| Wylie | e-texts produced with BDRC’s OCR application |
ཚུལ་རྟ་བཟང་ལེགས་བསྐུལ་པ་བརྒྱར་ཡང་བལྟར་མོ་ངོམས།།པདྨ་ལེབ་རྒན་ཚན་ལྟར་དམར་བའི་སྒོས།།ཡིད་གཞུངས་འཕེལ་བ་འཁྱོལ་བ་བཟང་ལེགས་སྐུ།།མདོག ་སྡུག་ཆུ་སྐྱེས་སྣང་བ་མཚོ་ལོ་བཞིན།།ཤིན་ཏུ་དང་བའི་ཡིད་ཀྱིས་འཛུམ་པ་མཛད།།ཞལ་རས་ཟླ་འདྲ་གསེར་གྱི་མདོག་གིས་རྒྱས།།འོད་ཀྱི་དཀྱིལ་འཁོར་གསེར་ཕྲེང་དུ་མས་སྤྲས།།གསལ་བའི་འོད།། ་ཐིང་ཉི་མོ་བརྒྱ་པས་ལྷག།འོད་ཟེར་སྣ་ཚོགས་སྦྱིན་ཕུང་བཞིན་དུ་འཕྲོ་ཆོས་དབྱིངས་འཇམ་པའི་དབྱངས་ཀྱི་སྒྲ་སྒྲོགས་པ།།ཀ་ལ་བིང་ཀཱ་ལྟ་བུར་ཡིད་འཕྲོག་མཛད།།སང་སྲང་དབྱངས་རབ་གསུང ་དབྱངས་རབ་སྒྲགས་པ།།སེང་གེའི་ང་རི་གསེར་གྱི་དྲིལ་ལྟར་འཁྲུལ།།སྐྱེས་མཆོག་མཛད་པ་རྒམ་པར་མཛོད་པའི་སྐུ།།ཆ་ལུགས་བཞིན་འཆང་གཟི་བརྗིད་འཕགས་པའི་སྐུ།།གཞོན་ནུའི་ཚུལ ་ཚོགས་ཤིན་དུ་གཞོན་པར་གདའ།།གདུལ་བྱའི་སྐྱེ་བོ་གཞོན་ནུ་གཟུགས་ཀྱིས་གདུལ།།དབུ་རྒྱན་རིན་ཆེན་རྣམ་པ་སྣ་ཚོགས་དང་།།མུ་ཏིག་དོ་ཤལ་གསེར་གྱི་རྒྱན་དུ་བཀོད།།པདྨ་ལྷ་ཡིན་བཟའ ་སིལ་མ་བསྣམས།།གཡས་ན་མཚོན་མཆོག་བསྣམས་པ་ཐབས་ཀྱིས་འདུལ།།དཔེ་མེད་རྣ་བ་ཤེས་རབ་ཉིད་དུ་ངེས།།ཆོས་དབྱིངས་ཚུལ་ཉིད་ཡང་དག་བརྗོད་པ་དང་།།མི་ཤིགས་རྡོ་རྗེ ་གཏན་ནས་འབིགས་པའི་ཚུལ།།གཡོན་པ་ཤེས་རབ་ཕ་རོལ་ཕྱིན་པ་དང་།།གླང་ངོར་གཉིས་མེད་བསམ་གྱིས་མི་ཁྱབ་དབྱིངས།།ཟབ་མའི་ཚེ་ས་ཉིད་ཐུགསུ་ཆུད་པའི་དོན།།བཅྡོཾས་ཀྱིས ་ཇམ་དཔལ་རྣོན་པོ་ལ་བསྟོད་པ་རྫོག་སྷོ།།།འཇམ་དཔལ་ངག་གི་དབང་ཕྱུག་ལ་བུ་མོ་བརྒྱད་ཀྱིས་བསྟོད་པ།གཞོན་ནུའི་སྐུ་ལུས་འཆང་བ་པོ།།ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཉིང་།།འ ་རྟེན་གཏི་མུག་མུན་སེལ་བ།།འཇམ་པའི་དབྱངས་ལ་ཕྱག་འཚལོ།།ཟླ་བ་རྒྱས་བཟིལ་གནོན་ཞིང་།།མ་རིག་རྣམ་པར་བསལ་གྱུར་པ།།འཇམ་པའི་དཔལ་ལ་ཕྱག་འཚལ།།མ་བགྱིས་ཟུར་དུང ་གསལ་བ་ལ་རྐོར་བུ་འབར་བའི་སྐུ་མངའ་ཞིང་།།ཉིད་ནི་ཀུན་ཏུ་དགའི་བའི་སྐུ།།འཇམ་དཔལ་ཁྱོད་ལ་ཕྱག་འཚལོ།།བདུད་རྩི་འདྲ་ཞིང་འཇམ་ལ་ཟབ།།ཡིད་འོང་གསུང་གི་སྒྲ་སྒྲོག་པ།།དམ་པའི ་ཆོས་ཀྱི་རིན་ཆེནི་མཛད།།འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད།།གང་གཱའི་ཆུ་ཐིགས་ལྟར་གྲངས་མོད།།འཇིག་རྟེན་ཁམས་ཀུན་མ་ལུས་པར།།ཉོན་མོངས་དྲི་མ་མ་ལུས་པ།།འཇམ་དཔལ ་ཁྱེད་ལ་ཕྱག་འཚལ་བསྟོད།།མཆེ་བ་གཙིགས་ཞིང་བསྒྲིམས་པ་ཡི།།འཇིགས་པའི་སྐུ་ཡི་ཚུལ་གྱིས་ནི།།གཤིན་རྗེའི་དྲེགས་པ་འཇོམས་མཛད་པ།།འཇམ་དཔལ་ཁྱོད་ལ་ཕྱག་འཚལ ་སྟོད།།རང་གི་སྤྲིན་དང་མདངས་འདྲ་བའི།།ུད་པ་ལ་སྔོན་པོས་རབ་མཛེས་པ།།ལྷུང་བཟེད་ཕྱག་ན་བསྣམས་པ་ཡི།།འཇམ་དཔལ་ཁྱོད་ལ་ཕྱག་འཚལོ།།ཕྱོགས་བཅུར་བཞུགས་པའི ་སངས་རྒྱས་ལོ།།རྒྱ་ཆེར་མཆོད་དང་བསྟོད་པ་ཡིས།།གྲོལ་བའི་ལམ་ནི་སྟོན་པ་པོ།།འཇམ་དཔལ་ཁྱོད་ལ་ཕྱག་འཚལོ།།བུ་མོ་བརྒྱད་ཀྱི་བསྟོད་པ་རྫོགས་སོ།། ་