CLOSE WINDOW

N632: 'phags pa lus kyi dbyibs mdzes zhes bya ba'i gzungs
Wyliee-texts produced with BDRC’s OCR application

འཛིན་ཆུ་དབང་སྙིང་རྗེ་ཅན་གྱི་གཟུངས་བདེ་བྱེད་ཅེས་བྱ་བ་རྫོག་སོ།།།རྒྱ་གར་སྐད་དུ།ཱིརྱ་རུ་ཙིར་ཨང་ག་ཡཥྚི་ནཱ་མ་དྷ་ར་ནཱི།བོད་སྐ་དུ།འཕགས ་པ་ལུས་ཀྱི་དབྱི་སུ་མརྫས་བཅས་བྱ་བའི་གཟུངས།།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚ་འོ།།ན་མོ་བི་པུ་ལ་བི་མ་ན་སུ་པྲ་ཏིཥྛི་ཏེ.ཱ་ཁཱ་ཡ།སཱུརྱཱ་ཤ ་ཏ་སཏྭ་སྲ་ཨཽ་ཏི་རཾ་ཀ་ཏེ་ཛ།པྲཱ་བྷཱུ་ཨ་བྷ་སཽ་ཏ་མུརྟྟ་ཡེམྦྷ་ཧཱ་མ་ཎི་མུ་ཏྲ་ཀུཎྜ་ལཾ། ལ་མ་ཀཱ་ར་དྷ་རི་ཎེ་བྷ་གྲ་བྷཱུ་ཏི་པདྨ་པཱ་ཎཱ་ཡེ།སརྦ་ལོ་ཀ་ཨ་པ་ཡ་ཤཱ་མ་དྷཱ་ཡ།བི་བི་དྷ་ཁུ་ཁ་སཽམ་ཐཱ ་ཤ་ཨ་བིཥཱ།སརྦ་སཏྭ་པ་རི་མཽ་ཙྲྀ་ཀཱ་ཡ།ཏདྱ་ཐཱཾ།ོཾ་བྷུ་ར་བྷུ་བ་སྭཱ་ཧཱ།ན་ཧཱ་ཨ་ལོ་ཀ་ཀ་ར་ཎ་ཏ་མ་སྟི་མི་ར་པ་ཏི་ལ་བི་ནཱ་ཤ་ཀ།རཱ་ག་དྭེ་ཥ་མཧྨ་མོ་ཧ་ཛྭ་ལ་ཤ་མ་ཀ།ཤ་ས་ཀ ་རཀྵ་ཀ།སརྦ་ཨ་པ་ཡ་དུརྒ་ཏཱི་པྲ་ཤ་མ་ཀ།སརྦ་སཏྭ་སཾ་མཱ་ཤྭཱ་སི་ནཱཾ་ཀ་ར།སརྦ་ཨཱ་ཤཱ་པ་རེ་པཱུ་ར་ཀ།སརྦ་ཏ་ཐཱ་ག་ཏཱ་སཾ་བྷ་ནཱ་ཀ་ར།ཧེ་ཧི་མ་ཧཱ་བ~ཾ་དྷཱི་སངྒ།བ་ར་བ་ར་དཱ་ཡ་ཀཱ།པདྨ ་ཨ་ལོ་ཀ་སཾ་བྷ་ཏ།མ་ཧཱ་ཀཱ་རུ་ཎི་ཀཱི།ཧེ་ཊཱ་མུ་ཀུ་ཊཱ། ལང་ཀྲྀ་ཏེ་ཤི་ར།མ་ཎི་ཀ་ན་ཀ་རཱ་ཛ།ཤ་ཏ་བཛྲ་བཻ་ཌཱུརྱེ་ཨི་ལང་ཀྲྀ་ཏ་ཤཱ་རཱི་ར་ཨ་མི་ཏཱ་བྷ་ཛི་ན་ཀ་མ་ལ་ཨ་ལྀ་ཀྲྀ་ཏ།བྲྀ ་བྷ་ར་ཎ་རཱ་ཛྙཱ་ན་ཤ་ཏ་ས་ཧེ་སེ་ཨཱ་བྷི་ལ་ཤེ་ཏི་ཀཱ་ཡཾ།མ་ཧཱ་བོ་དྷི་སཏྭ་བ་རཱ་བི་དྷ་མ་བི་དྷ་མ།བཱི་ནཱ་ཤ་ཡ།བིནྣ་ཤཾ་ཡཱ།མ་ཧཱ་ཡཱཾ་ཏྲཀླྀ་ཤ་ཀ་བ་ནཱ་ཨ་བ་བ་དྷ་བི་བོ་དྷེ་སཏྭ་ས་ར་ཙ་ར་ཀ ་པྲ་མ་ཐཱ་ད།བུ་རུ་ཥ་པདྨ།པུ་རུ་ཥ་ནཱ་ག།པུཾ་རུ་ཥ་སཱ་ག་རེ།པུ་རུ་ཥ་སི་ཧ།བི་ཧ་བི་ར།བི་ར་ཛ།སུ་དན་ཏ་པ་རཾ་བྲྀ་ཏ།དྷ་མ་དྷ་མེ།ས་མ་ས་མ།དྷུ་རུ་དྷུ་རུ།པ་ཤཱ་ས་ཡ་པྲ་ཤཱ ་སྣ་བྷཱུཿནས་ས་ཐཿན་སྭཱ་དྷ།རྞྞ་ཊྚ་ཏྲ་དྡྷོ་།སངས་།སུ་སྦྱ། ་ནུརུ་རུ་མུ་ཡ་མུ་ཡ།མུཾ་ཙམཱུནྟེ།དྷུ་ན་དྷུ་ན།བི་དྷུ་ན་བི་དྷུ་ན།ནུ་རུ་དྷུ་རུ།གཱ་ཡཾ་གཱ་ཡ།གཱ་དྷ་ཡ་གཱ་དྷ་ཡ།ཧཱ་ས་ཧ་ས།པྲ་ཧ་ས་པྲ་ཧ་ས།ནཱ་ནཱ་བི་བི་དྷཀྵ་ཤ ་ས་ནཱ།ཧ་ར་ཧ་ར།སིཾ་ཧ་ར་སཾ་ཧ་ར།དྷུ་རུ་ཊཾ་དྷུ་རུ་ཊེ།མ་ཧཱ་མཎྜ། ལང་ཀཱ་ར་ཎ།ཤ་ཏ་པྲ་སཻ་ཀ། བ་བྷ་སི་ཏཱ་མ་ཧཱ་བི་ཥ་ཤ་མ་ཀ།མ་ཧཱ་བ་དྷི་སཏྭ་པ་ར་དཱ ་སྭཱཧཱུ~ཾ།།བཅོམ་ལྡན་འདས་ལག་ན་པེདྨའི་ལུས་ཀྱི་དབྱིབས་མཛེས་ཞེས་བྱ་བའི་གཟུངས་བྱང་ཆུབ་སེམས་དཔའི་ཁང་བཟང་དམ་པ།རྡོ་རྗེ་ཆེན་པོས ་བགེགས་པར་གསུངས་པ།ལྷ་དང་།ཀླུ་དང་།གནོད་སྦྱིན་བྱེད་མའི་བུ་དང་།།མི་འམ་ཅི་དང་།ལྷ་མ་ཡིན་ཆེན་པོས་བསྟོད་པ།རེ་བ་ཐམས་ཅད་ཕུན་སུམ་ཚོགས་པར ་བྱེད་པ་འདི།སྒྲིབ་པ་ཆེན་པོས་བསྒྲིབས་པ་གང་ལ་ལ་ཞིག་ཉིན་ཏོམ།འཆང་ངམ།འདོན་ཏམྦྷ།ཀློག་གམ།མཐོང་ནས་ལེགས་པར་རྟོགས་པར་བྱེད་ན།དེའི་ལས་དང ་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཡོངསུ་བྱང་བར་འགྱུར་རོ།།ནངས་པར་ལངས་ནས་ལན་ཅིག་འདོན་ན།ལག་ན་པདྨ་ཕྱི་བཞིན་འབྲང་བར་འགྱུར་རོ།།ཡིད་ལ་གང་དག་འདོད ་པའི་དགོས་པ་བསམས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ།།གཅིག་པུ་རབ་ཏུ་དབེན་པར་འདུག་སྟེ།སངས་རྒྱས་ཡིད་ལ་བྱ་བ་མངོན་དུ་དམིགས་ནས།བཅོམ་ལྡན་འདས་ལག་ན་པདྨ་རྗེ་སུ་དྲན ་པར་བྱས་ལ་ལན་བདུན་བརྗོད་ན།དམ་པ་ཅི་འདོད་པ་ཐོབ་པར་འགྱུརརོ།།སེམས་ཅན་ཐམས་ཅད་ཀྱི་ཡི་དུ་འོང་བར་འགྱུརརོ།།དེའི་ངན་འགྲོ་ཐམས་ཅད་འགག་པར་འགྱུརརོ།།ཡུད་ཙམ ་ཞིག་འཆག་ཅིང་འདུག་ལ་ཡིད་ལ་བརྗོད་ན།བསྐལ་པ་བྱེ་བ་འབུམ་ཕྲག་དུ་མར་བསགས་པའི་ལས་བྱང་བར་འགྱུར་རོ།།འཁོར་ལོས་བསྒྱུར་བ་སྟོང་གིས་བསགས་པའི་བསོད་ནམས་ཀྱི ་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་རོ།།ཚེ་རབས་ཚེ་རབ་སུ་ཡང་པདྨའི་རིགས་ཆེན་པོར་སྐྱེ་བར་འགྱུར་རོ།།སྐྱེ་བོ་ཁྱད་པར་དུ་འཕགས་པས་བསྐུར་བར་འགྱུརརོ།།མེ་ཏོག་དྲི་ཞིམ་པོས ་སྙིམ་པ་བཀང་སྟེ།འཕགས་པ་སྤྱན་རས་གཟིགས་དབང་ཕྱུགི་མདུན་དུ་ལེན་བདུན་བརྗོད་ན།ཡོན་ཏན་ཆེན་པོ་སྟོང་ཐོབ་པར་འགྱུརརོ།།སྙིང་རྗེ་ཆེན་པོའི་ཆོས་ཉིད་སྣང་བ་དེ་ལ་སྐྱེ་བར ་འགྱུར།དམ་པ་ཆེན་པོ་དང་ལྡན་པར་འགྱུརརོ།།དེ་ཉིད་ཀྱི་གདིང་དུ་བལྟས་ཏེ་བཟླས་བརྗོད་བྱས་ན།བཅོམ་ལྡན་འདས་ཞལ་རྟག་ཏུ་བཞད་པ་འཕགས་པ་སྤྱན་རས་གཟིགསོ་དབང ་ཕྱུག་མཐོང་བར་འགྱུར་ཞིང་།ཆོས་སྣང་བའི་གསལ་བ་དང་པོ་དྲི་མ་མེད་པར་བྱེད་པ་ཞེས་བྱ་བ་འཐོབ་པར་འགྱུར།།ཚེ་འདི་ཉིད་ལ་སངས་རྒྱས་རྗེསུ་དྲན་པ་ཐོབ་པར་འགྱུར།།སེས ་མཉམ་པར་གཞག་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར།ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ།།ཇི་ལྟར་འདོད་པ་བཞིན་དུ་ལས་ཀྱི་སྒྲིབ་པ་ཐ~ཾད ་ཟད་པར་བྱེད་པར་འདོད་ན།ཚེས་བཅོ་ལྔའི་ཟླ་བ་ཉ་བ་ལ་བསྐུང་བ་བྱས་ལ་གོས་དཀར་པོ་བགོས་ཏེ།རིང་སྲེལ་དང་བཅས་པའི་མཆོད་རྟེན་ནམ།སྐུ་གཟུགས་ཀྱི་སྤྱན་སྔར་ཙཱན་དཀར་པོས ་དཀྱིལ་འཁོར་བསྐུས་ལ།དཀྱིལ་འཁོར་དེ་དང་།བཅོམ་ལྡན་འདས་ལ་མེ་ཏོག་སྣ་ཚོགས་གཏོར་ཏེ།བཅོམ་ལྡན་འདས་དང་།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དྲི ་ཞིམ་པོའི་བདུག་པོ་དང་།མར་མེ་དང་།སྤོས་ཀྱིས་སྟི་སྟང་བྱས་ཏེ།དེ་ཉི་འདུག་ལ་ལན་བརྒྱ་རྩ་བརྒྱད་བརྗོད་ན།དེས་སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་རོ།།མཚམས་མེད ་པ་བྱེད་པ་ཡང་སྡིག་པ་བྱང་ཞིང་ཤིན་ཏུ་ཡོངསུ་དག་པའི་སེམས་ཀྱི་རྒྱུད་དང་ལྡན་པ་དང་།ཤིན་ཏུ་ཡོངསུ་དགེ་པའི་ལུས་དང་དགྲ་དང་།ཡིད་ཀྱི་སྤྱོད་པ་དང་ལྡན་པར་འགྱུརརོ།།དེ་བཞིན། ་གཤེགས་པ་རྣམས་ཀྱིས་རྟག་པར་རྒྱུན་ཏུ་ཏིང་འཛིན་གྱི་སྟོབས་དང་།དབང་བསྐུར་བའི་སྟོབས་དང་།ས་དང་།ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་།ཡེ་ཤེས་ཁྱད་པར་ཅན་གྱི་སྟོབས ་སྒྲུབ་པར་མཛད།།གནམ་ལ་བྱིན་དུ་བལྟས་ཏེ་བཟླས་བརྗོད་བྱས་ན་ཆར་འབབ་པོ།།ས་ལ་བལྟས་ཏེ་བཟླས་བརྗོད་བྱས་ན།ལོ་ཏོག་ཐམས་ཅད་ལེགས་པར་འགྱུརརོ།།འབབ་ཆུ ་ཛོ་།མཚོའུ་དང་།རྫིང་བུའི་ཤུལ་དུ་བལྟས་ཏེ་བཟླས་བརྗོད་བྱས་ན་ཆུ་འབྱུང་བར་འགྱུར་རོ།།ནད་ཐམས་ཅད་ལ་ལག་པས་བྱབ་ཅིང་བཟླས་བརྗོད་བྱས་ན་སོས་པར་འགྱུར།།དྲན་པ་ཉེས ་པའི་མདུན་དུ་བཟླས་བརྗོད་བྱས་ན་དྲན་པ་རྙེད་པར་འགྱུརརོ།།བཀྲེས་པ་དང་།སྐོམ་པའི་གདོང་དུ་བལྟས་ཏེ་བཟླས་བརྗོད་བྱས་ནི་ཚིམ་པར་འགྱུར་རོ།།མི་ངས་ཆེན་པོ་བྱུང་ན་ར་སྨ་བྲོས་ཏེ།། ་རྒྱལ་མཚན་གྱི་རྩེ་མོར་བཏགས་ན།དཔག་ཚད་ཚུན་ཆད་མཚམས་བཅད་པ་དང་།།བསྲང་བ་བྱས་པར་འགྱུ་རོ།།འཕགས་པ་ལུས་ཀྱི་དབྱིབས་མཛེས་ཞེས་བྱ་བའི་གཟུངས་རྫོགསོ།།། ་རྒྱོ་གར་གྱི་མཁན་པོ་པྲཛྙཱ་བརྨ་དང་།ཞུ་ཆེན་གྱི་ལིཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕན་པའོ།།།རྒྱ་གར་སྐདུ།སཱི་ཧ་ནྟ་ད་ཏན་ཏྲནཱ་མ ་