| Wylie | e-texts produced with BDRC’s OCR application |
བའི་གཟུངས་རྫོག་སོ།།།།རྒྱ་གར་སྐད་དུ།མ་ཧཱ་ག་ཎ་པ་ཏི་ཏ་ན་ཏྲ་ན་མ།བོད་སྐད་དུ།ཚོགས་ཀྱི་བདག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ།འཇིག་རྟེན་དབང ་བྱུཕྱུག་ལ་ཕྱག་འཚལོ།།དེ་ནས་དཔལ་ལྡན་ཚོགས་བདག་ཆེ།།ཕྱག་འཚལ་དཔལ་ལྡན་ཚོགས་བདག་དགྱེས།།གཟུགས་བརྙན་མཎྜལ་གྲུ་བཞིར་བཞག།ཟླ་བ་དྲུག་ཏུ་མཆོད་པར་བྱ།། ་ལྷ་ཡིས་འཁོར་ལོས་བསྒྱུར་བ་དང་།ཚེ་འདི་ཉིད་ལ་བསྐལ་པ་མཉམ།།བསོད་ནམས་ཆེན་པོ་ཐོབ་པར་འགྱུར།།ལོངས་སྤྱོད་ལྷ་དང་མཉམ་པ་དང་།།ཚེ་ཡང་རང་བའིའོ་མཆོག་ཏུ་འགྱུར།། ་མི་ལ་སོགས་པ་དབང་དུ་འགྱུར།།ལྷ་ཡི་བུ་ཡང་བླན་བཞིན་འགྱུར།།བདག་གིས་སྒོ་བ་ཉན་པར་འགྱུར།།ཀླུ་ཡང་དེ་ཡི་སྒོ་བ་ཉན།།བྲན་བཞིན་ལས་རྣམས་བྱེད་པར་འགྱུར།། ་ལྷ་ཡི་ལོངས་སྤྱོད་མངའ་རིས་ལས།།འདོད་པའི་ལོངས་སྤྱོད་འབྱུང་བར་འགྱུར།།དངོས་གྲུབ་སྒྲུབ་པའི་སྐལ་བ་ཅིན།།གདུལ་བྱ་དབང་གིས་སྐུ་སྤྲུལ་པ།།ལྷ་ཚོན་ཚོགས་བདག་ཆེན ་བོས་བྱ།།དངོས་གྲུབ་དམ་པ་མཆོག་སྒྲུབ་ན།།མཐུ་སྟོབས་ཕུན་སུམ་ཚོགས་ལྡན་ཞིང་།།ལྗོངས་སྤྱོད་ཡིད་བཞིན་འཕེལ་བར་བྱེད།།འཇིག་རྟེན་ཕན་མཛད་ལྷ་ཡི་ལྷ།།གང་གི་མཆོད་པ ་དངོས་གྲུབ་ཡིན།།ལྷ་ཆེན་ཚོགས་ཀྱི་བདག་པོའི་རྒྱུད་ལས་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་དང་པོའོ།།།།དེ་ནས་དབེན་པའི་གནསུ་ནི།།དཀྱིལ་འཁོར་གྲུ་བཞི།། ་དག་བྱ་སྟེ།།བ་ཡི་ལྕི་བས་ལེགས་པར་བྱུགས།།འཇམ་ཞིང་མཉན་ལ་དབུས་མཐོ་བའི།།དབུས་སུ་ཚོགས་བདག་སྐུ་གཟུགས་བཞུགས།།མེ་ཏོག་དཀར་པོས་དེ་ལ་གཏོར། ་བདག་ཉིད་གཙོར་བུར་བྱུང་བྱས་ཏེ།།ལོག་འདྲེན་གཟུགས་ཀྱིས་ཡང་དག་མཆོད།།བ་ར་ཏ་ཀ་ཟླ་བ་དྲུག།ཉིན་རོ་བཞིན་དུ་དུས་གསུམ་དུ།།གསང ་སྔགས་བརྒྱ་ནི་རྩ་བརྒྱད་བཟླས།།ཡིད་ལ་རེ་བ་ཐམས་ཅད་རྫོགས།།བསམ་པ་ཐམས་ཅད་འགྲུབ་པར་འགྱུར།།ོཾ་ནི་བཀྲ་ཤིས་དཔལ་དང་ལྡན།།གསང་སྔགས་མགོ ་ལ་བཞག་པར་བྱ།།ཡིད་བཞིན་ནོར་བུ་ལྟ་བུ་ཡི།།དངོས་གྲུབ་གཏེར་བྱེད་ཡི་གེ་ཡང་།།དེ་འོག་བྲལ་ལ་བཞག་པར་བྱ།།ཉི་མ་ལྟ་བུའི་ཡི་གེ་ཡང་།།དེ་ཡི་རྗེས་ལ་བཀླག་པར་བྱ། ་དེ་བཞིན་གཤེགས་པའི་མཚན་དང་པོ།།ཡི་གེའི་མཆོག་ནི་བླང་བར་བྱ།།གསལ་བྱེད་ཡི་གེ་དང་པོ་ཡང་།།དེ་ཡི་མཇུག་ཏུ་བརྗོད་པར་བྱ།།རིན་ཆེན་ཡི་གེ་སྭཱ་ཞེས་བྱ།།ལས་ཀྱི། ་ཡི་གེ་ཧཱ་ཞེས་བྱ།།དངོས་གྲུབ་འདོད་པས་གསང་སྔགས་བཟླས།།ལྷ་ཆེན་དངོས་གྲུབ་སྒྲུབ་པའི་རྒྱུད་ལས་ལྷའི་དངོས་གྲུབ་ཀྱི་གསང་སྔགས་བསྟན་པའི་ལེའུ་སྟེ་གཉིས་པའོ།། ་དེ་ནས་ཚོགས་ཀྱི་བདག་པོ་བཤད།།ཚོགས་ཀྱི་བདག་པོ་སྐུ་མདོག་དཀར།།གླང་པོ་ཆེ་ཡི་མགོ་བོ་ཅན།།མཆེ་བ་ཡ་གཅིག་ཆག་པ་དང་།།ཕྱག་གཡོས་ལ་ཕུག་བསྣམས། ་པ་དང་།།བྱི་བའི་གདན་ལ་བཅིབས་པ་དང་།།རིན་པོ་ཆེ་ཡི་སྐུ་བརྒྱན་པ།།ཟླ་བ་ཚེས་པས་དབུ་རྒྱན་པ།།འོད་གསལ་བ།འོད་ཟེར་འཕྲོ་བ།མདོག་བཟང་བ།ཁ་དོག ་ང།གསུས་པ་ཆོ་བ།རྒྱན་གྱིས་བུད་པའོ།།དངོས་གྲུབ་སྒྲུབ་པའི་རྒྱུད་ལས་ཚོགས་ཀྱི་བདག་པོ་བསྟན་པའི་ལེའུ་སྟེ་གསུམ་པའོ།།།།དེ་ནས་སྐར་མ་རྒྱལ་གྱི་ཉིན་པར་མེ་ཏོག ་དཀར་པོ་བླངས་ཏེ་ཚོགས་ཀྱི་བདག་པོའི་སྐུ་གཟུགས་བྲིས་ཏེ།ཁ་དོག་དཀར་པོ་གླང་པོ་ཆེའི་དབུ་ཅན།ཕྱག་གཡས་ན་ལ་ཕུག་བསྣམས་པ།གཡོན་པ་ན་རིན་པོ་ཆེའི་ནོར་བུ་བསྣམས ་པ།གླསུས་པ་ཆེ་བ།རྒྱུན་ཐམས་ཅད་ཀྱིས་བརྒྱན་པ།ཟླ་བྱ་དང་བྱི་བྱའི་ཁྲི་ལྔ་བཞུགས་པ་མཁས་པས་བྱའོ།།དེ་ལ་དཀྱིལ་འཁོར་གྱི་དབུས་སུ།བདག་ལ་ཞལ་ཕྱོགས་པར་བཞིག་ལ། ་བདག་ཉིད་ལོག་འདྲེན་གྱི་གཟུགས་ཀྱིས་ཡང་དག་པར་མཆེད།།ཚོགས་ཀྱི་བདག་པོ་ཞལ་གཅིག་ཕྱག་བཞི་པ་སྒྲུབ་པའི་ལེའུ་སྟེ་བཞི་པའོ།།།།དེ་ནས་དབང་ལྡན་གྱི་མཚམ་སུ། ་ཚོགས་ཀྱི་བདག་པོ་དཀར་པོ་གླང་པོ་ཆེའི་མགོ་ཅན།བྱི་བ་ལ་ཞོན་པ།མིག་གསུམ་པ།ཟླ་བ་ཕྱེད་པ་འཛིན་པ།གཡས་ན་ལ་ཕུག་དང་དགྲ་སྟ་འཛིན་པ།གཡོན་པ་ཏྲི་ཤུ་ལ་དང་། ་ཐོད་པ་འཛིན་པ་ལག་པ་ཁུ་ཚུར་བཅངས་པའི་མཛུབ་མོ་དང་གུང་མོ་བསྐྱང་ལ་མཛུབ་མོ་བཀུག་ལེ་གུང་མོའི་ཚིགསུ་བཟུང་བར་བྱ་བ་ནི།ཚོགས་ཀྱི་བདག་པོའི་ཕྱག་རྒྱའོ།།ཚོགས་ཀྱི ་བདག་པོའི་ཕྱག་རྒྱ་བསྟན་པའི་ལེའུ་སྟེ་ལྔ་པའོ།།།།དེ་ནས་གསང་སྔགས་བསྟན་པ་ནི།།ོཾ་ནི་དཔལ་ལྡན་མགོ་ལ་གཞག།དེ་ནས་ཡིད་བཞིན་ནོར་བུ་ནི།།རིན་པོ་ཆེ ་ཡི་ཡི་གེ་བྲི།།སྡོ་མཚན་གསལ་བྱེད་དང་པོ་ཡང་།།དེ་ཡི་རྗེསུ་བྲི་བར་བྱ།།དེ་བཞིན་གཤེགས་པའི་མཚན་དང་པོ།།དབྱངས་ཡིག་བརྒྱད་པས་མཛེས་པར་བྱ།། ་གསལ་བྱེད་དང་པོའི་ཡི་གེ་ཡང་།།བློ་ཡིས་བླངས་ཏེ་ཡིད་ཀྱི་བྲི།།སྡེ་མཚན་གསུམ་པའི་གསུམ་པ་ལ།།དང་པོའི་བཞི་པ་སྦྱར་བར་བྱ།།སྡེ་མཚན་འདུན་པའི་གསུམ་པ་ལ། ་གསུམ་པའི་དང་པོས་འོག་ཏུ་སྦྱར།།ཡིད་བཞིན་ནོར་བུའི་ཡི་གེ་ལ།།བཞི་པའི་ལྔ་པ་ཟླ་བ་གཞག།དབྱངས་ཡིག་གསུམ་པོས་བརྒྱན་པར་བྱ།།བཞི་པའི་གསུམ་པས་དེ་ནས་བརྗོད ་དངོས་གྲུབ་སྒྲུབ་པའི་ཡི་གེ་ནི།།དེ་ཡི་རྗེས་ལ་བྲི་བར་བྱ།།གསང་སྔགས་དྲག་པོའི་ཡི་གེ་ཡང་།།ཀུན་གྱིས་མཐར་ནི་བརྗོད་པར་བྱ།།གསང་སྔགས་འདིའི་དངོས་གྲུབ་ནི།།འཇིག ་རྟེན་དབང་ཕྱུག་ཉིད་ཀྱི་བྱིན།།དགོས་པ་ཐམས་ཅད་འགྲུབ་པར་འགྱུར།།ཚོགས་བདག་ཆེན་པོའི་གསང་སྔགས་བསྟན་པའི་ལེའུ་སྟེ་དྲུག་པའོ།།།།དེ་ནས ་གཞན་ཡང་གསུངས་པོ་ནི།།དངོས་གྲུབ་ཐམས་ཅད་སྒྲུབ་པ་ཡིས།།མཚན་གྱིས་གསང་སྔགས་ཞེས་བྱ་བའི།།དངོས་གྲུབ་སྒྲུབ་པའི་སྙིང་པོ་ནི།།དཔལ་དང་ཡཾ་གི་ཡི་གེ་སྟེ།། ་ཨོཾ་ཞེས་བྱ་བའོ་མགོ་ལ་གཞག།ཡིད་བཞིན་ནོར་བུའི་ཡི་གེ་ལས།།ཉི་མའི་ཡི་གེ་འོག་ཏུ་སྤྲས།།དབྱངས་ཡིག་དྲུག་པའི་འོག་ཏུ་སྦྱར།།ཐིག་ལེ་ནཱ་དས་བརྒྱན་པར་བྱ།། ་མཚོན་གྱི་དང་པོའི་ཡི་གེ་ནི།།དེ་ཡི་རྗེས་ལ་བརྗོད་པར་བྱ།།བཞི་པའི་ལྔ་པ་དེ་ནས་སྦྱར།།ལྔ་པའི་དང་པོ་བྲི་བར་བྱ།།དེ་བཞིན་གཤེགས་པའི་མཚན་དང་པོ།།འབྱུང་བ་རླུང་གི་ཡི་གེ་ཡང། ་དབྱངས་ཡིག་བརྒྱད་པས་བརྒྱན་པ་ནི།།དེ་ཡི་རྗེས་ལ་བྲི་བར་བྱ།།ཞི་བའི་ཡིག་འབྲུ་གཉིས་པ་ཡང་།།ཀུན་གྱིས་མཐར་ནི་བརྗོད་པར་བྱ།།མཚན་གྱིས་གས་སྔག་སྟེ་ཞེས་བྱ་བ། ་འདོད་པ་ཐམས་ཅད་གྲུབ་བྱེད་ཡིག།མཚན་གྱིས་གསང་སྔགས་བསྟན་པའི་ལེའུ་སྟེ་བདུན་པའོ།།།།དེ་ནས་གཞན་ཡང་བཤད་པར་བྱ།།སྐར་མ་རྒྱལ་གྱི་ཉིན་པར་ནི།། ་མེ་ཏོག་དཀར་པོའི་རྩ་བ་བླང་།།ཙ་ན་ད་ན་དཀར་པོ་དག་ལས་ནི།།ཚིགས་ཀྱི་བདག་པོའི་སྐུ་གཟུགས་ནི།།མཐེ་བོང་གི་ནི་ཚད་ཙམ་བྱ།།གསུས་པ་ཆེ་ལ་ཕྱག་བཞི་པ།།མཁས་པས། ་བྱས་ཏེ་ལེགས་པར་བྱ།།རིན་པོ་ཆེའི་སྣོད་དུ་བཞུག།དཀར་ཆེན་མངོན་པར་གསལ་བའི་ཚེ།།ནང་གི་ཆ་རིས་སྐུ་ཁྲུས་གསོལ།།གསལ་ཞིང་དངལ་ཡིད་དུ་འོདང།།དྲི་དང ་ལྡན་པའི་བུམ་པ་ཡིས།།མེ་ཏོག་དཀར་པོའི་དྲི་ཡི་ས་ནི།།བདག་ཆལ་ལྡན་པས་ཁྲུས་བྱའོ།།དེ་ནས་དེ་མ་ཐག་ཏུ་ནི།།དཀྱིལ་འཁོར་དབུས་སུ་སྤྱན་དྲངས་ལ།།མེ་ཏོག་དཀར་པོ ་དབུལ་བར་བྱ།།ལ་ཕུག་ལ་དུར་བཅས་པ་ཡི།།གཏོར་མཚན་པོའང་དེ་ནས་དབུལ།།སྤོས་དང་དྲི་དང་མར་མེ་དང་།།ལྷ་བཤོས་དག་གི་མཆོད་པར་བྱ།།གསང་སྔགས་འདིས ་ང། །རྒྱུརྨྱ་དང།གླུ་དུགས་ཀྱིས་མ་ཆོག་ད་ན་སུ་།སྣོད་སེཾ་རྣམས་ད་ག ་།།མམ་རྒྱུན་དང་།ད་ང་།།མང་དང་ཚད་།ན་ནཡང་།།ན་ན ་བྱུ་པའི་ལ་ཡིན།ཚིགས་ཀྱི་བདུན་པོ་མ་ཆེད།། ས་མྦྷནས་ནི།།མཽང་གས་འགྲུས་གས་ཤིན་མ ་གས་དས་ཆེན་པོ་མད་པར་བྱ།།དེ་ཁྱེ་ཚོགས་ཀྱི་སྒོ་པམའོ།།ཚོགས་ཀྱི་བངོན་པའི་སུ་གཟུགས་ལག་པ་གསས་པའི་མལ་དུ་བཞུགས་ལ།སེམས་དོས ་དུམུ་ག་ཡོངས་བྱོར་བཟླས་བརྗོད་འབྲུམ་བྱ་སྒྲོལ་དྲུག་ལོ་སྔགས་ཀྱིས་བཏང་སྟེ་ཚོགས་ཀྱི་དག་ངོ་མཆོད་ན།ཚེ་འདི་ཉིད་ལ་འཁོར་ལོ་སྒྱུར་བའི་རྒྱལ་པོ་དང་བསོད་ནམས་མཉམ་པར་འགྱུརརོ།། ་མེ་ཏོག་དཀར་པོས་མཆི་ན་རྒྱལ་པོ་ལ་སྩོགས་པ་ཕམ་པར་མི་འགྱུརརོ།།རྒྱལ་པོ་ལ་སོགས་པ་སྒྲུབ་པར་འགྱུར་རོ།།རྒྱལ་པོ་དྡ་ཛྙཱན་པོ་ལ་སོགས་པ་བདག་གི་དབང་དུ་འདུས་པར་འགྱུར་རོ།། ་དས་ཀླུ་སྒྲུ་དེ་སྦྱིན་ལ་སྷོ་སྣུན་པའི་ལྕེ་སྟེ་དགུ་།དེནས་ཚད་ཏུ་མེད་པར་བྱ།།ད་མ་ཞེས་བྱ་བའི་རིན་ཆེན་ལ།།ཚོགས་བདག་ཆེན་པོའི་གཟུགས་ས། ་ཡིད་བཞིན་ནེ་རེ་བུའི་ལག་ན་ཐོབས།།དཀྱིལ་འཁོར་ཆེན་པོ་ཁྲུ་གང་ཚད།།རིན་ཆེན་མེ་ཏོག་དཀར་པོ་བཀྲམ།།གསོང་སྔགས་འབུམ་དུ་བཟླས་བྱས་བྱས།།ནད་དང་སྡུག་བསྔལོ་ཞི་བློ ་འགྱུར།།ཤེལ་དང་དུད་ལས་ཚོགས་བདག་སྐུ།།མཁས་པས་ཇི་ལྟར་འབྱོར་པར་བྱ།།སྡུག་བསྔལ་ཐམས་ཅད་སེལ་བར་འགྱུར།།རིན་ཆེན་ཤེལ་ལས་ཚོགས་བདག་སྐུ།།མཐེ་བོང་གི་ནི ་ཆེད་ཙམ་བྱ།།སེ་ན་པྲ་ཞེས་བྱ་བའི་སྔགས།།རིག་པ་འབུམ་དུ་བཟླས་བྱོས་ཏེ།།ཤེལ་གྱི་སྐུ་དི་ཁྲུས་བྱས་ནས།།སྐཱར་མནྟལཱ་གྱི་ཉི་ན་པར་ནཱི།།བདག་ཉིད་ཤར་དུ་ཁཾ་བལྟས་ནས།། ་ད། ཀྱོན་ཁྲུས་བྱས་ལ།།བལ་སྦྱར་ཡིད་ཀྱི་གསོལ་པ་དང་།བདུན་མྱི་གནོད་པའི་བགཞེས་གང་ཡིན།།ཤེལ་གྱི་སྐུ་མོ་འང་སྟེ།།མིགས་མི་འབུལ་རབ་ཏུ་ཞུགས།།ཛིན་། ་།ཁྲུས་བྱས་གར་དུ།རྡོར་པ་དང་རྒྱུན་མན།།གང་ཡིན་མོ་མངོན་སུ་རྒྱུ།དཿ་མཚན་།།།ཆོསས་ཟླུས་མྦྷ་མྦྷ་།།། ་པར་ཐུགས་ལ་ལེགས་བྱས་ལོ།།ནཱ་ག་ཀུ་རུ་ཞེས་བྱ་བའི།།རིག་པ་འཛུམ་དུ་བཟླས་བྱས་ན།།ནད་དང་སྡུག་བསྔལ་གྱིས་ཉེ་ནུལ།།སྐུ་དེ་བསྟན་པཙམ་གྱིས་ནི།།ན་རྣམས་ཐང་པོ་།། ་པར་འགྱུར།།སྡུག་བསྔལ་ལས་ཀྱང་ཐར་བར་འགྱུར།།ཞི་བ་ཆེན་པོའི་ཆོ་ག་ཡིན།།རིན་ཆེན་གསེ་རེ་ཞེས་བྱེ་བ་ལ།།ཚོགས་བདག་ཆེན་པོ་སྐུ་བྱས་ཏེ།།རྒྱལ་གྱི་ཉིན་པར་མིག ་ཆེན།།མཆོད་དེང་རབ་ཏུ་གནས་པ་བྱ།།བྱ་རེ་ཞེས་བྱའི་གསང་སྔགས་ནི།།འབུམ་ཕྲག་ཅིག་ཏུ་བཟླས་པ་ཡིས།།སྐུ་གཟུགས་བཞུགས་པའི་ཁྱིམ་དེར་ནི།།ནོར་རྣམས་ཐད་འ ་བར་འགྱུར།།གསེར་གྱི་ཚོགས་བདུག་མཐོང་བ་ཡིས།།བགེགས་རྣམས་ཐམས་ཅད་ནོར་འདུལ་འགྱུར།།བགེགས་ཀྱི་གནོད་པ་མི་ནུས་ཏེ།།རྒྱལ་པོ་བཞིན་དུ་མཆོད་པར་འགྱུར། ་གསེར་གྱི་ཚོགས་བདག་གནས་པ་ཡིས།།ས་ཕྱོགས་རིན་ཆེན་རྒྱར་པ་འབེབས།།གསེར་གྱི་ཚོགས་ཀྱི་བདག་པོ་ལ།།བགེགས་ཀྱི་རྒྱལ་པོ་ཐམས་ཅད་ཀྱིས།།ནོར་རྣམས་པ ་འདུལ་བཚན།།བདག་ཉིད་ཕུན་སུམ་ཚོགས་པོར་འགྱུར།།ཚོགས་ཀྱི་བདག་པའི་སྐུ་གཟུགས་མཆོག།བྱས་པའི་ཡོན་ཏན་རྣམས་པ་ནི།།གནོད་སྦྱིན་རྣམས་ཀྱི་གཏེར ་འབྱུད།། འདད་མ་ལ།།རྒྱུག་དྷཱ་ཡོ་བྱུད་ལངས་པ་འགྱུར།།ནོར་གྷོ་དག་རྣམ་ཐོས་བུས།།ནཱམྦྷ་དུ་བཞོན་དུ་བསྐྱོན་འགྱུར་སྤྱོད།།དེ་ནས་དང་ལ་ལྡན་ཚོགས་བདག་གས། ་སུ་གཟུགས་དཀྱིལ་འཁོར་གྲུ་བཞིར་ལཞིགྶ།བྷ་གེ་ཞེས་བྱའི་གསང་སྔགས་ནི།།བཟླས་པ་འཛུམ་དུ་བྱས་པོ་ཡིས།།ནི་དེ་ཉིད་པེ་དེ་སཾ་གྲུབ་ནི།།ཅི་འདོད་པ་ནི་སྦྱིན་པར་མཛད།། ་རྒྱལ་བའི་མངའ་ཐང་ནི།།སྒྲིབ་པ་པོ་ལ་སྩོལ་བར་མཛད།།ཤིན་ཏུ་ཐུགས་རྗེའི་བདག་ཉིད་པས།།དཔལ་ལྡན་ཚོགས་བདག་ཐུགས་རྗེ་ཅ་ནི།།ཐུགས་རྗེའི་ཕུང་པོས་དངུལ་བ་སྐྱོབ།།ནོར་ལྷ ་ཆེན་པོའི་བདག་ཉིད་འདི།།དེར་རམ་རས་ལཾ་ལེགས་དྲིས་ཏེ།།རྒྱལ་གྱི་ཉིན་པར་སྤྱན་ཕྱོནས།།གང་གི་ཁྱིམ་དུ་བཞུགས་པ་དེའི།།སེ་ཕྱོགས་དེ་ནི་བཀྲ་ཤྲཱིས་འགྱུར།།ཟངས་ལ་ཚོགས ་བདག་ཆེན་པོའི་སྐུ།།མཁས་བྱས་ལེགས་བུར་བརྔོ་བྱས་ཏེ།།ཙན་དཱན་དམར་པོས་བྱུགས་པའི་སར།།མཎྜལ་སྟེང་དུ་ལེགས་པར་བཞག།བན་དུ་ཀ་ཡི་མེ་ཏོག་དང་།།པདྨ་ར་གའི་རིན ་ཆེན་དང་།།མེ་ཏོག་དམར་པོ་ཀུན་གྱིས་མཆོད།།བླམ་ཞེས་བྱ་བའི་རིག་སྔགས་བཟླས།།རྒྱལ་པོའི་བུ་མོ་དང་དུ་འགྱུར།།ལྷ་ཡི་བུ་མོ་ཀླུ་མ་དང་།།མོའམ་ཙེ་ལ་བུ་མོ་དང་།།བླམ ་ཟེའི་བུ་མོ་མཚན་ལྡན་མོ།།མཆོག་ཏུ་གཟུགས་བཟང་གུས་པར་འགྱུར།།བྲན་མོ་བཞིན་དུ་བསྒོ་བ་ཉན།།དེ་ལ་སོགས་པ་མཐའ་ཡས་མཆོག།སྐུ་གཟུགས་དག་ལ་བརྟེན་ཏེ་འགྲུག ་མཆོད་པ་ཙམ་གྱིས་འབྱུང་ཡིན།།གཞན་ཡང་ཚོགས་བདག་ཆེན་པོ་སྒྲ།།རླུ་རུརྒྱས་རྒྱ་ལས་བྱས།།དཀྱིལ་འཁོར་སྟོད་དུ་དུ་ཞུགས་བྱས་ཏེ།།རཱ ་ཞེས་བྱ་བའི།།རིག་པ་འབྲུམ་དུ་བཟླས་པ་བྱ།།ས་འོག་གཏེར་རྣམས་སྟོན་པར་འགྱུར།།ཅི་དགའ་བར་ཡང་སྤྱོད་པར་འགྱུར།།ཚོགས་པད་ག་ཆེན་པོའི་རྒྱུད་ལས་རྒྱལ་བ་འི་ངྒེ ་པསྒྲུབོ་འི་ལེ་སྐྱེ་བཅུ་པའོ།།།དེ་ནས་དཔལ་ལྡན་ཆགས་བདག་ནི།།དྲུག་པོ་ཆེན་པོ་དྲུག་ཤུལ་ཅན།།སྭཱ་ས་དྷ་ས་ཐུགས་ལ་རྒྱམ་ས་།།ཀླུང་ཆེནན ་ནུས་ཞལ་རྒྱན་པ།།སྤྱན་གསུམ་མཆེ་བ་བཞི་དང་ལྡན།།ཕྱག་བཞི་ཞབས་པ་ནི་ཀླུ་ཆེན་གདན།།དབང་པོ་མཆི་བ་དཀར་པོ་འཛིན།།དེ་ག་ཞགས་པ་གཡོན་པ་ནྡེ།།དགྲ་སྟ། ་རྩེ་གསུམ་འཛིན།།མཐོང་ཀ་གསུས་པ་ཆེ་བའོ།།དེ་ལྟ་བུ་ཡི་ཚོགས་བདག་སྐུ།།ཁར་བ་ཁྲུ་ཆུ་དག་ལ་བྱ།།རྒྱལ་གྱི་ཉིན་པར་རབ་ཏུ་གནས།།དེས་ན་སྒོམ་ཞིང་སྒྲུབ་པ་ནི། ་དཀྱིལ་འཁོར་བྱེ་བའི་ས་བརྟག་པོ།།ལེའུ་ཚེ་དགུ་པའི་དཀྱིལ་འཁོར་བྲི།།སྐེ་ད་ཁྱུད་ལྡན་པར་བྷྱོ།།དངོས་སུ་པདྨ་མདག་བརྒྱད་ལ།།ཚོགས་དེདག་ཆེན་པོས་བསྐུབ ་བྱམ་ནན།།ཟློ་བའི་གདན་ལ་ཡུམ་ནི།།གན་སུ་མེད་པར་དགད་།དེ་རྗེ་།།རྡོ་རྗེ་གི་དི་མི་ནས་ཀྱི།།དགྲསྟྭ་ན་ཡིནན ་ཁྲགྲ་གྲི་གང་བ་གཅོལ་སྟོབ།།ཤར་གྱི་ལེའུ་ཚེ་སེར་པོ་ལ།།ཁམས་གསུམ་གྱི་བདག་པོ་ལ་ཕུག་དང་གྲི་འཛིན་པའོ།།ལྷོ་ཕྱོགས་ཀྱི་ལེའུ་ཚེ་སྔོན་པོ་ལ།།གནོད་སྦྱིན་ཆེན་པོ་རྡོ་རྗེ་མཆུ། ་མམེ་ཧེ་དེ་བའི་གདོང་ཅན་དབྱུག་ཏོ་དང་ཐོ་བ་འཛིན་པ་ནག་པོའོ།།ནུབ་ཕྱོགས་ཀྱི་ལེའུ་ཚེ་དམར་པོ་ལ་གནོད་སྦྱིན་གྱི་བདག་པོ་སྤྲིན་གྱི་བདག་ཅེས་བྱ་བ་དམར་པོ་ཆུས་གང་བའི་སྤྲིན་ཕུང་དང་།ཞགས། ་པ་འཛིན་པའོ།།བྱང་ཕྱོགས་ལེའུ་ཚེ་ལྔ་ལྗང་ཀུན་ལ་གནོད་སྦྱིན་གྱི་བདག་པོ་ནོར་གནས་ཞེས་བྱ་བ་ལྗང་ཀུ་དུ་བྱུག་ཐོ་དང་རིན་པོ་ཆེའི་ཁ་ཊྭཱཾ་ག་ཐོགས་པའོ།།བྱང་ཤར་ལེའུ་ཚེ་དཀར་པོ ་ལ་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀ་གླང་པོ་ཆེའི་གདོང་མདུང་རྩེ་གསུམ་པ་དཔལ་ཕུག་ཐོགས་པ་ནག་པོའོ།།ཤར་ལྷོའི་ལེའུ་ཚེ་དམར་པོ་ལ་ཡི་དགས་ཀྱི་རྒྱལ་པོ་དྲག་པོ་ཞེས་བྱ།།དགྲ ་སྟ་དང་ཐོད་པ་རིལ་པོ་ཐོགས་པ་ནག་པོའོ།།ལྷོ་ནུབ་ཀྱི་ལེའུ་ཚེ་ནུག་པོ་ལ་སྤྲིན་ཕུང་པི་སྒྲོན་མ་ཞེས་བྱ་བའི་སྤྲིན་ཕུང་དང་།ཀློག་གི་འོད་དུ་བཅས་པ་ལག་པ་གཉིས་ཀྱིས་ཐོགས་པའོ།།བྱེ ་ནུབ་ཀྱི་ལེའུ་ཚེ་ནག་པོ་ལ་བགེགས་ཀྱི་རྒྱལ་པོ་ལོག་འདྲེན་སྣ་ཡོན་ཞེས་བྱ་བ་གླང་པོ་ཆེའི་སྣ་ཅན་རྩེ་གསུམ་དང་ཐོད་པ་སྐམ་པོའི་ནང་དུ་ལ་ཕུག་དང་ཤས་བཀང་བ་ཐོགས་པའོ།།ལྷ ་རྣམས་ལ་ཀླུའི་རྒྱལ་པོ་བརྒྱད་བཀའ་ཉན་པ་ནི་ཀླུའི་རྒྱལ་པོ་ཨ་བ་ལ་དང་།བེ་རུ་ཎ་དང་།དུང་སྐྱོང་དང་།འཇོག་པོ་དང་།རིགས་ལྡན་དང་།མཐའ་ཡས་དང་།པདྨ་དང་། ་པདྨ་ཆེན་པོ་རྣམསོ།།ཤར་གྱི་སྒོར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་།།ལྷོ་སྦྱོར་འཕགས་སྐྱེས་པོ།།ནུབ་སྒོར་སྤྱན་མི་བཟུང་།བྱང་སྒོར་རྣམ་ཐོས་སྨྲས ་རྣམས་སྐུ་མདོག་དཀར་བ་དང་།བསྔོ་བ་དང་།དམར་བ་དང་།ལྗང་ཀུ་ཤེས་པར་བྱའོ།།ལག་ན་ནོར་བུ་རིན་པོ་ཆེར་རེ།རལ་གྲི་རེ་རེའོ།།འདི་རྣམས་ཀྱི་ཆུང་མ་ནི་མི་བྲིའོ།། ་འདི་ལྟར་བྲིས་པའི་བྱང་ཤར་དུ་གསང་བའི་དཀྱིལ་འཁོར་གྲུ་གསུམ་ལ།དེའི་ནང་དུ་དགྲ་བོའི་གཟུགས་སྤྲ་ཚིལ་ལས་བྱས་པ་རིད་པ།གནག་པ།སྒྲ་ཟེད་པ།ཏིལ་མར་གྱིས ་བྱུགས་ཏེ།སྙིང་ཁོར་མིང་རུས་བྲིས་ལ་གཞུག་གོ།དེའི་སྐོར་རོ་སྐྲ་ལས་བྱས་པའི་ཐག་པ་གདགས་སོ།།དེ་ལྟར་བྱས་ན་གནོད་སྦྱིན་ཆེན་པོ་བརྒྱད་ལ།ལ་དུ་དང་།ལ་ཕུག ་དང་བཙས་པའི་གཏོར་མ་དང་།གནོད་སྦྱིན་ཆེན་པོ་བརྒྱད་ལ་ཉ་ཤེ་དང་སྒོག་གཅོད་དུ་སྦྱར་བའི་དམར་གྱི་གཏོར་མ་རེ་རེ་བཤམ།ཀླུ་ཆེན་པོ་བརྒྱད་ལ་གཏོར་མ་ཆེ་བ་གཅིག་དང་། ་རྒྱལ་པོ་ཆེན་པོ་བཞི་ལ་རཻ་བྱ།གལ་ཏེ་མོ་འབྱོར་ན་ཆེ་བོ་གཅིག་བྱ།ལྷ་བཤོས་རི་རི་དབུལ་བར་བྱའོ།།གཞན་ཡང་དྲག་པོའི་རྫས་སྤྱང་ཀའི་ཐོད་པ་དང་།ཟི་ར་ནག་པོ་དང་།། ་སྐེ་ཚེ་དང་།ཉུང་ཀར་དང་།ཉུང་ནག་བཞག་པར་བྱའོ།།ཚོགས་བདག་ཆེན་པོའི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་གཅིག་པའོ།།།།དེ་ནས་གཞན་ཡང་བཤད་པར་བྱ། ་སྒོམ་མ་པ་འདི་ལྟ་བུ།།མ་བྱུང་འབྱུང་བར་མི་འགྱུར་བས།།ཤིན་ཏུ་གསང་སྟོ་བསྒྲུབ་པར་བྱ།།སོ་ཡི་རང་བཞིན་སྟོང་པ་ལས།།སྣང་བྱའི་རང་བཞིན་ནཱ་དང་ནི།།ཡ་ཚོགས་བརྒྱད་པ ་ས་བོན་འགྱུ།།མིང་གི་སྔགས་ལས་རབ་ཏུ་བསྐྱེད།།ཁྲོ་བོ་སྩལ་དུས་སྟོང་གསུམ་བཀང་།།འོད་བསྡུས་ཐོག་མིའི་ཧཱུ~ཾ་ལས་འདུས།།ཚོགས་ཀྱི་བདུག་པ་ཚུན་པ་དེས།།འགྲོ་བའི་དོན་ཏུ ་ས་ན།། བ་ཆེན་པོ་འཇིགས་པའི་གརྒྱགས།།སུམ་དང་འཁོར་ཡང་རྟགས་པར་བསྐྱེད།། རྒྱུང་ཀླུ་བརྒྱད་སེམས་དཔེར་ཚུལ།།རྒྱལ་པོ་དེ་བཞིན་ཁྲོ་བ་འརྡུལ།།མི་ནྀ ་དང་མི་།།འོད་ཟེར་ཚུལ་གྱིས་སྦྱིན་པ་སྩལ།།ཛཱ་དྷ་རྫས་འདྲེ་འདྲ་དང་།།ཧཱུ~ཾ་དད་ནྟུ་ག་གིས་གས་དང་།།ལྕགས་ཀྱིའི་ག་དྷས་སྤྱན་དྲས་ལ།།ནུས་པའི་མ ་ལྡན་པར་།།མཽཛོ་དང་གཏེར་མ་བདྷཱུབ་པར་། ལ་\ུ0f7f་ས་སྔགས།།སྙི་འི་དང་ལ་བར་ཐཱ།།རྣམ་པའི་མའུ་ཙུག་ཉི་།།དེནས ་གསང་སྔགས་རྒྱལ་པོ་ནི།།དབྱངས་ཡིག་གསོལ་བྱེད་དག་ལས་དེཿ།།དང་པོ་བཞི་པརྡོ་རྗེས་བྲི།།བཞི་པའི་ལྔ་པབྲལ་ལ་བཅུག།ཡིད་བཞིན་ནོར་བུའི་ཡི་གེ་དང་།།དེ་ཡི་རྗེས་བསམ་པར ་བྱ།།དེ་བཞིན་གཤེགས་པའི་མཚན་དང་གོ།དེའི་རྗེ་སུ་བརྗོད་པར་བྱ།།དེ་ལ་དཔྱས་ཡིག་བརྒྱད་པས་རྒྱན།།དགུག་པའི་ཡི་གེ་དག་དང་ནི།།འབྱུང་བ་རླུང་ནི་ཡི་གེ་ལེ།།དཔྱས ་ཡོག་གཉིས་པ་སྦྱར་བ་ཡིས།།རྒྱལ་བའི་རྒྱལ་པོ་ཞེས་བྱའོ།།ཡིད་བཞིན་ནོར་བུའི་ཡི་གོ་ལཱ།།དབྱངས་ཡིག་གཉིས་པ་སྦྱར་བར་བྱ།།ཉི་མུ་ཡི་ནོ་ཡི། ་གེ་དང་།།བཞི་པའི་ལྔ་པ་དེ་ནས་བྲི།།དེ་ལ་དབྱངས་ཡིག་བརྒྱད་པས་རྒྱན།།གཉིས་པའི་བཞི་པའི་ཡི་གེ་ལ།།དབྱངས་ཡིག་བཞི་པས་བརྒྱན་པར་བྱ།།ལྔ་པིའི་བཞི་པའི་ཡི་གེ་ལ།། ་གསུམ་པའི་ལྔ་པ་སྦྱར་བར་བྱ།།བཞི་པའི་དང་པོའི་ཡི་གེ་ལས།།དབྱངས་ཡིག་བཞི་པས་བརྒྱན་པར་བྱ།།འབྱུང་བ་རླུང་གི་ཡི་གེ་ལ།།དེ་ཡི་འོག་ཏུ་སྦྱར་བར་བྱ།།རིན་པོ་ཆེ། ་ཡི་ཡི་གེ་དང་།།ལོས་ཀྱི་ཡི་གེ་མཐའ་མར་བརྗོད།།ཚོགས་བདག་ཆེན་པོའི་རྩ་བའི་སྔགས།།འདོད་པ་ཐམས་ཅད་སྒྲུབ་བྱེད་ཡིན།།གནོད་སྦྱིན་བརྒྱད་ཀྱི་གསང་སྔགས་ནི།།ཡ་ཞེ ་བྱ་བ་ལ་སོགས་པ།།ཡ་ཡ་ཞེས་བྱ་ལ་སོགས་དང་།།བམ་ཞེས་བྱ་བ་ལ་སོགས་དང་།།བི་ན་ཡ་ཀ་ཞེས་བྱ་བ་ལ་སོགས་པ་དང་།།བྷཻ་ར་ཞེས་བྱ་བ་ལ་སོགས་པ་དང་།།ཧཱུཾ་ཞེས ་བྱ་བ་དང་ཏྲི་ཞེས་བྱ་བ་སྟེ་བརྒྱད་ལ་ཧཱུ~ཾ་དང་ཕཊ་ཀྱིས་མཐའ་རྟེན་པས་སྲོག་གི་སྙིང་པོའོ།།ཀླུའི་སྔགས་ནི་མེད་ལས་བསྐྱེད།།ོཾ་དང་ཧཱུཾ་ཕཊ་དང་ལྡན་པར་བྱ།།རྒྱལ་པོ་ཆེན་པོའི ་གསང་སྔགས་ནི།།བྷེ་ཞེས་བྱ་བ་དང་།བྷི་ཞེས་བྱ་བ་དང་།བྷ་ཞེས་བྱ་བའི་སྔགསུ་འགྱུར།།གནོད་སྦྱིན་ཆེན་པོ་རྣམས་ཀྱི་གསང་སྔགས་འབྱུང་བའི་ལེའུ་སྟེ་བཅུ་གསུམ་པའོ།། ་ག་པའི་སྔགས་ན་ས་དང་དང་ག་དོང་ལ།མ་དང་ཧཱ་དང་རཿ།།དང་རང་དག་གོས།།ཤཏཱ་ནཱཛྙཱན་དགས་ལན་གྲངས་མྱུང་དུ་བཟླས་པར་བྱ།།གནོད་སྦྱིན་བརྒྱད་ཀྱིས་གས ་སྔགས་ཀྱིས།།དགྲ་བོའི་བློ་རྡོ་བླང་བར་བྱ།།དེ་ནས་བླ་རྡོ་བསྲེག་པར་བྱ།།དེ་ནས་བླ་རྔོམནན་པར་བྱ།།རྗོད་པའི་གསང་སྔགས་རྒྱལ་བ་ནི།།ཡཾ་དང་ཀྵ་དོང་ཀ་དང་ལ།།མེ་དདོ་ཏཱ་དང་བྷཻ་ར་བ། ་དཱི་བ་ཡ་ཀྵ་ཡ་མ་དང་།།ནཱ་གཱནཱ་ག་ཟུམ་རིལ་ཡི།།ཆེ་གེ་དགྲ་བོ་ཟླུམ་རིལ་ཡི།།ཡེ་ཡ་ཙས་ཀྱོང་བསྐུལ་བར་བྱ།།དེ་བསད་པ་ཡི་གསང་སྔགས་ནི།།མ་དང་ཧཱུཾ་དང་བྷཻ་ར་བཾ།།ཡཀྵ་ལ ་གོང་དང་འཐུན།།དེའི་རྗེས་འདི་སྐད་བརྗོད་པར་བྱ།།ནཱ་ཤ་ཡ་ན་ལན་གཉིསོ།།ཤ་ཡ་ཙཱུ་ཎཱ་ཙྪརྞ་ཡཽ།།ནཱ་ཡཾ་ཀ་ཏྲ་མཱ་ར་ཡ།ཧ་ན་ཙཀྲ་རིམ་པ་གཉིས།།བི་ནཱ་ཡ་ཀཾ་ཛི་བྷིནྡ།ཏནྟ་ཀར ་དེ་ནས་བརྗོད།།ཆེ་གེ་མཱ་ར་ཡ་ཞེས་པ།།ཧཱུཾ་ཧཱུཾ་ཕཊ་ཕཊ།དྲག་པོ་བསད་པ་སྔགས་ལེའུ་སྟེ་བཅུ་བཞི་པའོ།།།།དེ་ནས་ཡང་ནི་དྲག་པོའི་སྔགས།།ོཾ་བེགྷྣཱཾ་བྷི་བ་བྷི་སརྦ་བི་ཏྱཱ ་བི་ནཱ་ཤ་ཡེ་ཧྲི་དཱ་མི་ཏ་ཡ།ཧཱུཾ་ཙི་ཏུ་བཏུ།པྲ་མཾ་རུཾ་ཏཱ་ཡ།ཧཱ་ན་ཧ་ན།གྲྀཧྞ་གྲྀཧྞཱ།པ་ཙ་པ་ཙ།བྲཱཧྨ་བྲཧྨ།བྲདྡྷཱ་ཡ་བྱཱདྡྷཱ་ཡ།ཧཱུཾ་ཧཱུཾ་ཕཊ་ཕཊ།ཁ་ར་བ་འམ་ཡང་ན་ཟངས་དག་ལ།།ལོག ་འདྲེན་ཆེན་པོའི་གཟུགས་བྱས་ལ།།དེ་ལ་རབ་གནས་མཆོད་པ་བྱ།།དགྲ་བོ་གཟུགས་བརྙན་འོག་ཏུ་གཞུག།ཚོགས་ཀྱི་བདག་པོའི་སྟན་དུ་བྱ།།དགྲ་དེ་འཆི་བར་ཐེ་ཙོམ་མེད། ་ཡང་ནི་སྦྱོར་བའི་ལས་རྣམས་ནི།།དགོས་པ་ཆེན་པོ་འདི་གསུང་སོ།།ཚོགས་ཀྱི་བདག་པོའི་གླུ་ཅན་དྲན་ནམ་རིན་པོ་ཆེ་ལ་བྱས་ཏེ།རབ་གནས་བྱས་ལ་མཆོད་པ་ཕུར།། ་ཏེ།སེར་བ་གཅོད་པར་འདོད་ན་སོར་བའི་བདག་པོ་རླུང་ལྷ་དང་།ཆུ་ལྷའི་གཟུགས་བྱས་ཏེ།སྤྲིན་གྱི་གཟུགས་དང་།འདྲུག་གི་གཟུགས་བྱས་ལ་ཚོགས་ཀྱི་བདག་པོའི་བདན་དུ་མནན་པར་བྱ ་བདག་ཉིད་ཀྱིས་ཀྱང་མནན་པར་བསམས་ཏེ།ཧི་ཀ་ཙིཎྜ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ན་སེར་བ་མཆོད་པར་འགྱུར་རོ།།ཡུངས་ཀར་ཡང་ཕྱོགསུ་བཏོར་བར་བྱའོ།།སེར་བ་འབེབས ་པར་འདོད་ན།ཆུ་དང་སྤྲིན་གྱི་མཎྜལ་མངོན་པར་བྲི་ཏེ།ཚོགས་བདག་ཆེན་པོ་འབྲུག་ལ་ཞོན་པར་བསྒོམས་ཏེ།བདག་གི་བཀའ་ཉན་པར།གསང་བའི་རྫ་སུ་བྱ་བ་ལ།ལྕགས་ཕྱེ་གས ་ཕྱེ་ཟངས་ཕྱེ་རྣམས།གནམ་ཆུ་འབྲས་ཀྱི་ཕྱེས་སྨྲས་ཏེ།སེར་བ་ཇི་ཙམ་འདོད་པའི་དབྱིབས་ཆེ་ཆུང་བྱས་ལ།ཁྲག་གི་བྱུགས་ལ་བདུན་དང་བདུན་ཕྲག་མང་དུ་བྱས་ཏེ།ཀ་ཀ་ཀི་ཀུའི་ཐོད་པའི ་ནང་དུ་བླུགས་ཏེ།སྤྲིན་གྱིས་དགབ་པར་བྱའོ།།ཀ་ཀའི་ཐོད་པ་ལ་སྔགས་བྲི་བར་བྱའོ།།རིམ་པ་གསུམ་མོ།།རྟེན་གྱི་རྫས་ཀྱང་བཞག་པར་བྱའོ།།བྲུ~ཾ་བྲུ~ཾ་བྷཱ་རི་ཤ་ལ་ཞེས་བྱ་བ་ལོག ་པའི་སྔགས་འབུམ་ཕྲག་གཅིག་བཟླས་པ་དང་།ཀ་ཀའི་ཐོད་པའི་ནང་དུ་སེ་རེ་བ་དང་སུ་གསུམ་མམ་བདུན་ནམ་བརྒྱད་བྱུང་བ་དང་།དགྲའི་ཡུལ་དུ་བསྐྱལ་ཏེ།སྔགས་ཟློས་ནས་བཟླས ་པས་བ་།།གལ་ཏོམ་པབན་ཚོགས་ཀྱི་བདག་དེའི་སྐུ་དངུ་ཐུར་ལ་བསྟན།ཞབས་སྐྱོན་ལ་བསྟན་པ་དག་པའི་ཡུལ་གྱི་དབུས་སུ་སྭཱ་།།མཽད་ལ་སོར་བ་འབབ་སྷོ།བྱ་ཀ་ལན་དཱཀའི་སྒོ ་དང་།དབྱིངས་དམར་པ་ཤྲ་བའི་རླིག་འབྲས་ཙམ་པ་ཡུན་རིང་པོའི་བབ་གོ།།མེ་ཏོག་འཇོམས་པའི་སྔགས་ནི་བྷུ་ཞེས་བྱ་བའོ།།དྲི་གཅོད་པར་འདོད་ན་ནི་སྐུ་དང་ཀ་ཀཽ་མོ་བྱུང་བ་ལ་ཉེམ ་འབབ་པས་དབྱུང་བར་བྱའོ།།ཚོགས་ཀྱི་བདག་པོའི་སྐུ་ལ་མཆོད་པ་དབུལ་བར་བྱའོ།།གསང་སྔགས་ཀྱང་དངུལ་ཞབས་མ་ནོར་བར་རིན་པོ་ཆེའི་ཕྲེང་བ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། ་སྐུ་ཁྲུས་གསོལ་བ་བདག་གི་དཀྱིལ་འཁོར་གྱི་དབུས་བཞུགསུ་གསོལ་ལོ།།དེ་ལ་སོགས་པ་མཐའ་ཡས་མཆོག།ཚོགས་ཀྱི་བདག་པོས་བྱེད་པ་ཡིན།།ཕྱག་འཚལ་དཔལ་ལྡན་ཚོགས ་བདག་དགྱེས།།ཕྱག་འཚལ་དཔལ་ལྡན་ཚོགས་བདག་ཚེ།།ཕྱག་འཚལ་དཔལ་ལྡན་ཞི་ཁྲོ་ཆེ།།དངོས་གྲུབ་འབྱུང་བའི་རྒྱུད་ལས་ཚོགས་ཀྱི་བདག་པོ་ལ་བསྟོད་པའི་ལེའུ་སྟེ་བཅོ་ལྔ་པའོ།། ་ཚོགས་ཀྱི་དག་དེའི་རྒྱུད་དངོས་གྲུབ་འབྱུང་བ་ཞེས་བྱ་རྫོགསྷོ།།རྒྱ་གར་གྱི་མཁན་རྦདྡྷི་བཀར་ཤྲཱི་ཛྙཱ་ནས།འཇིག་རྟེན་དངོས་གྲུབ་ཚད་དུ་ནི།།རྒྱ་གར་ཡུལ་ནས ་བསྣམས་ནས་བྱེ།རྒྱལ་པོའི་འབྱུང་གནས་ལོ་གཏད་བ་ཡིན།།རྒྱུད་འདི་འས་མཽངས་གྲུབ་པ་ཡིན།།།རྒྱ་གར་སྐད་དུ།ཨཱརྱ་ག་ཎ་བ་ཏེ་ཧྲྀ་ད་ས། ་