CLOSE WINDOW

N451: rdo rje sa gsum du rgyu ba zhes bya ba'i rtog pa'i rgyal po
Wyliee-texts produced with BDRC’s OCR application

གྱི་ལོཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།།རྒྱ་གར་སྐད་དུ།བཛྲ་དྦྷ་མི་ཏྲི་རཱ་ཛཱ་ཀཱལྤཱ་ནཱ་མ།བོད་སྐད་དུ།རྡོ་རྗེ་ས་གསུམ་དུ་རྒྱུ་བ་ཞེས ་བྱ་བའི་རྟོག་པའི་རྒྱལ་པོ།དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།།དེ་ནས་གསང་བའི་དབང་ཕྱུག་བོ།།ཤཱཀ་ཐུབ་ཀྱིས་ནི་རིགས་ཁྲོ་ཟ།།ཕྱིས་ཀྱི་རྟོག་པ་ལས་རྒྱལ་བྱེད།། ་རྟོག་པའི་བླ་མ་འདི་མཆོག་བཤད།།ལྷ་དྲུང་སྔགས་དང་སྦྱོར་བ་ཡིས།།རྟོག་པས་རྟོག་པ་འཇོམས་དེའི་ལམ།།རྟོག་པ་མེད་པའི་རིག་པ་ཡིས།།ཁྲོ་བོའི་དབང་ཕྱུག་ཞི་བ་བརྙེས། ་དྲང་པོ་ཕྱག་འཚལ་དེ་འོག་ཏུ།།བཞི་པ་ཡི་ནི་ལྟེ་བ་ལ།།དབྱངས་ཡིག་གསུམ་པས་མཛེས་པར་བྱས།།དྲུག་པའི་གསུམ་པ་བླངས་བྱས་ལ།།འོག་ཏུ་དབྱངས་ཀྱིས་གཉིས་པས ་བརྒྱན།།དེ་ལ་ཟླ་ཕྱེད་དང་ཐིག་ལེ།།ལྔ་ངའི་བཞི་ཉིད་དང་ནི།།དྲུག་པའི་གཉིས་ང་ཉིད་དང་ཡང་།།བཞི་པའི་བཞི་པ་ཡང་དེ་བཞིན།།ཡང་ནི་མོ་ཡི་ས་བོན་དང་།།ལྔ་པ་ཡི་ནི་གདུམ་པ ་དང་།གཉིས་པ་ཡི་ནི་གསུམ་པ་ཡི།།འོག་ཏུ་མེ་ཡི་ས་བོན་ནོ།།ལྔ་པའི་དང་པོ་ཉིད་དང་ཡང་།།གསུམ་པའི་སྡེ་པ་ལྔ་པ་ལ།།དབྱངས་ཡིག་གསུམ་པས་བརྒྱན་པ་དང་།།དེ་ནས ་རྡོ་རྗེ་སེམས་དཔའ་དང་།།ལག་ན་རྡོ་རྗེའི་སྙིང་པོའོ།།ལྔ་པ་ཡི་ནི་གཉིས་པ་ལ།།གསུམ་པའི་དང་པོ་མཐར་གཞག་བྱ།།འདི་རྣམས་རིག་སྔགས་དབང་བྱེད་པ།།གཱདྠ་ཀླུང་བཅུའི་ཕྱི ་སྐྱེད་ཀྱི།།སངས་རྒྱས་ཁྲོ་བོ་བྱང་ཆུབ་སེམས།།འབྱུང་པོར་བཅས་པ་འགུགས་མཛད་དོ།།རིག་སྔགས་རྣམས་ནི་ལྷ་ཉིད་དེ།།སྟོང་དང་སྙིང་རྗེ་འདྲེས་པ་ཡི།།ལྷ་འདི་སྙིང་ཁའི་སྦྱོར་བ་རུ།། ་ལེགས་པར་བཞག་པ་བསམ་པར་བྱ།།ལུགས་སུ་བྱུང་དང་བཟློག་པ་ཡི།།སྔགས་འདི་བཟླས་དང་བྲི་བར་བྱ།།ོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཕཊ།རིག་སྔགས་འབུམ་ཕྲག་བཟློས་པ་དང་།། ་ཡི་གེ་རེ་ལ་འབུམ་ཕྲག་དང་།།དེ་ལས་ལྷག་པའི་སྦྱོར་བ་ཡིས།།སྒྲུབ་པ་པོ་ཡི་བསམ་པ་ནི།།ཞི་དང་རྒྱས་དང་དབང་དགུག་དང་།།བསྐྱེད་དང་དབྱེ་རེངས་བསད་པ་དང་།།ལས་ནི་གང་ག ་འདོད་པ་ངེས།།སྙིང་ཁར་སྦྱོར་བ་རིམ་བཞིན་སྒྲུབ།།ལུས་རྩ་སྙིང་རྗེརི་ལྡན་པ་ཡིས།།རང་ལུས་ལྷ་དང་བླ་མ་ལ།།ཕྱག་སོགས་བྱ་བ་སྔོན་འགྲོ་བས།།རིག་པའི་ཁྲོ་བོ་བསྒོམ་པར་བྱ།།དང ་སྟོང་ཉིད་རྣམ་བསམས་ལ།།ལུས་ཅན་རྣམས་ཀྱིདྲི་མ་བཀྲུ།།རང་གི་སྙིང་ཁར་དབྱངས་ཡིག་ནི།།དང་པོ་ལས་བྱུང་ཟླ་བ་ལ།།ཧཱུཾ་ཡིག་སྔོན་པོ་རྣམ་པར་སྐྱེམ།།རང་། ་གི་འདུས་འདྲའི་འོད་འཕྲས་ནས།།སེམས་ཅན་དྲི་མ་རྣམ་བསྔལ་ཏེ།།སྐུར་གྱུར་སྙིང་པོ་བསྡུ་བར་བྱ།།ཧཱུཾ་ཡང་རྡོ་རྗེ་སྔོན་པོར་གྱུར།།སྔོན་བཞིན་སྤྲོ་དང་བསྡུ་བྱས་ལ།།སྐུ་མདོག་སྔོན ་པོ་ཆེར་འབར་བ།།རབ་ཏུ་དྲེགས་པས་ཁྲོས་པའོ།།རི་བོང་འཛིན་པའི་སྟེང་དུ་ནི།།བདེ་བར་གཡོན་བརྐྱང་གར་གྱིར་བཞུགས།།བརྒྱད་གཉིས་ལོན་པའི་ཉམས་ཚུལ་ཅན།།དྲག་ཅིང ་ཁྲོས་པའི་རོ་དང་ལྡན།།བྲང་འགྲོ་བརྒྱད་པོས་སྐུ་ལ་བརྒྱན།།ཞལ་གཅིག་པ་ལ་ཕྱག་གཉིས་པ།།རང་གི་རྡོ་རྗེ་བསྣམས་པ་ནི།།བསྣུན་པའི་ཚུལ་དུ་འཛིན་པ་དང་།།གཡོན་པ་བསྡིགས ་པའི་མཛུབ་མོ་ཅན།།ན་བཟའ་སྔོན་པ་ཤམ་ཐབས་འཛིན།།སྤྱན་མིག་དམར་ཞིང་མཆེ་བ་གཙིགས།།དབུ་སྐྲ་ཉི་མའི་འོད་འདྲ་བ།།སྟེང་དུ་བཅིངས་དབུས་ཅོད་པན་ལྡན།།ཞལ་ནས་ཧེ་ཧའི ་གདྲ་རྒྱངས་ལྡན།།ཁྲོ་བོའི་བདག་པོ་འཇིགས་པར་བྱེད།།ལོག་འདྲེན་ལ་སོགས་འཇོམས་མཛད་པ།།དེ་འདྲར་བདག་ཉིད་རབ་བསྒོམས་ལ།།དེ་ནས་བདག་ཉིད་སྙོམས་འཇུག་པ། ་དེ་ཡི་སྙིང་ཁར་ཉི་མ་ལ།།རང་གི་ཆོས་ཀྱི་ཡི་གེ་ལས།།ཁྲོས་པས་ཡང་ཡང་སྤྲོས་མཛད་ཅིང་།།དེ་དང་ལྷན་ཅིག་བསྒོ་བར་བྱ།།སྔགས་དང་ཕྱག་རྒྱ་བཅས་པ་ཡིས།།དེ་བཞིན་དུ་ཡང ་དབང་བྱུ་བྱུང་།།རྡོ་རྗེ་ཧཱུ~ཾ་མཛད་ཏིང་འཛིན་གནས།།གདུག་པའི་སེམས་ཅན་འཛིན་བྱུང་ཅིང་།།འོད་ཟེར་འབྱུང་བ་སྣ་ཚོགས་ཀྱིས།།རིམས་དང་གདོན་དང་དྲུག་སོགས་བཟླའ།།རྡོ་རྗེས་འོག་ཏུ་རྒྱུ་བ་ལས་རྟན ་པ་དང་པོའོ།།།དེ་ནས་སྤྱན་སོགས་སྐྱེ་མཆིད་ལ།།ཧཱུ~ཾ་བྱུང་ཁྲོ་བོ་བསྒོམ་པར་བྱ།།སྐུ་སོགས་གསུམ་ལ་རྡོ་རྗེ་གསུམ།།སྒོམ་པ་འདི་ནི་དབང་བྱེད་པའོ།།དང་པོ་ཞིབས་ཞི་བར་བྱ།།ཀླུ ་སོགས་པའི་གཟུགས་བྱས་ལ།།རླུང་སྙིང་འོད་ཀྱིས་བཀུག་ལ་བསྟིན།།མཆོད་སྦྱིན་བྱ་བ་རྙིང་རྗེས་སྦྱིན།།འཇོག་པ་དང་ནི་རིགས་ལྡན་དང་།།མཐའ་ཡས་ནོར་རྒྱས་པདྨ་དང་།།པད་ཆེན་དུང་སྐྱོང་ཏི་རྗེས ་ཀྱི་རྒྱུ།།དུག་རྣམས་སྙིང་རྗེའི་སྦྱོར་བས་སྦྱངས།།ནག་པོ་དཀར་པོ་སྔོན་པོ་དངོ་།།རང་གི་གན་སུ་སྦྱར་བར་བྱ།།ཡང་ན་ཞི་བའི་ཐབ་ཁུང་དུ།།ཀླུ་ཡི་སྡིག་པ་ཞི་པར་བྱ།།ཤིན་ཏུ་གནོག་པའི ་རིགས་དེ་ལ།།མངར་གསུམ་ཆུ་ཡིས་གོ་སོ་བར་བྱ།།གང་ཞིག་སྡིག་ཅན་ཞི་མི་འདུལ།།གཉིས་ཀྱི་སྦྱོར་བས་རྒྱུན་གཅོད་བྱ།།ཁྲག་དེང་དུག་སོགས་རྫས་དག་ལ།།རིག་པ་བཟློག་པས ་བསྒྲུབས་ནས་ནི།།ཤིན་ཏུ་ཁྲོས་པའི་ཁྲོ་བོ་ཡིས།།དགུག་དང་གཞུག་དང་མྱོས་བསད་དང་།།ཆོ་གས་གདུག་པ་དབང་བྱས་ལ།།སྲེག་པ་ལ་སོགས་ལས་བྱའོ།།བརྒྱད་དང་བཅུ་བཞིའི ་དུས་ཀྱི་ཆེ།།སྐྱ་རེངས་ཤར་དང་དམར་རེངས་ཆ།།ཉིན་མཚན་ཟད་པའི་དུས་ཀྱི་ཆེ།།སྐྲ་སྒྲོ་བཅུད་འཇོག་གཅེར་བུ་ནི།།བྱོལ་སོང་གན་སུ་ཁྲག་སྨུག་གོ།།ལུས་དབུས་མེ་འབར ་བསྒྲུབ་བྱ་དོ།།ཁྲོ་བོའི་སྤུ་ཡི་བུ་ག་ལས།།སྤྲོས་པའི་ཁྲ་བ་ཁྲོས་པ་དང་།།མངག་གཞུག་རྣམས་ཀྱིས་དྲངས་བྱས་ནས།།རྟོག་པས་རྟོག་པ་བཟའ་བར་བྱ།།སྔར་ནི་རྡོ་རྗེ ་ས་འོག་ལས།།གདུག་པོ་འདིར་ནི་བཟའ་བར་བྱ།།མང་དུ་སྨྲས་པས་ཅི་ཞིག་དགོས།།མ་བཅོས་པ་ཡི་སེམས་ཅན་ལ།།སྙིང་རྗེའི་ཡིད་ཅན་རྡོ་རྗེ་སེམས།།ཏི་ལ་སོགས་རྫས་དང་སྔགས ་སྦྱོར་གྱིས།།སྡིག་པ་ཞི་བྱད་སྦྱིན་བསྲེག་བྱ།།རིག་པའི་བློ་ཅན་ཀུན་བཟང་གིས།།ཞོ་ལ་བསྲེག་བྱ་རྒྱས་པའོ།།མི་རྟག་གྱུར་པའི་གདུལ་བྱ་ལ།།འདོད་ཆགས་ཡིད་ཅན་བདེ་ཆེན་གྱིས།། ་བོདག་ཉིད་དགས་པ་བརྟན་བྱའི་ཕྱིར།།ུཏྤ་ལ་དམར་སོགས་ཀྱི་སྒྲུབ་པའོ།།འདིར་ནི་མ་རུངས་སྡིག་པ་བྱེད།།གཙོར་ནི་སྦྱངས་ཕྱིར་ཁྲོ་སེམས་ཀྱིས།།མངོན་སྤྱོད་ལས་ནི་རྒྱུད་ཀུན ་ལས།བཤད་པ་ཐམས་ཅད་འདིར་བྱའོ།།རིག་སྔགས་སྙིང་རྗེའི་ཤུགས་ཀྱིས་འགྲོ།།ལས་ངན་རྒྱུན་གཅོད་བཅོས་མ་ཡིན།།ལས་ངན་དག་པའི་རང་བཞིན་དུ།།ཁྲོས་པས་དམིགས ་པར་མི་འགྱུར་ཏེ།།སྦྱོར་བ་རྣམས་ནི་བཅོས་མར་འགྱུར།།བྱང་ཆུབ་བཅོས་མེད་འབད་སྤངས་པའོ།།རྡོ་རྗེ་ས་འོག་ཏུ་རྒྱུ་བ་ལས་རྟོག་པ་གཉིས་པའོ།།།།དེ་ནས་ཁམས ་གསུམ་རྣམ་རྒྱལ་པོ།།སྔར་ནི་སྤྲུལ་པ་བཅུ་དྲུག་པོས།།རྟོག་པ་བཅུ་ཕྲག་དང་བཞི་ཡང་།།གཉིས་ཀྱིས་རིག་མ་འཇོམས་བྱེད་འདིར།།སྤྲུལ་པ་བརྒྱད་དུ་བསྡུས་པ་དང་།།བདག ་གཅིག་སུ་སམད་འདྲ་གསུངས།།ནམ་འཾ་ཁམས་འབྱུང་བ་ཞི་བསམ།།རི་རབ་ཀུན་བ་ཡིག་ལས།།པདྨ་འད་བྱ་གླངས་ལྟ་བ་ལ།།ཟླ་བའི་དཀྱིལ་འཁོར་རྫོགས་པའོ།།དྷཱ་ལས་བྱུང ་བའི་ཁྲོ་བ་ནི།།ཞལ་གཅིག་ཕྱག་བཞིན་བཟླའ་སྔོ།།རྡོ་རྗེ་དྲིལ་བུ་མད་འགུའུ་འགེངས།།སྒྲ་ལི་དང་མི་སྡུག་མགོས་རྐྱེན་ཅིང་།།བྷ་ག་ལྤགས་སྨད་དཀྲིས་འཇིགས་སེལ་བ།།ཁྲེ་བོ་རྣམ་རྒྱལ ་བསྒོམ་པར་བྱ།།ཐུགས་ཀའི་ཧཱུཾ་གི་སྦྱོར་བ་ཡིས།།ཤར་ལ་སོགས་ངའི་ཕྱོགས་མཚམ་སྲི།།འཇིག་རྟེན་གསུམ་སྣང་རྡོ་རྗེ་དང་།།འཇིག་རྟེན་གསུམ་འདུལ་རིན་ཆེན་དང་།།འཇིག་རྟེན ་ཀླུསྣམ་འཆིད་པདྨ་དང་།།འཇིག་རྟེན་གསུམ་འཇིགས་ལས་ཉིད་དག།གརས་རྣམས་རང་མིང་མཚན་མ་ལ།།གྲཝ་ཡིན་རྣམས་གདུག་པ་བསྡིགས་པའོ།།བདུད་རྩི་འཁྱིལ་དང་དབྱུག་སྟོན་དང་།། ་མིག་ཙྪ་བ་དང་དྷཱི་མགྲིན་ཁྲོ།།རྡོ་རྗེ་དང་ནི་བྱུག་པ་དང་།།རལ་གྲི་བཛྲག་ཡས་རྣམསོ།།གཡོན་པ་གདུག་པ་བསྡིགས་པའོ།།བརྒྱད་ཀྱི་དཔེ་སྤྱན་ཁྲོ་བ་བྱུ་ག།འཇིག་རྟེན་གསུམ་གྱི་ཁྲུལ ་པསྐྱོང་།།དབྱུག་པ་ནག་སྲོགས་ཕོ་ཉ་བཞི།།སྐུ་མདོག་མཚན་མས་རྒྱན་པ་ཁྲོས།།ལྕགས་ཀྱུ་ལ་སོགས་སྒོར་གནས་པ།།ཁྲོ་བོའི་འཁོར་ལོ་འཇིགས་སེལ་སྒོམ།།གཙོ་བཅས་རིག ་པའི་ཁྲོ་བ་ཀུན།།སྒྱུ་མའི་ཕྲེང་བས་དོ་ཤལ་བྱས།།གོས་སྔོན་ཅན་ལ་སྡུག་ལྤགས་དཀྲིས།།གདུག་པསལ་བའི་ལམ་དུ་སྤྲོས།།དེ་ནས་ཁམས་གསུམ་རྣམ་རྒྱལ་གཙོ།།ཁྲོ་བོའི་མཛན། ་།ཉིད་སྔགས་བཅས་བཤད།།དཀོན་མཆོག་གསུམ་ལ་ཕྱག་འཚལོ།།གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན།སངས་རྒྱས་གངྒཱ ་ཀླུང་གི་བྱེ་མ་སྙེད་ཀྱིས་རྡྷ་སུ་གནང་བ།མཆེ་བ་གཙིགས་པ་དང་མཚམ་པ།མིག་མི་མངག་གི་ཕུང་པོ་བྱབ།དེབུགས་མེ་ལྕེ་ལྟར་འབར་བ།འཇིགས་པའི་རེ་རོ་ཅན།ལག་པ ་དང་རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་རྒྱན་པ།ཀླུ་ནག་པོ་སེ་རལ་ཁར་ཐོགས་པ།ཀླུ་དགའ་བོ་དང་ཉ་དགའ་བོ་འབར་བས་རྣ་ཆ་བྱས་པ།སྦྲུལ་འབར་བ་རིན་པོ་ཆེའི་ཅོད་པན་ཐོགས་པ། ་སྦྲུལ་གདུག་པ་འབར་བ་ཟ་བ།བཞིན་རྒྱས་པ།སྨིན་མ་དང་དཔྲལ་བ་བསྡུས་པ།ཡ་སོས་མ་མཆུ་མནན་པ།གཤིན་རྗེའི་ཆ་བྱད་ཅེ་ན།ལྕེ་གློག་ལྟར་འགྱུར་བ།གསུས ་པོ་ཆེ་སྦྲུལ་ཟ་བ།ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ།ཀླུའི་རྒྱལ་པོ་འདབ་བཟང་སྐ་རགསུ་བཅིངས་པ། ལ་ལཱ་ཞེས་སྒྲགས་པར་བྱེད་པ།རྒྱ་མཚོའི་ཟབས ་སུ་དཔག་ཚད་བརྒྱ་ཁྲི་བཞི་སྟོང་ཡོད་པ་རྒུད་པའི་པུས་མོར་ཕྱིན་པ།དབང་པོ་དང་ཉི་མ་ཕྲག་ལ་ཁུར་པ།ཀླུ་ཐམས་ཅད་བརླག་པར་བྱེད་པ།གང་རྒྱངོས་ཆེན་པོ་དགོད་པས་ཀུན ་ཏུ་འཁྲུག་པ་བྱེད་པ།གཤིན་རྗེའི་གཟུགས་ཅན་ཁམས་གསུམ་པ་འཇིགས་པར་བྱེད་པ།ཀླུ་ཐམས་ཅད་བརླག་པར་བྱེད་པ་ལོ་ཕྱག་འཚ་ལོ།།དེ་ནས་སངས་རྒྱས ་མ་ལྡན་འདས་པ་བྱུང་གི་སྐྱེམ་ད་མྦྷི་གསྡུས་པ་ག་རྫགས་པ་དང་རྗོད་པར་བྱུར།།ཏ་ཐཱ།དྷནྟ་པནཱ་ག་ཡ་ག་པ།ཡོནན་མཱ་བར་དྷ་དགན།།ད་ལ ་སྱཱམྦྷ་ཏི་ཀྲྀ་མ་བྷཱུམྦུ་ཀཱི་ལི~ཾ་ཏ་སཱ་དྲཱ་ནཾ།བཻ་བིཥྛ་ཏི།ཏཱདྱ་ཐཱ། ཛདྷ།བཛྲོན་པ~ཾཔྲདྡྷ། ཧཱུ~ཾ་བྷྲཱུ~ཾབྡྷཱ་ཏ་ར་ཧ་ར་ནཱ་ག་ནཱན།ཙྪིན་དྷིནྟི།ནཱི་གཧྲྀད་ཡཱན།བྷིནྡ་བྷིནྡནཱ་ཀད་མན། ་ནྡནྡན་ག་ཤི་རཱིདྷཱིཿ།སྲིན།ནཱ་གཽནྟ་ཡ་།དྷཱཊྚ།ཊཱི་ག་བ~ཾདཱ་རཱ་ཎ་ཡ~ཾ་ཧཱུ~ཾ་ཕཊ།ནཱ་ཎྜསྟྭ~ཾ་ན་མོ་དྷཱི་ཕཊ།ནཱི་ལི་བསེན་ས~ཾདྡྷི་ས ་མ་ཡེ་ངྒེ་།ཏནྟ་དྡྷ་།ཎྜིརྨྨ་ཡ་། པ་ཥྚྲྀ་།དྷཱས་ནཱ་མཾནྡ་སྟེ་དཱན་པ་ཙྪེ་། ས་ན ་ཤཱཀྵ་རཱ་ཡ་དྡྷེ་ཕཊ།ཡཌྜྷྱ་ཨ་བསྐོར་བྷིནཱ་ཤེ་ཀ་རཱ་ཡ་ཥྚེ་ཧྲཱི་ཧྱ་ས་ཏྭ་སདྷ་རདྷི་ར།མཱ་ར་ཡམྦྷེར་ཡཾ།དྷ་ཤ་ཡཱནཱ་ཤ~ཾ་ཡཱ།སརྦ་བ་གྷྣཱན་དཱི་ནཱཾ་ཤེ་ཀཪྵ་ཡ་ཛྙཱ་ཕཿ། ་ཤདྡྷེཀྐི་བནྡྷ་བོ་ནཱ་ཤ་ཀཱ་ཪྵ་སྱ་ཧཱུ~ཾ་ཕཊ།ོཾ་ནཱི་ལ་བ་ར་དྷ་ར།བཛྲ་པཱ་ཏི་རཛྙཱ་པཱ་ཡ་ཏི་སྟྭ~ཾཏྟ།དེའི་ཚིག་ལ་ག་སྦྱིན་གྱིས་ཟིན་པ་ལ་རྡུལ་སྔགས་ཀྱིས་བཏབ་ཏེ་གཏོར་ན་བརྟན ་བཔེ་གྱུར།།ཀླུ་ཟློག་པར་འདོན་དྲུག་ཤང་ཀྱི་དྲུགས་ས་དྱཿ།།མཽགས་དང་པོ་བྱེ་རྣམས་ལ་ནི་ད་བརྩོན་པས་རྒྱག།རམས་དེ་མཽད ་བར་བྱ་བ་དང་།ཡི་ག་འཆུས་པ་ལ་ནི་སྐུད་པ་སྔོན་པོས་བྱའོ།།ནོར་འདོད་ན་ཞག་གཅིག་བསྙུང་བར་གནས་ཏེ་པོག་གིས་བདུག་ན་རྨྱི་ལམ་དུ་དག ་བ་དང་མི་དགེ་བའི་དོན་ཐམས་ཅད་སྟོན་པར་འགྱུར་ལ་གསེར་གྱི་དོང་ཚེ་བདུན་སྟོང་སྟེར་བར་འགྱུརརོ།།རྒྱས་བཏབ་པ་དགྲོལ་བར་འདོད་ན་ཐལ་བས་བྱའོ།།སྒོ་ལྕགས་དབྱེ ་བར་འདོད་ན་ཡུངས་ཀར་གྱིས་བྱའོ།།འཇིགས་པ་ཐམས་ཅད་སྲུང་བ་ལ་ནི་མུར་རྙིང་པོ་འམ་ཐལ་བ་འམ་ཡུངས་ཀར་གྱིས་བྱའོ།།ནད་ཀྱིས་འཇིགས་པ་ཐམས་ཅད་ལ་ནི་སྲུང་བསྔོན ་པོ་ལ་སྲུང་བའི་མདུད་པ་བྱས་ཏེ་མགུལ་དུ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ།།བྱིས་པ་གདོན་གྱིས་ཉེན་པ་ལ་ནི་ཚོན་སྣ་ལྔའི་སྐུད་པ་མགུལ་དུ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུརརོ།། ་ཆོམ་རྐུན་བཟློག་པར་འདོད་ན་སས་བྱའོ།།དུག་ལ་ནི་རྩཝ་ཀུ་ཤས་བྱབ་པར་བྱའོ།།བདག་སྲུང་བ་ལ་ནི་ཡིད་ཀྱིས་སམ་ཆུས་བྱའོ།།གཞན་སྲུང་བ་ལ་ནི་སྐུད་པ་སྔོན་པོས་བྱའོ།། ་ལས་དེ་དག་ཐམས་ཅད་ལ་སྔགས་བརྗོད་པ་ནི་ལན་གསུམ་མམ་བདུན་ནམ་བཅུ་བཞི་འམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བརྗོད་པར་བྱའོ།།དེ་ལྟར་བྱས་ན་འགྲུབ་པར ་འགྱུར་རོ།།རྡོ་རྗེས་རིག་ཏུ་རྒྱུ་བ་ལས་རྟོག་པ་གསུམ་པའོ།།།།རྟོག་པ་འདི་དག་དང་བྱེད་པ།།ལག་ན་རྡོ་རྗེ་ཁྲོས་པ་ལས།།བདུད་རྩི་འཁྱིལ་པའི ་རྣལ་འབྱོར་གྱིས།།བྲན་གཡོག་རྣམས་ནི་བསྐུལ་བར་བྱ།།ོཾ་ཨ་མྲྀ་ཏཱ་ཀུཎྜཱ་ལི་ཏཱ་ན་ཧ་ན་དྷུ་ཕཊ།འདི་ནི་བཀའ་ཙམ་ངེས་བསྒྲགས་ཅིང་།།དེ་ཡིག་སུམ་ཅུ་རྩ་གཉིས་བརྗོད།།སྙིང་ཁའི་འདུ ་ཀྱིས་དབང་བྱ་ཞིང་།།གུ་གུལ་དུད་པས་བྲོད་བྱས་ལ།།སེར་སྣ་ཆེན་པོ་སཻཏྐ་ལ་ཞོན་པ་དང་།རྨུགས་འཛིན་དང་།གང་བཟང་དང་།ནོར་བུ་བཟང་དང་།ཀུ་བེ་ར་དང་།ཡང་དག་ཤེས་དང་།འབྲོག ་གནས་དང་།ལྔས་རྩེན་དང་།པི་ཙི་ཀུཎྜ་ལི་རྣམས་ལ་མཁ་བ་སྦྱིན་པར་བྱའོ།།འདི་རྣམས་རྟ་ལ་ཆིབས་པ་ལ།།འོད་དང་ལྡན་ཞིང་མེ་ལོང་ཅན།།རས་དཀར་གཙང་མས་གསལ་བྱས ་།གསལ་སྣང་ཀུན་ནི་བྲི་བར་བྱ།།ཡང་ན་ཀུན་ཀྱང་སྦྲུལ་ནོག་ཆིབས།།འཇིགས་པའི་མཚོན་ཆ་ཕྱག་ན་བསྣམས།།བསྐུལ་བ་དག་པར་དབང་བྱས་ན།།མངོན་སྤྱོད་ལས་ཀུན་བྱེད ་པར་འགྱུར།།དྲག་པོ་དགུ་དང་ཉི་ཤུ་བརྒྱད།།ས་གསུམ་ཁྱབ་པ་སྤྲོས་ནས་ནི།།སྔགས་གྲུབ་སྟོབས་ཀྱིས་བདག་བྲན་བྱེད།།དུས་ཚོད་དུས་ལ་མཆོད་པ་བྱེད།།དེ་ནས་དངུལ ་ཁས་འཇིགས་པ་ལ།།རྨུགས་འཛིན་སྒྲུབ་པ་ཡིད་འོང་བཤད།།ཀུན་ཀྱང་གཏེར་རྣམས་མནན་པ་ལ།།རིན་ཆེན་འབར་བས་ཁྱིམ་འགེངས་པ།།སྦྱོར་གྲང་རྡོ་རྗེ་ཆུས་འགྲུབ་འགྱུར།། ་པདྨ་ཟླ་དང་གཏེར་ཆེན་ལ།།ཛཾ་ལས་བྱུང་བའི་གནོད་སྦྱིན་དགུ།།བཀླག་ལ་རང་རང་གསང་སྔགས་ཀྱིས།།ཆུ་དང་བཅས་པའི་མཆོད་སྦྱིན་འབུལ།།འདི་ནི་སྔགས་ཀྱི་རྐང་པ་རྣམ་སོ།། ་།སྱཱ་བྱཱུ་ཤྲཱ་བཎཱ་ཡ་སྠཱཿ། དམྦྷ་ལཱ་ཡ་སྱཱཏྨ།བྷཪྠ་མྦྷརྨྨཱཿ།ོཾ.།དྷཱ་ཡ་ཥྚཱཿ།ོཾ་ཀུ་བཽ་རཱ་ལ་ན་ནྟུ།ོཾས་བྷ་ན་ཡསྭཱཏྨ།ོཾ་བུ་བྷྱ་ནཱ་ཡཀྵཱཏྨ། ་པཱཉྩི་ཀཱ་ཡ་སྭཱ་ཧཱ།ོཾ་པི་ཙི་ཀུཎྜ་ལཱི་ཡ་སྭཱ་ཧཱ།དེ་ནས་ཡང་དག་སྤྱོད་པའི་མཆོག།ལྷོ་ཡི་བརྟུལ་ཞུགས་དག་པ་བཤད།།ཀུན་ཏུ་རས་གཙང་གོས་སྔོན་བྱིན་གྱིས་བརླབ་བྱ་ཞིང་།།བྲམ་ཟེའི ་རིགས་ལྷར་དྲི་ཅན་ཟས་དང་འགྲོ་མགྱོགས་ཤ་ལས་རིང་དུ་འདུག།བསྙུང་བར་གནས་ཤིང་ཆུས་བཀྲུས་དཀར་གསུམ་གཙང་མའི་ཟས་ཟ་ཞིང་།།ངག་གི་རླུང་བསྡམས་དང་དང་སྙིང་རྗེས་ཡིད ་བརླན་བརྩོན་པར་འཇུག།བསམ་གཏན་ཁང་པ་མདོག་ནི་སྔོ་བསྒྱུར་བ་ཡི་ལྕི་བ་དྲི་ཞིམ་ཆུ་ཡོས་བྱུགས།།དཀར་དང་སྔོ་བའི་མེ་ཏོག་བཀྲམ་ལ་སྐུ་གདུང་བླ་མ་མདུན་བཞག་ལ།།ཆོ་རིགས ་བཙུན་པའི་སྒྲུབ་པ་པོས་ནི་གོས་དཀར་བགོས་ལ་ཀུ་ཤའི་སྟན་ལ་འདུག།སྙིང་རྗེས་ཁྲོས་པའི་རིག་སྔགས་དམ་པ་མཛད་པར་བཟླས་པ་བྱ།།རུ་རེཀྵ་ཡི་བགྲང་ཕྲེང་བརྒྱ་ཕྱེད་བྱིན་གྱིས ་བརླབས་ལ་ལོག་པ་གཡས་པས་གཟུང་།།རིལ་བུ་རེ་དང་ལྷ་རེ་སྔགས་རེ་བཅས་ནས་སྙིང་ཁར་བཟུང་།།རྣལ་འབྱོར་འདི་རྣམས་སྤྱད་ཅིང་འགྲོ་ལ་འཇུངས་པའི་སེམས་ལྡན་པས། ་བདག་དང་གཞན་ལ་ཕན་ཕྱིར་རྟོག་པ་བཤད་པ་ཡིན།།རྡོ་རྗེས་འརེག་ཏུ་རྒྱུ་བ་ལས་རྟོག་པ་བཞི་པའོ།།།བྱར་ཁྲི་སྐྱེས་པའི་རྣ་དང་ནགས་ཚལ་བྱུང་མེ་མཆེད་ལྟརརེ།།རླུང་གིས ་གྲོགས་བྱས་བསྒྲགས་ནས་ཐལ་བའི་ལྷག་མའང་མ་ལུས་བཞིན།།བསྐལ་པ་དཔག་མེད་སྐྱེས་པའི་རྟོག་པའི་དྲི་མཱིའི་རྨ་རྣམས་ལ།།དྲུང་བ་དད་དང་བརྩོན་འགྲུས་སྔགས་བཟླས་སེམས་དམ་མོ།། ་ཡོས་སྲོག།ཉི་མའི་སྙིང་པོ་འཛུམ་གླིང་དབུས་སུ་རིགས་བཟུང་སྟེ།།སྐྱེས་དང་བུད་མེད་དཔོང་པོ་སྐྱོན་མེད་ཚུལ་ཁྲིམས་ཅེན།།སྐྱེ་བ་སྔ་མའི་ལམ་ཤུགས་དག་དང་བླ་མའི་ལུང་ཐོབ་པ། ་དང་དང་སྙིང་རྗེའི་སེམས་ཅན་གཏོང་བའི་ཅན་བློ་དེས།།རིག་པའི་ཁྲོ་བོ་སྒོམ་དང་དེ་རྗེས་དེ་ནི་བཟླས་འབད་ན།།བསྟོད་དང་མཆོད་མཉེས་བྲན་གཡོག་ལྷ་མིན་གསང་བ་བརྙས་མེད་ཅིང་། ་ཆུ་ཡི་མཆོད་སྦྱིན་འཁོར་ལོ་གཏོར་མུ་ལ་བརྩོན་ཞིང་།།སྦྱིན་སྲེག་རྣམས་ཀྱིས་ལྷ་དང་བྲན་གཡོག་མཉེས་བྱས་ན།།རིང་པོར་མི་ཐོགས་སྒྲུབ་པོ་དེས་རྟག་ཕྱག་རྒྱ་འབྱིན་པར་འགྱུར།།འདིར ་ནི་མང་དུ་སྨྲས་མི་དགོས།།སྔར་ནི་རྡོ་རྗེ་ས་ཐོག་ཏུ།།བཤད་པའི་མཚན་མ་སྟེར་བར་འགྱུར།།ཟངས་ལྕགས་བླ་མའི་གནང་བྱའོ།།ལུས་སོགས་རིག་པའི་དབང་གྱུར་ནས།།མེ་དང་རླུང ་སོགས་འབྱུང་བ་དང་།།ནད་དེང་གདོན་དང་བྱད་རྣམས་དང་།།བདུད་ཀྱིས་ཀླགས་ནི་རྙེད་མི་འགྱུར།།མེ་ལྕེ་ཕྲེང་བའི་རྟོག་པ་ལས།།བཤད་པའི་འཆི་བའི་སྦྱོར་བྱུང་ན།།སེར་སྣ་འདི་ནི་ཕ ་རོལ་འཕང་།།སྨོན་ལམ་ལམ་སྣ་ལ་བརྟེན་ནས།།འདི་འོག་བྱང་ཆུབ་སེམས་དཔའ་ནི།།འགྲོ་བ་སྨིན་པའི་བླ་མར་འགྱུར།།ཡང་ན་སྲིད་པ་བར་མདོར།།སྔོགས་ཀྱི་རྣམ་ཤེས་གཟི་བསྐྱེད ་ནས།འགྲོ་བ་ན་རེག་པ་འཛིན་གྱུར་ནས།།དེ་ཡི་འོག་ཏུ་སེམས་པའོ།།ཐ་མའང་ལམ་ལ་བརྟན་ནས་ནི།།རང་འདོད་དམ་པའི་ལུས་རྙེད་ནས།།སྣ་མཱ་ལ་མ་སོལ་ད ་འོག་ཏུ།།དངོས་གྲུབ་ལ་ནི་རྣམ་པར་གནས།།ལྷ་དང་སྔགས་སོགས་རྟོགས་པ་དེས།།རྟོག་པ་དམན་པ་མནན་པ་ཡིན།།ན་མཁའ་ལྟ་བུར་རྟོག་མེད་ལ།།འཇིག་རྟེན་ངོར་ནི་རྟོག་པས་སྤྲུལ།། ་གདུལ་བྱ་སྡང་སོགས་སེམས་འཁྲུགས་ལ།།ད་ནི་སྙིང་རྗེ་སྡང་བར་མཛད།།ཁྲོ་སོགས་གསལ་དུ་མེད་གྱུར་ན།།ཁྲོ་བོར་ད་ནི་ཅི་ཕྱིར་འགྱུར།།དང་པོ་རྣལ་འབྱོར་འཚེ་བ་བཅོམ།།དེ ་ཕྱི་རེ་རོག་སྔགས་སྦྱོར་བ་རྣམས།།རྒྱུད་ཀུན་ཏུ་ནི་གསུངས་པ་ཡིན།།འཚེ་བ་བཅོམ་ནས་དག་པ་ནི།།སེམས་དག་པ་ནི་བདེ་བ་ཡིན།།གདུག་པའི་སྦྱོར་བ་ཕྲོགས་པས་ན།།བདེ་བར་བྱང ་ཆུབ་ལམ་བརྟེན་ལོ།།རྡོ་རྗེ་སྐུ་ཉིད་འགྱུར་མེད་ལ།།བདག་གི་རིག་པའི་ཡེ་ཤེས་དེ།།ལུས་ཅན་དེ་ཡི་འབྲས་བུའོ།།ཇི་ལྟར་ཤེལ་ནི་འཛམྦྷ་ཀའི།།མེ་ཏོག་གིས་ནི་གཞན་དུ་སྣང་།།དེ ་བཞིན་རྟོག་མེད་རིག་པ་ཡང་།།ཁྲོ་བོའི་དབང་ཕྱུག་འདིར་སྣང་ནས།།ཇི་ལྟར་འདུལ་གྱུར་སྤྲུལ་པ་ཡིས།།རྐྱེརྒྱུན་མི་འཆད་པར་ཁྲོ་བོར་སྣང་།།སྙིང་རྗེ་མེད་ན་འབྲས་བུ་ཉམས།།འགྲོ་ལ ་ཕན་བཏགས་གནོད་བསལ་ན།།རང་སེམས་དག་པར་འབྲས་བུ་འགྲུབ།།རྒྱུ་དང་འབྲས་བུའི་སྒྲིབ་པ་རྣམས།།བྱང་ཆུབ་སེམས་ཀྱིས་རིང་དུ་སྤང་།།འདིར་ནི་འཁོར་བ་འཇིག་པར་ངེས། ་ས་ཤཱ་རླུ་དུ་སྤྱོ།།སྨོ་སྨྲག་སུ་དུགག་སྨྲས།རྫུན་ན་ཏུ་རྒྱུན་ན ་དང་།རབྱུང་ལོ་དྷ་བས་ཤྩ་མ་ནྣ་ཏཱི་ནམ་།དང་ད་རྗེ།དམ་ཚིག་རྣམས་དཔ ་ཞེས་བྱ་བའི་རྒྱུད།འཛུ་མདཔ་ལ་གཞོན་ནུར་གྱུར་པ་ལ་ཕྱག་འཚའོ།།སངས་རྒྱ་སོ་དང་།བྱ་ཆུབ་སེན་ས་དད་འདོང་།འཕགས་པའི་དགེ་འདུན་ཁྲིམས་ཅད་ལ་པགའ་ཆལོ།།དབུས་དང ་མཔ་ཆེད་ཡིན་རྟེན་བོང་དག་མེ་ང།།མ་རྣམ་མང་སཚིག་ཏུ་ལབྱོས།།མཚད་ཅན་འཕགས་པའི་གཕགས་པཆེན་པའི་བདག།དུས་གསུམ་འཁྲུང ་