| Wylie | e-texts produced with BDRC’s OCR application |
རྒྱ་གླར་སྭཱ་དུ།ཨཱརྱ་བ་མ་ཀི་ཏེ་ཤྭ་རཱ་ཡ་སིང་ཧ་ནཱ་ད་ནཱ་མ་དྷ་ར་ཎཱི།བོད་སྐད་དུ།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སི་སྒྲའི་གཟུངས་ཞེས་བྱ་བ།བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་ཕྱག་འཚའོ།། ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕོ་དྲང་རཱི་པོ་ཊ་ལའི་རྩེ་མོ་ན།རིན་པོ་ཆེའི་ཁང་བཟེངས་རིན་པོ་ཆེ་དང་།མུ་ཏིག་དང་། ་ནོར་བུ་དཔག་མེད་ཀྱིས་སྤྲས་པ།འོད་ཀྱིས་སྟོང་གདུམ་ཁྱེར་པ།མེ་ཏོག་དྲི་ཞི་མོ་པོ་སྣ་ཚོགས་ཀྱིས།ཀུན་ནས་བརྒྱན་པའི་ས་ཕྱོགས་དེ་ན་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ ་མེད་པ་དང་།ཉན་ཐོས་ཆེན་པོ་ཤ་ར་དྭ་ཏིའི་བུ་ལ་སོགས་པ་དགེ་སློང་རབ་ཏུ་མང་པོས་ཡོངསུ་བསྐོར་ཞིང་།བཅོམ་ལྡན་འདས་སེངྒེའི་གདོན་བཤམས་པ་ལ་བཞུགས།།འཁོར་དེར་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ཞེས་བྱ་བ་འདུས་ཏེ་འདུག་པར་གྱུར་པ་དེ་རང་གི་སྟན་ལས་ལངས་ཏེ།བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་དབུས་མོ་གཡས་པའི་ལྷ་ང་ས་ལ་བཅུ ་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཡུལ་མ་ག་དྷ་ན་རྒྱལ་པོ་དབང་ཕྱུག་འོད་ཅེས་བགྱི ་འཁོར་དང་བཙུན་མོ་དང་།ལོང་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་ལས་རྒྱལ་པོ་དྲི་མཛེ་དང་།བོལ་མིག་དང་དབུགས་མི་བདེ་བ་ནི་ནད་འབར་བ་བྱུང་སྟེ།དེ་ཇི་ལྟར་བསལ་བར་བགྱི། ་ཀྱིས་བཀའ་སྩལ་པ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇལ་དཔལ་སྔོན་འཇིག་རྟེན་གྱི་ཁམས་འདི་ཉིད་ན་འཇམ་དཔལ་ཁྱེད་ཉིད་བྱང་ཆུབ་སེམས་དཔའ ་ཤེས་རབ་ཆེན་པོ་ཞེས་བྱ་བ་ཡིན་ལ།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་འདི་ཉིད་བྱང་ཆུབ་སེམས་དཔའ་སྙིང་རྗེའི་མཆོག་ཅེས་བྱ་བ་ཡིན་པས།བྱང་ཆུབ་སེམས་ད ་དེ་གཉིས་སྟོང་གསུམ་དུ་སེམས་ཅན་གྱི་དོན་ལ་གཤེགས་པ་ལ་སེངྒེ་དཀར་པོ་གཅིག་དབང་དུ་བསྡུས་ཏེ་ཆིབས་པ་བྱས།སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན།མདུང་རྩེ་གསུམ ་བ་དང་།རལ་བྲི་དང་།པདྨ་དང་ཨུད་པ་ལ་ཐོགས་ནས་ཕྱིན་པ་ལ།རྒྱ་མཚོ་ཆེན་པོ་ལ་རྒལ་བའི་དུསུ་སེང་གེ་བཞག་ནས་ཁུར་རེས་བྱས་ཤིང་བྱིན་པ་ལ།བྱང་ཆུབ་སེམས་དཔའ་ཤྲཱི ་རབ་ཆེན་པོ་ཁྱོད་ཉིད་ནི་གྲོགས་ལ་ཕན་པའི་སེམས་ཀྱིས་རང་གི་རལ་གྲིས་རང་བཀུ་མོ།།བྱང་ཆུབ་སེམས་དཔའ་སྙིང་རྗེ་མཆོག་བསམ་པ་ལ་སྟོང་འོག་པར་སྣང་གི་ཀླུ་དང་།ལྷ་ལ་སོམས ་པས་བསད་དམ་སྙམ་ནས་བཏུང་བའི་སྣོངད་བྲམ་ཟེའི་ཐོད་པ་ལག་ན་ཐོགས།ཏྲི་ཤཱུལ་རྩེ་གསུམ་པ་ལག་ན་ཐོགས།སེང་གེ་དཀར་པོ་ལ་ཞོན།མྱ་ངན་དུ་རིལ་པ་ཐཾད་དུ་བཅིངས ་ནས་སྟེང་གི་ལྷ་ལ་བསྡིགས་ཏེ།སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པས།།རང་གི་གྲོགས་པོས་སྤངས་ནས་ཅིག་པུ་ལུས།།ལྷ་རྣམས་ཀུན་གྱིས་ཉེས་ན་ཆད་པའི་ལས ་གྲོང་ཁྱེར་འཇོམས་ཤིང་ལྷ་རྣམས་འབུམས་པར་བགྱིད།།ཅེས་སྨྲས་ཏེ་ལྔ་རྣམས་ལ་ཏྲི་ཤཱུ་ལ་གདེངས་པ་དང་།རྒྱལ་པོ་ཆེན་པོ་བཞི་དང་།ལྷའི་དབང་པོ་བརྒྱ་བྱིན་དང་།མཇེད་ཀྱི་བདག ་པོ་ཚངས་པ་དང་།ཁམས་གསུམ་གྱི་ལྷ་དགའ་བའི་མདངས་ཕྱུང་སྟེ།ལྷའི་མེ་ཏོག་པདྨོ་དང་།ཀུ་མུད་དང་།པུ་ཎཱ་རི་ཀ་དང་།ཙམ་པ་ཀ་ལ་སོགས་པ་ཕུལ་ཏི་ཐོད་པ་བཀངོ་།།དེ་ནས ་བར་སྣང་གི་ལྷ་དང་།ཀླུ་དང་།དྲི་ཟ་དང་།གནོད་སྦྱིན་དང་།ལྷ་མ་ཡིན་དང་།གྲུལ་བུམ་དང་།ན་མཁའ་ལྡིང་དང་།མི་འམ་ཅི་ལ་སོགས་པ་ལ་བསྡིགས་པ།ཏྲི་ཤུ་ལ་གདེངས་ནས ་སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པས།རིང་གི་ཕྲོགས་པོ་སྤངས་ནས་གཅིག་པུ་ལུས།།སྡེ་བརྒྱད་ཚོགས་ཀྱིས་ཉེས་ན་ཆད་པའི་ལས།གྲང་ཁྱེར་འཇོམས་ཤིང་སྡེ་བརྒྱད་འགུམས ་པར་བགྱིད།།ཅེས་སྨྲས་ཏེ།སྡེ་བརྒྱད་ལ་ཏྲི་ཤཱུ་ལ་གདངས་པ་དང་།ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་དང་།དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང་།གནོད་སྦྱིན་གྱི་རྒྱལ་པོ་རྣམས་ཐོས ་ཀྱི་བུ་དང་།ལྷ་མ་ཡིན་གྱི་རྒྱལ་པོ་ཐིགས་ཟངས་རིས་དང་།མི་འམ་ཙྭིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་དང་།གྲུལ་བུམ་གྱི་རྒྱལ་པོ་སྦྲུལ་མགོ་དགུ་པ་དང་།ནོ་མཁའ་ལྡིང་གི་རྒྱལ་པོ ་གསེར་མིག་ཅན་ལ་སོགས་པ་འཁོར་མང་པོ་དང་བཅས་པ་དགའ་བའི་མདངས་ཕྱུང་སྟེ་སེང་གེ་ལ་རིན་པོ་ཆེའི་རྒྱན་ཕུལོ།།དེ་ནས་སའི་འོག་ན་གནས་པའི་ཀླུ་ལ་བསྡིགས་ཏེ།སྙིང ་རྔའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པས།།རང་ནི་གྲོགས་པོས་སྤངས་ནས་གཅིག་པུ་ལུས།།ཀླུ་ཚོགས་རྣམས་ཀྱིས་ཉེས་ན་ཆད་པའི་ལས།།གྲོང་ཁྱེར ་འཇོམས་ཤིང་ཀླུ་རྣམས་འགུམས་པར་བགྱིད།།ཅེས་སྨྲས་ཏེ།རྒྱ་མཚོ་ཆེན་པོ་ཏྲི་ཤཱུ་ལས་བཀྲུགས་པ་དང་།ཀླུའི་རྒྱལ་པོ་མ་དྲོས་པ་དང་།ཀླུའི་རྒྱལ་པོ་བ་རུ་ཎ་དང་།ཀླུའི་རྒྱལ ་པོ་འཇོག་པོ་དང་།དེ་དག་ལ་སོགས་པ་རྫུ་འཕྲུལ་དང་ལྡན་པ།འོད་དང་ལྡན་པ།ལྷ་དང་།ལྷ་མ་ཡིན་གྱི་གཡུལ་མྱོང་བར་བྱེད་པ།ཀླུའི་རྒྱལ་པོ་འབུམ་ཕྲག་དྲུག་གཡོག་དང་འཁོར ་དུ་བཅས་པ་འདུས་ཏེ།དགའ་བའི་མདངས་ཕྱུང་ནས་ཀླུའི་རྒྱལ་པོ་བ་རུ་ནེ་སྦྲུལ་དཀར་པོ་གཅིག་ཏུ་བྱས་ནས།ཕྱག་འཚལ་བསྐོར་བ་ལན་གསུམ་བྱས་ཏེ།བྱང་ཆུབ་སེམས་དཔ ་སྙིང་རྗེ་ཅན།།ཁྱོད་ལ་བདག་ནི་སྐྱབསུ་མཆི།།ཀླུ་རྣམས་ཀུན་གྱི་མགོན་མཛོད་ཅིག།ཉམས་ན་ཀླུའི་གཤྲྀད་མ་མཛོད།།ཅེས་སྨྲས་ནས་ཏྲི་ཤཱུ་ལན་གསུམ་བཀྲིས།།ཁ ་བྱང་ཆུབ་སེམས་དཔའ་ལ་བསྒྱུར།ཕུཿཕུཿཞེས་བརྗོད་ཅིང་གུས་པས་ཁ་ནས་ཁྲག་འབྱིན་ཅིང་གནས།།ཀླུའི་རྒྱལ་པོ་གཞན་རྣམས་ཀྱང་ཐལ་མོ་སྦྱར་ནས།བསྐོར་བ་ལན ་གསུམ་གསུམ་བྱས་ནས།བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན།།ཁྱོད་ལ་བདག་ཅག་སྐྱབསུ་མཆིའོ།།ཀླུ་རྣམས་ཐམས་ཅད་སྲབསུ་བཟུང་།།ཉམས་ན་ཀླུའི་གཤེད་མ ་མཛོད།།ཅེས་སྨྲས་ནཱས།ཀླུ་ཆེན་པོ་བརྒྱད་སྦྲུལ་དཀར་པོ་གཅིག་ཏུ་བྱས་ནས་ཚངས་སྐུད་ལ་འཁྲིས།།ཀླུའི་རྒྱལ་པོ་དེ་རྣམས་ཀྱང་བདག་ཅག་ནི་བྲན་བགྱིད།།ཅི་བཀའ་སྩལ་པ་ཉནོ་ཞེས ་སྨྲས་ནས་ཀླུ་རྣམས་སོའི་གན་སུ་དེངསོ།།འཇམ་དཔལ་བྱང་ཆུབ་སེམས་དཔའ་དེ་ནི་སྙིང་རྗེ་ཀླུ་འདུལ་ཞེས་བྱའོ།།སྙིང་ནད་སེལ་བ་ཞེས་བྱའོ།།འཇམ་དཔལ་དེ་ལྟར་སྔོན་གྱི་བྱང་ཆུབ་སེཾད ་ཤེས་རབ་ཆེན་པོ་དེ་འཇམ་དཔལ་སྨྲ་བའི་སེངྒེ་ཁྱོད་ཉིད་ཡིན་ནོ།།དེའི་དུས་ཀྱི་བྱང་ཆུབ་སེམས་དཔའི་སྙིང་རྗེ་མཆོག་དེ་ནི་ད་ལྟའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེངྒེ་སྒྲ་ཀླུའི ་དེད་དཔོན་ཆེན་པོ་འདི་ཉིད་ཡིནོ།།འཇམ་དཔལ་ངས་རྒྱལ་པོ་ཆེན་པོ་དེའི་དོན་དུ་ཐུགས་རྗེ་ཆེན་པོའི་སྔགས་བརྗོད་པར་བྱའོ།།ཡིད་ལ་ཟུང་ཅིག།ན་མོ་རང་ནཱ་ཏྲ་ཡཱ་ཡ།ན ་མ་ཨཱརྱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ།བོ་དྷི་སཏྭཱ་ཡ།མ་ཧཱ་སཏྭཱ་ཡ།མ་ཧཱ་ཀཱ་རུ་ཎཱི་ཀཱ་ཡ།ཏདྱཱ་ཐཱ།ོཾ་ཨཱུ་ཀ་ཊེ་བི་ཀ་ཊུ་ནི་ཀ་ཊེ།ཀ་ཊཾ་ཀ་ཊེ་ཀ་རོ་ཊ།ཙི་ཏི་ཛྭ་ལ་ཀ་རོ་ཏི་བཱིརྱེ་སྭཱ་ཧཱ། ་གཟུངས་འདི་ནི་སངས་རྒྱས་བྱེ་བ་ཕྲག་བཅུས་གསུངས་ལ།ད་ལྟར་ངོ་ཉིད་ཀྱིས་བརྗོད་པའོ།།འདིའི་ཚེ་ག་ནི་མི་དགོས་པས་ལས་ཐམས་ཅད་འགྲུབ་པའོ།།བཅོམ་ལྡན་འདས་སྤྱན་རས ་གཟིགས་དབང་ཕྱུག་སཽངྒེ་སྒྲའི་སྐུ་ལུག་མ་འམ།བྲིས་སུའི་སྦྱར་སྔར་བའི་ལྕི་བས་ལེ་མ་ལྟུང་བས་སོར་མ་འདྲེས་པར་མཎྜལ་བརྒྱད་བྱས་ཏེ།མཽཎྜལ་རེ་རེ་ལ་མེ་ཏོདག་ཚོམ་པུཉྫ ་དཀྲམ་ཏེ།མེ་ཏོག་དང་།བདུག་པ་དང་།སྤོས་དང་།ཕྲེང་བ་དང་།ཕྱེ་མ་རྣམས་ཀྱིས་མཆོད་ནས།མཎྜལ་རེ་རོ་ལ་གཟུངས་ལན་བཅུ་གསུམ་བཅུ་གསུ ་གྱི་བར་དུ་བཟླས་ལ་ལྕི་བ་དེ་བསྡུས་ཏེ།ལྕི་བ་ལྷག་མ་ལས་བསྔགས་ཤིང་ནད་པ་ལ་བྱུགས་ན་ནོད་ཐམས་ཅད་ཉེ་བར་ཞི་བར་འགྱུརརོ།།ལྷ་དང་ཀླུ་ལ་སོགས་པའི་དུག་གི་ནད་ཐང ་ཞི་བར་འགྱུརརོ།།ཞག་ཉི་ཤུ་རྩ་གཅིག་ལ་གྲུབ་པར་མ་གྱུར་ནི།འཇམ་དཔལ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་མཚམས་མེད་པ་ལྔའི་ལས་བྱས་པ་ཡིནོ།།འཇམ་དཔལ་ཐུགས།། ་རྗེ་ཆེན་པོ་ཉིད་ཀྱིས་ངམ་བཅས་པའི་ཚིག།འཇམ་དཔལ་རྒྱལ་པོ་ཆེན་པོའི་གནོད་པ་ནི་གཟུངས་འདིས་སྙིང་ནད་འབར་བ་ལས་གྲོལ་ནས་སྐྱེ་བ་ཕྱི་མ་ལ་བདེ་བ་ཅན་གྱི་ཞིང་ཁམ་སུ ་སྐྱེ་བར་འགྱུར།།འཇམ་དཔལ་ཉོན་ཅིག།སངས་རྒྱས་འོད་དཔག་མེད་ལ་སོགས་པ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་སྙིང་པོ་འདི་གསུངསོ།།ོཾ་ཨཱཿཧྲིཿསི་ཧ་ནཱ་ད ་ཧཱུ~ཾ་ཕཊ།ད་ལྟར་ང་ཉིད་ཀྱིས་བརྗོད།རིགས་སྔགས་ཀྱི་སྙིང་པོ་འདི་ལན་ཅིག་བརྗོད་པས་བསྡིག་པ་ཀུན་ལས་གྲིལ་བར་འགྱུར།།སྲིད་པ་ཉམས་ངར་འགྲོ་མོ་འགྱུར།།ལུས ་ལ་མཚོན་གྱིས་ཚུགས་མི་འགྱུར།།དགྲ་དང་ཆོམ་པོས་མི་ཚུགས་ཅིང་།།ཀླུ་ལ་སོགས་པས་འཚེ་མི་འགྱུར།།རྟག་ཏུ་དཔལ་དང་ལྡན་པར་འགྱུར།།བུད་མེད་ལུསུ་མི ་འགྱུར་ཞིང་།།རྟག་ཏུ་སྐྱེ་བ་དྲན་པར་འགྱུར།།ཤི་ནས་བདེ་བ་ཅན་དུ་འགྲོ།འཇམ་དཔལ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དང་།གཙུག་ཏོར་ཅན་དང་།ཐམས་ཅད་སྦྱ ་དང་།ལོག་པར་དང་སོ་ལ་དང་།གསེར་ཐུབ་དང་།འོད་སྲུང་གིས་ཀྱང་གསང་སྔགས་འདི་གསུངས་ལ།ད་ལྟར་ཤཱཀྱ་ཐུབ་པངས་ཀྱང་བརྗོད་པ་སྟེ།ན་མོ་རཏྣ་ཏྲ་ཡཱ་ཡ།ན་མ་ཧ་ཡ~ཾ་གྲཱི ་ཡང་ན་མོ་ལོ་ཀེ་ཤྩ་རཱ་ཡ།ཏདྱ་ཐཱ།ོཾ་དྷཱིཿཀུ་ལུ་ཡུ་ལུ་ནཱི་ལ་ཀཎྜ།དུ་ལུ་དུ་ལུ།ཏིཥྛ་ཏཱིཥྚ།བནྡྷ་བནྟཾ།མཱི་ར་ཡ་མཱ་ར་ཡ།ཧྭེ་ཏྲ་ཧཱུ་ཏཱཾ།བཛྲ་ཀྲོ་དྷ་ཧེ་ཡ་གྲཱི་བ་ཧྣིཿཧཱུཾ་ཕཊ།འཛི ་དཔལ་གཟུངས་འདི་འཕགས་པ་སྤྱན་རེས་གཟིགས་དབང་ཕྱུག་ཉིད་པདྨ་ཧ་ཡ་བྷཱ་བའི་སྔགས་ཡིན་ཏེ།ལན་ཅིག་ཀློག་པར་བྱེད་པའི་མི།།སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང་།།ངན ་སོང་སྒོ་རྣམས་གཅོད་པར་འགྱུར།།ཀླུ་སོགས་གདོན་གྱིས་འཚོ་མི་འགྱུར།།བྱད་དང་དུག་ལས་གྲོལ་འགྱུར་ཞིང་།།སངས་རྒྱས་ཀུན་གྱིས་གསུངས་ཡིནོ།།བྱེ་བ་གྲངས་མེད ་མཐུ་ལས་བྱུང་།།དེ་ཡི་ཡོན་ཏན་དཔག་ཏུ་མེད།།ལན་གཅིག་བཀླངས་ན་སྡིག་པ་སེལ།།ལན་གཉིས་བཀླགས་པས་དཔལ་དང་ལྡན།།གསུམ་གྱིས་ཚེ་རྣམས་རིང་བར་འགྱུར།། ་འབུམ་ཕྲག་བཅུ་ཡིས་ཞལ་མཐོང་འགྱུར།།པདྨ་ཅན་གྱི་ཞིང་དེར་འགྲོ།འཇམ་དཔལ་མི་གཞན་དག་ལ་ནི།།ཁྲག་དང་མཁྲིས་པ་ལས་གྱུར་པ་དང་།རླུང་དང་གྲང་བ་ལས་གྱུར ་པ་དང་།ཀླུ་རྒྱལ་རིགས་ཀྱིས་ཟིན་པ་དང་།ཀླུ་བྲམ་ཟེའི་རིགས་ཀྱིས་ཟིན་པ་དང་།ཀླུ་གདོལ་པ་དང་དམངས་རིགས་ཀྱིས་ཟིན་པ་ནི་སྙིང་མི་དགའ་བ་དང་།སྙིང་ན་བ ་དང་།དབུགས་མི་བདེ་བ་དང་།ལྷོ་རྒྱབ་དུ་ན་བ་དང་།ཀླད་ཀོར་དུ་ནོ་བ་དང་།གཞོགས་ཕྱེད་དུ་ན་བ་དང་།མ་ཞུ་བ་དང་།སྤོས་པ་དང་།ཞ་གྲུམ་གྱིས་བཏབ་པ་དང་།སྦྲུམ་པ་ལྟ་བུར ་ན་བ་དང་།སྲོག་ཆག་སུ་ན་བ་དང་།ཚིགས་དང་ཤ་ཁོལ་བུར་ན་བ་དང་།ཟ་ཁུ་ཅན་དང་།ལུད་པ་ཀློ་ཅན་དང་།རུལ་ཁོལ་དུ་ན་བ་དང་།འཕྲེས་པ་དང་།ཞ་བ་དང་།ཡི་གེ་མི་བདེ་བ ་དང་།ཐོར་པ་ལྟ་བུའི་ནད་དང་།སྐྲན་ཅན་དང་།དམུ་ཆུ་ཅན་དང་།འབྲས་དང་།མེ་དཔལ་དང་།ལྷོག་པ་དང་།གག་པ་དང་།ཆུ་ཐིག་ཅན་དང་།གྲང་ལྷང་ལྷང་དང་། ་ཚ་ཙག་ཅག་ལ་སོགས་པའི་མཛེ་རིགས་ཅན་དང་།ཕོལ་མིག་དང་བཅས་པ་དང་།ལྷ་དང་།བདུད་དང་།ཚངས་པ་དང་།གཤིན་རྗེ་དང་།བྲག་སྲིན་དང་།སེམས་འཁྲུག་གདོན ་དང་།ཐབ་གཞོབ་དང་།མཚོ་སྨན་དང་།ཀླུ་ལ་སོགས་པས་ཟིན་པ་དང་།གནོད་སྦྱིན་དང་།འབྱུང་པོ་དང་།ལོག་འདྲེན་དང་།ཤི་ཟའི་གདོན་རྣམས་ཀྱིས་ཟིན་པ་དང་།ནད་སྣ ་ཚོགས་འབྱུང་སྟེ།དེ་ཡང་མི་དགེ་བ་ལས་སྡུག་བསྔལ་འབྱུང་བ་ཡིནོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ཉིན། ་ཅིག།སྙིང་པོ་གཟུངས་ཀྱི་ཆོ་ག་འདི།།དང་པོ་ཐུགས་རྗེ་ཆེན་པོ་ལ།།གུས་ཤིང་དད་པའི་སེམས་བསྐྱེད་ནས།།སྣུམ་པའི་ས་ལ་དཀྱིལ་འཁོར་བྱ།།ལྕི་ལ་བྲིར་བཅས་བྱུགས་ནས་ནི།། ་ཚོན་རྩི་ཁ་དོག་སྣ་ལྔ་ཡིས།།དཀྱིལ་འཁོར་པདྨ་ལྟ་བུར་བྲི།།བུམ་པ་གང་བ་ལྔ་དག་ཀྱང་།།ཕྱོགས་བཞི་དབུས་དང་ལྔ་རུ་བཞུག།གང་པོའི་གཏོར་མ་ལྔ་ཡང་བཤམས།།སེང ་ལྡེང་ཕུར་བུ་ལྔ་ཡང་དགོད།།དར་གྱིས་དཀྲིས་པའི་མདའ་བཞི་དགོད།།ཚོན་སྲུ་ལྔ་ཡི་དྲ་བ་བྲེ།།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་ལ་ཕྱག་འཚལོ།།ཁྲོ་བོའི ་རྒྱལ་པོ་རྟ་མགྲིན་ལ་ཕྱག་འཚལོ།།བཅོམ་ལྡན་འདས་མ་གོས་དཀར་མོ་ལ་ཕྱགའཚ་ལོ།།བཅོམ་ལྡན་འདས་མ་སྒྲོལ་མ་ལ་ཕྱག་འཚལོ།།བྱང་ཆུབ་སེམས་དཔའ་ཀླུའི་རྒྱལ་པོ ་བ་རུ་ན་ལ་ཕྱག་འཚལོ།།ཱ་ཧྲཱིཿཧྲི་པཾ་ཏི་ནཱཾ།ཡི་གེ་དྲུག་པའི་སྔགས་འདི་ནི།།བརྗོད་པས་སྡིག་པ་སྡུག་བསྔལ་སེལ་སྭཱ་ཧཱ།།སངས་རྒྱས་མཆོད་ལ་བརྩོན་པར་བྱ།།མེ་ཏོག ་དང་།བདུག་པ་དང་།སྤོས་དང་།མེ་ཏོགི་ཕྲེང་བ་དང་།བྱུག་པ་དང་།གདུགས་དང་།རྒྱལ་མཚན་དང་།བེ་དན་དང་།ཕྱེ་མ་དང་།རྒྱན་ཐམས་ཅད་ཀྱིས་མཆོད་ནས།སོང ་ལྡེང་རྒྱ་ཤུག་མེ་བཏང་ལ།།ཚོན་སྐུད་བཅང་ཞིང་འབྲུ་རྣམས་སྲེག།རྨ་བྱ་རྨག་ཤད་ལྕུག་མ་ཡིས།།ཀླུ་ཡི་དུག་རྣམས་སེལ་བར་བྱེད།།ཧྲཱིཿནཱ་ག་ལེ་ལེ།ནཱ་ག་དུམ་བ་ལེ་ལེ། ་ནཱག་པུང་དུང་།ཧ་ལེ་ཧ་འོ།།དྷཱ་ལ་སྦྲུལ།སྠཱཊ་སྱཱ་ཊཱ།ནག་ཁྲོམ་ཁྲོལ་ཤིག་ཤིག་སྭཱཏྨ།།ཀླུ་དང་།འོགྲོ་འདྲེན་ཐམས་ཅད་ཀྱི་ཡིད་ཀྱི་དུག་དང་།མཐོང ་བའི་དུག་དང་།བཅིངས་པའི་དུག་དང་།ཁ་རླངས་ཀྱི་དུག་དང་།རེག་པའི་དུག་དང་།དུག་ཐམས་ཅད་ཕྱིར་ཕུད་ཙོག་སྭཱ་ཧཱ།།དུག་འདིར་མ་འདུག་ཅིག།སྦྱིན་པར་བྱེད་པའི་གླན་དུ ་སོང་ཤིག།འཛིན་པའི་ནང་དུ་སོང་ཤིག།མེའི་ནང་དུ་སོང་ཤིག།ཆུའི་ནང་དུ་སོང་ཤིག།ཞི་བར་གྱུར་ཅིག་སྭཱ་ཧཱ།འཇམ་དཔལ་འདི་དག་ནི་དེ་བཞིན་གཤེགས་པས་སྤྱི ་ནས་དབང་བསྐུར་བའོ།།ཧྲཱི་བྷྱཿཾ་ཧཱུཾ་ཁཾ།རིགས་ལྔས་དབང་བསྐུར་བའོ།།རྡོ་རྗེ་སྲུང་བའི་མཆོག་ཏུ་འགྱུར།།བཀྲ་ཤིས་ལྷ་མོ་དཔལ་དང་ལྡན།།བསྙེན་གནས་ལ་ནི་གནས ་གྱུར་ནས།དཀོན་མཆོག་རྗེས་དྲན་སེམས་བསྐྱེད་ནས།།བུམ་ཆུ་དག་པས་ལས་སྒྲིབ་སེལ།།ལུས་ངག་སེམས་ཀྱིས་དག་པ་ཐོབ།།ཕ་རོལ་ཕྱིན་དྲུག་གནས་གྱུར་ཅིང་།།སངྱས ་སེམས་ཅན་མཁྱེན་པར་གྱུར།།ཏིང་འཛིན་ཐམས་ཅད་མངོན་དུ་འགྱུར།།བུ་མོ་གཞོན་ནུས་བཀལ་པ་ཡི།།སྐུད་པ་དཀར་པོ་སུམ་སྒྲིལ་ལོ།།བཟླས་བརྗོད་ཉི་ཤུ་བརྒྱད་བྱས ་ནས།དམགུ་ལོ་རུ་ཏགས་ན་ནད་ལས་གྲོལ།།ནད་ལ་ཕན་པའི་སྤྲིན་རྣམས་ལ།།གཟུངས་སྔགས་བཟླས་ཤིང་ཏི་གྱུར་ན།།ནད་རྣམས་ཀུན་ལས་གྲོལ་བར་འགྱུར།།རྒྱུ ་ལ་གཟུངས་སྔགས་མང་བཟླས་ནུ།།ཀླུ་ནད་ཁོང་དུ་སེལ་བར་འགྱུར།།ལོ་ཏོག་ཟ་བ་ཁ་བཅིང་ན།།བྱེ་མ་ས་དང་ཐལ་བས་སེལ།།ཧོ་ཅང་ཆར་པ་ཆེས་པ་ན།།ལྷ་ལ་ཕུལ་བའི་སྙིང ་པ་ལ་ཁམ་ཕོར་ས་རི་པའི་ནང་དུ་ཡང་།།མེ་ཏོག་གཙང་མ་བླངས་ནས་ནི།།བསྲེགས་ན་ཆར་པའི་ཆད་པར་འགྱུར།།སར་པ་དྲག་པོ་འོང་བ་ན།།ཐལ་ཆེན་ཚུངས་དཀ་བཟླས ་བརྗོད་ཀྱིས།།སར་བ་ཉ་ལྡིང་ལྕུག་མ་དང་།།ལྷུམ་པོ་བཏགས་ཏེ་བཙུགས་སུ་མིན།།སེར་བ་འཆད་པར་འགྱུར་བ་ཡིན།།ལྷ་ཀླུ་དྲི་ཟ་ལ་སོགས་པའི།།གདོནི་གནོད་པར་གྱུར་པ་ལ།། ་དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།།བུམ་པ་གཙང་མཱ་ལྔ་བཞག་སྟེ།།སྨན་སྦྱར་ཆུས་ནི་གང་བ་ལ།།བཟླས་བརྗེད་བརྒྱ་ནི་བརྩ་བརྒྱད་བཟླས།།སློབ་མ་གོས་ཟས་དཀར་པོ ་སྦྱར་དཀྱིལ་འཁོར་དེ་ཡི་ནང་དུ་གཞུག།བུམ་པའི་ཆུ་ཡིས་བཀྲུ་བར་བྱ།།ནིད་དང་གནོད་པ་ཀུན་ལས་ཐར།།ཀླུ་སོགས་གདོན་རྣམས་དཔག་མེད་ཀྱིས།།གླགས་ཀྱང་རྙེད་པར་མི ་འོགྱུར་རོ།།བུས་པ་གདོན་གྱིས་འཇིགས་པ་ལས།།གི་ཝང་གིས་ནི་སྲུང་འཁོར་བྲི།།ཡུང་དཀར་དག་དང་བཅས་ཏེ་གདགས།།བྱིས་པ་གདོན་དང་ནད་ལས་ཐར།།ལ ་དུ་ཞུགས་ཏེ་འགྲོ་བ་ན།།ཐུ་བ་གཡས་པའི་གོས་ཀྱི་གྲཝར།།བཟླས་བརྗོད་དེདུན་བྱས་མདུད་པ་བོར།།སོང་ན་བདེ་ཞིང་དོན་ཡང་འགྲུབ།།རྟ་ལ་སོགས་པའི་ཕྱོགས་རྣམས་ལ།། ་ཆུ་དང་ཡུངས་དཀརཪྵ་བཅས་པ་ལ།།བཟླས་ནས་གཏོར་ན་བདེ་བར་འགྱུར།།མི་ནད་ཕྱུགས་ནད་ཐམས་ཅད་ལ།།ཡུངས་ཀར་དང་ནི་བུམ་པའི་ཆུས།།བཀྲུ ་ཤིང་བཏགས་ན་མི་ན་ཞེ།། སྨ་རེ་ཡི་གཟུངས་སེལ་ལྟར།།ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་འཇམ་དཔལ་རྒྱལ་པོ་འདིའི་ཁོང་ན་ཀླུའི་དུགིས་གང་ནས་འདུག་སྟེ།འདི་ནི་ཀླུ་ཉི་རྒྱལ་པོ་བ་རུ་ན་འདི་ཡིས་ཀླུ་ཐམས་ཅད་ལ་དབང་བྱེད་པ་ཡིན་པས་འདིས་དབྱུང ་བར་བྱའོ།།བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་ལ་ཕྱག་འཚལོ།།ཀླུའི་རྒྱལ་པོ་བ་རུ་ཎ་ལ་ཕྱག་འཚ་ལོ།།ཀླུའི་རྒྱལ་པོ་ཏཀྵ་ཀ་ལ་ཕྱག་འཚལོ།།ཀླུའི་རྒྱལ ་པོ་མཐའ་ཡས་ལ་ཕྱག་འཚལོ།།ཀླུའི་རྒྱལ་པོ་པདྨ་ལ་ཕྱག་འཚལོ།།ཀླུའི་རྒྱལ་པོ་པདྨ་ཆེན་པོ་ལ་ཕྱག་འཚ་ལོ།།ཀླུའི་རྒྱལ་པ་དུང་སྐྱོང་ལ་ཕྱག་འཚལོ།།ཀླུའི་རྒྱལ་པོ ་རིགས་ལྡན་ལ་ཕྱག་འཚལོ།།ཀླུའི་རྒྱལ་པོ་དགའ་བོ་ལྀ་ཕྱག་འཚལོ།།ཀླུའི་རྒྱ་ལྱ་བོ་ནོར་རྒྱས་ལ་ཕྱག་འཚལོ།།ོཾ་བཻ་རུ་ཎཱ་ཡ་སྭཱ་ཧཱ།ོཾ་ཨ་ནནྟཱ་ཡ་སྭཱ་ཧཱ།ོཾ་བཱ་སུ ་ཀཱ་ཡ་ཧཱ་ཧཱ།ོཾ་ཏཀྵ་ཀཱ་ཡ་སྭཱ་ཧཱ།ོཾ་ཀརྐོ་ཊཱ་ཡ་སྭཱ་ཧཱ།ོཾ་པདྨ་ཡ་སྭཱ་ཧཱ།ོཾ་མ་ཧཱ་པད་མཱ་ཡ་སྭཱ་ཧཱ།ོཾ་ཤཾ་ཁ་པཱ་ལཱ་ཡ་སྭཱ་ཧཱ།ོཾ་ཀུ་ལི་ཀཱ་ཡཻ་སྭཱ་ཧཱ།ཀླུ་ཡི་གཟུགས ་ནི་མང་པོ་ཡང་།།དཀར་གསུམ་མངར་གསུམ་འབྲས་ཟན་ལ།།ལེགས་བྱས་ཁ་དོག་བསྒྱུར་བྱས་ལ།།མེ་ཏོག་སྤོས་དང་བྱུག་པ་དང་།མར་མེ་ཞལ་ཟས་སྒྲ་སྙན་དང་།གདུགས་དང་རྒྱལ ་མཚན་མེ་ཏོག་ཕྲེང་།།ཚངས་པའི་སྐུད་པས་མཉེས་པར་བྱ།།རྩ་བ་ལོ་མ་སྡོང་བུ་དང་།།མེ་ཏོག་འབྲས་བུ་སྨན་གྱིས་མཆོད།།རྨ་བྱ་གཟུངས་མོ་མེ་ལོང་གིས།།རྒྱལ་པོ་ཁོང་གི་དུག ་ཐོན་ཅིག།རིན་ཆེན་རྨག་ཤད་མཆོད་པའི་རྟེན།།མི་ལྡོག་པ་ཡི་རྫ་སུ་ཆོངས།།བུམ་པ་གཏེར་གྱིས་གང་བ་མཛེས།།སྲོག་ཆགས་ཡིད་འོང་གཟུགས་ཀྱི་མཚད།།ཞི་འགྱུར ་འདི་ལ་ཐེ་ཚོམ་མེད།།ཀླུའི་རྒྱལ་པོ་འཇོག་པོ་ཡིས།།ཟིན་ཀྱང་སྐད་ཅིག་གཅིག་ལ་ཐོན།།འཇམ་དཔལ་འདི་གཞན་གྱི་མཐུ་མ་ཡིན་ཏེ།འཕགས་པ་སྨན་རས་གཟིགས་དབང ་ཕྱུག་དེའི་མཐུའོ།།སྟོབས་སོ།།བྱིན་གྱིས་བརླབ་སོ།།ཐུགས་རྗེ་དང་ལྡན་པ་འདིའི་ཡོན་ཏན་བརྗོད་ཀྱིས་མི་ལང་ཡང་བདག་གིས་ཆ་ཤས་ཙམ་ཞིག་བརྗོད་ན།ོཾ་བཅྡོཾས།བྱ་བ ་བྱས་ཤིང་བྱེད་པ་བྱས།།ཁུར་བོརོ་བདག་དོན་རྗེ་སུ་བསྡུས།སྲེད་པར་སྦྱོར་བ་ཡོངས་ཟད།།ཡང་དག་བཀའ་ལས་རྣམ་པར་གྲོལ།།སེམས་དཔའ་དབང་བསྒྱུར་ཐམས་ཅད་ཀྱི།། ་མཆོག་ཏུ་ཕ་རོལ་ཕྱིན་ཐོབ་པ།།སྲིད་ལས་རྒལ་ཞིང་ཆགས་གཉིས་རྦོ།།ཱཿགཞན་ལ་ཕན་བརྩོན་ཐུགས་རྩེ་ཅན།།སེམས་ཅན་ཀུན་ལ་མཆོག་ཏུ་བྱམས།།ཁམས ་གསུམ་ཀུན་གྱི་གཉེན་ཅིག་པུ།།མཐའ་ཡས་སེམས་ཅན་སྒྲོལ་ལ་མཁས།།དྷཱིཿའགྲོ་བ་ཉམ་ཐག་ཀུན་ཏུ་སྐྱོབ།།དྲི་མ་གསུམ་སྤངས་ཕ་རོལ་ཕྱིན།།མངོན་། ་དྲུག་བརྙེས་ནྱ་གྲོ་བུ།།སྐྱེས་བུ་ཆེན་པོའི་མཚན་རྣམས་ནི།།སུམ་ཅུ་རྩ་གཉིས་དགེ་དང་ལྡན།།དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས།།སྐུ་མདོག་ཤེལ་གྱི་ཁ་དོག་འདྲ།།གང་རི་ཉི་ཤར ་ལྟ་བུར་མཚན།།སྐུ་ཚོད་ཆེ་ལ་འོད་ཟེར་འབར།།རིགས་ལྔ་སངས་རྒྱས་སྐུ་ལ་འཕྲོ།།དབུ་སྐྲ་ཐོར་ཚུགས་བྱེན་ལ་རྗེས།།དབུ་ལ་འོད་དཔག་མེད་པ་བཞུགས།།ཀླུ་རྣམས་ཐམས ་ཅད་འདུལ་མཛད་པ།།རྩེ་གསུམ་སྦྲུལ་གྱིས་རབ་ཏུ་བཀྲིས།།རིགས་གསུམ་མགོན་པོའི་བྱིན་རླབས་འཛིན།།དུག་གསུམ་རྩད་ནས་གཅོད་ལ་བསྟོད།།སྐྱོན་གྱི་མ་གོས་པདྨ་བསྣམས ་ཤེས་རབ་ཕུན་སུམ་རལ་གྲི་འབར།།ཉོན་མོངས་དག་པ་བྲམ་ཟེའི་མགོ།མེ་ཏོག་དྲི་ནི་མཚོགས་ཀྱི་བཀང་།།ཀླུ་རྣམས་ཀུན་ནས་དབང་བསྡུས་པས།།སྦྲུལོ་གྱི་ཚང་སྐུད་མཛེས་ལ ་བསྟོད།།སཱི་ཧ།པདྨ་བདག་གི་གདན་ལ་བཞུགས།།བདུད་བཞི་ཟིལ་གྱིས་བནན་མཛད་པ།།སེང་གེ་དཀར་པོའི་གདན་ལ་བཞུགས།།འདོད་པའི་དོན་རྣམས་སྒྲུབ་པའི་ཕྱིར ་རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན།།བ་སྤུ་ཉག་མ་རེ་རེ་ཡང་།།སེམས་ཅན་ཀུན་གྱི་མཆོག་ཏུ་འགྱུར།།ཕྱག་འཚལ་ཐུགས་རྗེ་ཅན་ལ་བསྟོད།།དམ་ཆོས་རྒྱལ་ཆེ་བ ་དབང་བསྐུར་བ།།ལྷ་མོ་སྒྲོལ་མ་རྗེ་སུ་འབྲང་།།འཇིགས་པ་བརྒྱད་སྐྱོབ་སྐུ་མདོག་ལྡང་།།གནོད་པ་སེལ་བ་མི་འཇིགས་སྦྱིན།།ུཏྤལ་ཐུགས་རྗེའི་བདག་ཉིད་ཅན།།ཙུང་སྤྲུལ་པ་མང་བ ་འགྱེད།།ཧཱུཾ་གོས་དཀར་མོ་ནི་བཀའ་བཞིན་བྱེད།།ཡིད་བཞི་ནོ་འཁོར་ལོ་བདེ་བར་བསྐོར།།འདོད་པའི་དོན་ཡོད་སྡུག་བསྔལ་ཞི།།འཇིགས་པ་བརྒྱད་པོ་སེལ་ལ་བསྟོད།།པཊ་ཧཱ ་ཡ་གྷེ་བ་ཁྲོ་བོའི་སྐུ།།འཕགས་པ་རྟ་མགྲིན་བདུད་བཞི་འཇོམས།།ཀྲོ་དྷ་མགྲིན་སྔོན་གདུག་པ་འདུལ།།ཀླུ་བདུད་འདུལ་མཛད་ཧཱུཾ་གིས་བསྟོད།།ནཱ་ན་མཁའ་ཀླུ་རྒྱལ་བ་རུ་ཎཾ།།ཆུ་ལྷ ་སྟོན་པའི་ཞལ་མཐོང་ཞིང་།།བསྟན་ལ་རབ་དགའ་ཀླུ་རྣམས་འདུལ།།ས་དང་པོ་ཡི་བདེན་པ་མཐོང་།།བདེ་བར་གཤེགས་པའི་རིང་བསྲེལ་འཛིན།།ཀླུ་རྒྱལ་བྱང་ཆུབ་སེམས་ལ ་བསྟོད།།ོཾ་ཏཱ་རེ་ཏུཏྟཱ་རེ་དྷ་རེ་སྭཱ་ཧཱ།།ོཾ་ཀ་ཊོ་བཻ་ཀེ་ཊེ་ནི་ཀཊ~ཾ།ཀ་ཏཾ་ཀ་ར་སྭཱཧཱ།།གང་གིས་བསྟོད་ཅིང་བཟློས་པ་དེ་མཚམས་མེད་པ་ལྔ་བྱས་པའི་ལས་ཀྱི་སྒྲིབ་པ་ཡང་ཡོངསུ་བྱང ་དྭར་འགྱུར་རོ།།དཀྱིལའི་འཁོར་ཐམས་ཅ་དུ་ཞུགས་པར་འགྱུརརོ།།གསང་སྔགས་ཐམས་ཅད་བཟླས་པར་འགྱུར།།བསྐལ་པ་སྟོང་གི་བར་དུ་ངན་སོང་དུ་མི་སྐྱེའོ།།བུད་མེད་ལུསུ ་མི་སྐྱེའོ།།སུ་ཞིག་ནང་བར་ལངས་ནས་ཆུ་དྲི་ཞིམ་པོས་ཁྲུས་བྱས་ཏེ་གཙང་སྦྲ་ལ་གནས་ནས།ཐུགས་རྗེ་ཆེན་པོ་སེང་གེ་སྒྲའི་སྤྱན་སྔར་གཟུངས་འདི་ཀློག་གིམ།འདྲི་འམ།འཆང ་དམ།ཀློག་དུ་འཇུག་གམ།ཁ་དོན་དུ་བསྟོན་ནས་སྙིང་པོ་དང་།གཟུངས་སྔགས་ཟློས་ན་ནི་དེའི་ལུས་ལ་མཛེ་དང་།ཤུ་བ་དང་།ཕོལ་མིག་དང་།འབྲས་དང ་བས་ལྗགས་དང་།མེ་དཔལ་དང་།གཡན་པ་དང་།ལྷག་པ་དང་།གག་པ་དང་།སྤྲོས་པ་དང་།དམུ་ཆུ་དང་།སྐེམ་པ་དང་།མཁལ་མ་རྡོལ་བ་དང་།དོན་སྣོད་དུ་འདུས ་པ་དང་བྱད་ཀྱི་དཀྱིལ་འཁོར་ལ་ནད་སྣ་ཚོགས་འདུས་པ་དང་།གློ་བ་ན་བ་དང་།དབུགས་མི་བདེ་བ་དང་།རླུང་མཁྲིས་བད་ཀན་འདུས་པ་ཐམས་ཅད་ལས་ཐར་པར་འགྱུ་རོ ་འཇམ་དཔལ་གཟུངས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ།།སུ་ཞིག་གམ་རྒྱལ་པོ་དེས་གཟུངས་འདི་གླེགས་བམ་ལ་བྲིས་ཏེ་འཆང་བ་དང ་ཀློག་པ་དང་།ཀུན་ཆུབ་པར་བྱེད་པ་དང་།མཆོད་པ་དང་།ཡི་གེར་འདྲི་བ་དང་།གྲོང་ངམ།གྲོང་ཁྱེར་རམ།གྲོང་རྡུལ་ལམ།ལྡོང་སམ།རྒྱལ་པོ་ཡུལ་འཁོར་དང་བཅས ་པའམ།གཙུག་ལག་ཁང་དུ་གླེགས་བམ་འདི་འཆང་ན།དཔལ་ནག་པོ་ཆེན་པོ་དང་།རྒྱལ་པོ་ཆེན་པོ་བཞི་དང་།ཀླུའི་རྒྱལ་པོ་བ་རུ་ཎ་དང་།ཀླུ་ཆེན་པོ་བརྒྱད་རྣམས་སླད ་བཞིན་འབྲང་ཞིང་།དཔག་ཚད་སྟོང་ཚུན་ཆ་དུ་སླར་རྒོལ་བ་དང་།ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།གདོན་མ་རུངས་པ་ཐམས་ཅད་དང་།ལོག་པར་འདྲེན་པ་དང་།ཕྱིར ་རྒོལ་བ་ཐམས་ཅད་འཇོམས་པར་འགྱུརརོ།།སྒོམ་ཉེས་པ་དང་།བྲི་ཉེས་པ་དང་།སྔགས་ནོར་པ་དང་།ཕྱག་རྒྱ་ནོར་བཱ་དང་།བཤད་ཉེས་པ་དང་།མཉན་པ་ནོ་བ་ཡང་གཟུངས་འདི་བཀླགས། ་པས་དག་པར་འགྱུར་རོ།།གཟུངས་འདི་སུ་ལ་སྲུང་བ་བྱས་པ་དང་།ཡོངསུ་བསྒྲུབ་པ་བྱས་པ་དང་།བསྐྱོང་བ་དང་།ཞི་བ་དང་།བདེ་ལེགསུ་བྱས་པ་དེ་ལ་མཚོན་དང་།དུག་དང་།བྱིན ་དུག་དང་།བྱད་དང་།གཤེད་མ་དང་།རིམས་དང་།གནོད་པ་ཐམས་ཅད་དང་།དུས་མ་ཡིན་པར་འཆི་བས་མི་ཚུག་སོ།།གནོད་པར་བྱེད་པ་ཚར་གཅོད་པར་འགྱུར་རོ།།བཅྡོཾས ་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་།ཉན་ཐོས་ཆེན་པོ་ཤཱ་ར་དྭ་ཏིའི་བུ་དང་།ལྷ་དང་མི་དང་།ལྷ་མ་ཡིན་དང་།དྲི་ཟར་བཅས་པའི་འཇིག ་རྟེན་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་།།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་ཞེས་བྱ་བའི་གཟུངས་རྫོག་སོ།།། ་ཁ་ཆེའི་ཡུལ་དུར་ཁྲོད་འབྲིས་ཀ་རང་བྱུང་གི་མཆོད་རྟེན་རྩར།།དངོས་གྲུབ་བརྙེས་པའི་རྗེ་བཙུན་མོ་རྡོ་རྗེ་སེམས་མ་དང་།སྒྲ་བསྒྱུར་གྱི་ལོཙྪ་བོ་མགར་ཤེས་རབ་འབྱུང་གནས་ཞེས ་བྱ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་པིབ་པའོ།།།ན་མོ་རཏྣ་ཏྲ་ཡཱ་ཡཾ།ན་མ་ཨཱརྱཱ་བ་ལོ་ཀི་ཏི་ཤྭ་རཱ་ཡ།བེ་དྷི་སརྦྦ་མ་།མཧཱ་སིཏྐཱ་ཡ།མཧཱ་ཀཱ་རུ་ཎི་ཀཱ་ཡ།ཏདྱཐཱ། ་