CLOSE WINDOW

N627: 'jig rten dbang phyug gi rtog pa
Wyliee-texts produced with BDRC’s OCR application

མོ་དེ་ལ་འཁྱུད་པ།པདྨ་དམར་པོ་ཁ་འབྱེད་ཅིང་གར་གྱི་ཚུལ་ཅན་ཁད་ཀྱི་ཕྱག་རྒྱས་ཁ་འབྱོད་པར་བསྒོམས་ལ་འདི་བརྗོད་པར་བྱ་སྟེ།ཇི་ལྟར་པདྨ་དམར ་འདི།འདོད་ཆགས་སྐྱོན་གྱིས་མྱི་གོས་ཤིང་།།དེ་བཞིན་སྣ་ཚོགས་བག་ཆགས་སྐྱོན།།ཁམས་གསུམ་རྣམ་པར་དག་པའོ།།དབུ་རྒྱན་ལ་འོད་དཔག་ཏུ་མེད་པར་བསྒོམ་པར་བྱའོ།། ་དཱདྲ་ནས་འདི་བརྗོད་པར་བྱ་སྟེ།ོཾ་སརྦྦ་ཏ་ཐཱ་ག་ཏ།ཀཱ་ཡ་བཀྵྱ་ཏ་བཛྲ་སྭ་བྷཱ་བ་ཨརྠ་ཀོ&ཧཾ།དེ་ལྟར་བསྒོམས་ནས་ཕྱོགས་བརྒྱད་དུ་ལྷ་མོ་བས་མོ།།ོཾ་བི་ལོ་ཀི་ནི། བ་ལོ་ཀ ་ནི་ད་ཨ་བ་ལོ་ཀཱི་ཡ་སྭཱ་ཧཱ།ཤར་གྱི་མིད་བ་མ་ལཱ་ནི་རྣམ་པར་འཇིགས་མི་ཞེས་བྱ་བའི་ལྷ་མོ་པདྨ་དམར་པོ་བསྣམས་ངའོ།།ོཾ་ཏྟཱ་ར~ཾ་ཏུཏྟཱ་རེ་ཏུ་རེ་སྱཱཏྨ།།ལྷོའི་པདྨ་ལ་བཅོམ ་ལྡན་འདས་མ་སྒྲོལ་མ་པཱ་ལ་ཤའི་འདབ་མ་ལྟ་བུའི་པདྨ་བསྣམས་པའོ།།ོཾ་བྷུ་རི་ཎི་མཧཱ་ཙཀྲ་བིརྟི་ནི་ཧཱུཾ།ནུབ་ཀྱི་མདབ་མ་ལ་བྷུ་རི་ཎི་ཞེས་བྱ་བའི་ལྷ་མོ་ཨུད་པལ་སྔོན་པོ་ལྟ་བུ ་པདྨ་བསྣམས་པའོ།།ོཾ་བྷྲྀ་ཀུནྣི་ཏཱ་རཾ་ཏུ་ཏ་མཾ་ཏཱ་ཧཱུཾ།།བྱིང་གི་འདབ་མ་ལ་ཁྲོ་གཉེརི་ཅན་ཞེས་བྱ་བའི་ལྷ་མོ་པདྨ་སེར་མོ་བསྣམས་པའོ།།ོཾ་མ་ཧཱ་ཤྲི་ཡེ་མ་ཎི་པདྨེ་ཧཱུཾ ་འདི་ནི་པིདྨེའི་གོས་ཅན་ཤར་ཕྱོགས་ཀྱི་མཚམ་སུ་བ་ཅད་ལྟ་བུའི་པདྨ་བསྣམས་པའོ།།ོཾ་བཛྲ་པདྨེ་ཤྭ་ར་མ་པདྨེ་ཧཱུ~ཾ།ལྷོ་ཕྱོགས་ཀྱི་མཚམ་སུ་པདྨ་དཀར་པོ་བསྣམས་པའི། ་ཨ་བཽ་ཤྩ་པདྨཱ་དྷཱ།འདོན་སྣ་ཚོགས་ཀྱི་པདྨ་སཱ།ནུབ་ཕྱོགས་ཀྱི་མཛུམས་པདྨ་ནག་པོ་བསྡམས་པ།།ོཾ་བི་ཤྭ་བཀྵྨ་ཧཱུ~ཾ།འདི་ནི་སྣ་རྨུགས་ཀྱི་ཞལ་ཙྪན་ཏེ།བྱང་ཕྱོགས་ཀྱི་མཚམས ་སུ་སྣ་ཚོགས་པདྨ་བསྣམས་པའོ།།ོཾ་པདྨི་ནིཏྟེ་ཤྭ་རོ་ཧཱུ~ཾ།ཟོ་འབྲུའི་དབུས་འདོད་ཆགས་ཆེན་པོའི་བཅོམ་ལྡན་འདས་སྦྱིན་རས་གཟིགས་དབང་ཕྱུག།དེ་ལྟར་གགོང་སྒོམ་པ་དང་ལྡན ་ཞིང་ཏིང་འཛིན་ལ་གོམིས་པར་བྱེད་ན་དངོས་གྲུབ་བསྟན་པོར་འགྱུར།།དེ་ཡིས་སངས་རྒྱས་ཉིད་དང་འདོད་པའི་ལོང་སྤྱོད་ཐམས་ཅད་སྟེ་རོ།།སངས་རྒྱས་ཕ་རོལ་ཕྱིན་གྲུབ་ཅིང་།།གཟུས ་དང་ས་ཡང་དེ་བཞིན།།འཇིག་རྟེན་ཀུན་གྱི་འདི་སྟོན་ཅིང་།།ས་རང་ཉིད་རྗེསུ་སྒྲུབ།།སངས་རྒྱས་ཉིད་ནི་བྱང་སེམས་ཉིད།།རང་རྒྱལ་ཉིད་ཀྱང་དེ་བཞིན།།ཡོད་འོང་སངས་རྒྱས་ནི ་འཕང་ནི།།སྤྱད་མི་དགས་པར་འགྲུབ་པར་འགྱུར།།བྱང་ཆུབ་སེམས་དང་གི་བུར་བཅས།།ཙཱན་དམོར་དང་རབ་སྦྱར་ཏེ།།རྡོ་རྗེ་ཆུ་དང་ཡང་དག་ལྡན།།སངས་རྒྱས་ཀུན་གྱི་བཅུད ་ལེན་ཡིན།།སྦྱོར་བ་བཟང་པོ་འདི་ཡིས་ནི།།བཅུད་ཀྱིས་ལེ་ནི་བདེ་བ་ཡང་།།འགྲུབ་འགྱུར་འཇིག་རྟེན་མགོན་པོ་ཡོས།།གཞན་ཞིང་ནད་མེད་དམ་བདེ་ཞིང་།།ཚེ་དང་སྟོབས་དང་བརྒྱན ་འབྲུས་ད་།།བསྐལ་བཟང་ཡེ་ཤེས་བླ་ན་མེད།།སྐྱེ་བ་འདི་ལ་འགྲུབ་པར།།མཾ་ལུས་ལུས་པ་མེད་པ་འགྱུག།དབང་དང་དབུག་དང་དབྱེ་བ་དང་།།བསད་དང་བསྐྲད་པ་མ་། ་པ།རེངས་དང་ཕུར་བུས་གདབ་ཉིད་དང་།ན་མཁ་འགྲོ་བ་དེ་བཞིན་ནོ།།སྲ་བཅུའི་དབང་ཕྱུག་ཐོབ་འགྱུར་ཞིང་།།ཏིང་འཛིན་ལ་གནུས་པར་འགྱུར།། ་ཕྱིར་ཏིང་འཛིན་ལྡན་པ་ཡིས།།རྡོ་རྗེ་དམ་ཚིག་དེ་ཡིས་ནི།།རིག་པ་དང་ནི་བཅས་པའི་མཆོག།འཇིག་རྟེན་མགོན་པོར་འགྲུབ་པར་འགྱུར།།ོཾ་ཧྲིཿཔདྨ་ནིནྟེ་ཤྭ་ར་ཧཱུཾ།རྩ་བའི ་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ན་ཉིན་མོ་དང་ནུབ་མོ་བྱས་པའི་སྡིག་པ་ཉམས་པར་འགྱུར་རོ།།ཡང་ན་ལྔ་བརྒྱ་བཟླས་བརྗོད་བྱས་ན་ནད་ཐམས་ཅད་ལས་གྲོལ་བར་འགྱུར།།ཡང ་ན་སྟོང་བཟླས་བརྗོད་བྱས་ན་དུས་མ་ཡིན་པར་འཚོ་བ་མེད་པར་འགྱུརརོ།།ཡང་ན་སྟོང་ཕྲག་གཉིས་བཟླས་བརྗོད་བྱས་ན་ཐམས་ཅད་ཀྱིས་མཆོད་པའི་འོསུ་འགྱུརརོ།།གཞན་ཡང ་སྟོང་ཕྲག་གསུམ་བཟླས་བརྗོད་བྱས་ན་སྐལ་པ་བཟང་བ་དང་།།གཡང་རབ་ཏུ་འཕེལ་བར་འགྱུར་རོ།།གཞན་ཡང་སྟོང་ཕྲག་བཞི་བཟླས་བརྗོད་བྱས་ན་དབུལ་བ་མེད་པར་འགྱུརརོ།། ་ཡང་ན་སྟོང་ཕྲག་ལྔ་བཟླས་བརྗོད་བྱས་ན་དགྲ་ཐམས་ཅད་ཀྱི་སྙིང་འཁྲུག་པར་བྱེད།།སྟོང་ཕྲག་དྲུག་བཟླས་བརྗོད་བྱས་ན་དགྲ་ཐམས་ཅད་མེད་པར་འགྱུ་རོ།།སྟོང་ཕྲག་བདུན ་བཟླས་བརྗོད་བྱས་ན་བདུད་བཞི་ལས་མཆོག་ཏུ་རྒྱལ་བར་འགྱུརརོ།།སྟོང་ཕྲག་བརྒྱད་བཟླས་བརྗོད་བྱས་ན་རིག་འཛིན་མ་གྲུབ་པར་འགྱུརརོ།།སྟོང་ཕྲག་དགུ་བཟླས་བརྗོད་བྱས ་ན་སྦྱིན་མོ་གྲུབ་པར་འགྱུརརོ།།ཁྲི་ཚོ་གཅིག་བཟླས་བརྗོད་བྱས་ན་ལྷ་དང་ཀླུ་དང་།མིའི་བུ་མོ་རྣམས་འགྲུབ་པར་འགྱུརརོ།།སྟོང་ཕྲག་ཉི་ཤུ་བཟླས་བརྗོད་བྱས་ན་བར་སྣང་ལ་འགྲོ་བའི ་རྣལ་འབྱོར་མེ་རྣམས་འགྲུབ་པར་འགྱུར།།སྟོང་ཕྲག་སུམ་ཅུ་བཟླས་བརྗོད་བྱས་ན་བསམ་པ་ཐམས་ཅད་རྫོགས་པར་འགྱུརརོ།།སྟོང་ཕྲག་བཞི་བཅུ་བཟླས་བརྗོད་བྱས་ན་མཁའ་ལ ་སྤྱོད་པའི་རིག་པ་འཛིན་པར་འགྱུར།།སྟོང་ཕྲག་ལྔ་བཅུ་བཟླས་བརྗོད་བྱ་སོན་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ།།སྟོང་ཕྲག་དྲུག་ཅུ་བཟླས་བརྗོད་བྱས་ན་གྲུབ་པོའི་རེག་འཛིན ་དུ་འགྱུརརོ།།སྟོང་ཕྲག་བདུན་ཅུ་བཟླས་ན་ས་གསུམ་གྱི་བདག་པོར་འགྱུརརོ།།སྟོང་ཕྲག་བརྒྱད་ཅུ་བཟླས་ན་འཁོར་ལོས་བསྒྱུར་བུའི་རྒྱལ་པོར་འགྱུར།།འབུམ་ཕྲག་གཅིག་བཟླ ་བརྗོད་བྱས་ན་བྱང་ཆུབ་སེམས་དཔའ་ཉི་དུ་འགྱུརརོ།།འབུམ་ཕྲག་བཅུ་བཟླས་བརྗོད་བྱས་ན་རང་དགའི་གཟུགསུ་འགྱུ་རོ།།བཞི་ཆ་དང་བཅས་པའི་འབུམ་ཕྲག་བཟླས་བརྗོད་བྱས ་ན་སངས་རྒྱས་ཉི་དུ་འགྱུརརོ།།བྱེ་བ་ཕྲག་ཅིག་བཟླས་བརྗོད་བྱས་ན་ཐམས་ཅད་དུ་རྗེ་སུ་འཛིན་པར་བྱེད་པའི་ནུས་པ་ཅན་སྤྱན་རས་གཟིགས་དབང་ཕྱུག་ལྟ་བུ་འགྲུབ་པར་འགྱུ་ཞིང་ལུས ་དང་ངག་དོང་ཡིད་ཀྱི་བྱིན་གྱིས་རློབ་བོ།།འདི་ནི་བཅོམ་ལྡན་འདས་གསུང་རྡོ་རྗེས་གསུངས་པའོ།།ོཾ་པཎྜ་རི་བསོནི་པ་རི་དེ་ཧཱུཾ།འདི་ནི་གོས་དཀར་མོའི་སྔགས་ཏེ་ལན་ཅིག ་བརྗོད་པས་སྡིག་པའི་རིགས་ཀྱི་ཚོགས་སྲེག་པར་བྱེད།།ནུབ་བདུན་གྱི་ནང་རོལ་ཏུ་རྒྱལ་པོ་བློན་པ་དང་བཅས་པ་མདུན་ན་འདོན་དང་།སྐྱེ་འགྲོའི་ཚོགས་དང་།བཙུན ་མོའི་ཚགས་དང་བཅས་པ་དབང་དུ་འགྱུར།།བཟླས་པ་ཙམ་གྱིས་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་བསྐུལ་བ་དང་ལྡན་པར་འགྱུར་རོ།།དེ་ལྟ་བུའི་རིམ་པོས་འབུམ་ཕྲག་གཅིག་བཟླས ་ན་གང་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ནུས་པ་མཉམ་ཞིང་།དངོསུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འགྲུབ་པར་འགྱུར་རོ།།ོཾ་བི་ལོ་ཀི་ནི་ཨ་བ་ལོ་ཀྵ་ཡེ ་སྭཱ་ཧཱ།འདིའི་སྦྱོར་བ་ནི་སྟོང་ཕྲག་བཅུ་བཟླས་བརྗོད་བྱས་ན་མེ་ལོང་དང་།འཐེབ་ཆེན་དང་།ནཱ་མཁའ་ལ་སོགས་པ་ལ་གསལ་པ་པྲ་དབབ་པ་འགྲུབ་པར་འགྱུརརོ།།གང་སྔོན ་བྱུང་བ་དང་ཡང་དོ་ལྟར་དང་ཕྱིས་འོང་བ་དེ་སྟེན་པར་བྱེད།།ཡང་ན་སོ་ཤིང་ལ་ལན་ཉི་ཤུ་རྩ་གཅིག་མངོན་པར་སྔགས་པར་བྱས་ལ།ནུབ་མོ་ཉལ་བའི་དུ་སུ་སོང་འཆོས་ནས་མི ་སྨྲ་བར་ཉལ་ན་དགོས་པ་གོང་ཡིན་པ་རྨི་ལམ་དུ་སྟོན་པཱར་བྱེད།།དེ་ཡང་འཁྲུལ་པ་མེད་པར་སྟོནོ།།ོཾ་ཏཱ་རེ་ཏུཏྟཱ་ར་ཏུ་རེ་སྭཱ་ཧཱ།།བཅོམ་ལྡན་འདས་སྒྲོལ་མ་འདི་འབུམ་ཕྲག ་གཅིག་བཟླས་ན་འཇིག་རྟེན་གྲུབ་པར་འགྱུརརོ།།ལྷའི་བུ་མོ་དང་།ཀླུའི་བུ་མོ་དང་།མི་འམ་ཅིའི་བུ་མོ་དང་།གནོད་སྦྱིན་གྱི་བུ་མོ་དང་།མིའི་བུ་མོ་སྟེ།འདི་རྣམས་ཀྱི་ནང་ནས ་གང་འདོད་པ་དེའི་ཆོས་འབྱུང་དུ་གུར་གུམ་དང་།རྒྱུ་སྒྱོགས་དང་།རང་བྱུང་གི་མེ་ཏོག་དང་།བྱང་ཆུབ་ཀྱི་སྙོམས་དང་ཡང་དག་པར་ལྡན་པས་རྩིབས་དྲུག་པ་ཤིན་ཏུ་རྣ་བའི་འཁོར་ལོ་དམར། ་པོ་འཁོར་བཞིན་པ་རྣམ་པར་བྲིས་པ་བསམ་ལཆོས་འབྱུང་དེ་སྒྲུབ་པ་པོས་རི་སུལ་ཆུ་དགོས་གསང་བའི་གནསུ་བསམས་པར་བྱའི།།དེ་ཡང་མྱང་ཤིང་སྒྲུབ་པ་པའི་སྟེང་དུ་ལྟུང་བའི ་རྣམ་པ་བསྒོམ་པར་བྱའོ།།དེ་བཀུག་ལ་རང་ལ་ཆུ་ཤིང་ནོར་དང་བཅས་པ་དབང་དུ་འགྱུར་བར་བལྟའོ་ཞེས་བྱའོ།།ཡང་ན་ལྷ་དང་།ཀླུ་དང་།ལྷ་མ་ཡིན་དང་།མི་མི་ཙཾ་དང་།རིག ་པ་འཛིན་པ་དང་།གནོད་སྦྱིན་དང་།འཁོར་ལོས་བསྒྱུར་བ་དང་།བློན་པོ་དང་སྐྱེས་བུ་འམ་གླང་འདོད་པ་དེ་དམར་པོར་རྣམ་པར་བསམས་ལ།དེའི་སྙིང་དཀར་རྡོ་རྗེ་ལྕགས་ཀྱུ་འོད་འབར ་བའི་ཕྲེང་བ་འཁྲུགས་པའི་ལྕགས་ཀྱུས་འབིགས་བཞི་ན་པ་དང་།ཞགས་པས་རྐེད་པ་ནུས་བཅིངས་ལ་འགུགས་བཞིན་པ་འདོད་པས་མྱོས་པར་གྱུར་པས་རབ་ཏུ་གསལ་པོར་བབྱསམ་པར ་བྱའོ།།བདག་ཉིད་ནོར་དང་བཅས་པ་འགུགས་ཤིང་དབང་དུ་འགྱུ་རོ་ཞེས་བྱའོ།།ོཾ་པཱུ་རེ་ཎི་མ་ཧཱ་ཙཀྲ་བིརྟི་ནི་ཧཱུཾ།འདིའི་སྦྱོར་བ་ནི་དྲི་ཆེན་དང་།རྡོ་རྗེ་ཆུ་ལ་སོགས་པས་དཀྱིལ་འཁོར ་བྱས་ལ་ཇི་ལྟར་རྙེད་པའི་མེ་ཏོག་གིས་མཉམ་པར་མཆོད་ལ།དེ་ན་གནས་པའི་སྒྲུབ་པ་པོས་གླིང་ངམི་གླིང་གཞན་དང་།གྲོང་ཁྱེར་དང་།གྲོང་དང་།ཡུལ་འཁོར་གྱི་རྒྱལ་པོར་བསམ ་ཞིང་བཟླས་པ་བྱའོ།།དེ་ཡིས་བདྲག་པོ་ཉིད་འགྱུར་ཞིང་ལོང་སྤྱོད་པ་ལ་ལོངས་སྤྱད་ནས་བདེ་བ་ཅན་གྱིས་འཇིག་རྟེན་གྱི་ཁམསུ་སྐྱེ་བ་ཐོབ་པར་འགྱུར།།ོཾ ་ཀུ་ཊཱི་ཏཱ་རེ་ཏུ་ཏ་མ་ཏ་ཧཱུཾ།ལྷ་མོ་ཁྲོ་གཏོར་ཅན་ཞེས་བྱ་བ་འདི་ནི་དགྲའི་རྐང་རྗེས་ཀྱི་རྡུལ་བླངས་ལ།དུག་དང་།ཚ་དང་།སྐེ་ཚེ་དང་།ཁྲོག་དང་།ཆུ་བོའི་འབྲམ་གཉིས་ཀྱི་ས་དང་། ་ཚེཚོན་རྡོ་རྗེ་ཆུས་བསྣོས་ལ་གཟུགས་བརྙན་བྱས་ལ་མིའི་རུས་པའི་རང་བཞིན་གྱིས་ཕུར་བུས་ཚིགས་དང་གནཱད་ཀུན་ལ་བཏབ་ལ།ཐོད་པ་ཁ་སྦྱར་གྱི་ནང་དུ་བཞག་སྟེ།དུར་ཁྲོད་ཀྱི ་མེ་ལ་གདུང་པར་བྱིའོ།།ཞག་བདུན་དུ་སྦྱོར་བ་བྱས་པས་འཆི་བར་འགྱུར་རོ།།གལ་ཏེ་སེམས་ལ་སྡིག་པ་མེད་པར་གྱུར་ན་ཞག་ཉི་ཤུ་རྩ་གཅིགིས་ནི་སངས་རྒྱས་ཀྱང་འཆི ་བར་འགྱུར་རོ།།ོཾ་མ་ཧཱ་ཤྲི་ཡ་མ་ཎི་པདྨོ་ཧཱུཾ།ལྷ་མོ་འདི་ལ་དྲི་དང་།མེ་ཏོག་དང་།མཱར་མེ་དང་།བསོད་སྙོམས་ཀྱིས་ཟས་ཀྱི་སཾ་སོར་མཆོད་ལ་བཟླས་པ་བྱས་ན་ཐམས་ཅད ་དུ་བསྲུངས་པར་འགྱུར་རོ།།ཡུལ་ཆོས་ཀྱི་རྩོད་པ་ལས་རྒྱལ་བར་འགྱུར་རོ།།སྤྱན་རས་གཟིགས་དབང་ཕྱུག་དང་མཉམ་པར་འགྱུར་རོ།།ནོར་ཆེན་པོའི་བདག་པོར་འགྱུརརོ།།ཡང ་ན་པདྨ་སྟོང་ཕྲག་བཅུ་སྦྱིན་སྲེག་བྱས་ན་རྒྱལ་པོར་འགྱུར་རོ།།ོཾ་བཛྲ་པདྨེ་ཤྭ་རི་མོ་ར་པདྨེ་ཧཱུཾ།རྡོ་རྗེ་པདྨོའི་དབང་ཕྱུག་མ་འདི་ཡི་ཀྱིས་བཟླས་ན་དབང་དགུག་པ་ལ་སོགས་པ་བྱེད ་ལན་བདུན་མངོན་པར་བསྔགས་ཏེ།གཙུག་བུད་མདུད་ན་རང་སྲུང་ཞིང་རིམས་དང་།ལྐོག་ནད་དང་།ནད་ཐམས་ཅད་དང་།མཚོན་དང་།མེ་དང་།རྐུན་པོ་དང་།སེངྒེ་དང་།གླང་པོ ་དང་།སྦྲུལ་དང་།འཆིང་བ་དང་།།རྒྱ་མཚོ་དང་།ཤ་ཟེའི་ནད་སྟོང་ཕྲག་གཅིག་བཟླས་པས་ཞི་བར་འགྱུར་རོ།།ལན་ཅིགིས་ལས་ཀྱིས་རྗེད་བྱེད་ཀྱི་གདོན་དང་།ཟད་བྱེད་དང་།སྐྲག་པ ་དང་།བྲི་བར་དཀའ་བ་དང་།སྒོམ་པར་དཀའ་བའི་གདུག་པ་ཅན་གྱི་སེཾན་ཐས་ཅད་ཉམས་པར་བྱེད།།འབུམ་ཕྲག་གཅིག་བཟླས་ན་ལུས་འཕེལ་ཞིང་སྐལ་པ་བཟང་བ་དང་།ལུས་གཞོན ་ཞིང་ནད་མེད་པར་བྱེད་ཅིང་དུས་མ་ཡིན་པའི་འཆི་བ་ཉམས་པར་བྱེདདོ།།ཡང་ན་ཀླུ་ཐབ་ཁུང་དུ་བྲིས་ལ་དཱར་དུག་དང་།སྐེ་ཚེ་དང་ཚ་བའི་སྦྱིན་བསྲེག་བྱ་ཞིང་།ཀླུའི་མིང་དང་སྤེལ་བས ་འབུམ་ཕྲག་གཅིག་སྦྱིན་བསྲེག་བྱས་ན་ཆར་ཆེན་པོ་ཕབ་ནས་མུ་གེ་མེད་པར་འགྱུརརོ།།ོཾ་བི་ཤྲ་པདྨེ་ཧཱིཿསྣ་ཚོགས་པདྨ་འདི་ནི་རྨོངས་པ་དང་།རེངས་པ་དང་།མནན་པ་དང་། ་ཕུར་བུས་གདབ་པ་དང་།གཞན་གྱི་ནོར་འཕྲོག་པ་དང་།ཕུར་བུ་དང་།མིག་འཕྲུལ་དང་།ངོ་མཚར་དང་།མི་མཐོང་བར་བྱེད་པ་དང་།ཕུག་དུ་འཇུག་པ་དང་།ན་མཁའ་ལ ་འགྲོ་བ་དང་།ལྕགས་སྒྲོག་གཅོད་པ་དང་།།རིལ་པོར་དགུག་པ་གང་དང་གང་ཡིན་པ་རྒྱུད་ལས་བསྟན་པ་དང་།རྒྱུད་གཞན་དང་ཡང་དག་པར་ལྡན་པའི་ལས་ཐམས་ཅད་བྱེད་དོ། ་ལུས་ད་དག་དང་སྙེད་གསུམ་གྱི་དངོས་གྲུབ་སྟེར།།བཅོམ་ལྡན་འདས་འཕགས་པ་སྤྱན་རུས་གཟིགས་དབང་ཕྱུག་འགྲུབ་ཅིང་གང་འདོད་པའི་ལས་ཐམས་ཅ། ་འབྲུབ་པར་འགྱུ་རོ་ཞེས་བྱའོ།།ོཾ་བི་ཤྲ་པདྨེ་ཧཱུཾ།སྣ་ཚོགས་རྡོ་རྗེ་ཞེས་བརྗོད་པའི་ལྷ་མོའི་འདིས་ནི་ངགི་དངོས་གྲུབ་སྟེ་རོ།།ཚིག་ཤད་མཁན་དུ་བྱེད་ཅིང་གཞན་གྱི་དགྲ་རེངས་པར ་བྱེད་དོ།།རང་ཉིད་སྲུང་བ་དང་།གཞན་ཡང་སྲུང་བར་འགྱུར་རོ།།རིང་སྐལ་བ་བཟང་ཞིང་གཞོན་པོ་ཡང་སྐལ་བ་བཟང་པོའི་རང་དོན་དང་གཞན་དོན་བྱེད།།ཇི་ལྟར་འདིར་ནི་འཕགས ་པོ་སྤྱན་རས་གཟིགས་དབང་ཕྱུག་སེམས་ཅན་གྱི་དོན་ལ་སྤྲོ་ཞིང་བརྩོན་པ་དེ་བཞིན་དུ།འདིར་བཅོམ་ལྡན་འདས་དམྱལ་བ་དང་།ཡི་དགས་དང་།བྱོལ་སོང་གི་སྐྱེ་གན་སུ་གཏོག ་པའི་སེམས་ཅན་རྣམས་སྒྲོལ་བར་བྱེད།།བདེ་བར་གཤེགས་པའི་བསྟན་པ་ལ་དད་པ་རྣམས་ལ་མ་ཉིད་ཀྱིས་སྲུང་ཞེས་ཐུགས་ཀྱི་རྡོ་རྗེ་དེ་བཞིན་གཤེགས་པས་གསུངསོ།།དེ་ལྟར ་རྟོག་པའི་རྒྱལ་པོ་བསྡུས་པ་རབ་ཏུ་བསྟན་ཏོ།།སེམས་བརྙན་རྟོག་པ་མེད་པ་ཡི།།བློ་དང་ལྡན་པས་འགྲུབ་པར་འགྱུར།།གང་ཞིག་སྤྱོད་ལམ་བསྟན་པ་ཡི།།སངས་རྒྱས་ཀུན ་རྒྱུ་ཇི་ལྟ་བར།།དེ་ལྟར་འདིར་ནི་རབ་སྦྱར་ནས།།དེ་ནས་རྟག་པའི་གོ་འཕང་འགྲུབ།།ཇི་ལྟར་འདོད་པར་གནས་བྱེད་ཅིང་།།ཀུན་ལ་ལོང་སྤྱོད་ཀུན་བྱེད་ལྟར།།ཇི་ལྟར་འདོད་པའི ་སྙིང་རྗེ་སྤྱོད།།ཇི་ལྟར་འདོད་པའི་སྤྱོད་པ་ཡིས།།འདུག་པ་འམ་ནི་ལས་ཀྱང་རུངས།།འཆག་པ་འམ་ནི་གང་དང་དེ།།རྒོད་པའམ་ནི་བརྗོད་པའམ།།གང་དེ་ཇི་ལྟར་དོན་པ་ནི་ནོ།། ་དཀྱིལ་འཁོར་དུ་ནི་མ་ཞུགས་པ་འམ།།སྒྲིབ་པ་ཀུན་དང་ལྡན་པ་ཡང་།།རང་མོས་ལྷ་ཡི་རྣལ་འབྱོར་བདག།བསོད་ནམས་ཆུང་བ་འམ་འགྲུབ་པར་འགྱུར།།འདི་ཡིས་སངས་རྒྱས ་ཐམས་ཅད་ཉིད།།ཐམས་ཅད་མཁས་པོ་ཉིད་དང་ནི།།ཐམས་ཅད་རྡོ་རྗེ་འཆང་ཉིད་ཀྱང་།།སྐྱེ་བོ་འདི་ལ་འགྲུབ་པར་འགྱུར།།ཡང་གསུངས་པ།རྣལ་འབྱོར་དག་ནི་གཟུགས་བརྙན ་གྱི།།བཅོས་མའི་སྐུ་ལས་འགྱུར་བ་མིན།།བྱང་ཆུབ་སེམས་ཆེན་ལ་བརྩོན་ན།།རྣལ་འབྱོར་དྭག་ནི་དེ་ལྷ་ཡིན།།ཁྲག་ཆེན་པོ་དང་ག་པུར་བཅས།།ནྡན་དམར་དང་བསྲེས ་པ་ནི།།ཚོགས་ཀྱི་ནང་དུ་ཞུགས་པ་ན།།ཀུན་ལས་མཆོག་གྱུར་བཅུད་ལེ་ནོ།།སྦྱོར་བ་བཟང་པོ་འདི་ཡིས་ནི།།བཅུད་ཀྱི་ལེ་ནི་སླ་བ་རུ།།དཔལ་རྡོ་རྗེ་སེམས་དཔའི་ཚེ་བཟང་དང་།། ་ནད་མེད་བདེ་བ་བཟང་པོ་འཐོབ།།གྲུབ་པའི་མཚན་ཉིད་ཇི་ལྟར་གསུངས།།སངས་རྒྱས་ཕ་རོལ་ཕྱིན་པ་དང་།།གཟུངས་དང་ས་དང་དེ་བཞིན་འགྲུབ།།བདེ་སྟོན་ཐམས་ཅད ་ཐོབ་འགྱུར་ཞིང་།།རང་ཉིད་སོ་རྗེ་སུ་འགྲུབ།སངས་རྒྱས་ཐམས་ཅད་མཉམ་སྦྱོར་བས།།སངས་རྒྱས་ཐམས་ཅད་ཉི་དུ་འགྱུར།།སངས་རྒྱས་ཀུན་གྱི་དངོས་ཉིད་ཀྱང་།།ས་དྱས ་ཀུན་རང་གྲུབ་འགྱུར།།གཞན་ཡང་རྣལ་འབྱོར་གྱི་སྤྱོད་པ་བྱེད་པར་འདོད་ཅིང་སེམས་ཡོང་བུ་དག་པ་མེད་ན་དེའི་ཚེ་ཐུང་སྐུའི་སྒྲུབ་པ་བཱ་ཤད།སྙེན་གནས་དཱ་ལྡ ་སཱི་བསྟུང་བཱ་ག་ནཱ་བཱི་ལྷ།།ཚོན་སྣ་མ་འདྲེས་པར་རས་གསར་པ་དེ་ཡང་རང་རང་གི་ཀུན་ཏུ་ཁྲུ་རེའི་ཚད་ཀྱིས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྲི་བར་བྱ་སྟེ།སྣ་ཚོགས ་ཀྱིས་པདྨ་འདབ་མ་བརྒྱད་པ།ཟེ་འབྲུའི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུསུ་བཅོམ་ལྡན་འདས་མདོག་དམར་བཱ།མི་བསྐྱོད་པའི་དབུ་བརྒྱན་ཅན།ཞལ་གསུམ་པཾ།ཞལ་གྱི ་གཙོ་བོ་ནི་དམར་བ་སྟེ།འདོད་ཆགས་ཆེན་པོ་ཉིད་ཀྱི་ཕྱི་རོ།།གཡས་པ་གནག་པ་སྟེ་ཞེ་སྡང་ཆེན་པོ་ཉིད་ཀྱི་ཕྱིར་རོ།།གཡོན་པ་དཀར་བ་སྟེ་གཏི་མུག་ཉིད་ཀྱི་ཕྱིརརོ།།ཕྱག་དྲུག ་པ་བྱའོ།།གཡོན་པའི་ཕྱག་གཅིག་གིས་གོས་དཀར་མོའི་མགྲིན་པ་ནས་འཁྱུད་པ་དང་།པདྨ་དམར་པོ་བསྣམོས་པ་དང་།གཡོན་པ་གཉིས་ཀྱིས་མེ་ཏོག་གི་གཞི་བསྣམས་པའོ།། ་གླཡས་པ་གསུམ་དུ་ཁབ་ཀྱི་ཕྱག་རྒྱས་པདྨ་ཁ་འབྱེད་པ་དང་།མེ་ཏོག་མདའ་དང་།ལྕགས་ཀྱུ་བསྣམས་པའོ།།སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས་པར་བྱའོ།།ཤར ་གྱི་འདབ་མ་ལ་རྣམ་པར་གཟོགས་མ་མདོག་དཀར་མོ།།པདྨ་དམར་པོ་དང་རྡོ་རྗེ་ཕྱག་ན་བསྣམས་པའོ།།ལྷོ་ཕྱོགས་ཀྱི་འདབ་མ་ལྀ་ལྷ་མོ་སྒྲོལ་མ་ལྗང་ཀུ་རྒྱ་སྐེགས་ཀྱི་ཤིང་གི ་ལོ་མ་དང་།རིན་པོ་ཆེ་ཕྱག་ན་བསྣམས་པའོ།།ནུབ་ཕྱོགས་ཀྱི་འདབ་མ་ལ་ལཱུ་རི་ནི་སེར་མོ་ཨུཏྤལ་སྔོན་པོ་དང་འཁོར་ལོ་བསྣམས་པའོ།།བྱང་ཕྱོགས་ཀྱི་མདབ་མ་ལ་ཁྲོ་གཉེར་ཅན ་པདྨ་དཀར་སེར་ལྟ་བུ་པདྨ་སེར་པོ་དང་རལ་གྲི་ཕྱག་ན་བསྣམས་པའོ།།ཤ་རེ་གྱི་མཚམ་སུ་པདྨའི་གོས་ཅན་མ་གསེར་ལྟ་བུའི་མདོག་བཙོད་ལྟ་བུའི་པདྨ་བསྣམས་པའོ།།ལྷོ་ཕྱོགས་ཀྱི ་མཆིམ་སུ་རྡོ་རྗེ་པདྨའི་དབང་ཕྱུག་མ་ན་མཁའི་མདོག་ཅན་དཀར་པོ་པདྨ་དང་ཤེལ་གྱི་ཕྲེང་བ་བསྡམས་པའོ།།ནུབ་ཕྱོགས་ཀྱི་མཚམ་སུ་སྣ་ཚོགས་ཀྱི་པདྨ་སྟོན་ཀའི་ཟླ་བ་ལྟ་བུ་དཀར་སེར་གྱི ་མདོག་པདྨ་ནག་པོ་དང་པོ་ཏི་ཕྱག་ན་བསྣམས་པའོ།།བྱང་ཕྱོགས་ཀྱི་མཚམ་སུ་སྣ་ཚོགས་རྡོ་རྗེ་མ་སྣ་ཚོགས་ཀྱི་མདོག་ཅན་དུ་བྱས་ལ།སྣ་ཚོགས་ཀྱི་རྡོ་རྗེ་དང་།སྣ་ཚོགས་ཀྱི་པདྨ ་བསྣམས་པའོ།།དེ་ལྟར་པདྨ་ལ་བཀོད་ཅིང་བྲིས་ལ།།སྒེག་མོ་ལ་སོགས་པ་རྣམས་ནི་མཚམ་སུའོ།།ཛཿཧཱུཾ་བཾ་ཧོཿའི་ཡི་གེ་ལས་ཡང་དག་པར་བྱུང་བའི་ལྕག་སྐྱ་དང་།ཞགས་པ་དང ་ལྕགས་སྒྲོག་དང་།དྲིལ་བུ་རྣམས་ནི་ཤར་ལ་སོགས་པའི་ཕྱོགས་རྣམ་སུའོ།།ཡང་ཐང་སྐུ་གཞན་བརྗོད་པར་བྱ་སྟེ།སྟོན་ཀའི་ཟླ་བ་ལྟ་བུའི་དཀར་སེར་གྱི་བཅོམ་ལྡན་འདས་གཡས་ན ་སྨྱུང་བ་དང་།དབྱུག་པ་དང་།རྩེ་གསུམ་དང་།མཆོག་སྦྱིན་པའི་ཕྱག་ཅན།གཡོན་ན་པདྨ་དང་རིལ་བ་སྤྱི་བླུགས་དང་།ཞགས་པ་དང་།ཐམས་ཅད་མཁྱེན་པའི་དམ་ཚིག ་བསྣམས་པའི་ཕྱག་ཅན།།བྷ་གི་ལྤགས་པའི་ཤམ་ཐབས་འཆང་བ།སྲུལ་མཆད་ཕྱིར་ཐུགས་པ།རལ་པའི་ཅོད་པན་ལ་འང་དཔག་མེད་བཞེངས་པ་འམ ་སྐྱིལ་ཀྲུང་ཕྱེད་པས་གནས་པ་དབུ་རྒྱན་དུ་བྱས་པའོ།།དེ་ཡི་གཡས་ཕྱོགས་ཀྱི་ཆུ་རུ་སྒྲུབ་པ་པོ།།མཆོད་ཡོན་གྱི་སྣོད་དང་བདུག་སྨོས་ཀྱི་སྣོད་ལག་པས་བཟུང་བར་བྱའོ།།གཞན ་ཡང་བཅོམ་ལྡན་འདས་ཕྱག་གཉིས་པོ།།རི་གྲུ་འཛིན་ལ་གནས་ཤིང་སེང་གེའི་ཁྲི་ལི་བཞུགས་པ།གཡོན་པ་ས་ལ་གནས་ཤིང་ཞབས་གཡས་པ་པདྨའི་སྟེང་གི་གདན་སྟངསུ ་བཞུགས་པའོ།།ཕྱག་རེ་རེ་ན་ཕྲེང་བ་བསྣམས་པར་སེམས་པ་པོས་ཕྲེང་བའི་འོག་ཏུ་འདྲེན་པའི་ཚུལ་འདིས་བསམ་པར་བྱ་བ་ནི་སེམས་པ་ལྟ་བུར་གནས་པ་ཞེས་བྱའོ།།ཆོ་ག ་གཞན་ཡང་བཅོམ་ལྡན་འདས་དཀར་ཞིང་དམར་བ་ཕྱག་བཅུ་པ་རི་དགས་སེང་གེའི་གདན་ལ་པདྨའི་སྟང་དུ་སྐྱིལ་ཀྲུང་བྱེད་པོས་བཞུགས་པ།གཡས་ན་ཕྲེང་བ་བསྣམས་པའོ།།སེང ་གེ་དང་།གླང་པོ་ཆེ་དང་།མེ་དང་།སྦྲུལ་གྱིས་འཇིགས་པ་རྣམས་ལས་གྲོལ་བའི་ཆ་བྱད་ཅ་ནི།།གཡོན་ན་པདྨ་དམར་པོ་སྡོང་བུ་གཉིས་པ་སྟེང་དུ་པཽ་ཏི་ཙན་ཏི།རྐུན་མ་དང ་ལྕགས་སྒྲོགས་བཅིངས་པ་དང་།མཚོ་དང་ཐོག་ཆེན་པོ་དང་།ཤ་ཟས་ཟ་བ་རྣམས་སྒྲོལ་བའི་ཆ་བྱད་ཅནོ།།གནས་དེ་བརྒྱད་དུ་སྒྲུབ་པ་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ་ཡན་ལག་ཐམས་ཅད་ཡོངསུ་རྫོགས་པ་བྱིན་བཞིན་དུ་ལངས་པའམ།འདུག་པར་བསམ་པར་བྱའོ།།གཞན་ཡང་ཆོ་ག་ནི་ཟླ་བའི་དཀྱིལ་འཁར་གྱི་དབུས་བཅོམ་ལྡན་འདས་སྣ་ཚོགས ་གཟུགས་འཆང་བ་དབུ་བཅུ་གསུམ་པ་སྤྱི་བོའི་མགོ་བོ་ནི་ལྗང་ཀུའི་རྟ་ཞའོ།།ཡང་ན་ཞི་བ་སངས་རྒྱས་ཤཱཀྱ་ཐུབ་པའི་ཞལ།།ཕྱག་བརྒྱ་པའི་བཅོམ་ལྡན་འདས་འདི་ནི་སྣ་ཚོགས་ཀྱི ་མཚོན་ཆ་བསྣམས་པའོ།།ཡང་ན་ཞལ་བརྒྱ་པ་ཕྱག་སྟང་པོ་ཡང་བྱའོ།།ཁ་ཅིག་ཏུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གནས་པ་འམ།བཞུངས་པ་ཡང་བྱའོ།།ཙམ་པ་ལྟ་བུའི་དཀར་སེར་གྱི ་བཅོམ་ལྡན་འདིད་སོ།།ཐུང་བྷཱ་དེ་ཀུན་གྱི་གཡོས་ཕྱོགས་ཀྱི་བར་དུ་སྒྲུབ་པ་པོ་མེ་ཏོག་དང་།མཆོད་ཡོན་གྱི་སྣོད་དང་བདུག་སྤོས་ཀྱི་སྣོད་ལག་པ་ན་བཟུང་བར་བྱའོ།།དེ་རྣམས་ཀྱི་དབུ། ་ལ་དབུ་རྐྱེན་འོད་དཔག་མེད་པ་འམ།།ཆོས་ཀྱི་རྒྱལ་པོའི་མཚད་རྟེན་བྲི་བར་བྱའོ།།འདི་ནི་ཐང་མྦུའི་ཆུ་གའི།།ཐང་སྐུའི་མདུན་དུ་རྩ་བའི་སྔགས་ཇི་ལྟ་བ་འདོད་པ་དེ་བནྡེ་ཤིང་བས ་གྷཱཏནཱ་ཡང་བྱས་ནས།མཆོད་པ་རྣམ་པ་ལྔས་མཆོད་ལ།མཆོད་ཡོན་སྣོད་དང་།ཡོངསུ་གང་བའི་བདུད་རྩི་ལྟ་བུའི་ཟས་དང་།སྒྲོན་མའི་ཟས་ལ་བྱས་ནས།མཆོད་ཡོན ་བྱིན་ཏེ།སྔོགས་གང་འདོད་པ་དེ་བཟླས་པ་བྱས་ན་དེ་ལ་གསུངས་པའི་དངོས་གྲུབ་ཏུ་འགྱུརརོ།།གསང་བ་པོ་ནི་སྔགས་འདི་ཉིད།།ཁ་ཅིག་ལ་ཡང་མི་སྦྱིན།།བློ་ལྡན་སེམས་ཅན ་དོན་བརྩོན་པའི།།སེམས་བརྟན་པ་ལ་སྦྱིན་པར་བྱ།།མཆོད་རྟེན་ལས་བྱེད་ཉིད་ལ་ནི།།བློ་ལྡན་འབྲད་པས་སྦྱིན་པར་བྱ།།རང་ཉིད་དང་ནི་ནོར་དྲུག ་གིས།ད་བླ་མ་ལ་རྟག་གུས་པར་བྱ།།རྡོ་རྗེ་སློབ་དཔོན་རྣལ་འབྱོར་ལོ།།མཆོག་ཏུ་གྱུར་པའི་ཡོན་ཡང་དབུལ།།གང་དང་གང་ནི་བཏང་དཀོའ་བ།།མཆོག་ཏུ་གྱུར་པ་འདིར་ནི ་སྔགས།།ཆུང་མེ་སྲིང་མོ་དང་ཡང་ནི།།བུ་མེ་དང་ནི་ཚ་མོ་དག།བུ་མོ་རྒྱན་ཀུན་བརྒྱན་པར་བྱའོ།།གླང་ཆེན་རྟ་དང་ཤིང་རྟ་དང་།།ཕྱུགས་དང་གྲོང་ཁྱེར་རྒྱལ་སྲིད་དང་།། ་ཡུལ་འཁོར་རྒྱལ་སྲིད་ལྡན་པ་དང་།།རིན་ཆེན་སྣ་ཚོགས་དག་ཀྱང་ནི།།གཞན་ཡང་རྡོ་རྗེ་སློབ་དཔོན་དབུལ།།རྡོ་རྗེ་སློབ་དཔོན་དགྱེས་གྱུར་པ།།ཐམས་ཅད་རབ་སྦྱིན ་དབུས་པར་བྱ།།འཇིག་རྟེན་དབང་ཕྱུག་རྟོག་པ་རྫོག་སོ།།།རྒྱ་གར་གྱི་མཁན་པོ་ཛམྦྷ་ལ་དང་།བོད་ཀྱི་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་གཏན་ལ ་