CLOSE WINDOW

N611: ye shes skar mda'i snying po
Wyliee-texts produced with BDRC’s OCR application

ཚེ་རིང་ལྡིང་ནད་མེད་པོ་དང་།མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།།ཤི་འཕོས་ནས་ཀྱང་བདེ་བ་ཅན་གྱི་འཇིག་རྟེན ་ཁམསུ་སྐྱེ་བར་འགྱུར།།གཟུགས་ལེགས་ཤེས་བྱ་བའི་གཟུངས་རྫོགསོ་སོ།།།ོཾ་ཛྙཱ་ནཱ་ཊ་ལོ་ཀ་ཏེ་སཾ་མནྟ།སྥཱ་ར་ཎ་རཤྲཱྀ་བྷ་བ་ས་མ་ཡ།མདདྨ་མཎི།དུར ་དུ་རུ།དྲོད་ཡ་ཛ་ལ་ནི་ཧཱུཾ།འབབ་ཆུའམ་མཚོའི་འགྲམ་དུ་འདུག་སྟེ་ལེག་པ་གཡས་པའི་ཁྱོར་བར་ཆུ་བླུགས་ལ།ཡེ་ཤེས་སྐར་མདོའི་སྙིང་པོ་འདི་ལ་ནི་བདུན་བཟླས་ཏེ།ཆུ་ཁྱེར་བ་བདུན ་འདབ་ཆུར་གཏོར་ན།སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་ཡི་དགས་ཇི་སྐད་ཡོད་པ་དེ་དག་ཐམས་ཅད་ལྷའི་ཁ་ཟས་ཀྱི་རོ་དང་བཏུང་བའི་རོ་མཆོག་དང ་ལྡན་པ་འཐོབ་ཅིང་།ཡི་དགས་རེ་རེ་ཡང་།ཁ་ཟས་དང་།བཏུང་པོ་ཡུལ་མ་ག་དྷིའི་བྲེ་བདུན་བདུན་གྱིས་ཆེ་བར་བྱས་པར་འགྱུར་ཞིང་།ཆུ་དེ་འཐུངས་པ་ཙམ་གྱིས་དེ་དག་ཐམས་ཅད ་ཡི་དགས་ཀྱི་སྐྱེ་གནས་ལས་ཐར་ཅིང་།བདེ་འགྲོ་མཐོ་རིས་ཀྱི་གན་སུ་སྐྱེ་བར་འགྱུརརོ།།སྐྱེས་པའམ།བུད་མོད་དམ།ཁྱེའུ་འམ།བུ་མོ་འམ།གཞན་ཡང་བྱོལ་སོང་གི་སྐྱེ་གནསུ།། ་གཏོགས་པ།ཡི་དགས་སམ།བྱ་འམ།ཆུ་ལ་གནས་པ་ལ་སོགས་པ་གང་གིས་ཆུ་དེ་འཐུངས་པ་དེ་དག་ཐམས་ཅད།སྡིག་པ་དང་།སྒྲིབ་པ་ཐམས་ཅད་བྱང་ཞིང་བདེ་འགྲོའི་ལམ ་དུ་འགྲོ་བར་འགྱུརརོ།།ཡེ་ཤེས་སྐར་མདོའི་སྙིང་པོའོ།།།ཡི་དགས་མོ་ཁ་འབར་མ་དབུགས་དབྱུང་བའི་གཏོར་མིའི་ཆོ་ག།དཀོན་མཆོག་གསུམ་ལ་ཕྱག ་