| Wylie | e-texts produced with BDRC’s OCR application |
མ་ཧཱ་སཽ་བིདྷི། དྷྱཻ་བ་བོདྷཱ་ནི།ཧ་ལ་ཧཱ་ལ་ཧཱ་ལ། ལ་ཧི་ལིཙྪི་ལི།ཧུ་ལུ་ཀུ་ལུ་ཧུ་ལུ།སརྦ་རྦདྡྷཱ།དྷཱརྨ་ཨ་བ་བྷོ་དྷཱི་ནི།སྠཱ་ཊ་སྱཱཊ ་སྥུ་ཊ་ནི།སརྦ་པཱ་པ་ནི།བུདྡྷ། དྷི།ནཱིན་སྭཱཧཱ།།འཕགས་པ་རྒྱལ་བའི་བླ་མའི་གཟུངས་རྫོག་སོ།།།།སངས་རྒྱས་ལ་ཕྱུག་འཚལོ།།ཆོས ་ཕྱག་འཚ་ལོ།།དགེ་འདུན་ལ་ཕྱག་འཚའོ།།འཕགས་པ་སྤྱན་རས་གཟིགས་དབང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕྱག་འཚལོ།།དེ་རྣམས་ལ ་ཕྱག་འཚལ་ནས་རིག་པ་འདི་འཛིན་གྱིས་རིག་པ་འདི་བདག་ལ་གྲུབ་པར་གྱུར་ཅིག།ཏད་ཡ་ཐཱ།ཧཱ་ན་ཧ་ནཱ་སཱ་ནེ།ན་བ་སྭཱ་ནེ།ཛྭ་ལ་ཛྭ་ལ་ནེ།ཙ་ལ་ཙ་ལ་ནི།པཱུརྠ ་ཡོ་གཱ་མ་ནུ་སྨ་ར་ཕཊ།མ་ཧཱ་ཧསྟཱ་ཡ་སྭཱ་ཧཱ།གང་གིས་རིག་པ་འདི་བླགས་པ་དེ་ཚེ་རབས་བརྒྱད་སྟོང་དུ་སྐྱེ་བ་དྲན་པར་འགྱུརརོ།།འདི་ནས་ཤི་འཕོས་ནས་ཀྱང་བདེ ་ལྡན་གྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ།།བདེ་ལྡན་གྱི་སྙིང་པོ་རྫོགསོ།།།ན་མོཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ནུ་ག་ཏེ།ོཾ་ཀུ་རུཾ་གཱི་ནི་སྭཱ་ཧཱ།།འདི ་ལེན་གཅིག་བཟླས་པས་ཀྱང་བསྐལ་པ་འབུམ་ཕྲག་བརྒྱ་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་ཡང་ཟད་པར་འགྱུར་རོ།།དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་རྗེ་སུ་དྲན་པ ་རྫོགསོ།།།།རྒྱ་གར་སྐད་དུ།ཨཱརྱ་བུདྡྷ་ཧྲི་ད་ཡོ་ནཱ་མ་དྷཱ་ར་ཎི་དྷཱརྨཱ་པཪྻཱ་ཡཱ།བོད་སྐད་དུ།འཕགས་པ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་ཀྱི་ཆོས ་ཀྱི་རྣམ་གྲངས།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚོ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་དེ་བཞིན་གཤེགས ་པའི་སྤྱོད་ཡུལ།ཆོས་ཀྱི་དབྱིངས་དགོན་པ།རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས།ཡེ་ཤེས་ཀྱི་རྣམ་པར་སྤྱད་པ།སྔོན་གྱི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ ་སེམས་ཅན་ཐམས་ཅད་ཀྱིས་མངོན་པར་བསྟོད་པ།བྱང་ཆུབ་སེམས་དཔའ་ཆེན་པོའི་གནས།རྣམ་པ་ཐམས་ཅོད་ཀྱི་མཆོག་དང་ལྡན་པ།ཆོས་ཐམས་ཅད་མཉམ་པ ་ཉིད་ཀྱི་རྗེ་སུ་སྤྱོད་པ།ཀུན་ནས་འོད་ཟེར་གྱི་ཁང་བཟངས་དབུས་ན།བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་ཐ་དད ་པ་ནས་ལུང་བསྟེན་པ།རྣམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་ཐ་དད་པ་ནས་འདུས་པ།ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ཆོས་ཀྱི་རྒྱལ་པོའི་སྒྲས།ཐམས་ཅད ་ཀྱང་གཟུངས་དང་།ཏིང་འཛིན་སྣ་ཚོགས་ཐོབ་པ་ཤ་སྟག་གིས་ཡོངསུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཐབས་གཅིག་ཏུ་བཞུགས་ཏེ་ཆོས་སྟོན་ཏོ།།དེ་ནས་བཅོམ ་