའི་ཡུལ་དང་།སེམས་ཅན་དེ་དག་གི་འཇིགས་པ་དང་།ཡནྡ། ་ཀྱི་ནད་གནོད་པ་ཐམས་ཅད་ཞི་བར་འགྱུར་ཞིང་ཆོམ་རྐུན་དང་།གཡོ་ཅན་དང་།མི་དང་མི་མ་ཡིན་པའི་འཇིགས་པ་ཐམས་ཅད་འབྱུང་བར་མི་འགྱུར་ཏེ།ནོར་དང་།འབྲུ་དང་།། ་མཛོད་དང་།བང་བ་ཐམས་ཅད་རྣམ་པར་འཕེལ་བར་འགྱུརརོ།།རྒྱལ་རིགས་ཀྱི་རྒྱལ་པོ་དེའི་ཁྱིམ་དུ་ཡང་དཔལ་ངེས་པར་གནས་པར་འགྱུར་རོ།།དེ་ནས་བྱུང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཚིག་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་གསུང་འདི་ལེགས་པར་བཀའ་སྩལ་པ་ལེགསོ།།ལེགས་སོ།། ་ལེགས་ཏེ།གང་དག་ལྷ་མོ་ཆེན་ནོ།།དཔལ་གྱི་མིང་རྣམས་འཛིན་པ་དང་།ཐོས་ནས་ཀྱང་སྒྲུབ་པར་བགྱིད་པ་དེ་དག་གི་ཡོན་ཏན་དང་།ཕན་ཡོན་ནི་དེ་དག་ལགསོ།།དེ ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན ་འདས་ལྷ་མོ་དཔལ་གྱིས་དགེ་བའི་རྩ་བ་གང་དུ་བསྐྱེད་པ་ལགས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ལྷ་མོ་ཆེན་མོ་དཔལ་གྱིས་དེ་བཞིན་གཤེགས་པ་གངྒཱའི ་ཀླུང་གི་བྱེ་མ་རྙེད་ལྔ་དགེ་བའི་རྩ་བ་བསྐྱེད་དེ།སྤྱན་རོས་གཟིགས་དབང་ཕྱུག་སྔོན་བྱུང་བ་འདུས་པའི་དུས་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ལས་བྱུང་བ་ཞེས་བྱ་བ ་ནི།དེ་བཞིན་གཤེགས་པ་རིན་པོ་ཆེའི་མེ་ཏོགོ་ཡོན་ཏན་གྱི་རྒྱ་མཚོ་བཻ་ཌཱུརྱ་དང་།གསེར་གྱི་རི་བོ་མདོག་མཛེས་གསེར་འོད་དཔལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། ་དེ་བཞིན་གཤེགས་པ་མང་པོ་གཞན་དག་ལ་ཡང་ལྷ་མོ་ཆེན་མོ་དཔལ་གྱིས་དགེ་བའི་རྩ་བ་བསྐྱེད་དོ།།དེ་བཞིན་གཤེགས་པའི་མཚན་འདི་དག་ཀྱང་ལྷ་མོ་ཆེན་མོ་དཔལ་དེའི ་དགེ་བའི་རྩ་བ་རྣམ་པར་འབྲེལ་བ་དང་།འགྲུབ་པར་བྱེད་པ་དང་།རྟག་ཏུ་རྗེ་སུ་འབྲང་བ་ཡིན་ཏེ།དེ་དག་ནི་འདིར་ལྷ་མོ་དཔལ་ཡང་དག་པར་བརྗོད་པ་དང་།སྡིག་པ་ཐམས ་ཅད་སེལ་བ་དང་།ཉེས་སྡིག་ཐམས་ཅད་མེད་པར་བྱེད་པ་དང་།ལུས་ཐམས་ཅད་དྲི་མ་མེད་པར་བྱེད་པ་དང་།ནོར་དང་།འབྲུ་རྣམས་འདྲ་ཞིང་འཕེལ་བར་བྱེད་པ་དང་།། ་དབུལ་བ་གཅོད་པར་བྱེད་པ་དང་།ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།དྲི་ཟ་དང་།ལྷ་མ་ཡིན་དང་།ནམ་མཁའ་ལྡིང་དང་།མི་འམ་ཅི་དང་།ལྟོ་འཕྱེ་ཆེན་པོ་ཐམས་ཅད ་འདུན་པར་བྱེད་ཅིང་འགུགས་པར་བྱེད་པ་དང་།ཡམས་ཀྱི་ནོད་དང་གནོད་པ་དང་།འཐབ་པ་དང་།འཁྲུག་པ་དང་།འགྱེད་པ་དང་།རྩོད་པ་ཐམས་ཅད་ཞི་བར་བྱེད་པ ་དང་།ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པོར་བྱེད་པའོ།།འདི་ལྟ་སྟེ།དེ་བཞིན་གཤེགས་པ་དཔལ་སྟུག་པོ་ལ་ཕྱག་འཚལོ།།དེ་བཞིན་གཤེགས་པ་རིན་པོ་ཆེའི་མེ་ཏོག་ཡོན། ་ཏན་གྱི་རྒྱ་མཚོ་བཻ་ཌཱུརྱ་དང་།གསེར་གྱི་རི་བོ་མདོག་མཛེས་གསེར་འོད་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་གངྒཱའི་མུ་སྟེགས་ཀྱི་སྒོ་ཐམས་ཅད་བཀྲ ་ཤིས་ཀྱི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་ཅན་དུན་གྱི་མེ་ཏོག་གཟི་བརྗིད་སྐར་མའི་འོད་ཀྱི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས ་པ་ཀུན་ཏུ་སྣང་བ་གཡུལ་ལས་རྣམ་པར་རྒྱལ་བའི་དཔལ་ལ་ཕྱག་འཚལ།།དེ་བཞིན་གཤེགས་པ་ཡོན་ཏན་རྒྱ་མཚོ་སྣང་བའི་དཀྱིལ་འཁོར་གྱི་དཔལ་ལ་ཕྱག་འཚལོ།།དེ་བཞིན ་གཤེགས་པ་ཆོས་ཀྱི་ཆོ་འཕྲུལ་རྒྱལ་མཚན་ཤུགས་ཀྱི་དཔལ་ལ་ཕྱག་འཚལོ།།དེ་བཞིན་གཤེགས་པ་སྐར་འོད་ཞི་བའི་སྤོས་སྣང་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤྱེ ་པ་སེམས་ཅན་གྱི་བསམ་པ་ཞི་བར་མཛད་པའི་སྐུའི་དཔལ་ལ་ཕྱག་འཚལོ།།དེ་བཞིན་གཤེགས་པ་སྨོན་ལམ་རྒྱ་མཚོས་སྣང་བའི་དཔལ་ལ་ཕྱག་འཚལོ།།བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་ཤིན་ཏུ་ཡོངསུ་བརྗོད་པ་མཚན་གསོལ་དཔལ་ལ་ཕྱག་འཚལོ།།དེ་བཞིན་གཤེགས་པ་ཕྱིར་མི་ལྡོག་པའི་འཁོར་ལོ་རིན་པོ་ཆེའི་གནས་ཀྱི་དཔལ་ལ་ཕྱག ་འཚལོ།།དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་འོད་འཕགས་དང་ལཱྀ་ལ་ཕྱག་འཚལོ།།དེ་བཞིན་གཤེགས་པ་བརྩོན་འགྲུས་གྲངས་མེད་པ་ལ་ཡང་དག་པར་རྫོགས ་ངའི་དཔལ་ལ་ཕྱག་འཚལ།།དེ་བཞིན་གཤེགས་པ་དཔག་ཏུ་མེད་པའི་གསོར་མཆོག་སྣང་བའི་དཔལ་ལ་ཕྱག་འཚལོ།།དེ་བཞིན་གཤེགས་པ་གསུང་གི་ཡན་ལག ་བྷཱུམཱསྟུ་ཙྪ་།ད་ས་ཕྱུག་ནྡྷལ།།དེ་བཞིན་གཤེགས་པ་ཤྲཱིས་རབ་ཛྙཱནཱ་མཱ་གླང་སྣ་མེད་པའི་རངས་ཏོག་གི་དང་ལལླཱ་དྲུག་འཕྲུལ་ལོ།།དེ་བཞིན་གཤེགས་པ་སྲུང ་མེད་ཀྱི་བུའི་བརྟུལ་ཞུགས་ཀྱི་ཆོ་ག་ལྷུན་པོའི་དཔལ་ལ་ཕྱག་འཚལོ།།དེ་བཞིན་གཤེགས་པོ་ཚངས་པའི་དཔལ་ལ་ཕྱག་འཚལོ།།དེ་བཞིན་གཤེགས་པ་དབང་ཕྱུག་ཆེན་པོའི ་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་ཉི་ཟླའི་འོད་དཔལ་ལ་ཕྱག་འཚལོ།།དེ་བཞིན་གཤེགས་པ་ཐོབ་མོའི་ཆོས་ཀྱི་འོད་ཀྱི་རྒྱལ་པོའི་དཔལ་ལ་ཕྱག་འཚལ་ལོ།། ་དེ་བཞིན་གཤེགས་པ་ན་མཁའི་སྒྲོན་མ་འོད་བཟང་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་ཉི་འོད་ཏོག་གི་དཔལ་ལ་ཕྱག་འཚལོ།།དེ་བཞིན་གཤེགས་པ ་སྤོས་ཀྱི་སྒྲོན་མའི་དཔལ་ལ་ཕྱག་འཚལོ།།དེ་བཞིན་གཤེགས་པ་རྒྱ་མཚོའི་སྙིང་པོ་ལས་བྱུང་བའི་དཔལ་ལ་ཕྱག་འཚལོ།།དེ་བཞིན་གཤེགས་པ་སྤྲུལ་པའི་འབྲུག ་སྒྲ་སྙན་པའི་དཔལ་ལ་ཕྱག་འཚ་ལོ།།དེ་བཞིན་གཤེགས་པ་ཆོས་ཀྱི་སྣང་བ་ཐམས་ཅད་བཀོད་པའི་དཔལ་ལོ་ཕྱག་འཚལོ།།དེ་བཞིན་གཤེགས་པ་ཤིང་གི་རྒྱལ་པོ ་ལྷོར་སྐྱེས་པའི་དཔལ་ལོ་ཕྱག་འཚལོ།།དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་རི་བའི་དཔལ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་ཡེ་ཤེས་འོད་འབྲོ་རྒྱུ ་མཚོའི་དཔལ་ལ་ཕྱག་འཚལོ།།དེ་བཞིན་གཤེགས་པ་སྨན་ལམ་ཆེན་པོའི་ཤུགས་ཀྱི་དཔལ་ལ་ཕྱག་འཚལོ།།དེ་བཞིན་གཤེགས་པ་སྤྲིན་ཆེན ་པོའི་དཔལ་ལ་ཕྱག་འཚལོ།།དེ་བཞིན་གཤེགས་པ་དྲན་པའི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལོ།།དེ་བཞིན་གཤེགས་པ་དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོའི་དབུལ ་ལ་ཕྱུག་འཚའོ།།དེ་བཞིན་གཤེགས་པ་ནོར་དང་འབྲུ་ཐམས་ཅད་སྤྱོད་པའི་དང་ཚུལ་ཕྱག་འཚལོ།།དེ་བཞིན་གཤེགས་བཞི་པ་འདྲེན་པའི་དཔལ་ལ་ཕྱག་འཚའོ།། ་དེ་བཞིན་གཤེགས་པ་ཕུན་སུམ་ཚོགས་པ་འགུགས་པའི་དཔལ་ལྀ་ཕྱག་འཚལོ།།དེ་བཞིན་གཤེགས་པའི་མཚན་འདི་དག་རིམ་གྷོར་བྱས་ཏེ།བཙུང་བར་བྱའོ།། ་བཀླགས་པར་བྱའོ།།དེ་ལྟར་བྱས་ན་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་དེའི་བསོད་ནམས་ཤིན་ཏུ་མང་དུ་བསྐྱེད་པར་འགྱུ་རོ།།ལྷ་མོ་ཚོན་མོ་དཔལ་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱིས་ལུང་བསྣུན་ཏེ།ལྷ་མོ་ཆེན་མོ་དཔལ་ཁྱོད་མ་འོངས་པའི་དུསན།འཇིག་རྟེན་གྱི་ཁམས་དཔལ་ཆེན་པོ་རིན་པོ་ཆེས་རྒྱུན་པ་ཞེས་པར་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ནི་བུ་ངན་པོ་ཆེ་ལས་བྱུང་བ་ཞེས་བྱ་བར་འགྱུར་ཏེ།འཇོག་རྟེན་གྱི་ཁམས་དེ་ཡང ་ན་པན་སྣ་ཆགས་ཀྱིས་རྟུན་པར་འགྱུརརོ།།འཇིག་རྟེན་གྱི་ཁམས་དེར་དེ་བཞིན་གཤེགས་པ་དེ་ཉིད་སྣང་བར་མཛད་པར་འགྱུར་ལ།འཇིག་རྟེན་གྱི་ཁམས་དོན་གནས་དྲན ་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་རང་ལིས་འོད་འབྱུང་ཞིང་ཚེ་དཔག་ཏུ་མེད་པར་འགྱུར།།ན་མཁའ་ལཱིམྦྷི་ཀྱང་སངས་རྒྱས་དཔེ་ཆོས་དང་།དགེ་འདུན་གྱི་སྐུ་འབྱུང་བར་འགྱུར།། ་སོངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའི་གང་དག་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་པདྨའི་སྙིང་པོ་དག་ལོས་སྐྱེ་བར་འགྱུ་རོ་ཞེས་ལུང་བསྟན་ཏེ།།དེ་ལ་མིང་པོ ་རྩཝ་བརྒྱད་དྲི་མ་མེད་པ་ལྟ་བུ་ཞེས་བྱ་བའི་བསྟོད་པ་རྒྱུན་ཆགས་བཅུ་གཉིས་གང་ཞེ་ན།འཇིགས་པ་མེད་པ་སྤྱན་རས་གཟིགས་དབདེ་ཕྱུག་ལྷ་མོཚན་མ་དཔལ་གྱི་མིང་རྣམ་པར ་ཉོན་ཅིག།འདི་ལྟ་སྟེ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ།ལྷ་ཐམས་ཅད་ཀྱིས་དབང་བསྐུར་བ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ།ལྷ ་ཐམས་ཅད་ཀྱི་མ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ།བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དཔལ།འཕགས་པ་ཉན་ཐོས་དང་།རང་སངས་རྒྱ་ས་ཐམས ་ཅད་ཀྱི་དཔལ་དང་ཚངས་པ་དང་།ཁྱབ་འཇུག་དང་།དབང་ཕྱུག་ཆེན་པོ་རྣམས་ཀྱི་དཔལ།ལྷ་ལ་སོགས་པ་ཐམས་ཅད་ཀྱི་དཔལ།གནས་ཐམས་ཅད་ཡོད་པོའི་དཔལ།ལྷ ་དང་།ཀླུ་དང་།གནོད་སྦྱིན་དང་།དྲི་ཟ་དང་།ལྷ་མ་ཡིན་དང་།ན་མཁའ་ལྡིང་དང་།མྲི་འམ་ཅི་དང་།སྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་དཔལ།རིགས་སྡུག་སྨྲ། ་འཆང་དང་།ལག་ན་རྡོ་རྗེ་དང་།རྡོ་རྗེ་འཚོང་ཐམས་ཅད་ཀྱི་དཔལ།འཇིག་རྟེན་སྐྱོང་བ་བཞི་དང་།ལྔའི་དཔལ།གཟའ་བརྒྱད་དང་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དཔའོ།། ་ཉི་མའི་བུ་འམ།ཡུམ་རིག་བྱེད་བཞིའི་དཔལ་བཀྲ་ཤིས་མ།སེམས་ཅན་གྱི་མོ།རྣམ་པར་རྒྱལ་མེ།གང་ག་མ།མུ་སྟེགས་ཐམས་ཅད་མེ།བཀྲ་ཤིས་ཐམས་ཅུད ་མ།དྲི་མ་མེད་པར་བྱེད་པའི་དཔལ།སྡིག་པ་ཐམས་ཅད་འཕྲོག་མ།རྒྱགས་བྱེད་མ།ཟླ་བའི་དཔལ།ཉི་མའི་དཔལ།གཟའ་ཐམས་ཅད་ཀྱི་དཔལ།སེང་གེ་ལ་ཞོན ་མ།པདྨའི་མཆོག་འབུམ་གྱིས་བཀ་བེ་མ།པདྨ།པདྨ་ལས་བྱུང་མ།པདྨ་ལ་གཽ་ནས་མ།པདྨ་འཛིན་མ།པདྨ་དང་ལྡན་མ།རིན་པོ་ཆེ་འོད་འབར་བྱའི་ཕྲེང་བ་དུ་མ་དང ་ལྡན་མཱ།ནོར་སྦྱིན་མ།དཀར་མོ།དཀར་མོ་ཆེན་མོ།ལིག་དཀེརྱ་མ།བཀྲི་ཤིས་ཐམས་ཅད་འཛིན་མ།བསོད་ནུ་མེས་ཐམས་ཅད་བསགས་པའི་ལུས་ཅན་མ།ཤེས ་ཉིན་གྱི་བུ་མོ་ལོག་པ་འབུམ་ལྡན་མེ།མིག་འབུམ་ལྡན་མ།མགོ་འབུམ་ལྡན་མ།ནོར་བུ་རྣམ་པ་སྣ་ཚོགས་ཀྱི་ཅོད་པན་དང་ལྡན་མ།གཟུགས་བཟང་མ།ཀུན ་བྷྱོ་ག་དྲུག་ས་ཅན་མ།བླུགསུ་མ།ཤིན་ཏུ་གླགས་ན།ཤྲཱིམྦྷ།སྐྱོན་འདུ་ཨཱ་གྶ་ཅུང་མ།ཟླ་བ་ལྟར་མཛེས་མ།དགམ།དགེ་བྱེངས།སེམས་ཅན་ཐམས་ཅད་ལ་མངན་དུ ་ཕྱོགས་པའི་དཔལྔ།འཕགས་པ་མེ་ཏོག་གོ་དཔལ་མེ་ཏོག་གི་དབང་ཕྱུགཱི་མ།རང་རྒྱལ་པ་དེ་རབ་ཐམས་ཅད་ཀྱི་དཔེལ།ཆུ་ཀླུང་དང་།མཚོ་རྣམས་ཅད་ཀྱི་དང་ལེ།ཆུང་སྐྱེ ་མཚ་ཐམས་ཅད་ཀྱི་དངུལ།མུ་སྟེགས་ཐམས་ཅད་མངོན་དུ་བྱུགས་པའི་དཔལ།སྤྲིན་དང་། དང་ནགས་ཆེ་ལྷ་དང་།ནར་དང་།འབྲུ་རྣམས་ཅད་ཀྱི་དཔལ།གསུ་ན ་མཱ།ཟས་དང་སྒོམ་སྦྱིན་མ།འདུགས་ལམ།སྣང་མ།ལུས་གཙང་མ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྒྱུར་མ།ལྕེའི་ཚོགས་ཐམས་ཅད་ལ་མངོན་རྗེ ་ཕྱོགས་ཀྱི་དངལ།གཤིན་རྗེ་དང་།རྨུ་ཀྟ་ད་།ལུས་དྲན་དང་།བདྨ་བྱིན་ལ་སོགས་པའི་དཔལ།སྦྱིན་བྱེད་མོ།ལོངས་སྤྱོད་མ།གནི་བརྗི་དུམ།གཟི་བརྡདུ་ལྡན་མི ་ཕུན་སུམ་ཚོགས་མ།འབྱོར་པ་མ།རྣམ་པར་འཕེལ་མ།མཐོང་མ།ཆོས་ཀྱི་དཔལ་མ།ཁྱབ་འཇུག་ལོ་རྟེ་ནཱ་མཱ།ཀུ་མུ་ད་ལ་གནས་མ།གནོད་སྦྱིན་མ།བཟོད་སྦྱིན་མ། ་མཐུ་ལ་གྱི་གནས་མ་དགེ་བྱེད་དང་བཀྲི་ཤས་ཐམས་ཅད་ཀྱི་ལག་ལྡན་མོ།བཀྲ་མ་ཤེས་པ་ཐམས་ཅད་འཇིག་བྱེད་མེ།བསོད་ནམས་རྗེམས་ཅད་བྱུང་པའི་ས། ་ས་ཐམས་ཅད་དང་རྒྱལ་པོ་ཐམས་ཅད་ཀྱི་དཔལ།རིགས་སྔགས་འཆང་གི་རྒྱལ་པོ་ཐམས་ཅད་ཀྱི་དཔལ།འབྱུང་པོ་དང་།གནོད་སྦྱིན་དང་།སྲིན་པོ་དང་།ཡི་དྭགས ་དང་།ཤ་ཟ་དང་།གྲུལ་བུམ་དང་།ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་དཔལ།ལྷའི་གནས་དང་།ལྷ་ཐམས་ཅད་ཀྱི་དཔལ།བཟླས་བརྗོད་དང་།བཟླས་བརྗོད་དུ་བྱ་བ་དང་།སྦྱིན ་སྲེག་དང་།སྦྱིན་བསྲེག་དུ་བྱ་བ་དང་།བཀྲ་ཤིས་ཐམས་ཅད་ཀྱི་དཔལ།འོད་ལྡན་མ།མཆོག་དགའ་མ།སྐལ་པས་འགྱུར་མ།དྲང་སྲོང་ཐམས་ཅད་དགའ་བར་བརྗོད ་པའི་དཔལ།བུད་མེད་ཐམས་ཅད་ཀྱི་གནས་ཀུན་གྱི་གཙོ་མོ་དཔལ་གྱི་མཆོག།མི་འམ་ཅི་མོ་ཐམས་ཅད་དང་།ལྷ་མ་ཡིན་མོ་ཐམས་ཅད་ཀྱི་དཔལ་གྱི་མཆོག།ཁ་ན་མ་ཐོ་བ ་མེད་པའི་གནས་ན་འདུག་མ།ཡིད་འོང་མ།སིམ་བྱེད་མ།ལུས་ངན་ལ་སྡུག་མ།ཆོས་ཀྱི་རྒྱལ་པོའི་དཔལ།ོཾ་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གཟིགས་ཤིང་སྒྲོལ ་ཅིག།ཐར་པར་མཛོད་ཅིག།བསོད་ནམས་ཀྱི་ཚོགས་ཐམས་ཅད་བདག་ལ་མངོན་དུ་གྱུར་པར་མཛོད་ཅིག་སྭཱ་ཧཱུཾ།ོཾ་གང་ག་སརྦ་ཏིཪྵ་མུ་ཁེ་སྭཱ་ཧཱ།ོཾ་སརྦ་བི་ཏྲེ་སྭཱ་ཧཱ། ་སརྦ་མེ་ག་ལ་དྷཱ་ར་ཎི་སྭཱཧྨ།ཙ་ཏུ་ར་བེ་ད་སརྦ་ནཀྵ་ཏྲ་གཱ་ཧཱ་ག་ཏཱ་ག།ནཱ་དྷཱ་མཱུརྟ་ཡེ་སྭཱཧཱ།བྲདྡྷཱ་ཡ་སྭཱ་ཧཱ།བིཥྞུ་ཡེ་སྭཱཧཱ།རུ་དྲཱ་ཡ་སྭཱ་ཧཱ།བི་ཤཱ་མུ་ཁཱ་ཡ་སྭཱ་ཧཱཾ།ོཾ་གྲི་ནི་གླིན་སརྦ་ཏཱཿ ་ནཱ།ན་མྦྷ་སཱུ་།དྭེཤཱ། ཤཱུམྦྷ། ས+འུཀྵ་སྨ།དྷནཱདྡྷཿ།སྱཱཀཎྜཿཱཿ།སརྦྦ་དུ་དྡྷམྦྷརྦྦ། ཀཿབྷྱ.ཱམྦྷ།སྭཱཿམྨུ་ཐཱ་ག་སྭཱཿ། ་ཨོཾ་ལིནྡྲ་པྲ་ཤ་མཿསྭཱདྡྷ།སརྦ་ཏ་ཐཱ་ག་ཏ་ཨེ་བྷཱི་ཥྚཾ་ཀ་ཡཽ་སྱཱཏྠ།སརྦ་དཾ་བ་ཏཽ་ཨཱ་བྷཱི་མུ་ཁོ་ཤཱི་ཡཻ་ཨ་ཡུར་པོ་ལ~ཾ་པཏྟ་ཀི་ར་ཡེ་སཱིཏཱ།སརྦ་བིཏེཏྟ་མཱཾ་ག་ལྱ་ཧསྟཱ་ཡ་སྭཱཧྣ།སིག ་བ་ཧ་ནི་ནི་སྭཱ་ཧཱ།པདྨ་སཾ་བྷུ་ཏ་ཡོ་སྭཱ་ཧཱ།སརྦ་ཀྲྀ་ཏི་ཀ་ཁོ་རྡ་བཻ་ནཱི་ཤ་ནེ་སྭཱཧཱ།།འཇིགས་པ་མེད་པ་སྤྱན་རས་གཟིགས་དབང་ཕྱུག།གང་ལ་ལ་ལྷ་མོ་ཆེན་མོ་དཔལ་གྱི་མིང་།ཉེས ་སྡིག་ཐམས་ཅད་མེད་པར་བྱེད་པ།སྡིག་པ་ཐམས་ཅད་འཇོམས་པར་བྱེད་པ།བསོད་ནམས་ཐམས་ཅད་སྡུད་པར་བྱེད་པ།བཀྲ་མི་ཤིས་པ་ཐམས་ཅད་མེད་པར་བྱེད་པ།། ་དཔེལ་དང་།བདེ་བ་དང་།སྐལ་པ་བཟང་པོ་ཐམས་ཅད་སྡུད་པར་བྱེད་པ་འདི་དག་དང་།དེ་བཞིན་གཤེགས་པའི་མཚོན་འདི་དག་འཆང་བ་དང་།ཀློག་པར་བྱེད་པ་དེས་ནང ་པར་ལངས་ཏེ་གཙང་བར་བྱས་ལ།སངས་རྒྱས་ཐམས་ཅད་ལ་མེ་ཏོག་དང་བདུག་པ་གསོལ་ནས།ལྷ་མོ་ཆེན་མོ་དཔལ་ལ་ཡང་ཙན་དེན་གྱི་བདུག་པ་ཕུལ་ཏེ།བཀླགས ་ན་དེས་དཔལ་ཐམས་ཅད་མཐོང་བར་འགྱུར།བདེ་བ་དང་།ཡིད་བདེ་བ་ཐམས་ཅད་ཐོབ་པར་འགྱུར།ལྷ་ཐམས་ཅད་ཀྱང་སྲུང་བ་དང་།བསྐྱབ་པ་དང་།སྤང་པོ་བྱེད ་པར་འགྱུར།དེའི་དགོས་པ་ཐམས་ཅད་འགྲུབ་པར་འགྱུརརོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།བྱང་ཆུབ་སེམས་དཔའ ་འཇིགས་པ་མེད་པ་སྤྱན་རས་གཟིགས་དབང་ཕྱུག་དང་།ལྷ་མོ་ཆེན་མོ་དཔལ་ད་དང་།ཐམས་ཅད་དང་ལྡན་པའི་འཁོར་དེ་དང་།ལྷ་དང་མི་དང་།ལྷ་མ་ཡིན་དང་།དྲི་ཟར ་བཅས་པའི་འཇིག་རྟེན་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ་རྫོག་སྷོ།།། ་