CLOSE WINDOW

N58: 'phags pa nges pas zhus pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

བསྒྱུར་ཅིང་ཞུས་ཏེ།སྐད་གསར་ཆད་ཀྱིས་ཀྱང་བཙེས་ནས་གཏན་ལ་ཕབ་པ།།།བམ་པོ་གཉིས་དང་ཤེ་ལོ་ཀ་བརྒྱ་རྩ་བརྒྱད།།།རྒྱ་གར་སྐད་དུ།ཨཱརྱ་སུ་ར་ཏ་པ་རི་པྲིད་ཚཱ་ནཱ་མ་མེ་ཧཱ ་ཡ་ནཱ་སཱུ་ཏྲ།བོད་སྐད་དུ།འཕགས་པ་ངེས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།བམ་པོ་གཅིག་པ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད ་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་མཉན་ཡོད་ནཱ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན ་པོ་དང་།བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་དག་དང་ཐབས་གཅིག་ཏུ་བཞུགས་ཏེ།འཁོར་བཞི་དང་།རྒྱལ་པོ་དང་།བློན་པོ་དང་།གྲོང་རྡལ་གྱི་མི་དང་།ལྗོངས་ཀྱི་མི་རྣམས་ཀྱིས་བཀུར་སྟི ་བྱས།བློ་མར་བྱས་རིམ་གྲོར་བྱས།མཆོད་པ་བྱས་སོ།།དེའི་ཚེ་མཉན་ཡོད་ཀྱི་གྲོང་ཁྱེར་ན་གྲོང་ཁྱེར་གྱི་དབུལ་པོ་ངེས་པ་ཞེས་བྱ་བ།སངས་རྒྱས་ལ་དད་པ་མི་ཕྱེད་པ་དང་ལྡན་པ།ཆོས་ལ་དད་པ ་མི་ཕྱེད་པ་དང་ལྡན་པ།དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པ།བསླབ་པའི་གཞི་ལྔ་ཡོངསུ་བཟུང་བ།དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ།བྱམས་པ་ལ་གནས་ཏེ་སེམས ་ཅན་ཐམས་ཅད་ལ་སེམས་སྙོམས་པ།སྙིའི་རྗེ་ལ་གནས་ཏེ་ཡིད་ཡོངས་སུ་སྐྱེ་བ་མེད་པ།དགའ་བ་ལ་གནས་ཏེ་ཆོས་ཀྱི་ཀུན་དགའ ་ལ་དགའ་ཞིང་མོས་པ།གཏང་སྙོམས་ལ་གནས་ཏེ།བདེ་བ་དང་།སྡུག་བསྔལ་གྱིས་མི་བསྐྱོད་པ།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ།སྔོན་གྱི ་ཚུལ་ཕུན་སུམ་ཚོགས་པ།ཐབས་ལ་མཁས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་།དབུལ་པོར་མིང་དུ་ཆགས་པ་ཞིག་གནས་ཏེ།ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་མིག ་རྣམ་པར་དག་པ་མིའི་ལས་འདས་པས།གྲོང་ཁྱེར་གྱི་དབུལ་པོ་ངེས་པ་ཤིན་དུ་འདོད་པ་ཆུང་བ།ཆོག་ཤེས་པ།ཚུལ་ཁྲིམས་དང་བརྟུལ་ཞུགས་དང་ལྡན་པ།ཡིད་འཁྲུག་པ་མེད་པ།རྟག ་ཏུ་བཞིན་འཛུམ་པ།གཞན་གྱི་འཁྲུལ་པ་དག་ལ་སྐྱོན་དུ་མི་ལྟ་བ།སེམས་ཅན་ཐམས་ཅད་ཀྱི་སེམས་བསྲུང་བ།བརྐམ་པ་མེད་པ།ཤེས་བཞིན་དུ་སྤྱོད་པ།ཆོག་ཤེས་ཤིང་དབང ་སླ་བ།གསོ་སླ་བ།བསམ་པ་ཕུན་སུམ་ཚོགས་པ།གཡོ་མེད་པ།ང་རྒྱལ་མེད་པ།བཀའ་བློ་བདེ་བ།མཐུན་པར་འཛིན་པ།རྟག་ཏུ་གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པ།ལག ་ན་ཤིང་ལའི་སྣོད་ཐོགས་པ།རྩ་བཏིང་བ་ལ་ཉལ་བ།གོས་ངན་པ་གྱོན་པ།རྙེད་ཀྱང་མི་ལེན་པ།བཟང་ཡང་རུང་།ངན་ཡང་རུང་།བགོ་བཤའ་བྱས་ནས་ཟ་བ་དུས་གསུམ་དུ་དེ་བཞིན་གཤེགས ་པ་ལ་བལྟ་བ།ཆོས་ཉན་པར་འདོད་པ།གཏམ་སྣ་ཚོགས་བྱུང་བ་ལ་སྤོབས་པ་དང་ལྡན་པ།སེམས་ཅན་རྣམས་ཀྱིས་མཐོང་ན་དགའ་བ་དེ་མཐོང་ངོ་།།མཐོང་ནས་འདི་སྙམ་དུ་སེམས་ཏེ།། ་ཅི་གྲོང་ཁྱེར་གྱི་དབུལ་པོ་འདི་ཡིད་དམ་ལ་བརྟན་ནམ་མ་བརྟན་པ་བདག་གིས་བརྟག་གོ་སྙམ་མོ།།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མི་མང་པོ་མངོན་པར་སྤྲུལ་ནས།གྲོང་ཁྱེར་གྱི་དབུལ ་པོ་དེས་པོ་ལ་ཚིག་ངན་པ་དག་གིས་གཤེ་ཞིང་སྨྱོས་པར་བྱེད་དོ།།བོང་བ་དང་།དབྱུག་པ་དང་།མཚོན་ཆ་དག་ཀྱང་བསྟན་ན་ངེས་པ་དེའི་བཟོད་པའི་སྟོབས་ཀྱི་སྣ་དང་དུ་ལེན་པར་བྱེད་དེ།མི་འཁྲུག ་ཅིང་གནོད་སེམས་མི་བསྐྱེད་དོ།།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མི་གཞན་དག་ནི་གུ་སྤྲུལ་ནས་ངེས་པ་དེའི་མདུན་དུ་བཞག་སྟེ།ངེས་པ་དེ་ལ་དགའ་བའི་ཚིག་གིས་ཁོ་བོ་ཅག་ནི་ཁྱོད་ཀྱི་དོན་བྱེད་པར ་འདོད་པ་ཡིན་གྱིས།ཙོ་སྟེ་ཁྱོད་འདྲོད་པ་ལྟ་ན།ཁྱོད་ལ་སྡིགས་པའི་དགྲ་གང་ཡིན་པ་དེ་དག་ཁོ་བོ་ཅག་གྲིས་ཆར་གཙང་པར་བྱའོ་ཞེས་སྨྲསོ།།ངེས་པས་སྨྲས་པ།གྲོགས་པོ་དག་ཐོང་དེ་སྐད་མ ་ཟེར་ཅིང་།།གལ་ཏེ་མི་འདི་དག་གིས་ཁོ་བོའི་ལུས་དུམ་བུ་བརྒྱར་དུམ་བུར་བཏུབ་སུ་ཟིན་ཀྱང་།ཁོ་བོ་ནི་མི་འདི་དག་ལ་སྡིག་པའོ་སེམས་མི་བསྐྱེད་དོ།།བྲེགས་པོ་དག་འཇིག་རྟེན་དག་ནི་དགེ་བ ་དང་མི་དགེ་བའི་ཕྱོགས་གཉིས་ལ་གནས་ལ་དེའི་འགྲོ་བ་ནི་གཉིས་ཁ་ན་སྟེ།དགེ་བའི་ཕྱོགས་ཀྱི་ནི་བདེ་འགྲོའོ།།མི་དགེ་བའི་ཕྱོགས་ཀྱི་ནི་ངན་འགྲོའོ།།དེ་བས་ན་ཡ་བ་ན་སེམས ་ཅན་ཕ་རོལ་ཚིག་པ་ཟ་བར་བྱེད་པ་ཡང་མི་འདོད་ན་གཙེ་བ་ལྟ་ཅི་སྨོས།དེ་ནས་དེའི་ཚེ་ཚིག་སུ་གཅད་པ་འདི་དག་སྨྲ་སོ།།ས་བོན་ཚབ་རྣམས་ཀྱི་ནི།།འབྲས་བུ་ཚ་བ་སྐྱེ་བར་འགྱུར།།ས་བན་དང་ང ་རྣམས་ཀྱི་ནི།།འབྲས་བུ་དདོར་བ་སྐྱེ་བར་འགྱུར།།དཔེ་ཟླར་བྱ་བ་འདི་ཡིས་ནི།།སྡིག་པའི་རྣམ་སྨིན་ཆེ་བ་དང་།།དཀར་པོའི་འབྲས་བུ་དང་ར་བ་དང་།།མཁས་པའི་མིས་ནི་ཤེས་པར་འགྱུར།། ་རྟག་ཏུ་ལུས་དང་ངག་ཡིད་ཀྱི།།སྡིག་པ་རྣམས་གསུམ་མི་བྱ་ཞིང་།།གཞན་དག་བྱེད་ཀྱང་མཁས་པ་ཡིས།།རྗེས་སུ་དགའ་བ་མི་བྱའོ།།ལུས་དང་ངག་དང་ཡིད་རྣམས་ཀྱིས།།བགླང་པོ་རྣམ ་གསུམ་རྟག་ཏུ་བྱས།།གང་དག་དགེ་བ་སྤྱོད་བྱེད་པ།།གཞན་དག་ལ་ཡང་ཡིད་རང་བྱ།།དེ་ནས་ལྷའི་དབང་པོ་བརྒྱ་བྱ་ནི་གྱིས་དུས་གཞན་ཞིག་ན།ངེས་པ་ལ་དབྱིག་དང་།གསེར་མང་པོ་བསྟན ་ནས་འདི་སྐད་ཅེས་སྨྲ་སོ།།དེས་པའོ་ནི་ལས་ཁྱེར་ལ་སྦྱིན་པ་དག་བྱིན་ཅིག།བསད་ན་མོས་ངག་གྱིས་ཤིག།གོས་དང་རྒྱན་དག་ཀྱང་ཐོགས་ཤིག།ཁྱོད་ངན་ཞིང་དབུལ་བས་ཅི་ཞིག་བྱ།དེས ་པས་སྨྲས་པ།གྲགས་པོ་དག་སྔ་ན་སེམས་ཅན་རྣམས་ལ་ལུས་ཀྱིས་ཉེས་པར་སྤྱད་པ་དང་།ངག་དང་ཡད་ཀྱིས་ཉེས་པར་སྤྱད་པས།འདིར་དབུལ་པོ་ཞེས་བྱ་བར་གྱུར་ཏོ།།དེ་བས་ན་ཁོ་བོ་ནི་མེ་བྱིན ་པབར་ལེན་པ་དེ་བྱེད་པར་མི་འདྲོང་ངོ་།།བརྒྱ་བྱིན་གྱིས་སྨྲས་པ།།དེས་པ་ཁྱོད་ད་ལྟར་ཇེ་བདེ་བར་འཚོ་བར་གྱིས་ཤིག།འཇིག་རྟེན་ཕ་རོལ་བསམ་པས་ཁྱོད་ལནྡི་ཞིག་བྱ།ངེས་པས་སྨྲས་པ།གྲོགས་གང་ཚེ་འདྲི ་ཆེད་ཆེར་འཛིན་པ་འདི་ནི་བྱིས་པའི་ཆོས་ཡིན་གྱིས།མཁས་པ་རྣམས་ནི་ཚེ་ཕྱི་མཆེད་ཆེར་འཛིན་ཏོ།།འདོད་པས་ཟིའི་གྱིས་ནོན་པ་དང་།ཞེ་སྡང་གིས་ཟིལ་གྱིས་ནོན་པ་དང་།གཏི་མུག་གིས་ཟིལ་གྱིས ་ནོན་པ་དང་།འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་བརྐམ་པ་མ་ཡིན་ནོ།།སོག་འཇོག་ཆེད་ཆེར་འཛིན་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི།མཁས ་པ་དག་ནི་སྲོག་འཇོག་མི་བྱེད་དོ།།བདག་གིར་འཛིན་པ་དང་བཅས་ཤིང་ཡོངས་སུ་འཛིན་པ་དང་བཅས་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི།མཁས་པ་དག་ནི་བདག་ཏུ་མི་འཛིན་ཅིང་ཡོངསུ་འཛིན ་པར་མི་བྱེད་དོ།།ལུས་དང་སྲོག་ལ་ལྟ་བ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི།མཁས་པ་དག་ནི་ལུས་དང་སྲོག་ལ་མི་ལྟའོ།།ངོམས་མི་ཤེས་ཤིང་ཆོག་མི་ཤེས་པ་དག་ནི་མ་བྱིན་པར་ལེན་པར ་བྱེད་ཀྱི།མཁས་པ་དག་ནི་ངོམས་ཤེས་ཤིང་ཆོག་ཤེས་པ་ཡིན་ནོ།།འཚོ་བ་ཡོངས་སུ་མ་དྲག་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི།མཁས་པ་དག་ནི་འཚོ་བ་ཡོངསུ་དག་པ་ཡིན་ནོ།། ་ལས་མ་མཐོང་བ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི།མཁས་པ་དག་ནི་ལས་མཐོང་བ་ཡིན་ནོ།།རྣམ་པར་འཚེ་བ་ཚད་ཆེར་འཛིན་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི།མཁས་པ་དག་ནི ་རྣམ་པར་མི་འཚེ་བ་ཆད་ཆེར་འཛིན་ཏོ།།བྱམས་པའི་སེམས་མེད་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི།མཁས་པ་དག་ནི་བྱམས་པའི་སེམས་དང་ལྡན་ན།།ཕྱིན་ཅི་ལྡོག་བཞིས ་སེམས་བསླད་པ་ནི་མ་བྱིན་པར་ལེན་པར་བྱེད་ཀྱི།མཁས་པ་དག་ནི་སེམས་ཕྱིན་ཅི་མ་ལོག་པ་ཡིན་ནོ།།གཞན་ཡང་སེམས་ཅན་དབུལ་པོ་གང་ཡིན་པ་དེ་དག་ཁོ་བོས་ཚིག་སུ་བཅད་པོ་དག་གིས་བཤད ་ཀྱིས་ཉོན་ཅིག།བྱེ་བ་ཕྲག་སྟོང་གཏེར་ཡད་ཀྱང་།།གང་དག་ལ་ནི་གཏོང་མེད་པ།།དེ་དག་འཇིག་རྟེན་འདིར་དབུལ་ཞེས།།ཐོས་མང་རྣམས་ཀྱིས་དེ་སྐད་བཤད།།གང་ལ་ཟད་ཅིང་མེང་བཞིན་དུ།། ་དེ་ནི་གཏོང་ལ་རབ་གནས་ན།།དེ་ནི་འཇིག་རྟེན་ནོར་ཆེ་ཞེས།།ཡང་དག་གཟགས་པ་རྣམས་ཀྱིས་བཤད།།གང་ལ་སྡིག་མེད་འཕགས་པ་ནི།།རྣམ་པ་ཀུན་གྱིས་མཛེས་པ་ཡིན།།བྱིས་པ་སྡིག ་པ་བྱེད་པ་ནི།།ཤིན་ཏུ་བརྒྱན་ཀྱང་མཛེས་མ་ཡིན།།མཁས་པ་དག་གིས་སྤྱོས་བླ་ཡི།།བྱིས་པས་བསྔགས་པ་དེ་ལྟ་མིན།།བྱིས་པས་སྡིག་ལ་བསགས་པར་བྱེད།།མཁས་པ་དག་ནི ་སྡིག་ལ་སྨོད།།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུས་གཞན་ཞིག་ན་མི་གཞན་ཞིག་ཏུ་སྤྲུལ་ཏོ།།དེ་ནས་ངས་གསེར་མང་པོ་ཁྱེར་ཏེ།ངེས་པ་ལ་འདི་སྐད་ཅེས་སྨྲས།།ཀྱེ་ངེས་པ་གསེར་ཁྱེར་ལ ་ཁོ་བོ་མི་གཞན་ཞིག་དང་རྩོད་པ་དེ་ལ་ཁྱོད་གཅིག་པུས་ཆེ་བཞི་བྱ་བར་ཁོ་བོས་བྱས་ཀྱིས།དེར་ཁོ་བོའི་ཆ་བཞི་གྱིས་ཤིག།དེས་པས་སྨྲས་པ།གྲོགས་པོ་ཐོང་ཁྱེད་དེ་སྐད་མ་ཟར་ཅིག་ཁོ་བོ་ནི་བེརྫུས ་ཟེར་དུ་མི་འདོད་དོ།།ཀྱེ་གྲོགས་པ་བརྫུན་དུ་སྨྲ་བ་ནི་བདག་ལ་ཡང་སླུ་ཞིང་ཕ་རོལ་ལ་ཡང་སླུ་ལ།འཕགས་པ་ལ་ཡང་སླུ་བ་ཡིན་ཏེ།གྲགས་པ་ཉམས་པར་བྱེད་པ་དང་།ཡིད་མི་ཆེས་པ་དང་ཡིད་དུ་མི་འོང་བ་དབྱེད ་པ་དང་།བརྙས་པར་བྱེད་པ་དང་།སེམས་ཡོངསུ་བདུང་བར་བྱེད་པ་ཡིན་ནོ།།ཀྱེ་གྲོགས་པོ་བརྫུན་དུ་སྨྲ་བ་ནི་ཁ་མནམ་པར་བྱེད་པ་དང་།ལུས་སྨད་པོར་བྱེད་པ་དང་།ལྷའི་ཡིད་དུ་མི་འོང་བར་བྱེད་པ་ཡིན་ནོ།། ་ཀྱེ་གྲོགས་པོ་བརྫུན་དུ་སྨྲ་བ་ནི་དགེ་བའི་རྩ་བ་རྣམས་ལ་རྐུ་བ་དང་།དྲན་པ་རྨུགས་པར་བྱེད་པ་དེས་མཐོ་རིས་ཀྱི་ལམ་ལ་སྒྲིབ་པ་སྨིན་ནོ།།ཀྱེ་གྲོགས་པོ་བརྫུན་དུ་སྨྲ་བ་ནི་འཕགས་པ་རྣམས་ཀྱིས་བཙུན ་པར་མི་བྱ་བ་དང་།ཡང་དག་པར་སྨྲ་བ་རྣམས་ཀྱི་ནར་ཚིག་མི་མཛེས་པ་དང་།མཁས་པ་རྣམས་ཀྱིས་སྨད་པ་དང་།སྡིག་པ་ཐམས་ཅད་ཀྱི་རྩ་བ་དང་།བརྟུལ་ཞུགས་ཡོངས་སུ་སྤང་བའི་རྩ་བ་གཅོད་པ ་དང་།ངན་འགྲོ་ཐམས་ཅད་ཀྱི་རྩེ་བར་གྱུར་པ་ཡིན་ནོ།།དེ་ནས་དེའི་ཚེ་གྲོང་ཁྱེར་གྱིས་དབུལ་པོ་དེས་པས་ཚིག་སུ་བཅད་པ་འདི་དག་སྨྲས་སོ།།བརྫུན་དུ་སྨྲ་བའི་ཁ་ནས་ནི།།རུལ་བའི་དྲི་ཡང་མནམ་པར ་འགྱུར།།དགོན་པར་ཇི་ལྟར་བཅོམ་པ་བཞིན།།སྔོན་གྱི་དཀར་རྣམས་སྤོང་བར་བྱེད།།རྨོངས་པས་བདག་དང་ལྷ་རྣམས་དང་།།འཕགས་རྣམས་ཡིད་ཀྱང་འབྱུང་བར་བྱེད།།མི་ནི་གང་ཞིག་བརྫུན།། ་ཟེར་བ།།དེ་ནི་རྟག་ཏུ་དོགས་པར་འགྱུར།།བརྫུན་དུ་སྨྲ་བ་བྱེད་པ་དེ།།སྡིག་པོ་ཀུན་གྱི་རྩ་བ་དང་།།དཀའ་ཐུབ་ཅན་གྱི་རྩ་གཅོད་དང་།།ངན་འགྲོར་འགྲོ་བ་ཞེས་ཀྱང་བྱ།།གལ་ཏེ་འཛམ་གླིང ་གང་བ་ཡི།།གསེར་དག་ཁྱེད་ཀྱིས་བྱིན་ན་ཡང་།།ཁོ་བ་ཆོས་ན་བསྲུང་བུའི་ཕྱིར།།རྟག་ཏུ་བརྫུན་ནི་སྒྲ་མི་བྱེད།།དེ་ནས་བརྒྱ་བྱིན་གྱིས་སྤྲུལ་བའི་མིས་ངེས་པ་བརྫུན་ཟེར་དུ་གཟུག་མ ་ནུས་ནས་སོང་ངོ་།།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་མ་ཉེ་འོད་དང་།ལྷ་མ་ཡིན་གྱི་བུ་མེ་བདེ་སོགས་ལ་འདི་སྐད་ཅེས་སྨྲས།།ཁྱོད་གཉིས་སོང་ལ་བརྟུལ་ཞུགས་དང་དཀའ་ཐུབ་བྱེད་པ ་འདི་ཅི་འདོད་པ་ལ་ལོངས་སྤྱོད་པ་ཞིག་གམ།འོན་ཏེ་འདོད་པ་དོན་དུ་མི་གཉེར་བ་ཞིག་ཡིན་པ་རྟོགས་ཤིག།དེ་ནས་ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་དང་།ལྷའི་བུ་མོ་ཉི་འོད་ནམ་ལངས་ནས ་ཕྱོགས་གང་ན་དྲིས་པ་འདུག་པའི་ཕྱོགས་དེར་སོང་ནས།དེས་པ་ལ་ཚིག་སྙན་པས་སྨྲས་ཏེ།དེས་པ་བཞེངས།བདག་ཅག་གཉིས་ནི་ཁྱོད་ཀྱི་བསྙེན་བཀུར་བགྱིད་པ་ལག་སོ།།དེས་པ ་བདག་ཅག་གཉིས་ཀྱི་གཟུགས་ཕུན་སུམ་ཚོགས་པ་ལ་གཟིགས།ཤ་ཚུགས་དང་།ཁ་དོག་དང་།དབྱིབས་དང་།ལུས་བྱུགས་པ་དང་།རྒྱན་དང་།ཆས་དང་།ལྷབ་ལྟུབ་ལ་གཟིགས། ་ན་ཆོད་དང་ལང་ཚལ་བབ་པ་ལ་གཟིགས།ངས་པ་ཁྱོད་ཀྱི་བསྟན་བཀུར་བགྱིད་པ་འདི་འདྲ་བདག་ཉིད་ཀྱི་བསོད་ནམས་ཕུན་སུམ་ཚོགས་པ་ལ་གཟུགས།དེས་པས་བལྟས་ནས་སྨྲས་པ། ་ཁྱེད་གཉིས་ནི་སེམས་ཅན་དམྱལ་བ་དང་།དུད་འགྲོའི་སྐྱེ་གནས་དང་།གཤིན་རྗེའི་འཇིག་རྟེན་དུ་ཞུགས་པ་རྣམས་ཀྱི་བསྙེན་བཀུར་བྱེད་པ་ཡིན་གྱི།ལྷ་དང་མིར་ཞུགས་པ་དག་གི་ནི་མ་ཡིན།། ་ཁྱེད་གཉིས་ཀྱི་ལུས་ནི་སྒྱུ་མ་དང་།རྨི་ལམ་གྱི་རང་བཞིན་ལྟ་བུར་ཁོ་བོས་མཐོང་ངོ་།།ཁྱེད་གཉིས་ཀྱི་གཟུགས་ནི་ལྦུ་བ་དང་།ཆུ་བུར་དང་།སྨིག་རྒྱུ་ལྟ་བུར་མཐོང་ངོ་།།ཁྱེད་ཙན་དན་གྱི་འདྲེ་གུས་བྱུག ་པོཔ་ནི་ལྤགས་པ་རློན་པ་ཤེས་གཡོགས་པ་ལྟ་བུར་མཐོང་ངོ་།།ཁྱེད་ཀྱི་རྒྱན་དང་།ལྷུབ་ལྦུ་བ་ནི་མི་སླུ་བའི་སྒྱུ་མ་བྱས་པ་ལྟ་བུར་མཐོང་ངོ་།།ཁྱེད་ཀྱི་ལང་ཚོ་ནི་མི་རྟག་པ་དང་།འགྱུར་བའི་ཆོས་ཅན་དུ། ་མཐོང་ངོ་།།བསོད་ནམས་མ་ཡིན་པར་མཐོང་བའི་ཕྱིར།ཁྱེད་གཉིས་ལ་ཁོ་བོ་མ་ཆགས་སོ།།ཁྱེད་གཉིས་ནི་སྤྲེའུ་དང་།བུད་མེད་ཀྱི་སེམས་ལྟ་བུར་གྱུར་པ་རྣམས་ཀྱི་བསྙེན་བཀུར་བྱེད་པ་ཡིན་གྱི། ་སེམས་དྲན་པས་ཀུན་ནས་བསྲུང་བ་དག་གི་ནི་མ་ཡིན་ནོ།།ཆེ་ཞེ་དག་འདོད་པ་ལ་བསྟེན་པ་ནི་མི་སྡུག་པའོ།།འདོད་པ་ལ་བརྟེན་པ་དེ་ནི་དྲི་ངེ་བའོ།།འདོད་པ་ལ་བརྟེན་པ་ན་རུལ་པོའོ།།འདོད་པ་ལ ་བསྟན་པ་ནི་ཤིན་ཏུ་སྡུག་བསྔལ་བའོ།།འདོད་པ་ལ་བསྟེན་པ་ནི་བདེ་བ་ཐམས་ཅད་ཡོངསུ་འགྲབ་པར་བྱེད་པའོ།།འདོད་པ་ལ་བསྟེན་པ་ནི་སེམས་ཅན་དམྱལ་བ་དང་།དུད་འགྲོའི་སྐྱེ་གནས་དང་། ་གཤིན་རྗེའི་འཇིག་རྟེན་ལ་བརྟེན་པའོ།།འདོད་པ་ལ་བསྟེན་པ་ནི་ངན་འགྲོ་ན་གནས་པའོ།།འདོད་པ་ལ་བསྟེན་པ་ནི་འཐབ་པ་དང་།རྩོད་པ་དང་།འགྱིད་པ་དག་ལ་བསྟེན་པའོ།།འདོད་པ་ལ་བསྟེན ་པ་ནི་མི་མཐུན་པ་དང་།གོར་ན་གནས་པའོ།།འདོད་པ་ལ་བསྟན་པ་ནི་ཕྱིན་ཅི་ལོག་སྐྱེད་པའོ།།འདོད་པ་ལ་བསྟེན་པ་ནི་སྲེད་པའི་བག་ལ་ཉལ་གནས་པའོ།།འདོད་པ་ལ་བསྟེན་པ་ནི་རྣམ་པར། ་རྨོངས་ཤིང་ཤིན་ཏུ་མོས་ལ་ཀུན་ཏུ་རྨོངས་པའོ།།འདོད་པ་ལ་བསྟན་པ་ནི་ཉེ་བར་གཟིར་ཅིང་རྣམ་པར་གཟིར་ལ་རབ་ཏུ་གཟིར་བའོ།།འདུད་པ་ལ་བསྟུན་པ་ནི་ཀུན་དུ་གདུངས་ཤིང་རྣམ་པར་གདུངས ་ལྔ་ཡོངསུ་གདུངས་པའོ།།འདོད་པ་ལ་བསྟེན་པ་ནི་མི་དགེ་བའི་རྗེས་སུ་འཇུག་ཅིང་།དགེ་བ་ཡོངསུ་ཉམས་པར་བྱེད་པའོ།།འདོད་པ་ལ་བསྟེན་པ་ནི་མི་དགེ་བའི་རྩ་བ་བསྐྱེད་པའོ།།འདོད་པ་ལ་བསྟེན་པ་ནི ་མི་དགེ་བའི་སྒྲོན་གྱི་དྲ་བས་ཀུན་ནས་ཁེབས་པའོ།།འདོད་པ་ལ་བསྟེན་པ་ནི་སྲིན་མོ་དང་འདྲིས་པར་བྱེད་པ་དང་།གཟུགས་མི་སྡུག་པ་དང་འདྲིས་པར་བྱེད་པ་དང་།ཤ་ཟ་མོ་དང་འདྲིས་པར་བྱེད་པའོ།།འདོད ་པཱཔ་ལ་བསྟེན་པ་ནི་བ་གླང་དང་།བོང་བུ་དང་།ཁྱི་དང་།ཕག་དང་།རྔ་མོ་དང་།གླང་པོ་ཆེ་དང་།རྟ་དང་།ལུག་དང་།ཝཾ་ལ་བསྟེན་པའོ།།འདོད་པ་ལ་བསྟེན་པ་ནི་སྐྱེས་བུ་དམ་པ་མ་ཡིན་པ་ལ ་བསྟེན་པའོ།།འདོད་པ་ལ་བསྟན་པ་ནི་ཚུལ་ཁྲིམས་དང་།ཐོས་པ་དང་།གཏོང་བ་ཡོངསུ་འདོར་བ་བསྟེན་པའོ།།འདོད་པ་ལ་བསྟེན་པ་ནི་བྲེརྟུལ་ཞུགས་དང་།དཀའ་ཐུབ་འདོར་བའོ།།འདོད ་པ་ལ་བསྟེན་པ་ནི་ཤིན་ཏུ་བག་མེད་པའོ།།འདོད་པ་ལ་བསྟེན་པ་ནི་ཉོན་མོངས་པ་ཤིན་ཏུ་ཕལ་བར་བྱེད་པའོ།།འདོད་པ་ལ་བསྟེན་པ་ནི་ཤིན་ཏུ་བར་དུ་གཅོད་པར་བྱེད་པའོ།།དེ་ནས་དེའི་ཚེ་གྲོང ་ཁྱེར་གྱི་དབུལ་པོ་དེས་པས་ཚིག་སུ་བཅད་པ་འདི་དག་སྨྲས་སོ།།འདོད་པ་མི་རྟག་རྟག་ཏུ་སྨད་པ་སྷོ།།ཤིན་ཏུ་སྡུག་བསྔལ་བདེ་བ་འཇིག་པར་བྱེད།།རྟག་ཏུ་ངན་སོངས་རྣམས་ཁྱིམ་དུ་གྱུར། ་སེམས་རྨོངས་གྱུར་བ་དག་གིས་རྟག་ཏུ་བརྟེན།།འབབ་རྩོད་ཅན་ཏ་མི་བདེན་འཆང་དུ་གྱུར།།རྟག་ཏུ་འགྱེད་ཅིང་མི་མཐུན་གྲོ་རླུང་གནས།།འདི་དག་ཕྱིན་ཅི་ལོག་བསྒྱུད་བཞི་ཡིན་ཏེ།།འདོད་བསྟན་སྲེད་པ་འབར་། ་བདེ་བ་མེད།།རྣམ་རྨོངས་རབ་རྨོངས་དེ་བཞིན་ཀུན་ཏུ་རྨོངས།།འདོད་བརྟེན་རྟག་ཏུ་གཟིར་ཅིང་གནོད་པ་བསྟེ།།འདི་ནི་ཀུན་གདུངས་རྣམ་གདུངས་ཡོངསུ་གདུངས།།སྡིག་པར་སྦྱོར་ཞིང་དགེ་བ་ཆུང་གོས ་པ།འདི་ནི་མི་དགེ་ཀུན་གྱི་རྩ་བ་སྟེ།།འདོད་བསྟན་དཔེར་ན་སྤྲིན་གྱི་དྲ་བ་འདྲ།།འདོད་བསྟན་ཤ་ཟ་མ་དང་སྲིན་མ་དང་།།བུད་མེད་གཟུགས་མི་སྟུག་དང་འདྲེས་བྱེད་བཞིན།།འོད་ནི་བ་ལང་བོང་བུ་ཏངས ་དང་།།ཕག་དང་ཁྱི་དང་ཝ་དང་རྔོ་མོ་དང་།།གླིང་ཆེན་ལུག་རྣམས་ཀྱིས་ཀྱང་བསྟན་པ་སྟེ།འདོད་པ་སྐྱེས་བུ་དམ་པ་རྣམས་ཀྱིས་སྤངས།།འདི་བསྙེན་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་།།དཀ ་ཐུབ་བརྟུལ་ཞུགས་རྣམས་ནི་འཇོམས་པ་སྟེ།།འདི་ལ་རྟག་ཏུ་བགྲ་མེད་ཉེས་པ་འཕེལ།དེ་ཕྱིར་ཐར་འདོད་རྟག་ཏུ་བུད་མེད་སྤོང་།།གལ་ཏེ་འཇིག་རྟེན་འདི་དག་ཁྱེད་འདྲ་བའི།།མངངས་ལྡན་གཟུགས ་ཅན་དག་གིས་གང་གྱུར་ཀྱང་།།ཡོན་ཏན་གནས་པ་ཁོ་བོའི་སེམས་གཅིག་ཀྱང་།།འདོད་ཆགས་ལ་ནི་ནམས་ཀྱང་རྟོགས་མི་འགྱུར།།དེ་ནས་ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་དང་།ལྷའི་བུ་མོ་ཉི་འདི་སོང་ནས ་ལྷའི་དབང་པོ་བརྒྱ་བྱིན་ལ་ཚིག་སུ་བཅད་དེ་སྨྲས་པ།དེས་ནི་འོད་ན་བུད་མད་རྣམས་ཀྱི་སྐྱོན་ཡང་དག།གང་ལགས་དེ་དག་ཤིན་ཏུ་མཐོང་བར་དོགས་མ་མཆིས།།ཇི་ལྟར་དེའི་སེམས་ནི་ཡུལ་ལས་ལོག་གྱུར ་དེ་ལྟར་འདོད་པ་རྣམས་ལ་སེམས་ནི་ཆགས་མ་མཆིས།།དེ་ན་ས་ལྷའི་དབང་པོ་བརྒྱ་བྱིན་གྲོང་ཁྱེར་གྱི་དབུལ་པོ་ངེས་པའི་ཐད་དུ་སོང་ནས་ཚིག་སུ་བཅད་དེ་སྨྲས་པ།ཅི་ཞིག་དོན ་གཉེར་ངེས་པ་ཆོས་སྐྱེད་པ།བརྟུལ་ཞུགས་དེ་ནི་སྤྱོད་པ་རྣམས་དག་སྨྲོས།།འདི་ཡིས་ཉི་ཟླ་འམ་ཡང་ན་དབང་པོ་འམ།ཚངས་པའམ་ལྷ་རྒྱལ་ཅི་ཞིག་ཁྱོད་སྤོང་བྱེད།།དེས་པས་སྨྲས་པ།ཉི་མ་ཟླ་བ ་དེ་བཞིན་བརྒྱ་བྱིན་དང་།།ཚངས་པ་འམ་རྒྱས་པོ་འོ་མ་འདི་ན་གཞན་དག་ཀྱང་།།འགྲོ་བ་རྒྱ་ཆེན་གང་ཡོད་དེ་དག་ཀུན།།གར་བྱེད་ལ་བཞིནི་མི་རྟག་མི་བརྟན་ན།།མཁས་པ་སུ་ཞིག་དེ་ལ་དགའ་བར་བྱེད།། ་གླང་ལ་སྐྱེ་མོད་རྒ་མེད་འཆི་བ་མུད།།སྡུག་དང་མི་སྡུག་རྣམས་དང་ཕྲད་པའང་མེད།།འགྲོ་བ་གྲོལ་མཛད་སངས་རྒྱས་འགྱུར་བྱ་ཞེས།།དེ་ཐོབ་བྱ་ཕྱིར་སེམས་ཀྱི་སྤྱོད་པ་ངེས།།བརྒྱ་བྱིན ་གྱིས་སྨྲས་པ།ཕན་བྱེད་ཁྱོད་ཀྱི་ཚིག་ལ་རྗེསུ་ཡིད་རང་སྟེ།།ཁྱོད་ཀྱིས་སྨོན་ལམ་བཏབ་པ་ལེགས་པར་གྲུབ་གྱུར་ཅིག།བདུད་རྣམས་སྔར་བཅས་མྱུར་དུ་ངེས་པར་བཅོམ་ནས་ནི།།ཤཱཀྱ་སྙིང་གི ་རྒྱལ་ལྟར་བྱང་ཆུབ་ཐོབ་གྱུར་ཅིག།དེ་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པས་དུས་གཞན་ཞིག་ན་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་ཞིག་རྙེད་ནས།དེ་འདི་སྙམ་དུ་སེམས་ཏེ།ནོར་བུ་རིན་པོ་ཆེ ་འཛམ་བུའི་གླིང་ན་མཆོག་ཏུ་གྱུར་པ་འདི་བདག་གིས་མཉན་ཡོད་འདི་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་གང་ཡིན་པ་དེ་ལ་སྦྱིན་པ་གོར་མ་ཆག་གོ་སྙམ་ནས།དེ་གྲོང་བར་དུ་སོང་སྟེ།ཐམས ་ཅད་ཀྱི་ནང་ན་དབུལ་པོ་སུ་ཡིན་པ་དེ་ལ་རིན་པོ་ཆེ་འདི་སྦྱིན་ནོ་ཞེས་སྒྲ་བསྒྲགས་པ་དང་།དབུལ་པོ་མགོན་མེད་པ་ཕལ་པོ་ཆེ་དེར་འདུས་ཏེ།བདག་ཅག་དབུལ་པོ་ཡིན་གྱིས་བདག་ཅག་ལ་བྱིན་ཅིག ་ཅེས་འཛར་ཏོ།།དེས་པས་སྨྲས་པ།ཁྱེད་ནི་དབུལ་པོ་མ་ཡིན་གྱི།མཉན་ཡོད་འདི་ན་ཆེས་དབུལ་པོ་གཞན་ཞིག་ཡོད་ཀྱིས་དེ་ལ་སྦྱིན་ན།།དེ་དག་གིས་སྨྲས་པ།གང་ཡིན་དྲིས་པས་སྨྲས་པ།རྒྱལ ་པ་གསལ་རྒྱལ་འདི་ཡིན་ནོ།།དེ་དག་གིས་སྨྲས་པ།ཁྱོད་དེ་སྐད་མ་ཟར་ཤཱག།རྒྱལ་པོ་གསལ་རྒྱལ་ནི་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡིན་གྱི།འདུག་ཅག་ནི་དབུལ་ཞིང་མགོན་མེད་པ་ཡིན། ་དེས་པས་སྨྲས་པ།ནོར་མང་གི་ནི་ཅི་ཞིག་བྱ།།རྒྱ་མཚོ་ལ་ནི་ཀླུང་རྣམས་བཞིན།།གང་དག་ལ་ནི་ཆོག་མེད་པ།།མཱ་བསྡམས་དེ་དག་དབུལ་བ་ཡིན།།གང་དག་འདོད་པ་རབ་འཕྲལ་ཞིང་།།ཡང ་ཡིད་ནི་སྐྱེ་འགྱུར་བ།།རྨོངས་པ་དེ་དག་ཚེ་འདི་དང་།།ཕ་རོལ་ཏུ་ཡང་དབུལ་པོར་འགྱུར།།དེ་ནས་གྲོང་ཁྱེར་གྱི་དབུལ་པོ་ངེས་པ་སྐྱེ་བོ་ཕལྔ་པོ་ཆེ་དག་གྲིས་ཡོངསུ་བསྐོར་ཅིང་།ནོར་བུ་རིན་པོ ་ཁྱེར་ནས།རྒྱལ་པོ་གསལ་རྒྱལ་གྱི་དོན་བྱ་བའི་ས་ག་ལ་བ་དར་སོང་ངོ་།།དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་ཚོང་དཔོན་དང་།ཁྱིམ་བདག་རིགས་དང་ལྡན་པའི་མཆོག་ལྔ་བརྒྱ་ཙམ ་གེ་གཡོན་ཆུང་ངུའི་ཕྱིར་བདོག་པ་ཐམས་ཅད་ཕྲོགས།།གྲོང་ཁྱེར་གྱི་དབུལ་པོ་ངེས་པས་ནོར་བུ་རིན་པོ་ཆེ་རྒྱལ་པོ་ལ་ཕུལ་ཏེ།རྒྱལ་པོ་ཆེན་པོ་ནར་བུ་རིན་པོ་ཚར་ནི་ཐང་མ་མཆིས་པ། ་འཛམ་བུའི་བླང་ཐམས་ཅད་རིབ་བདག་གིས་རྙེད་པ་འདི་ལ་བདག་གི་འདི་སྙམ་དུ་བསམས་ཏེ།མཉན་ཡོད་འདི་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་གང་ལགས་པ་དེ་ལ་སྩལ་ཏོ་སྙམ།། ་དེ་ལ་བདག་གིས་འདི་སྙམ་དུ་བསམས་ཏེ།ཁྱོད་ནི་འདྲིན་ཐམས་ཅད་ཀྱི་ནང་ན་དབུལ་པོ་ལགསོ་སྙམ་བགྱིད་ཀྱིས།ཀྱེ་ནོར་བུ་རིན་པོ་ཆེ་འདི་བཞི་སུ་གསོལ།དེ་ནས་རྒྱལ་པོ་གསལ་རྒྱལ་ཡུ ་ཡུལ་པོར་གྱུར་ཅིང་ངོ་ཚ་བར་གྱུར་ནས།གྲོང་ཁྱེར་གྱི་དབུལ་པོ་ངེས་པ་ལ་འདི་སྐད་ཅེས་སྨྲ་སོ།།ངེས་པ་ཅིང་ཁྱོད་པས་ཀྱང་ཆེས་དབུལ་ལམ།ངེས་པས་སྨྲས་པ།ལྷ་དེ་ལྟ་ལགས་ཏེ ་བདག་པས་ཆེས་ཁྱོད་དབུལ་བ་ལག་སོ།།རྒྱལ་པོས་སྨྲས་པ།རྣམ་གྲངས་གང་གིས་དབུལ།ངེས་པས་ཚིགསུ་བཅད་དེ་སྨྲས་པ།གང་གི་འདོད་པ་རབ་མང་རྣམ་པར་འཕེལ་ཞིང་ལོངས ་སྤྱོད་དག་གིས་ཆོག་མ་འཚལ།གནོད་པ་བགྱིད་པའི་སླད་དུ་རྒྱལ་སྲིད་འཁྲུག་ཅིང་བདག་ཉིད་ཀྱང་ནི་འདོར་བགྱིད་པ།།དེ་ནི་འདི་ན་འཇིག་རྟེན་མི་བསྲུང་ཡོན་ཏན་ཆུང་ངུ་དག་ལ་མཆོག་ཏུ ་འཛིན།།དེ་ཕྱིར་འདུ་ནི་དེ་ལ་རྟག་ཏུ་ཆོས་འདོད་རྣམས་ནི་དབུལ་པོ་ལགས་པར་སེམས།།གང་ཞིག་བྱམས་པ་རབ་ཏུ་བསྒོམས་ཏེ་སེམས་ཅན་རྣམས་ལ་ཐ་བ་མ་མཆིས་ཤིང་།རྟག་པར་རྒྱུན ་དུ་ངན་ངོན་ཙམ་གྱིས་ཆོག་པར་འཛིན་ཅིང་འདོད་པ་མ་མཆིས་ལ།།ཉན་ཐག་མཐོང་ན་རྟག་ཏུ་སྙིང་རྗེ་བགྱིད་ཅིང་ཤར་གཉེར་བགྱིད་པ་མ་མཆིས་པ།།དེ་ནི་ཕྱུག་ཅིང་ནོར་བཟང་ཤིན་དུ་ནི ་ཚོདདབུ་ལ་སགས་ཡོངས་སྤྱོད་གནས།།གང་ཞིག་འགྲོ་བླ་འདི་ན་དབྱུང་ཕྱུག་རྦྷ་ཆེན་ལྡན་ལ་ཆོས་སྤྱད་ས་བརྗི་དང་།།གང་ཞིག་འཛིན་སྐྱེ་བ་ངས་ན་བྷྲི་སྡུག་བསྔལ་གཟིར་བ་བཟུང་ནས་ཆུད་པས་དཱཿ།། ་ག་ཞིག་ཆུང་མ་དག་གིས་མདུན་བལྟས་དགའ་ཤིང་འཇིག་རྟེན་ཕ་རོལ་མོ་ལྟ་འོ།།དན་ཆོས་སྲུང་མི་བགྱིད་ཤིན་ཏུ་དབུལ་ཞིང་དམན་པོའི་མི་ཤེས་རིག་པར་བགྱིད།།དད་པས་བསམ་པ་དྲི་མ་མེད་ང ་རབ་བརྟན་ཚུལ་ཁྲིམས་དག་ལ་ཡང་དག་གནས།།རྟག་ཏུ་ངོ་ཆ་ཤེས་ཤིང་ཁྲེལ་ཡོད་ཐོས་པ་འཛིན་ཏེ་གཏང་ལ་དགའ་བ་དག།ཤེས་རབ་ཀྱི་ནི་མཐར་ཕྱིན་བློ་གྲོས་ལྡན་ཞིང་འཇིག་རྟེན་ཀུན་ལེ་བ ་བགྱིད་པ།།དེ་དག་ཏུ་ནི་མི་དབུལ་ཐོབ་ཅིང་ཆོས་འདོད་རྣམས་ཀྱིས་མཆོད་པར་འོས་པ་ལགས།།གང་དག་ལོངས་སྤྱོད་རྣམས་ལ་རབ་ཆགས་བདེ་ལ་དགའ་ཞིང་གཏོང་བ་མ་མཆིས་ལ།།ལུས་དང་། ་སྲོག་ལ་སྙིང་པོར་འཛིན་ཅིང་རྟག་པར་སྙིང་པོ་དོན་དུ་མི་གཉེར་དང་།།གང་དག་གླང་ཆེན་མྱོས་པ་ལྟ་བུར་རྟག་ཏུ་ཡོད་མྱོས་རྣམ་པར་རྒྱུ་བ་དང་།།ལྷན་ཅིག་གང་དག་དྲན་པ་མ་མཆིས་དེ་དག་དབུལ་བ ་ཉིད་ནི་ཐོབ་པ་ལགས།།གང་དག་དཀོན་མཆོག་གསུམ་པོ་དྲི་མ་མེད་ལ་གུས་པ་ཤིན་ཏུ་ཆེ་བ་དང་།ལུས་དང་སྲོག་དང་ནར་རྣམས་ལས་ནི་རྟག་ཏུ་སྙིང་པོ་སྒྲུབ་པའི་མཁས་པ་དག།རྟག་ཏུ་རྨི ་བརྐམ་སྡང་བར་མི་བགྱིད་གླེན་པ་མ་ལགས་རབ་ཏུ་རྒྱགས་མ་མཆིས།།ལྷ་ཅིག་གང་དག་ཆོས་ཀྱིས་བརྒྱན་པ་དེ་དག་ནར་ཆེ་སྐྱེས་བུ་དམ་པ་ལགས།།ལྷན་ཅིག་མེ་ནི་རྟག་ཏུ་ནགས་ཀྱི་དྲན ་སྤུན་སྐམ་པོ་བརླག་མཆོག་མ་འཚལ།སྤུ་ཅིག་འདི་ན་རྒྱ་མཚོ་ཆུ་ཀླུང་རྣམས་ཀྱི་ཆུ་འཛིན་པས་ཀྱང་ཚུག་མ་འཚལ།།འདི་ན་ཉི་མ་ཟླ་བ་འདི་དག་མཁའ་ལ་མཐར་གྱིས་རྒྱུ་བས། ་ཆོ་ག་མི་འཚལ།།རྒྱལ་པོ་བརྐམ་ཕྱིར་རྟག་ཏུ་ལོངས་སྤྱོད་དག་གིས་ཆོག་མི་མཁྱེན་པས་བརླག་པར་འགྱུར།།ཞུགས་ནི་གུམ་པར་གྱུར་པས་རྩ་མང་དག་གིས་སླར་ཡང་འབར་བར་ཡོད་མི ་བགྱིད།།དེ་བཞིན་མཁས་པ་ཤེས་རབ་ཆོག་པར་མི་འཛིན་ཉོན་མོངས་རྣམས་ཀྱིས་འབར་མི་བགྱིད།།ཆུའི་ཐིག་པས་བཞིན་དུ་རྒྱལ་སྲིད་དག་ཀྱང་མི་བརྟན་འཇིག་པར་རབ་ཕྱོགས་ན།།གནོད ་པའི་རྩ་བར་གྱུར་ཅིང་དགེ་བ་འཇོམས་པའི་རྒྱལ་སྲིད་དེ་ནི་སུ་ཞིག་འཚལ།དེ་ནས་རྒྱལ་པོ་གསལ་རྒྱལ་སེམས་འཁྲུགས་ནས།གྲོང་ཁྱེར་གྱི་དབུལ་པོ་དབུལ་པོ་ངེས་པ་ལ་འདི་སྐད་ཅེས ་སྨྲས་སོ།།ངེས་པ་དེ་ལྟར་ང་ནི་དབུལ།།ཁྱོད་ནི་ཕྱུག་པར་ཁྱོད་ལ་དབང་སུ་ཡོད།།དེས་པས་སྨྲས་པ།ལྔ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་མཉན་ཡོད་འདི་ཉིད་ན་བཞུགས་པ་ཁྱོད་ཀྱིས་མ་གསན་ནམ།རྒྱལ་པོས་སྨྲས་པ།ངས་མཐོང་ཡང་མཐོང་ངོ་།།དེས་པས་སྨྲས་པ།བྷ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་མིག་ཏུ ་གྱུར་ཅིང་ཚད་མར་གྱུར་པ་སྟེ།དེ་ནི་བདག་གི་དབང་ལགསོ།།རྒྱལ་པོས་སྨྲས་པ།སོང་ལ་དེ་བཞིན་གཤེགས་པ་སྤྱན་དྲངས་ཤིག།དེས་ཇི་སྐད་ང་ལུང་བསྟན་པ་བཞིན་དུ་ངེས་གཟུང ་བབྱའོ།།དེས་པས་སྨྲས་པ།སྙན་པ་དེ་ལ་ངན་བུའམ།།ཕ་ཉ་གཞན་གཏང་འོས་མ་ལགས།།འདིར་ནི་བདག་གིས་བསམ་བགྱིས་ན།།དམ་ཁྱེན་ནས་ནི་གཤེགས་པར་འགྱུར།།འཇིག་རྟེན་འདི་འམ ་ཕ་རོལ་ན།།དེས་ནི་མོ་མི་ཁྱེན་ཅང་མི་མངའ།།ཐུགས་ཀྱིས་བསམ་པ་མཁྱེན་ནས་ཀྱང་།།འདྲེན་པ་དེ་ནི་གཤེགས་པར་འགྱུར།།སེམས་ཅན་རྣམས་ལ་ཐུགས་བརྩེ་བས།།དེ་ལ་ང་རྒྱལ་སྐྱེ་མི ་མངརའ།།སེམས་ཅན་རྣམས་ལ་ལེགས་དགོངས་པས།།ཤིན་ཏུ་རབ་ཏུའང་གཤེགས་འགྱུར་གྱིས།།རྒྱལ་ཆེན་བདག་གིས་གསོལ་བ་ལ།།ད་ནི་ལེགས་པར་ཐུགས་རྗེས་མཛད།།གང ་གིས་སྟོན་པ་འདིར་གཤེགས་པའི།།བདེན་པའི་བྱིན་བརླབས་བགྱི་བར་འཚལ།།མེ་ཏོག་སྤོས་དང་མེ་ཏོག་ཕྲེང་།།རྒྱལ་མཚན་གདུགས་དང་བྱུག་པ་དང་།།སིལ་སྙན་སྟ་བློན་མཛོད་ཅིག་དང་། ་འདྲེན་པ་དེ་ནི་གཤེགས་པར་འགྱུར།།ངེས་པས་ཐལ་མོ་སྦྱར་ནས་ཀྱང་།།ཕྲག་པ་གཅིག་ཏུ་གོས་གཟར་འདུག།པུས་མོ་ས་ལ་བཙུགས་བྱས་དཱས།།འདི་སྐད་ཅེས་ནི་ཚིག་ཀྱང་སྨྲས།།ཀུན ་མཁྱེན་པ་ནི་གང་བསྡུ་སུ།།བདག་གི་བུསས་པ་མཁྱེན་ནནོ།།བདེན་པའི་ཚིག་ནི་འདི་ཉིད་ཅེས།།ཐུབ་པ་བདག་གི་མདུན་དུ་བཞུགས།།དནས་ཚིག་འདི་སྨྲས་ནས་ཀྱང་།།ས་ནཱི་ག་ཏུག ་པར་གྱུར།།ས་གཞི་རྣམ་པར་རྟོ་མ་ནས་ནི།།དེ་བཞིན་གཤེགས་པ་བྱུང་བར་གྱུར།རྫུ་ཕྲུལ་དག་དང་ལྡན་པ་ཡི།།ཉིན་བྲིས་ལྔ་བརྒྱས་ཡོངསུ་བསྐོར།།བརྒྱ་ཕྲག་བཅུ་གཉིས་རྙེད་དག་ནི།། ་བྱང་ཆུབ་སེམས་དཔའ་རྣམས་དང་ནི།།སྐྱོང་བ་དང་ནི་ལྷ་ཀླུ་དང་།།བརྒྱ་བྱིན་ཚངས་པས་མདུན་གྱིས་བལྟས།།དེ་འདྲའི་རྫུ་འཕྲུལ་མཐོང་ནས་ནི།།དེ་ཚེ་འཇིག་རྟེན་ངོ་མཆོད།། ་འཛིན།།རྒྱལ་པོ་དཔུང་བཅས་བློན་པོར་བཅས།།སྟོན་པའོ་ཞབས་ལ་འདུད་པར་བྱེད།།དེར་ནི་སྲོག་ཆགས་སྟོང་དག་གིས།།སྟོན་པ་ལ་ནི་མཆོད་པ་བྱས།།རྫོགས་པའི་སངས་རྒྱས ་མཆོད་བྱས་ནས།།བྱང་ཆུབ་དོན་དུ་ཡིད་བཏུད་དོ།།དེ་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས།བཅོམ་ལྡན་འདས་ལ་ལན ་གསུམ་བསྐོར་བ་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདག་མཉན་ཡོད་འདི་ན་འཁྱམ་ཞིང་མཆིས་མཆིས་པ་ལ།ནོར་བུ་རིན་པོ་ཆེ་རིན་ཐང་མ་མཆིས་པ་ཞིག་རྙེད ་ནས།དེ་ལ་བདག་འདི་སྙམ་བགྱིད་ཏེ།མཉན་ཡོད་འདི་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་གང་ལགས་པ་དེ་ལ་སྩལ་ལོ་སྙམ་ནས།དེ་ལ་བདག་འདི་སྙམ་བགྱིད་དེ།རྒྱལ་པོ་གསལ ་རྒྱལ་འདི་ནི་ཐམས་ཅད་ཀྱི་ནང་ན་ཆེས་དབུལ་བ་སྟེ།འདི་ནི་ཕ་རོལ་གྱི་ནོར་འཕྲོག་པར་བགྱིད་པས་ནི་ངོམས་མ་འཚལ་བ་ལགས།།སླར་ཞིང་དོན་དུ་གཉེར་བར་བགྱིད་པས་ན་ཆོ་ག་མ ་འཚལ་བ་ལགསོ།།གཞན་གྱི་ལོངས་སྤྱོད་དག་གིས་ངོམས་མ་འཚལ་བ་ལག་སོ།།སྡུག་བསྔལ་བ་རྣམས་ལ་རྣམ་པར་ཐོ་འཚམ་པ་ལག་སོ།།སྐྱིད་པ་རྣམས་ཐ་མར་འབྱིན་པ་ལ་ཀས། ་།དབུལ་པོ་རྣམས་རབ་ཏུ་ཕུང་བར་བགྱིད་པ་ལག་སོ།།ཕྱུག་པོ་རྣམས་ཚར་གཅོད་པ་ལག་སོ།།ཤིན་ཏུ་རབ་ཏུ་མྱོས་པ་ལག་སོ།།རྒྱལ་པོའི་ལོངས་སྤྱོད་རྣམས་དང་།སྲེད་པར་རྣམ་པར་བཅིངས་པ་ལག་སོ་སྙམ་ནས། ་དེ་ལ་བདག་གིས་སྩལ་ན་ལེན་པར་མི་བགྱིད་པར།འདི་སྐད་དུ་དེ་ལྟར་ང་ནི་དབུལ་ལ།ཁྱོད་ནི་འབྱོར་པར་ཁྱོད་ལ་དཔང་སུ་ཡོད་ཅེས་ཀྱང་མཆིའོ།།དེའི་སླད་དུ་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད ་ཐུགས་སྙོམས་པ།ངོས་བཟློག་མི་སྤྱོད་པ་མ་མངའ།ཐ་བ་དང་།དྲི་མེ་དང་།ཁོང་ཁྲོ་བ་མི་མངའ་བ་བཅོམ་ལྡན་འདས་ཀྱིས་དོན་འདི་ལེགས་པར་ལུང་བསྟན་པར་གསོལ།བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ།རྒྱལ་པོ་ཆེན་པོ་ཁྱོད་ནི་ཚེ་འདིའི་རྒྱལ་སྲིད་ཀྱི་དབང་ཕྱུག་གི་ལོངས་སྤྱོད་གསེར་དང་།ནོར་བུ་དང་།མུ་ཏིག་དང་།བཻ་ཌཱུརྱ་དང་།དུང་དང་།མན་ཤེལ་དང་།བྱི་རུ་དང་།ས་ལེ་སྦྲམ ་དང་།དངུལ་དང་།རྟ་དང་།གླང་པོ་ཆེ་དང་།ཤིང་རྟ་དང་།དཔུང་བུ་ཆུང་དང་།གཞོན་པ་དང་།མཛོད་དང་།བང་མཛོད་ཐོབ་པ་གང་ཡིན་པ་འདི་དག་གིས་བདག་ཕྱུག་གོ་སྙམ་དུ་སེམས་སོ།།། ་རྒྱལ་པོ་ཆེན་པོ་དེས་པ་ནི་སྦྱིན་པ་དང་།དུལ་བ་དང་།ལེགས་པར་སྡོམ་པ་དང་།བཟོད་པ་དང་།དེས་པ་དང་།ཚུལ་ཁྲིམས་དང་།བརྟུལ་ཞུགས་དང་།དཀའ་ཐུབ་དང་།བག་ཡོད་པ་དང་། ་སྤངས་པའི་ཡོན་ཏན་དང་།ཡོ་བྱད་བསྙུངས་པ་ལ་གནས་པ་དང་།བྱེམས་པ་དང་།སྙིང་རྗེ་དང་།དགའ་བ་དང་།བཏང་སྙོམས་ལ་གནས་པ་དང་།སངས་རྒྱས་དང་།ཆོས་དང་།དགེ་འདུན ་ལ་དང་བ་དང་།དད་པ་དང་།ཚུལ་ཁྲིམས་དང་།ཐོས་པ་དང་།གཏོང་བ་དང་།ཤེས་རབ་དང་།ངོ་ཚ་ཤེས་པ་དང་།ཁྲེལ་ཡོད་པ་དང་།བརྟན་པ་དང་།སྡོམ་པ་གང་ཡིན་པ་འདི་དག ་གིས་བདག་ཕྱག་གོ་སྙམ་དུ་སེམས་སོ།།རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ས་འོག་ཏུ་གཏོགས་པའི་སེམས་ཅན་ཇི་སྙེད་པ་དེ་དག་འདི་ལྟར་ཁྱོད་དང་འདྲ་བར་ནོར་དང་ལྡན་པར་གྱུར་ཀྱང་དེ་དག་ནི།དྲིས་པས། ་གོམ་པ་བདུན་པའི་བར་གྱི་ཚུལ་ཁྲིམས་དང་།ཐོས་པ་དང་།བརྟུལ་ཞུགས་དང་།དཀའ་ཐུབ་དང་།བག་ཡོད་པའི་བསོད་ནམས་ཀྱི་ཕུང་པོའི་ང་རྒྱའི་ཆར་ཡང་མི་ཕོད་པས།དཔེའི་བར་དུ ་ཡང་མི་བཟོད་དོ།།གསལ་རྒྱལ་གྱིས་གསོལ་པ།བཅོམ་ལྡན་འདས་བདག་གི་ཡུལ་ན་སེམས་ཅན་ཡོན་ཏན་གྱིས་ཆེ་བ་ཉིད་འདི་ལྟ་བུ་དང་ལྡན་པ་དག་གནས་པ་ནི་བདག་གིས་སྙེད་པ་ལགས། ་པར་རྙེད་ལགསོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཡུལ་ནཱ་སེམས་ཅན་ཡོན་ཏན་གྱིས་ཆེ་བ་ཉིད་འདི་ལྟ་བུ་དང་ལྡན་པ་དགྲ་མང་དུ་གནས་སོ།།དེ་ནས ་རྒྱལ་པོ་གསལ་རྒྱལ་གྱིས་ངེས་པ་ལ་ཚིག་སུ་བཅད་དེ་སྨྲས་པ།ཁྱོད་ཀྱིས་གླེངས་པས་ཁོ་བོའི་ང་རྒྱལ་ངེས་བཅོམ་ཕྱར།ངེས་པ་ཁྱོད་ནི་ཁོ་བོའི་སྟོན་པ་གཉིས་པ་སྟེ།རྒྱལ་སྲིད་འདི ་ཀུན་ཁོ་བོ་དཔུང་དང་བཅས།ཁྱོད་ཀྱིས་སློབ་མ་ཡིན་གྱིས་ཁྱོད་ཀྱིས་བདག་སློབས་ཤིག།ཁོ་བོ་ཡུན་རིང་དག་ཏུ་ང་རྒྱལ་གྱིས་ཀྱང་བསླུས།།སྡིག་པའི་གྲོགས་པོ་དག་གིས་བསྐོར་ཅིང ་བརྡུང་བ་ལས།།ངེས་པ་ཁྱོད་ཉིད་ལས་ནི་ཆོས་འདི་ཐོས་པ་ན།།རབ་ཏུ་བསྡམས་ཏེ་ཁོ་བོས་ཆོས་བཞིན་སྤྱད་པར་བྱ།།ཁྱིམ་ན་གནས་པ་བརྒྱ་ཕྲག་ལྔ་པོ་འདི་དགྲ་ནི།།ནོར་གྱི་ཆེད་དུ་ཁོ་བོས་གྲོ་རང་བཅུག། ་པ་སྟེ།།ཁོ་བོས་ཐམས་ཅད་བཏུང་གིས་བདེ་བར་འཁོད་གྱིས་ཤིག།ཕྱིན་ཆད་འདི་འདྲ་བ་དག་ཁོ་བོས་ཡོང་མི་བྱེད།།ལྔ་བརྒྱ་བཏང་བར་གྱུར་པ་གང་ཡིན་དེ་དག་ཀྱང་།།དེས་པ་ལ་ནི་ཞེས་ལགས ་སྨྲ་བསྐྱེད་ནས་ཀྱང་།།སེམས་ནི་སྐྱོ་བར་གྱུར་ཅིང་ཅི་ལའང་མི་བལྟ་བར།།བདེ་བ་ཐམས་ཅད་མཁྱེན་པ་ཉིད་དུ་སྨོན་ལམ་བཏེབ།།དྲ་ནི་དབུལ་པོ་མ་ཡིན་ཁྱོད་ནི་དབུལ་པོ་ཞེས།།ངེས་པ་ཁྱོད་ཀྱི ་ཚིག་འདི་ལེགས་པར་སྨྲས་པ་སྟེ།།ངེས་པ་ལ་ནི་གང་ཞིག་དབུལ་པོ་ཞེས་བརྗོད་པ།།མི་དེ་རྒྱལ་པོའི་ཁྲིམས་དང་འགལ་བར་བྱེད་པ་ཡིན།།དེ་ནས་བཅོམ་ལྡན་འདས་ལ་རིགས་ཀྱི་བུ་དེས་པས་འདི་སྐད ་ཅེས་གསོལ་ཏོ།།བཅོམ་ལྡན་འདས་སྐྱེ་བོའི་ཚོགས་ཆེན་པོ་འདུས་པ་དེ་ནི།བཅོམ་ལྡན་འདས་ལ་བལྟ་བས་ཆོག་མ་འཚལ་བ་ལགས་ན།བཅོམ་ལྡན་འདས་དེའི་སླད་དུ་ཅི་ནུས་འདྲི་དག་གིས་དྲི ་བཞིན་གཤེགས་པ་མཐོང་བ་དོན་མཆིས་པར་གྱུར་པ་དེ་ལྟ་དེ་ལྟར་འདི་དག་ལ་ལེགས་པར་ཆོས་བསྟན་དུ་གསོལ།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ངེས་པ་རིགས་ཀྱི་བུ་ཆོས་བཞི་དང ་ལྡན་ན་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ།།བཞི་གང་ཞེ་ན།ཡིད་ཆེས་པ་དང་།དད་པ་དང་།ཕངས་པར་འཛིན་པ་དང་།བུས་པ་སྟེ།ཆོས་བཞི་པོ་དེ་དག་དང་ལྡན་ན་དེ་བཞིན ་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ།།གཞན་ཡང་བཞི་སྟེ།དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་མཐོང་ན་བདག་ཀྱང་འདི་འདྲ་བར་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་།དེ་བཞིན་གཤེགས་པ་ནི་སླུ་བར་མི་མཛད་པའི་ཕྱིར་ལྷག་པའི་བསམ་པ་ཡོངསུ་དག་པར་སེམས་བསྐྱེད་པ་དང་།སེམས་ཅན་ཐམས་ཅད་ལ ་ཆོས་སྟོན་ཅིང་ཆེར་ན་རབ་ཏུ་གྲོལ་བར་བྱ་བའི་ཕྱིར་ཡང་སེམས་བསྐྱེད་པ་དང་།དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱ་བའི་ཕྱིར་དམ་པའི་ཆོས་ཡོངསུ་བཟུང་བར་ཡང་སེམས་དེ་བསྐྱེད་པ ་སྟེ།བཞི་པོ་དེ་དག་དང་ལྡན་ན་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ།།གཞན་ཡང་བཞི་སྟེ།གཟུགས་དབེན་པར་མཐོང་བ་དང་།ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་དང་།རྣམ ་པར་ཤེས་པ་དབེན་པར་མཐོང་བ་དང་།ཁམས་བཞིན་མཁའ་དང་།འདྲ་བར་མཐོང་བ་དང་།སྐྱེ་མཆེད་གྲོང་སྟོང་པ་ལྟ་བུར་མཐོང་བ་སྟེ།བཞི་པོ་དེ་དག་དང་ལྡན་ན།དེ་བཞིན་གཤེགས་པ ་ལེགས་པར་མཐོང་བ་ཡིན་ནོ།།གཞན་ཡང་བཞི་སྟེ།བདག་མེད་པའི་ཕྱིར་བདག་རྣམ་པར་དག་པ་དང་།སེམས་ཅན་མེད་པའི་ཕྱིར་སེམས་ཅན་རྣམ་པར་དག་པ་དང་།སྲོག་མེད་པའི་ཕྱིར་སྲོག་རྣམ་པར་དག ་པ་དང་།གང་ཟག་མེད་པའི་ཕྱིར་གང་ཟག་རྣམ་པར་དག་པ་སྟེ།བཞི་པ་དེ་དག་དང་ལྡན་ན་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡོན་ནོ།།གཞན་ཡང་བཞི་སྟེ།ལྷའི་མིག་མངོན་པར་འདུ ་བྱེད་པ་མེད་པ་དང་།ཤེས་རབ་ཀྱི་མིག་ཀུན་ཏུ་སྤྱོད་པ་དང་།ཆོས་ཀྱི་མགོ་གིས་སྔར་རྟོག་པ་དང་།སངས་རྒྱས་ཀྱི་སྤྱན་རྗེས་སུ་རྟོགས་པར་བྱེད་པ་སྟེ།བཞི་པོ་དེ་དག་དང་ལྡན་ན་དུ་བཞིན་གཤེགས་པ ་ལེགས་པར་མཐོང་བ་ཡིན་ནོ།།གཞན་ཡང་བཞི་སྟེ།ཆེས་ཐམས་ཅད་མི་དམིགས་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོང་སུ་དག་པ་དང་།ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་གྱི་ཕུང ་པོ་ཡོང་སུ་དྲག་པ་དང་།འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁོང་དུ་ཆུད་པའི་ཕྱིར་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་དག་པ་དང་།དེའི་རྣམ་པར་གྲོལ་བ་མཐོང་བའི་ཕྱིར་རྣམ་པར་གྲོལ་བའི་ཡེ་ཤེས ་མཐོང་བའི་ཕྲེང་པོ་ཡོངསུ་དྲུག་པ་སྟེ།དེས་པ་རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་དང་ལྡན་ན་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ།།དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་ཟའི་ཚོགས་ཆེན ་པོདེ་དག་ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་མཛད་ནས།ངང་པའི་རྒྱལ་པོ་ལྟར་འཁོར་དང་བཅས་ཏེ་བར་སྣང་ལྔ་གཤེག་སོ།།དེ་ནས་ཀོ་སྭ་ལྔའི་རྒྱལ་པོ་གསལ་རྒྱལ་གྱིས་རིགས ་ཀྱི་བུ་ངེས་པ་ལ་འདི་སྐད་ཅེས་སྨྲསོ།།ངེས་པ་ཁྱོད་ནམ་དེ་བཞིན་གཤེགས་པ་ལ་བལྟར་འགྲོ་བའི་ཚེ་ཁོ་བོ་ལ་ཡང་སྦྲོན་ཅིག་དང་།ཁོ་བོ་ཡང་དེ་བཞིན་གཤེགས་པ་ལ་བལྟར་འགྲོའོ།།དེས ་པས་སྨྲས་པ།རྒྱལ་པོ་ཆེན་པོ་དེ་ལྟར་བགྱིའོ།།བདག་ནི་ཁྱོད་བུད་མེད་དང་།གཞོན་ནུ་དང་།བློན་པོ་ལ་སོགས་པའི་འཁོར་དང་བཅས་ཏེ།དེ་བཞིན་གཤེགས་པ་ལ་གཟིགསུ་གཤེགས ་པར་འཚལ་ལོ།།རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་གཅིག་པུ་ལ་ཕན་པའི་ཕྱིར་ཞུགས་པ་མ་ལགས་ཏེ།བྱང་ཆུབ་སེམས་དཔའ་རྣམས་འཁོར་ཕལ་ཆ ་ན་མཛེས་སོ།།རྒྱལ་པོས་སྨྲས་པ།ངེས་པ་བྱང་ཆུབ་སེམས་དཔའི་འཁོར་གང་ཡིན།ངེས་པས་སྨྲས་པ།རྒྱལ་པོ་ཆེན་པོ་ཡོངསུ་སྨིན་པར་བགྱིད་པ་དང་།གདུལ་བའི་སླད་དུ་སེམས་ཅན་ཐམས་ཅད ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགསོ།།རྒྱལ་པོ་ཆེན་པོ་གཞན་ཡང་ཐེག་པ་གཞན་ལ་འདོད་པ་མ་མཆིས་པའི་སླད་དུ་གཞན་དག་ཀྱང་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པའི་བྱང་ཆུབ་ཀྱི ་སེམས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།།རྒྱལ་པོ་ཆེན་པོ་སེམས་ཅན་གཡོན་ཅན་འདུལ་བར་འགྱུར་བའི་ལྷག་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། ་རྒྱལ་པོ་ཆེན་པོ་ཕྱིར་མི་བཟློགས་པར་འགྱུར་བའི་འདུན་པ་དྲག་པོ་ནི་བྱང་ཆུབ་སེམས་དཔའི་འཁོར་ལག་སོ།།རྒྱལ་པོ་ཆེན་པོ་སེམས་ཅན་སེར་སྣ་ཅན་ཡོངསུ་སྨིན་པར་བགྱིད་པར་འགྱུར་བའི། ་སྦྱིན་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལག་སོ།།རྒྱལ་པོ་ཆེན་པོ་སེམས་ཅན་ཚུལ་ཁྲིམས་འཆལ་བ་ཡོངསུ་སྨིན་པར་བགྱིད་པར་འགྱུར་བའི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའི ་འཁོར་ལོགས།།རྒྱལ་པོ་ཆེན་པོ་སེམས་ཅན་གནོད་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བཟོད་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགསོ།།རྒྱལ་པོ་ཆེན་པོ་སེམས ་ཅན་ལེ་ལོ་ཅན་ཡོངསསུ་སྨིན་པར་བགྱིད་པར་འགྱུར་བའི་བརྩོན་འགྲུས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགསོ།།རྒྱལ་པོ་ཆེན་པོ་སེམས་ཅན་སེམས་རྣམ་པར་གཡེངས་པ་ཡོངསུ་སྨིན་པར ་བགྱིད་པར་འགྱུར་བའི་བསམ་གཏན་ནི་བྱང་ཆུབ་སེམས་དཔའི་འཁོར་ལོགས་སོ།།རྒྱལ་པོ་ཆེན་པོ་སེམས་ཅན་འཆལ་བའི་ཤེས་རབ་ཅན་ཡོངསུ་སྨིན་པར་བགྱིད་པར་འགྱུར་བའི་ཤེས ་རབ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།།རྒྱལ་པོ་ཆེན་པོ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་བྱམས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགསོ།།རྒྱལ་པོ་ཆེན ་པོ་འཁོར་བ་ལ་ཡོངསུ་མི་སྐྱོ་བའི་སྙིང་རྗེ་ནི་བྱང་ཆུབ་སེམས་དཔའི་འཁོར་ལེགསོ།།རྒྱལ་པོ་ཆེན་པོ་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པའི་དགའ་བ་ནི་བྱང་ཆུབ་སེམས་དཔའི་འཁོར ་ལགས་སོ།།རྒྱལ་པོ་ཆེན་པ་རྗེ་སུ་ཆགས་པ་དང་།ཁོང་ཁྲོ་བ་སྤོང་བའི་བཏང་སྙོམས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགསོ།།རྒྱལ་པོ་ཆེན་པོ་སེམས་ཅན་ཐམས་ཅད་ཡོངསུ་སྨིན་པར ་བགྱིད་པར་འགྱུར་བའི་བསྡུ་བའི་དངོས་པོ་བཞི་པོ་དག་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།།རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཡོངསུ་དག་པར་བགྱིད་པར་འགྱུར་བའི་དགེ་བའི་རྩ ་བ་རྣམ་པ་སྣ་ཚོགས་བསགས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགསོ།།རྒྱལ་པོ་ཆེན་པོ་བདུད་ཀྱི་ལས་ཐམས་ཅད་ཡང་དག་པར་འདའ་བར་འགྱུར་བའི་སྟོང་པ་ཉིད་དང་།མཚན་མ ་མེད་པ་དང་།སྨོན་པ་མེང་པ་རྣམས་ནི་བྱང་ཆུབ་སེམས་དཔའི་འཁོར་ལག་སོ།།རྒྱལ་པོ་ཆེན་པོ་ཚིག་བཙུན་པར་འགྱུར་བའི་བདེན་པ་དང་།མི་རྩུབ་པ་ནི་བྱང་ཆུབ་སེམས ་དཔའི་འཁོར་ལགསོ།།རྒྱལ་པོ་ཆེན་པོ་སྤོབས་པ་ཕུན་སུམ་ཚོགས་པར་འགྱུར་བའི་མི་འཕྱ་བ་དང་།ཕྲེང་སླད་མི་བགྱིད་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།།རྒྱལ་པོ་ཆེན་པོ ་བརྗེད་ངས་པར་མི་འགྱུར་བའི་ཐོས་པའི་ཡོ་བྱད་སོགས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགསོ།།རྒྱལ་པོ་ཆེན་པོ་ཐོས་པ་འཛིན་པར་འགྱུར་བའི་སླད་དུ་སློབ་དཔོན་དང་མཁན་པོ་ལ ་གུས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལོགས་སོ།།རྒྱལ་པོ་ཆེན་པོ་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བའི་ཐོས་པ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། ་རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡང་དག་པར་འཛིན་པར་འགྱུར་བའི་དམ་པའི་ཆོས་ཡོངསུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། ་རྒྱལ་པོ་ཆེན་པོ་དགེ་བའི་རྩ་བ་ཐམས་ཅད་ཡོངསུ་རྫོགས་པར་འགྱུར་བའི་དགོན་པ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།།རྒྱལ་པོ་ཆེན་པོ་སེམས་ཅན་མ་དད་པ ་དང་པར་འགྱུར་བའི་འཚོ་བ་ཡོངསུ་དག་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགསོ།།རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒྲུབ་པར་འགྱུར་བའི་བག་ཡོད་པ་ནི་བྱང་ཆུབ ་སེམས་དཔའི་འཁོར་ལགསོ།།དེ་ནས་རྒྱལ་པོ་གསལ་རྒྱལ་དགའ་ཞིང་མགུ་ལ་ཡིད་རངས་ཏེ་རབ་ཏུ་དགའ་ཞིང་དགའ་བ་དང་།ཡིད་བདེ་བ་སྐྱེས་ནས་རྒྱལ་པོ་ལ་འོས་པའི་རས་བཅོས་བུ ་ཟུང་སྟོང་ཆོས་ལྔ་དགའ་བའི་ཕྱིར་དེས་པ་ལ་བྱིན་ནོ།།དེས་པས་སྨྲས་པ།རྒྱལ་པོ་ཆེན་པོ་བདག་ལ་བཱ་ཀུརཱ་སྟི་དང་།མཆོད་པ་མཛད་པས་འཚལ་ཏོ།།གང་གིས་བདག་ལ་འཆལ ་བར་འགྱུར་བའི་གོས་རས་རུལ་པའི་དུམ་བུ་བརྒྱ་བརྩེམས་པ་བདགཱ་ལ་མཆིས་ཀྱིས་བདྲག་ནི་བདག་གིར་འཛིན་པ་དང་བཅས་ཤིང་ལོངསུ་འཛིན་པ་དང་བཅས་པའི་གོས་རྣམས་མི། ་འཚལ་ལོ།།རྒྱལ་པོ་ཆེན་པོ་དཔྱིད་ཀྱི་དུས་ན་རས་རུལ་པའི་དུམ་བུའི་གོས་འདི་ཤིང་གི་ཡལ་གྲཝ་ལ་བཀལ་ཏེ།དགུང་གཅིག་གམ།དགུང་གཉིས་སམ།དགུང་བཅུ་འམ། ་དགུང་བརྒྱར་མཆིས་ཀྱང་དེ་ལ་སུ་ཡང་ལེན་པ་མ་མཆིས་ཤིང་།དེ་ལ་སུ་ཡང་ཆགས་པའི་སེམས་བསྐྱེད་པ་མ་མཆིས་ཏེ།བདག་ཀྱང་དེ་བོར་ནས་མི་ལྟ་བར་མཆི་བའི་དུས ་དེ་མཆིས་སོ།།རྒྱལ་པོ་ཆེན་པོ་བདག་ནི་བདག་གི་འཛིན་པ་དང་ཡོངསུ་འཛིན་པ་དང་བཅས་པའི་གོ་སྡེ་རྣམས་མི་འཚལ་ལོ།།རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔས་ནི ་གང་ལ་བདག་ཉིད་ཀྱང་འདོད་པ་སྤོང་བར་འགྱུར་ཞིང་།གཞན་ཡང་འདོད་པའི་སེམས་བསྐྱེད་པར་མི་འགྱུར་བ་དེ་ལྟ་བུའི་གོས་བཅང་བར་བགྱིའོ།།རྒྱལ་པོས་སྨྲས་པ། ་དེས་པགལ་ཏེ་དེ་ལྟར་ནས་བཅོས་བུ་ཟུང་འདི་དག་ཁྱོད་མི་ལེན་ན།ཁབ་ལ་སྙིང་བརྩེབྷའི་ཕྱིར་རྐང་པ་བརྫིས་ཤིག།དྲིས་པས་ལྷ་དེ་བཞིན་དུ་བགྱི་ཞེས་སྨྲས་ནས།རས་བཅོས་རྦ ་ཟུང་དེ་དག་ལ་རྐང་པས་བརྫིས་ཏེ་སོང་ངོ་།།རྒྱལ་པོས་སྨྲས་པ།ངེས་པས་རས་བཅོས་བུ་ཟུང་ཁྱོད་ཀྱི་རྐང་པའི་དམོན་མར་གྱུར་པ་འདི་རྣམས་ཇི་ལྟར་བྱ།ངེས་པས་སྨྲས་པ།རྒྱལ་པོ་ཆེན་པོ་སེམས་ཅན ་དབུལ་པོ་གཅེར་བུ་གོས་མ་མཆིས་པ་གང་ལགས་པ་དེ་དག་ལ་སྩོལ་ཅིག།རྒྱལ་པོས་ངེས་པ་དེ་ལྟར་བྱའོ་ཞེས་སྨྲས་ནས།རྒྱལ་པོས་མི་རྣམས་ལ་སྒོ་སྟེ།དེ་དག་གིས་ཀྱང་ཇི་སྐད་བསྒོ་བ་བཞིན ་དུ་བྱས་སོ།།རས་བཅོས་བུ་ཟུང་དེ་དག་དབུལ་པོ་དེ་དག་གིས་བགྲོས་མ་ཐག་ཏུ་འདི་སྙམ་དུ་སེམས་བསྐྱོད་དེ།བདྲག་ཅག་གིས་ངེས་པ་ལ་ཇི་ལྟར་ལན་གླན་པར་བྱ་སྙམ་པ་ལས།སངས་རྒྱས ་ཀྱི་བྱིན་གྱིས་བརླབས་དང་།དེས་པའི་སྨོན་ལམ་གྱི་སྟོབས་ཀྱིས་དེ་དག་གིས་པར་སྣང་ལ་ཚིག་སུ་བཅད་པ་འདི་དག་ཐོས་སོ།།འདོད་པ་བཞིན་དུ་ལན་ནོ་གླེན་བྱ་བ།།མེ་ཏོག་དང་ནི་སྤོས་དྲང ་བྱུག་པ་དང་།།ཟས་སྐོམ་ནོར་རྣམས་ཀྱིས་ཀྱང་མི་ནུས་ཏེ།།བྱང་ཆུབ་སེམས་ཀྱིས་ངེས་པ་དགའ་བར་འགྱུར།དེས་བཟས་དང་གོས་འདོད་མ་ཡིན་ཏེ།།རེད་དང་བཀུར་སྟི་གྲགས་པ་འདོད་མ་ཡིན།། ་དེས་པ་བྱང་ཆུབ་སེམས་ལས་ཆོས་འདོད་དེ།།བྱང་ཆུབ་སེམས་ཀྱིས་ངེས་པ་དགའ་བ་སྐྱེ།།དེ་ན་དུས་གཞན་ཞིག་ན་རིགས་ཀྱི་བུ་ངེས་པ་དང་།རྒྱལ་པོ་གསལ་རྒྱལ་བཙུན་མོའི་འཁོར་དང ་བཅས།བློན་པོ་དང་བཅས།འཁོར་དང་བཅས་པ་དང་།མཉན་ཡོད་ཀྱི་སྐྱེས་པ་དང་།བུད་མེད་དང་ཁྱེའུ་དང་།བུ་མོ་དང་།སྲོག་ཆགས་བརྒྱ་ཕྲག་མང་པོ་དག།བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དོང་ངོ་།།དེ ་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་བར་དུ་ལྷའི་དབང་པོ་བརྒྱ་བྱིན་འཁོར་གྱི་ཁྱམས་ཆེན་པོ་བཀྲུ་བ་བལྟ་ན་སྡུག་པ།ཡངས་ཤིང་མཐོ་བ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ།འདི་ལྟ་སྟེ་དཔེར ་ན།སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ཁང་བཟངས་རྣམ་པར་རྒྱལ་བ་ལྟ་བུ་ཞིག་སྤྲུལ་ཏེ།དབུས་སུ་ཤིང་ཡོངས་འདུས་རྡོ་བ་སྤྲུལ་ལོ།།ཡོངས་འདུས་རྡོལ་གྱི་དྲུང་དུ་ཡང་།བཅོམ་ལྡན་འདས་ཀྱི ་གདན་སེང་གེའི་ཁྲི་བཀྲ་བ་བལྟ་ན་སྡུག་ཅིང་ཆུ་ཞེང་གབ་པ་ལ།ལྷའི་རས་བཅྡོཾས་བུ་བརྒྱ་སྟོང་དུ་མས་བཏིང་བ་མངོན་པར་སྤྲུལ་ཏོ།།བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟན་དྲུག་ཁྲི་དག་ཀྱང་མངོན་པར ་སྤྲུལ་ཏོ།།ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་ལ་སོགས་པ།ལྷའི་བུ་མོ་ཁྲི་ཉིས་སྟོང་ཡང་མེ་ཏོག་དང་།བདུག་པ་དང་།སྤོས་དང་།མེ་ཏོག་ཕྲེང་དང་།བྱུག་པ་དང་།ལྷའི་ཙན་དན་གྱི་ཕྱེ་མ་དག་ཁྱེར ་ནིས།སིལ་སྙན་དང་ཕེག་རྡོབ་པ་དག་བྱེད་ཅིང་ངེས་པའི་གཡོག་བྱ་བའི་ཕྱིར།བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་བརྒྱན་པར་བྱེད་དོ།།དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་འོང ་བར་ཐུགསུ་ཆུད་ནས།གཙུག་ལག་ཁང་ནས་བྱུང་སྟེ།བྱང་ཆུབ་སེམས་དཔའ་དང་།ཉན་ཐོས་རྣམས་ཀྱིས་ཡོངསུ་བསྐོར་ཅིང་གདན་པ་ཤམས་པ་ལ་བཞུག་སོ།།དེ་ནས་དྲི་ཟའི་བུ་གཙུག་ཕུད་ལྔ ་པས་ལྷའི་བུ་མོ་ཉི་འདི་ལ་སྨྲས་པ།བཟང་མོ་ཚུར་ཤོག།དེས་པའི་གཡོག་བྱ་བའི་ཕྱིར་རྒྱུད་ཀྱི་སྒྲ་དང་།གླུའི་དབྱངས་ཀྱིས་དེ་བཞིན་གཤེགས་པ་ལ་མཆེད་པ་བྱའོ།།དེ་ནས་ལྷའི་བུ ་མོ་ཉི་འོད་ཀྱིས།ལྷའི་བུ་མོ་ལྔ་བརྒྱ་ཙམ་དང་།ཐབས་ཅིག་ཏུ་རྒྱུད་ཀྱི་སྒྲར་སྦྱར་བའི་ཚིག་སུ་བཅད་པ་འདི་དག་གིསྡེ་བསྟོད་པ་ཁྱོད་ཀྱིས་སྐལ་པ་བརྒྱར་ནི་སྔན་ཆད་དཀའ་ཐུབ་སྤྱད།།ཁྱོད་ནི ་བསྡུ་བ་དག་དང་དུལ་དང་སྦྱིན་ལ་དགེས།ཁྱེད་ཀྱི་སྐུ་གསུང་ཐུགས་རྣམས་ཡོངསུ་དག་པ་སྟེ།།སྲིད་གསུམ་འཇིག་རྟེན་བླ་མོ་ལ་ནི་བདག་ཕྱག་འཚལ།།ཁྱོད་ནི་ཐ་བ་མི་མངའོ་བཟོད་དང་བྱམས ་ལ་དགྱེས།།ཁྱོད་ནི་བརྩོན་འགྲུས་བརྟན་དང་སྟོབས་ཀྱི་ཕ་རོལ་གཤེགས།།ཁྱེད་ནི་བསམ་གཏན་བྲོ་དང་ཚུལ་རྣམས་སྣང་ལ་དགེས།།དྲི་མ་གསུམ་གྱི་ཉེས་པ་སེལ་ལ་བདག་ཕྱག་འཚལ ་ཁྱོད་ནི་འདོད་ཆགས་ཞེ་སྡང་གཏི་མུག་སེལ་ལ་དགེས།།ཁྱེད་ཀྱི་ཐུགས་ནི་ཞི་ཞིང་སྙོམས་ལ་ཐུགས་རྗེར་ལྡན།།ཁྱོད་ནི་ལྡེང་དག་གསུང་ཞིང་དམ་པའི་དོན་ཡང་མཁྱེན།།སྲེད་པ་གསུམ ་པོ་ཐར་པར་མཛད་ལ་བདག་ཕྱག་འཚལ།ཁྱོད་ནི་མཐོང་བ་རྣམས་ཀྱི་ཐེ་ཚོམ་སེལ་བར་མཛད།།ཁྱོད་ནི་མཐོང་བ་རྣམས་ཀྱི་སྐྱོན་རྣམས་མཐའ་དག་སེལ།།ཁྱོད་ནི་འགྲོ་བ་རྣམས་ལ་མཆོག ་ཏུ་དགའ་བར་མཛད།།བདག་ནི་རྒྱལ་ལ་སྲོག་གིས་སྐྱབསུ་མཆི་བར་བགྱི།།ལྷའི་བུ་མོ་མཆོག་ནི་འདོད་ཆགས་ཆགས་གྱུར་པ།།གང་གིས་མཐོང་བ་དེ་ཡང་ཆོས་ལ་དགའ་བར་འགྱུར། ་དབང་བས་དྲན་པ་ཤིན་ཏུ་རྒྱ་ཆེན་ཐོབ་འགྱུར་ཏེ།།དགའ་བས་སྡུག་ལྔ་འདོད་པའི་དགའ་དང་བྲལ་བར་འགྱུར།།མཚན་མཆོག་སུམ་ཅུ་རྩ་གཉིས་དག་གིས་བརྒྱན་རྣམས་ཀྱིས།།ལེགས་པར་བརྒྱན ་པ་གསལ་བའི་ཡོན་ཏན་མཆོག་མངའ་བ།།གསུང་མཆོག་མི་ཡི་དམ་པ་གསུང་ནི་རྣམ་པར་དག།མཚུངས་པ་མེད་པའི་འོད་མངའ་ཁྱོད་ལ་བདག་ཕྱག་འཚལ།།འཕགས་པ་འཛམ་བུའི། ་ཆུ་བོའི་གསེར་མདོག་ཕྱག་མཐིལ་སྡུག།ཐུབ་པའི་སྐུ་སྟོད་སེང་གེའི་འདྲ་ཞིང་གླང་ཆེན་སྐྱབས།།སྨིན་ཚུགས་ལེགས་ཤིང་ཤངས་ལེགས་ཚོམས་སྙོམས་ཐགས་བཟང་མཛེས།། ་དཔལ་གྱི་སྙིང་པོ་ཤཱཀྱ་ཐུབ་མཆོག་ཁྱོད་ལ་འདུད།།རྒྱལ་བ་ཡོན་ཏན་བརྒྱ་ཕྲག་དག་གིས་རྒྱས་གྱུར་པ།།བདེ་གཤེགས་ཤིན་ཏུ་དགའ་བ་སྐྱེད་མཛད་བསྟོད་པ་ཡི།།བསོད་ནམས ་ཡོན་ཏན་མཐའ་ཡས་བསྒྲུབས་པ་གང་ལགས་པ།།དེ་ཡིས་འདིར་ནི་འཇིག་རྟེན་སངས་རྒྱས་མཉམ་གྱུར་ཅིག།དེ་ནས་རིགས་ཀྱི་བུ་དེས་པ་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་གིས་ཡོངསུ ་བསྐོར་ནས།བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྗགསཱ་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།དེ་ནས་རྒྱལ་པོ་གསལ་རྒྱལ ་གྱིས་རིགས་ཀྱི་བུ་དེས་པ་ལ་ཁྲིའུ་སྟན་བཟང་པོ་བདག་ཉིད་ཀྱིས་བྱིན་ཏེ་འདི་ལ་འདུག་ཅིག་ཅེས་བྱས་ནས་རིགས་ཀྱི་བུ་དེས་པ་ཁྲིའུ་སྟན་བཟང་པོ་དེ་ལ་འདུག་གོ།རྒྱལ་པོ་གསལ་རྒྱལ ་འཁོར་དང་བཅས་པ་ཡང་།།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་རང་རང་གི་སྦྱིན་ལ་འཁོད་དོ།།དེ་ནས་རིགས་ཀྱི་བུ་གང་དག་གིས་ངེམ་པ་སྒྲོན་མ་མཐོང ་བ་དེ་དག་འདི་སྐད་དུ།དབུལ་པོ་གོས་ངན་པ་གྱོན་པ་འདི་ལ།འདི་ལྟ་བུར་མཆོད་པ་བྱེད་དོ་ཞེས་འཛེར་ཏོ།།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲ་སོ།།གྲོགས ་པོ་དག་འདི་ལ་བརྙེས་པར་མ་བྱེད་ཅིག།རིགས་ཀྱི་བུ་འདིའི་ཡོན་ཏན་གྱི་ཆེ་བ་ཉིད་ཇི་སྙེད་དང་ལྡན་པ་དེ་ནི་ཁོ་བོའི་མངོན་སུམ་དུ་གྱུར་ཏོ།།གྲོགས་པོ་དག་ཁྱོད་རེ་ཤིག་སྡོད་ཅིག་དང་།རིགས ་ཀྱི་བུ་འདིའི་ཡོན་ཏན་གྱི་བཀོད་པ་མཐོང་བར་འགྱུར་རོ།།དེ་ནས་རིགས་ཀྱི་བུ་ངེས་པས་ལྷའི་བུ་དེ་དག་གི་བསམ་པ་རྟོགས་ནས།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བྱང་ཆུབ ་སེམས་དཔའ་རྣམས་ཀྱི་སེམས་ཅན་ཡོངསུ་སྨིན་པར་བགྱི་བའི་བཀོད་པའི་ཐབྲས་དང་།ཡེ་ཤེས་ཀྱི་བཀོད་པའི་ཐབས་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།།དེ་ནས་བཅོམ་ལྡན ་འདས་ཀྱི་སྐུ་ལས་འོད་ཕྱུང་སྟེ།འོད་དེས་ངེས་པའི་ལུས་ལ་རེག་ནས།ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་གཟུགས་ཀྱི་ལུས་ཡོངསུ་གྲུབ་པ་ཅི་འདྲ་བ་དེ་ལ་འབུམ་གྱུར་པས་ཀྱང་ཆེས་ལྷག་པར ་གྱུར་ཏོ།།དེ་ནས་ལྷའི་བུ་དེ་དག་ཡ་མཚན་དུ་འཛིན་པར་གྱུར་ཏེ།ངེས་པ་ལ་མེ་ཏོག་དག་གིས་གཏོར་ཏོ།།དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེས་པ་ལ་བཀའ་སྩལ་པ།ངེས་པ ་དྷ་ཆུབྱུ་ཆུབ་སེམས་དཔའ་ང་མ་ལ་གནས་ངའི་རྒྱ་ཡང་།སེམས་ཅན་ཡང་སུ་རློན་པར་བྱུབ་པྱོ་དུམན་པ་ན་ཅིང་།དམན་པའི་མཐུ་ལ་གནས་ཀྱང་།སེམས་ཅན་ཡོ་སྨྲ་སྦྱིན་པར་བྱུ་བ ་།མཆོག་ཏུ་སྟོན་པར་བྱེད་པ་འདི་ནི་དེའི་བཀོད་པ་ཡིན་ནོ།།ཡེ་ཤེས་ལ་གནས་རྒྱ་མི་གས་པར་སྟོན་ཅིང་།མི་ཤེས་པར་སྨིན་ཀྱང་།ཤེས་པར་སྣང་བ་འཛིན་དེའི་བཀོད་པ་ཡིན་ནོ།།མ་ས ་མཐབ་པ་རྣམས་ལ་ཡང་ལུས་ཀྱི་སྤྱོད་པ་དང་།སྤྱོད་ལམ་གྱིས་དད་པ་བསྐྱེད་པར་བྱེད་ཅིང་།ཡེ་ཤེས་ཐོབ་པ་རྣམས་ལ་ཡང་སྤྱོད་པ་ཐམས་ཅད་ཡང་དག་པར་སྟོན་པས།རྫུ་འཕྲུལ་སྟོན་པར་བྱེད ་པ་འདྲིན་དེའི་བཀོད་པ་ཡིན་ནོ།།རྟག་ཏུ་སེམས་ལ་དབང་བྱེད་པས་ངན་ཅིང་དབུལ་པོ་བསྟོན་ཅིང་།ཚངས་པས་ཀྱང་མཆོད་པ་དང་།མཆོག་གི་བཀོད་པཱ་ལ་གནས་ཀྱང་།སྐྱེ་བ་ཐལ་གྱིས་ཀྱང་མཆོད་པ ་འཛི་དེའི་བཀོད་པ་ཡིན་ནོ།།སེམས་ཅན་བསྡུ་བའི་ཕྱིར་ངན་ཅིང་དབུལ་བར་ཡང་ཉེ་བར་སྟོན་ལ།སེམས་ཅན་རྣམས་ལ་མངོན་པར་འབྱུང་བ་བསྐྱེད་པའི་ཕྱིར།ལོངས་སྤྱོད་རྒྱ་ཆེན་པོ་དང་ལྡན་འདྲ་དྲན ་བཱར་འབྱུང་བ་སྟན་པ་འདྲི་ནི་དེའི་བཀོད་པ་ཡིན་ནོ།།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་རིགས་ཀྱི་བུ་ངེས་པས།ཇི་སྐྱིད ་ཅིག་ནས་བྱང་ཆུབ་འི་ཕྱིར་སྤྱད་པ་བགྱིས་ལགས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཀུན་དགའ་བ་རིགས་ཀྱི་འངས་པ་ནི་སངས་རྒྱས་བྱེ་བ་མང་པོ་ལ་བསྟན་བཀུར་བྱས་པ། ་གྱི་ཚུལ་ཕུན་སུམ་ཚོགས་པ་བཟོད་པ་གསུམ་ཐོབ་པ།སྤོབས་པ་ཐོབ་པ།མངོན་པར་ཤེས་པས་རྣམ་པར་རྩེ་བ་བྱས་པ།སེམས་ཅན་ཡོངསུ་སྨིན་པར་བྱ་བ་ལ་མཁས། ་པ་སྟེ།དྲན་ཅིང་དབུལ་བས་སེམས་ཅན་རྣམས་འདུལ་བར་བྱེད་དོ།།གསོལ་པ།བཅོམ་ལྡན་འདས་འདིས་ངན་ཅིང་དབུལ་བ་འདིས་སེམས་ཅན་ཇི་སྙེད་ཅིག་བརྟུལ་ལགས།བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ།ཀུན་དགའ་བོ་ལྷའི་བུ་འབུམ་ཕྲག་མང་པོ་དག་བླ་ན་མེད་པ་ཡིང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་སྨིན་པར་བྱས་ཏེ།མི་རྣམས་ཀྱང་དེ་དང་འདྲའོ།། ་ཀུན་དགའ་བོས་གསོལ་པ།བཅོམ་ལྡན་འདས་ཇི་སྲིད་ཅིག་ན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར།འདིའི་སངས་རྒྱས་ཀྱི ་ཞིང་གི་བཀོད་པ་རྣམས་ནི་ཅི་འདྲ་ཞིག་ཏུ་འགྱུར།མིང་ནི་ཇི་སྐད་ཅེས་བགྱི་བ་ཞིག་ཏུ་འགྱུར་པ་ལགས།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཚིག་སུ་བཅད་དེ ་བཀའ་སྩལ་པ།སེམས་ཅན་དོན་ལ་བརྩོན་དང་བརྟུལ་ཞུགས་བརྟན་པ་དང་།།དྷྲྀ་གས་པ་རྒྱ་ཆེན་དག་གིས་བསམ་པ་ཁྱབ་བྱས་དང་།།བྱང་ཆུབ་ཡོན་ཏན་གནས་པའི་སྤྱོད་པ་ཅི་འདྲ་བ།། ་ངས་ནི་ཁྱོད་ལ་བཤད་ཀྱིས་ཀུན་དགའ་ཁྱོད་ཉོན་ཅིག།འདི་ན་རྒྱལ་ལ་མཆོད་མཆོག་ཕྱིར་ནི་གུས་བྱེད་ཅིང་།།དམ་པའི་ཆོས་ནི་བསྲུང་ཕྱིར་རབ་ཏུ་བརྩོན་བྱེད་པ།།དེས་པ་ལཱི་ནི་སྤྱོད ་བའི་རྣམ་པ་གང་ཡིན་པ།།དེ་དག་འདིར་ནི་འགྲང་བ་ནུས་པར་མི་འགྱུར་རོ།།ཕ་རོལ་ཕྱིན་པ་འདི་དག་ལ་ནི་ལེགས་པར་བསྒྲུབ་སྟེ།།མངོན་པར་ཤེས་པ་དག་གིས་སྟན་ཆད་རྩེ་བ་བྱས།།ཚངས་པའི་གནས།། ་རྣམས་ཀྱིས་ནི་མཐའ་མར་ཕྱིན་པར་སོང་།།ཐབས་ལ་མཁས་པའི་སྤྱོད་པ་དག་ལོ་ལྤགས་པར་བསླབས།།འདིར་ནི་དེ་ཡིས་འདུས་བྱས་སྐྱོན་རྣམས་ལེགས་པར་མཐོང་།།སྤངས་རྒྱས་བྱང་ཆུབ ་ཀྱང་ནི་མངོན་སུམ་གྱུར་པར་བྱས།།འདིས་ནི་སེམས་ཅན་ཇི་ལྟ་ཇི་ལྟར་ཐར་གྱུར་པའི།།རྣམ་པར་སྨིན་པའི་མཚན་ཉིད་ལ་ཡང་ལེགས་པར་བསྐྱབས།།འཇིགས་པ་མེད་ཅིང་བློ་དང་རྟོགས་དང་། ་དྲན་དང་ལྡན།།སྤོབས་པ་དང་ནི་གཟུགས་རྣམས་དང་ཡང་ལྡན་པ་སྟེ།།བདུད་ཀྱི་ལྕགས་ཀྱུ་ཉོན་མོངས་རྫབ་ལས་ངེས་བྱུང་ཞིང་།།སངས་རྒྱས་སྤྱོད་ཡུལ་དོན་ཆེན་ལ་ནི་རབ་ཏུ་གནས།།འཇིག ་རྟེན་ཆོས་རྣམས་མང་པོ་དག་གི་མི་གོས་ལ།།ཆགས་པ་ལ་སོགས་རྣམས་ཀྱིས་དྲུག་ལྟར་ཡོངས་མྱི་གཡོས།།སུ་ཡི་དྲུང་དུ་མི་འགྲོ་རིང་དུ་བྱེད་པའང་མནི།།ན་མཁའ་ལྟ་བུར་བཅིངས་དང་གྲོལ ་བ་མེད་པ་ཡིན།།སྙིང་རྗེས་གནས་ཤིང་སེམས་ཀྱང་ཡོངས་སྐྱོ་བ་མེད།།ཤིན་དུ་བསྡམས་ཤིང་ནེམ་ནུར་ཅན་ལ་བྱམས་སེམས་ལྡན།།སེམས་ཅན་ཀུན་ལ་བདག་དང་འདྲ་བར་སྡུག་པར ་བལྟ།།སྐྱོན་ལ་མི་ལྟ་འཁྲུལ་པ་དག་དང་ལྡན་མ་ཡིན།།ཇི་ལྟར་བསྟན་པ་བཞིན་དུ་བསྒྲུབ་པ་རྣམས་ལ་གནས།།འདི་ནི་ཇི་སྐད་སྐྱེས་པ་བཞིན་དུ་སྤྱོད་པར་བྱེད།།ཆོས་ཉིད་ལ་ནི་ཆོས་ཀྱི ་ཚུལ་གྱིས་ལེགས་པར་བསྒྲུབས།།སྟོང་པ་ཉིད་ལ་མོས་ཤིང་གཉིས་ལས་རྣམ་པར་གྲོལ།།བཟོད་པ་གསུམ་ཐོབ་སྐྱེ་བའི་སྤྱོད་ཡུལ་མ་ཡིན་ཏེ།།སངས་རྒྱས་ཚུལ ་དང་ཡོན་ཏན་དག་ལ་རབ་ཏུ་གནས།།འདི་ནི་འཇིག་རྟེན་གང་དུ་རྒྱུ་བ་བྱེད་པ་ན།།དེར་ནི་སྐྱེ་བོ་མང་པོ་རྣམ་པར་གྲོལ་བར་བྱེད།།སངས་རྒྱས་ཀྱི་ནི་སྨག་འདི་གང་དུ་གནས་པ་དེར།།དེ ་བཞིན་གཤེགས་པའི་ཡུལ་ནི་སྟོངས་པ་མ་ཡིན་ཏེ།།དེ་ལ་ལྕི་དངོ་བཅས་པའི་འཇོག་རྟེན་མ་ལུས་པས།།ཇི་ལྟར་སངས་རྒྱས་བཞིན་དུ་འདི་ལ་གུས་པར་གྱིས།།ད་ནི་མྱ་ངན་འདུས ་ནས་ཉམས་པའི་དུས་བབ་ཚེ།།ངེས་པ་འདི་ནི་སངས་རྒྱས་སྤྱོད་པ་སྤྱད་ནས་ཀྱང་།།སྔོན་ཆད་གྲནས་པ་མངོན་པར་དགའ་བའི་འཇིག་རྟེན་ཁམས།།མི་འཁྲུགས་འཇིག་རྟེན་ཉིད ་དུ་ཕྱིར་ཡང་འགྲོ་བར་འགྱུར།།བརྟན་པོ་སྲོག་ཆགས་རྣམས་ལ་ཕན་པར་བྱ་བ་དང་།།ཞིང་གི་འབྱོར་པ་དག་ནི་ཡོངསུ་བཙལ་བ་དང་།།བྱང་ཆུབ་ཏུ་ནི་སེམས་ཅན་ཡོངསུ་སྨིན ་བྱེའི་ཕྱིར།།སྤྲུལ་པ་གྲངས་མེད་གསུམ་དུ་སྤྱད་པ་སྤྱོད་པར་བྱེད།།དེ་ཡི་འོག་ཏུ་དེ་ནི་སྐྱོབ་པ་རྒྱལ་བར་འགྱུར།།མིང་ནི་འཇིག་རྟེན་རྒྱལ་པོ་དབང་ཕྱུབ་ཅེས་ཀྱང་བྱ།།དེ་བཞིན ་གཤེགས་པ་མི་འཁྲུགས་པ་ཞེས་བྱ་བ་ཡི།།ཞིང་དང་དེ་ཡི་འཇིག་རྟེན་དུ་ནི་མཚུངས་མ་ཡིན།།འཇིག་རྟེན་ཁམས་དེ་ལེགས་པར་སྤྲུལ་པ་ཞེས་བྱ་སྟེ།།ཡོན་ཏན་ཐམས་ཅད་དང་། ་ནི་ལྡན་པར་འགྱུར་བ་ཡིན།།དེ་ཡི་ཚེ་ཡི་ཚད་ནི་ལོ་ཁྲི་ཐུབ་པར་འགྱུར།།དེ་ཡི་དགེ་འདུན་ཤིན་ཏུ་མང་སྟེ་བགྲང་ལས་འདས།།ཉན་ཐོས་ཐེག་པ་ཅན་གྱི་དགེ་འདུན་ཉུང་བར་འགྱུར།།ཕལ་ཆེར་བྱང་ཆུབ་དོན་དུ ་བརྩོན་པ་བྱས་ནས་སུ།།དེ་དག་ཐམས་ཅད་ཡེ་ཤེས་སྟོབས་དང་རྫུ་འཕྲུལ་ལྡན།།རྣམ་པར་ཐར་པ་རྣམས་དང་ལྡན་ཞིང་འཇིགས་པ་མེད།།གཅིག་པུ་ངེས་པར་ཆོས་ནི་ལེགས་པར་བཤད་རྣམས་ཀྱིས།།། ་འཇིག་རྟེན་ཁམས་དེར་རྟག་ཏུ་སྒྲ་ཆེན་བསྒྲགས་པར་འགྱུར།།དེ་ན་བདུད་རྣམས་མེད་ཅིང་སྲིད་པར་ཆགས་པ་མེད།།དེ་དག་ཐམས་ཅད་ཡང་དག་རིག་ཅིང་རྣམ་པར་དག།བདེ་བར་གཤེགས་དེ ་ཡོངསུ་མྱ་ངན་འདས་གྱུར་ནས།།ལོ་ནི་བརྒྱད་ཅུ་དག་ལས་བཞི་ལྷག་རྣམསུ་ཡང་།།དེའི་དམ་པའི་ཆོས་ནི་རབ་ཏུ་སྤྱོད་པར་འགྱུར།།དེ་ཚེ་དེ་ཡི་ཆོས་ཀྱི་ཚུལ་ནི་འཁྲུག་པ་མེད།།ངེས་པ་དེ་ཡིས། ་གང་དག་ཡོངསུ་སྨིན་བྱས་པ།།དེ་དག་བྱང་ཆུབ་བླ་ན་མེད་པའི་དོན་དུ་སྤྱོད།།ཞིང་དེར་སེམས་ཅན་གང་དག་འབྱུང་བར་འགྱུར་བ་རྣམས།།དེ་དག་ཐམས་ཅད་སྐྱོན་རྣམས་དང་ནི་བྲལ་བ་ཡིན།། ་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བྱ་ངེས་པ་ལུང་བསྟན་པ་བཤད་མོ་ཐག་ཏུ།དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པོ་དྲུག་ཏུ་གཡོས་ཏེ།ལྷའི་མེ་ཏོག ་དང་།ཕྱི་མ་དང་།གོས་དང་།རྒྱན་གྱི་ཆང་ཡང་མངོན་པར་བབ་པོ།།ཐམས་ཅད་དང་ལྡན་པའི་འཁོར་གྱིས་ཀྱང་རང་རང་གི་གོས་རྣམས་རིགས་ཀྱི་བུ་ངེས་པ་ལ་བཀབ་པོ།།ཚོང་དཔོན་དང་།ཁྱིམ ་བདག་དང་།བྲམ་ཟེ་བརྒྱ་ཕྲག་མང་པོ་དག་ཀྱང་རབ་ཏུ་བྱུང་ངོ་།།དེ་ནས་བཅོམ་ལྡན་འདས་ལ་ངེས་པས་འདི་སྐད་ཅེས་གསོལ་ཏོ།།བདག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ ་བ་ལ་རབ་ཏུ་འབྱུང་བར་གསོལ།དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་ངེས་པའི་མགོ་བོ་ལ་ཕྱག་གིས་བྱུག་སོ།།བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེས་པའི་མགོ་བོ་ལ་རེག་མ་ཐག་ཏུ་གོས ་ངུར་སྨྲིག་དགོས་ཤིང་།དགེ་སློང་དུ་སྣང་བར་གྱུར་ཏོ།།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཀུན་དགའ་བོ་སྙིགས་མ་ལྔ་པོ།།དུས་ཀྱི ་སྙིགས་མ་དང་།སེམས་ཅན་གྱི་སྙིགས་མ་དང་།ཞིང་གི་སྙིགས་མ་དང་།ཚེའི་སྙིགས་མ་དང་།ཉོན་མོངས་པའི་སྙིགས་མའི་དུས་སུ།ང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ་དེར་ངེས་པས་ཇི་ལྟར་འདུལ་བ་ལས་རྣམ་པ་གཞན་གྱིས་གདུལ་བར་མི་བྱའོ།།ཀུན་དགའ་བོ་ང་ནི་འཇིག་རྟེན་གྱི་ཁམས་མི་མཇེད་དུ་སངས་རྒྱས་ཀྱིས་འདུལ་བས་སེམས་ཅན་རྣམས་འདུལ ་བར་མི་བྱེད་ཀྱི།ཀུན་དགའ་བོ་ང་ནི་ངན་ཅིང་དབུལ་བ་དང་།ངན་འགྲོའི་འཇིགས་པས་བསྡིགས་པས་སེམས་ཅན་རྣམས་འདུལ་བར་བྱེད་དོ།།ཀུན་དགའ་བོ་གལ་ཏེ་འཇིག་རྟེན་གྱི་ཁམས ་འདིར་སངས་རྒྱས་ཀྱི་ཡུལ་གྱིས་ཆོས་བསྙན་ཅིང་།སངས་རྒྱས་ཀྱི་ཡུལ་ཉེ་བར་བསྟན་དུ་ཟིན་ན།སེམས་ཅན་གཅིག་ཀྱང་འདུལ་བར་མི་འགྱུར་ལ།ཆོས་ཀྱང་རྟོག་པར་མི་འགྱུར་རོ།།ཀུན ་དགའ་བོ་དེ་ལྟ་བས་ན།ང་དྲང་ངེས་པ་ཇི་ལྟར་འདུལ་བར་བྱེད་པ་དེ་བཞིན་དུ།ཁྱོད་ཀྱིས་ཀྱང་སེམས་ཅན་འདུལ་བར་གྱིས་ཤིག།ཀུན་དགའ་བོ་སེམས་ཅན་དད་པ་ཅན་དང་།རྟོགས་པ་མང་བ་དག་འབྱུང ་བར་འགྱུར་ཏེ།དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན།དད་པ་རྙེད་ཅིང་དེ་བཞིན་དུ་སྒྲུབ་པར་འགྱུར་རོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།ཚེ་དང་ལྡན་པ་ཀུན་དགའ་བོ་དང ་བྱང་ཆུབ་སེམས་དཔའ་དེས་པ་དང་།བྱང་ཆུབ་སེམས་དཔའ་དེ་དག་དང་།དགེ་སློང་དེ་དག་དང་།ལྷའི་དབང་པོ་བརྒྱ་བྱ་ནི་དང་།རྒྱལ་པོ་གསལ་རྒྱལ་དང་།ལྷ་དང་ལྷ་མ་ཡིན་དང་།དྲི་ཟེར ་བཅས་པའི་འཇིག་རྟེན་ཡིད་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ ་ལས།ངེས་པས་ཞུས་པའི་ལེའུ་ཞེས་བྱ་སྟེ་འདུས་པ་ཉི་ཤུ་བདུན་པ་རྫོགས་སྷོ།།།བམ་པོ་གཅིག་པ།།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་།སུ་རེན་དྲ་བོ་དྷི་དང་།ཞུ་ཆེན་གྱི་ལེ ་ཙྪ་བ་བན་དྲེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ།གཏན་ལ་ཕབ་པའོ།།།རྒྱ་གར་སྐད་དུ།ཨཱརྱ་བཱ་རི་དད་ཏ་པ་རི་པྲི་ཙྪ་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ།བོད་སྐད་དུ།འཕགས ་