CLOSE WINDOW

N437: rab tu gnas pa mdor bsdus pa'i rgyud
Wyliee-texts produced with BDRC’s OCR application

པར་དགྱེས་པར་གྱུར་ཏོ།།འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ཀུན་རྫོགས་སོ།།།རྒྱ་གར་སྐད་དུ།སཾ་ཀྶཾ་པ་པྲ་ཏིཥྛ་བི་ཏི་ཏནྟྲ།བོད་སྐད་དུ།། ་རབ་ཏུ་གནས་པ་མདོར་བསྡུས་པའི་ཆོ་གའི་རྒྱུད།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་དམཆིག།རྡོ་རྗེ་བྱིན་གྱིས་རླབ་པ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས།བརྡུངས་པ་དང་།བྲིས་པ་དང་།འབུར་དུ་བྱས་པ་ལ་སོགས་པའི་རབ་ཏུ་གནས་པའི ་ཆོ་ག་གསུངས་པ།སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་།།མཚན་ཉིད་ཀུན་དང་ཡང་དག་ལྡན།།ཕྱག་རྒྱ་སྔགས་དང་ཚིག་ཤེས།།ལས་རྣམས་ཀུན་ལ་མཁས་པས་སོ།།སྐུ་གཟུགས ་མཚན་ཉིད་ལྡན་པ་སྟེ།།ཞི་བ་ལ་སོགས་རོ་ཡིས་ལྡན།།ཚད་ཀྱིས་ཚད་ལ་ཕབ་ཅིང་བཟང་།།དེ་འདྲ་རབ་ཏུ་གནས་པར་འགྱུར།།ཡང་ཐོག་མཆོད་རྟེན་སོགས་གནས་དང་།།ཁྱིམ་དང་ལྷ་ཡི།། ་གནས་རྣམས་སུ།།སངས་རྒྱས་ལ་སོགས་རབ་གནས་ནི།ཆོ་ག་དག་དང་ལྡན་པས་བྱ།།ཆོ་ག་དམན་པས་མི་བྱ་སྟེ།།རབ་གནས་རྟག་པར་བཀྲ་མི་ཤེས།།འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ།།འཇིག། ་རྟེན་ཕ་རོལ་འཇིགས་པ་ཆེ།།དེ་བས་འབད་པ་ཐམས་ཅད་ཀྱིས།།དངོས་གྲུབ་འདོད་པས་ནན་ཏན་བྱ།།ཆོ་ག་བདག་ཉིད་ནུས་པ་ཡི།།བརྟག་པ་ལས་གསུངས་ཚུལ་ལེགས་པས།།དེ་བྱས་བསོད ་ནརྣམས་ཆེ་བ་ནི།།མཐོང་དང་མི་མཐོང་རྣམས་སུ་བྱ།།སྐུ་གཟུགས་སྔགས་ཀྱིས་མཚན་ཉིད་ཀྱིས།།དེ་ལ་བྱིན་རླབ་འཇུག་པར་འགྱུར།།གང་དུ་སྐུ་གཟུགས་རྫོགས་པ་ལ།།བྱིན་མ་རླབས་པར ་རིང་གནས་ན།།དེ་ལ་བཀྲ་མི་ཤིས་འགྱུར་ཞིང་།།དེ་སྲིད་མཆོང་པར་དེ་མི་འོས།།དཔེར་ན་སྐྱེས་བུ་ལ་ལ་ཞིག།རིག་པའི་མཚན་ཉིད་སྤངས་པ་ནི།།འཇིག་རྟེན་ཀུན་གྱིས་མཆོད་མི་བྱེད།།དེ་དེ་བཞིན ་དུ་གཟུགས་མཉན་ཏེ།།རབ་གནས་མ་བྱས་གཟུགས་བརྙན་ལ།།གྲང་གིས་མཆོད་ཅིང་ཕྱོག་བྱེད་པ།།དམ་ཚིག་བྲལ་ཞིང་སྔགས་དམན་པས།།སྦྱིན་སྲེག་ཐལ་བ་འབྲས་མེད་མཚུངས།།དེ་བཞིན།། ་དུ་ཡང་སྔགས་གནས་པས།།ཆོས་ལྡན་མཆོད་པ་བྱེད་པ་གང་།།དེ་ཡི་ལས་ཀྱི་རྣམ་སྨིན་གྱིས།།སྐྱེ་བ་རུ་ནི་མཆོད་པར་འགྱུར།།བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ།བཅོམ་ལྡན་འདས ་ཆོས་ཐམས་ཅད་རབ་ཏུ་མི་གནས་པ་ལགས་ན།ཇི་ལྟར་ན་རྒྱལ་བ་རྣམས་ཀྱིས་རབ་ཏུ་གནས་པ་ལགས།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།སངས་རྒྱས་ཀུན་ནི་རབ་ཏུ་བཞུགས།།རབ ་ཏུ་གནས་པ།གང་ནའང་མེད།།ཀུན་ཏུ་མ་ངའ་ལྟར་གནས་པ་ལ།།གཅིག་ཤོས་ཀྱི་ནི་རབ་ཏུ་བརྟགས།།འཇིག་རྟེན་ཀུན་རྫོབ་ལ་རྟེན་ནས།།རབ་ཏུ་གན ་པ་རབ་ཏུ་བརྟགས།།དམ་པའི་དོན་དུ་དཔྱད་པ་ན།།གང་ཞིག་གང་གིས་གང་དུ་བརླབ།།བཟོད་མ་ནས་ཞི་སྐྱེ་མེད་པ།།ཅི་འདྲས་ཇི་ལྟར་རབ་ཏུ་གནས།།དང་པོའི་ལས་ཅན་སེམས་ཅན ་རྣམས།།རྟོགས་པའི་རྒྱུ་རུ་བཤད་པར་ཟད།།དང་པོར་རེ་ཤིཀ་ཡོངས་སུ་བརྟག་པའི་གནས་ཡོངས་སུ་སྦྱངས་པ་དང་།གདུགས་དང་རྒྱལ་མཚན་དང་།།བླ་རེ་དང་།བ་དན་སྒྲེང་བ ་རྣམས་སུ་མཆོག་ཏུ་གསོལ་བ་འདེབས་པས།གསོལ་བ་བཏབ་པའི་བླ་མ་སྤོས་དང་མེ་ཏོག་ལ་སོགས་པོ་དང་ལྡན་པས།ཚེས་དང་རྒྱུ་སྐར་ཤིས་པ་ལ་སློབ་དཔོན་ལེགས་པར་མཉམ་པར ་གཞག་པས་རབ་ཏུ་གནས་པའི་སར་འཁོད་དེ།སངས་རྒྱསྔ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རིགས་ལྔ་དང་རབ་ཏུ་འབྲེལ་པ་ཡིན་ལ།དེ་བཞིན་དུ་རབ་ཏུ་འབྲེལ་པའི་དཀྱིལ་འཁོར ་གྱི་ཚོགས་ས་ཡོངས་སུ་བཟུང་ཞིང་རྡུལ་ཚོན་གྱི་ལས་དང་།ཐིག་གདབ་པ་དང་།གསོལ་བ་གདབ་པ་ལ་སོགས་པ་བྱས་ལ།རྩ་བའི་སྔགས་སམ།རྒྱུད་ཀྱི་དགོངས་པས་སའི་གཏེར་དུ་ནོར ་པུའམ་སོར་གདུབ་བཅུག་ལ།དེ་ནས་ལྷའི་ཁང་པར་རང་གི་སློབ་མ་བཅུག་སྟེ།རྣམ་པ་ཀུན་གྱི་མཆོག་དང་ལྡན་པོའི་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུར་བལྟས་ལ།ལྷ་ལ་མངོན ་པར་ཕྱོགས་ཏེ་ཕྱག་འཚལ་ཞིང་།།ཇི་ལྟར་འབྱོར་པའི་མེ་ཏོག་ཐུལ་མོ་དང་།།དྲི་ཆུ་གཙང་མས་ཆོ་ག་བཞིན་བརྟགས་ལ།།ཏིང་ངེ་འཛིན་ལ་ལེགས་གནས་པས།།ཞབས་བསྙིལ་མེ་ཏོག་པོས་སོགས ་ལྡན།།རྣམ་པར་མི་རྟོག་སེམས་ཀྱིས་ནི།།མཆོད་ཡོན་རྣམས་ནི་ཕུལ་བྱས་ལ།།མཉམ་པར་གཞག་པས་སྔགས་འདི་ཡིས།།ལན་གསུམ་བར་དུ་བརྗོད་པར་བྱའོ།།ོཾ་སཱ་མ་ཡ་སྟེ་ས་མཱ་ཡ་ཧོ་ས ་མེ་ཡ་ཧཾ།ཇི་ལྟར་སངས་རྒྱས་ཐམས་ཅད་ནི།།དགའ་ལྡན་དུ་ནི་གནས་པ་ཡི།།ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར།།དེ་བཞིན་གཟུགས་བརྙན་འདིར་བཞུགས་ཞིག།འདི་རུ་མགོན་པོ་རྟག་བཞུག། ་ནས།།བྱང་ཆུབ་སེམས་ནི་བསྐྱེད་པ་དང་།།འདི་ཞེས་བྱ་བའི་དོན་སླད་དུ།།བདག་གི་འབྱོར་པ་ཉིད་ཀྱིས་ནི།།ཅི་འབྱོར་པ་ཡི་མཆོད་པ་རྣམས།།མེ་ཏོག་ལ་སོགས་འདི་བཞེས་ཤིག།བདག་དང་སློབ ་མར་བཅས་པ་ལ།།རྗེས་སུ་བརྩེ་བས་དགོངས་སུ་གསོལ།།ཀུན་གྱིས་འདི་ལ་བྱིན་རླབས་ཤིང་།།དེ་ཉིད་དུ་ནི་བཞུགས་པར་རིགས།།སྐུ་གཟུགས་སྟ་གོན་ལེགས་བྱས་ལ།།དེ་ནས་བརྟག་པ་མཉན། ་པར་བརྩམ།།སློབ་མ་བསྲུང་བར་གནས་པ་ཡི།།དེ་ལྟར་ཐམས་ཅད་དཔྱད་བྱས་ལ།།སྔགས་པས་མཆོད་པའི་ཆོ་ག་སོགས།།བླ་མ་ཡས་ནི་གང་བསྒོ་བ།།མ་ཚོགས་པ་ཀུན་བསྒྲུབ་པར་བྱ།། ་མཆོད་ཡོན་འབྲས་བུ་ཆེན་པོ་འགྱུར།།དེ་ནས་སྔགས་པས་སྙན་གསན་དབབ།།གདན་ལ་བསྟིམ་བྱ་བ་མཆོད་ཡོན་དང་།།མཆོད་པ་སྤོས་དང་མེ་ཏོག་དང་།།དེ་བཞིན་དུ་ནི་མར་མི་དང་།།སྔགས ་དང་ལྡན་པས་དབུལ་བར་བྱ།།སྐུ་གཟུགས་མདུན་དུ་ཕྱོགས་བྱས་ལ།།ན་བཟའ་སེར་པོས་གཡོག་བྱ་ཞིང་།།དེ་ནས་སྔགས་པས་འདུ་བྱ་བ།།ཁྱད་པར་དུ་ནི་བདུག་པར་བྱ།།དེ་ནས ་གྲུབ་ཕྱིར་དེ་ལ་ནི།།དེ་ལ་ལན་གཅིག་གཏོར་བྱ་བ།དེ་ནས་དེ་ལ་སྔགས་འདིས་ནི།།མེ་དང་དེ་ནས་ཆུ་ལ་ནི།།ོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ།།ཞེས་བྱ་བས་སོ།།དེ་ནས་རྣམ་པ་ཀུན་གྱི་མཆོག ་ལྡན་པོའི།།དོན་བཞིན་དུ་ནི་བསྒོམ་བྱ་སྟེ།།དེ་ནས་གསུམ་གནས་རྣམས་སུ་བསྟིམ།།ོཾ་ཧཱུཾ་ཨཱཿཡི་གེ་གསུམ།ོཾ་ཡིག་སྤྱི་བོར་བསྟིམ་བྱ་ཞིང་།།སྙིང་ཁར་ཧཱུཾ་གི་ཡི་གེར་འགྱུར།།ངག་གི་ཕྱོག། ་སྱེ་ཨཱཿཡིག་གོ།སྐུ་གསུང་ཐུགས་ནི་བསྒྲུབ་པར་བྱ།།ཡང་ན་གང་གི་ས་བོན་གང་ཡིན་པ།།དེ་ཡི་ཐུགས་ཁར་དེ་དགོད་དོ།།ཕྱག་རྒྱ་སྔགས་ཀྱིས་རབ་བསྐུལ་ཞིང་།།ཅི་རིགས་པ་ནི་སྙན་གས་ན། ་དབབ།།གསེར་རམ་དངུལ་ལམ་ཟངས་མ་འམ།།རྡོ་དང་དེ་བཞིན་ཤིང་དང་ནི།།ཡང་ན་ཤིང་ལོའི་མདབ་མ་རྣམས།།མཆོད་ཡོན་དུ་ནི་སྦྱར་བར་བྱ།།དེ་བཞིན་བུམ་པ་གསེར་ལ་སོགས།།ཟངས ་མའི་སྣོད་ཀྱི་མཆོད་ཡོན་ནི།།མཆོད་ཡོན་སྣོད་ལ་རབ་ཏུ་ཤིས།།གལ་ཏེ་ནུས་པས་མ་རྙེད་ན།།ཇི་ལྟར་རྙེད་པས་ཀུན་ཏུ་བྱ།།དེ་ནས་དེ་ཡི་ཏིལོ་མར་སོགས།།དུར་བའི་ཕོན་གྱི་པིར་གྱིས་སྦྱང་།། ་བཀྲ་ཤིས་རྔ་ལ་སོགས་པའི་སྒྲས།།ན་ཆུང་རྣམས་ཀྱིས་དེ་བཞིན་བརྗོད།།ཏིལ་མར་ལ་སོགས་པའི་སྔགས་ནི།།ོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ།བུམ་པ་ལྔ་འམ་ཡང་ན་བརྒྱད།། ་ཙན་དྲན་ལ་སོགས་རྣམས་ཀྱིས་བྱུག།སྣ་ཚོགས་དྲི་ཆུས་དགང་བ་དང་།།འཁོར་ལོ་བྱས་ལ་མངོན་པར་བསྔགས།།བུ་མོས་བཀལ་བའི་སྲད་བུའམ།།ཡང་ན་བསོ་མའི་སྐུད་པའང་རུང་།།ཚོན་ཆེན ་པོ་ཡིས་བསྒྱུར་བྱས་ལ།།དེ་ལ་སྔགས་ཀྱིས་དཀྲི་བར་བྱ།།སྨན་སྟེ་རིན་ཆེན་ལྔ་དང་ནི།།མེ་ཏོག་འབྲས་བུརེ་ལྡན་པ་སྟེ།།སྐུ་གསུམ་པ་དང་ཡུངས་ཀར་ལྡན།།བུམ་པ་མངོན་པར་བསྔགས་པར་བྱ།། ་གཙུག་ག་ཏོར་རྣམ་རྒྱལ་ཞེས་བྱ་བ།།གཟི་བརྗིད་གཞོན་གྱིས་མི་རྗེ་དང་།།བཀྲ་ཤིས་ཞི་རྣམས་སྔགས་ཀྱིས་ནི།།ཁྲུས་ཀྱི་ཆེད་དུ་མངོན་པར་བསྔགས།།འཇམ་པའི་ཏིལ་མར་ངག་དང་ནི།།ུ་དུམ~ཾ ་བ་རའི་ལྕུག་མ་བཟང་།།མཁར་པོའི་སྣོད་ཀྱི་ནང་དག་ཏུ།།བཀོད་ལ་རབ་ཏུ་དབུལ་བར་བྱ།།དྲི་ལྔ་ཡིས་ནི་དེ་ནས་བྱུག།ས་བོན་ལྔ་ནི་གཏོར་བར་བྱ།།སློབ་མ་ཚོགས་དང་བཅས་པ་ཡི།།སྔགས་ཀྱིས ་གཙང་སྦྲས་བཀྲུ་བར་བྱ།།བཀྲ་ཤིས་ཞེས་བྱ་ཡིད་འོང་བའི།།བློ་དང་ལྡན་པས་ཚིགས་བཅད་བརྗོད།།རིག་མ་སྤྱན་མ་ཇི་བཞིན་དུ།།ཆོ་ག་བཞིན་དུ་མངོན་དབང་བསྐུར།།སྔགས་ནི་ཇི་ལྟར་བསྟམ།། ་པཙམ་གྱིས་ནི།།ལྷ་ཡི་ཆུ་ནི་དག་པ་ཡིས།།དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར།།དེ་བཞིན་བདག་གིས་ཁྲུས་གསོལ་ལོ།།ཞེས་བྱ་བ་ལ་སོགས་པས་སོ།།ོཾ་སརྦ་ཏ་ཐཱ་ག་ཏ་ཨོཾ་བྷིཥེ་ཀཾ། ་ཏས་མ་ཡ་ཤཱི་ཧཱུཾ།ལུགས་པ་ལ་ནི་དངོས་སུ་བཀྲུ།།རི་མོ་རྣམས་ནི་མོ་འོང་ལའོ།།དག་བྱེད་ལྔས་ནི་སྔོན་དུ་སྒོ།།དཱུར་བ་ཡིས་ནི་མེད་པར་བྱ།།རས་སམ་ལག་པ་དག་གིས་ནི།།བློ་དང་ལྡན་པས་སྐུ ་ལུས་ཕྱི།།གུར་གུམ་མར་དང་བཅས་པས་བསྐུ།།གོས་བཟང་དག་ཀྱང་སྐུ་ལ་གསོལ།།བློ་དང་ལྡན་པས་སྔགས་འདི་ཡིས།།དཀྱིལ་འཁོར་དབུས་སུ་བཞུགསུ་གསྩོལ།། ་ཨོཾ་དྷི་བཛྲ་བཱ་ས་སྱེ་སྭཱ་ཧཱ།ོཾ་བཛྲ་གནྡྷེ་སྭཱཧཱ།ོཾ་བཛྲ་ཨཱ་བ་ར་ཎ་བཻ་སུ་ཥ་ཎེ་སྭཱ་ཧཱ།བློ་ལྡན་གྱིས་རང་དམ་ཚིག་བསྐུལ།།ཕྱག་རྒྱ་སྔགས་ཀྱིས་དབང་བསྐུར་ལ།།ཇི་ལྟར་འོས་པར་མ ་དབང་བསྐུར།།ོཾ་ཧཱུཾ་ཨཾ་བཛྲ་ཁཾ།དེ་ལྟར་ཅོད་པན་བཅིང་བ་བྱས་ལ།།བཞུགས་སུ་གསོལ་ཏེ་བརྟག་པ་ལས་གསུངས་པའི་ཚུལ་གྱིསོ།།མདུན་གྱི་ཕྱོགས་ནི་མ་ནུབ་ཅིང་།།ཡོ་བ་མིན་ཞིང་དྲང ་བ་ཡིས།།དེ་ལྟར་སྐུ་གཟུགས་མཛེས་པར་དགོད།།དེ་ལྟར་མིན་ན་སྐྱོན་འབྱུང་འགྱུར།།མེ་ཏོག་སོགས་དང་དེ་བཞིན་དྲི།།མར་མེན་བཟའ་སོགས་སྦྱོར་གང་།།དེ་ཀུན་སྔགས་དང་ལྡན་པ་ཡིས།། ་ལྷ་རྣམས་ལ་ནི་དབུལ་བར་བྱ།།ོཾ་པུཥྤེ་ཨཱཿཧཱུཾ།ཞེས་བྱ་བ་འདི་དག་ལ་སོགས་པས་སོ།།མཆོག་གི་མེ་ཏོག་འདི་དག་ནི།།ཆུ་དང་ཐང་ལས་དེ་བཞིན་སྐྱེས།།མཆོག་ཏུ་དད་པས་ཁྱེད་ལ་དབུ ་ཅི་བདེ་བར་ནི་སོ་སོར་བ་ཞེས།།ལྷན་ཅིག་སྐྱེས་དང་སྦྱར་ལོས་བྱུང་།།མཆོག་གི་བདུག་པ་འདི་དག་ནི།།བདག་གི་དད་པས་འབུལ་ལགས་ཀྱིས།།ཅི་བདེ་བར་ནི་བཞེས་སུ་གསོལོ།།ལྷན ་ཅིག་སྐྱེས་དང་སྦྱར་ལས་བྱུང་།།མཆོག་ཏུ་གྱུར་པའི་དྲི་འདི་ནི།།མཆོག་གི་དད་པས་འབུལ་ལགས་ཀྱིས།ཅི་བདེ་བར་ནི་སོ་སོར་བཞེས།།མུན་པ་འཇོམས་བྱེད་སྦྱང་བའི་མཆོག།མར་དང་ཏིལ ་གྱི་མར་མོ་འདི།།ཡང་དག་ཡེ་ཤེས་སྤྱན་དབྱེ་ཕྱིར།།དད་པས་བདག་གིས་དབུལ་བར་བགྱི།།བཟའ་དང་བཅའ་བ་ཕུན་སུམ་ཚོགས།།ཁ་དོག་དཱི་རོ་རྣམས་དང་ལྡན།།ཐམས་ཅད་ལྡན་པ་ལྷ་མ།། ་བཤོས།།བདག་གིས་དབུལ་གྱིས་སོ་སོར་བ་ཞེས།།དེ་ལ་སོགས་པ་གང་ཡང་རུང་།།ཅུང་ཟད་ཅི་འབྱོར་སྐུ་གཟུགས་ལ།།དེ་དག་ཐམས་ཅད་འདི་ཉིད་ཀྱིས།།རིམ་པ་ཡིས་ནི་དབུལ་བར་བྱ།། ་སྔགས་ཀྱི་གཙང་སྦྲཙཱ་རུ་བྱ།།དེར་ནི་གསེར་གྱི་རང་བཞིན་གྱི།།ཐུར་མས་སྤྱན་ནི་དབྱེ་བར་བྱ།།ཞལ་ཟས་དེར་དབུལ་བློ་ལྡན་པས།།ོཾ་ཙཀྵུཿཙཀྵཱཿསཱ་མནྟ་ཙཀྵུ་ར་བི་ཤོ་དྷ་ནི་སྭཱ་ཧཱ།ཾ་དི་བྱ ་ཨེ་ནི་ས་མཱ་དྷེ་དྷྱཱ་ན་པྲ་ཎ་མེ་སྭཱ་ཧཱ།དེ་ལྟར་བྱས་ཏེ་དེ་རྣམས་ཡང་།།སློབ་མ་རབ་ཏུ་བཅུག་བྱས་ལ།།ཁྱོད་ཀྱིས་ང་ལ་གང་གསོལ་བའི།།སྐུ་གཟུགས་དག་ནི་ཁྱད་པར་དུ།།ཇི་ལྟར་གསུངས་པར་རབ ་གནས་པར།།དེ་དག་དོན་ནི་ངེས་བྱས་ཏེ།།དེ་རྣམས་དོན་ནི་གྲུབ་ཟིན་གྱིས།།ཅི་བདེ་བར་ནི་མཆོད་པར་བྱོས།།དེ་ནས་དམ་ཚིག་དབང་བསྐུར་བས།།ཁྱོད་ལ་བྱས་ཀྱིས་བསྲེགས་བླུགས་ནི།།སྟོང ་ངམ་ཡང་ན་དེ་ཡི་ཕྱེད།།མདར་གསུམ་བརྟགས་ལ་འབྲུ་རྣམས་ཀྱིས།།འོ་མ་ཅན་གྱི་བུད་ཤིང་ལ།།སྲེག་ཁུང་གྲུ་བཞིར་བསྲེགས་བླུགས་བྱ།།དེ་ཉིད་མར་དང་འོ་མ་ཡིས།།ལྷག་པའི་ཙཱ་རུ་ཕུལ ་བྱས་པས།།བདག་དང་སློབ་མ་ཐམས་ཅད་ནི།།ཞི་དང་རྒྱས་པ་འཕེལ་བར་བྱ།།ོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ།ཱ་གནྡྷེ་ཧ་རི་པིང་ག་ལི་དཱིཔྟིཀྵ་དེ་ཧི་དཾ་ཧི་དཱ་པཱ་ཡ་ཨི་དན་ཙ་མེ་ཀཨཱརྱཾ་ཀུ་རུ་སྭཱ་ཧཱ།ོཾ་བཛྲ་པུཥྤ ་ཡེ་སྭཱ་ཧཱ།དེ་ལྟར་བྱས་ལ་འབད་པ་ཡིས།།ཁྲི་ཡི་སྟེང་དུ་བཞུགས་པར་བྱ།།སྐུ་གཟུགས་ཀྱི་ནི་སུམ་འགྱུར་ཆའོ།།ཆུང་ཙམ་དུ་ནི་རབ་ཏུ་བསྒྲགས།།ོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ། ་མེ་ཏོག་སྤོས་སོགས་སྔོནི་འགྲོ་བས།།ཕྱོགས་སྐྱོང་རྣམས་ཀྱང་མཆོད་པར་བྱ།།ོཾ་ཨིནྡྲ་ཡ་སྭཱ་ཧཱ།ཞེས་བྱ་བ་དབང་ལྡན་ལ་ཐུག་གི་བར་དུ།།རོལ་མོའི་སྒྲ་ལ་སོགས་པས་ཡང་དག་པར་མཆོ ་དེ།།གཤེགས་སུ་གསོལ་བར་བྱ་བ་ནི།།རྫོགས་སངས་རྒྱས་དང་དེ་ཡི་སྲས།།ཚངས་སོགས་ལྷ་ཡི་ཚོགས་རྣམས་དང་།།གང་དག་ཆོ་ག་མ་ཚངས་པས།།དེ་དག་བཟོད་པ་མཛད་པའི་རིགས།། ་ཀུན་ཏུ་ཞི་དང་རྒྱས་པ་རུ།།ཡོན་བདག་ཚེ་ལ་རབ་མཛད་ནས།།སངས་རྒྱས་ཡུལ་དུ་གཤེགས་ནས་ནི།།སླར་ཡང་འབྱོན་པར་མཛད་དུ་གསོལ།།ས་དང་ཆུ་དང་མེ་རླུང་གི།ལྷ་རྣམས་ཀུན་གྱི་སྐུ་གཟུགས ་ལ།།བསྐལ་པ་བརྒྱ་རུ་སྲུང་གནས་མཛོད།།དགྱེས་ཤིང་ཡིད་བཟང་འགྱུར་བ་ཡིས།།སློབ་དཔོན་བླ་མར་བཅས་པ་ཡི།།བུ་དང་ཚ་བོ་སྲུང་མཛད་ནས།།རང་གནས་དགེ་བར་གཤེགས་སུ་གསོལ།། ་དཔྱིད་ཟླ་ར་བ་འམ་དཔྱིད་ཟླ་འབྲིང་།།དགུན་དང་དཔྱིད་ཀྱི་ཐ་ཆུངས་སམ།།དབྱར་ཟླ་དེ་བཞིན་དབྱར་འབྲིང་ངོ་།།ཉི་མ་བྱང་དུ་གནས་པ་ཡི།།དཀར་པོ་ཕྱོགས་ཀྱི་གཉིས་པ་འམ།།རིམས་བཞིན་དེ ་ལྟར་གསུམ་པའམ།།གང་ཚེ་གཟའ་དང་རྗེས་འཐུན་ན།།ནག་པོའི་ཕྱོགས་ལའང་བརྩམ་པར་བྱ།།གང་ཚེ་ཐམས་ཅད་འཐུན་གྱུར་ན།།མི་རྣམས་ཡུན་དུ་འཕེལ་བར་བྱེད།།བཅོ་ལྔ་དེ་བཞིན་བརྒྱད ་དང་།།བཅུ་གསུམ་པ་ཡང་དེ་བཞིན་ནོ།།གནམ་སྟོད་དང་ནི་དེ་བཞིན་དུ།།བཅུ་བཞི་པ་ལའང་བྱ་བ་མིན།།ཐམས་ཅད་དུ་ནི་ཆུ་སྨད་དང་།།སྐྱུར་མ་གྲོ་ཀུན་དེ་བཞིན་ཏེ།།ལག་པ་སྒྲུབས་དང ་སྣརོན་དང་ནི།།རྒྱ་ལ་དང་རྒྱུ་སྨད་དེ་བཞིན་ནོ།།ཁྲུམས་སྦེད་དག་ཀྱང་དེ་བཞིན་དུ།།རྒྱུ་སྐར་འདི་རྣམས་ཐམས་ཅད་དུ།།སྐྱེ་དགུ་འབྲེལ་ཞིང་དེ་རི་ནི།།རབ་ཏུ་གནས་པ་མཆོག་ཏུ་བྱེད།།ཡིད་ལ ་འདོད་པ་ཅི་ཡང་རུང་།།དངོས་གྲུབ་མོ་བཞིས་སྦྱོར་བར་འགྱུར།།ལུང་ལས་ཤེས་པའི་མང་ང།།ཁྲུམས་སམ་ཡང་ནཱ་གྲོ་བཞིན་གྱིས།།ལག་གིས་སྐལ་བཟང་སྣར་མས་ནི།།གཞན་དག་ལས ་ནི་རྒྱལ་བར་བྱེད།།མགོ་ཡིས་ཞི་བ་ཉེ་བར་སྟོན།།ཆུ་སྟོད་ཀྱིས་ནི་བུ་དག་གསོན།།རྟག་པར་དངོས་གྲུབ་ཁྲུམས་སྨད་ཀྱིས།།རྒྱལ་གྱིས་རྟག་པར་ཚེ་རིང་འགྱུར།།སྣརོན་གྱིས་མཆོག་ཏུ་བདེ་བར་བྱེད།། ་ལྷ་མཚམས་ཀྱིས་ནི་མཆོག་སྟེར་འགྱུར།།ཕུར་དུ་ལག་དང་པ་བ་སངས།།ཟླ་བའི་གཟའ་སོགས་ཤེས་བྱ་སྟེ།།འདི་རྣམས་བཟང་ལྡན་ལ་བྱས་ན།།རབ་ཏུ་གནས་པ་མཆོག་ཏུ་དག།གསུམ ་པཔོ་དྲུག་པ་བདུན་པ་ལ།།བཅུ་དང་བཅུ་གཅིག་ལ་ཟླ་བ།།གཉིས་པ་བཞི་པ་དེ་བཞིན་བརྒྱད།།བཅུ་དང་བཅུ་གཅིག་རྣམས་ལ་ལག།གཉིས་དང་བདུན་དང་དེ་བཞིན་དགུ།དེ་བཞིན་ཕུར་བུ་བཅུ ་གཅིག་པ།།དུས་སྦྱོར་བཞི་པ་ལ་བརྟན་ནས།།དེ་ལ་ལྷག་པར་གནས་པར་བྱ།།དྲུག་བདུན་བཅུ་པ་དོར་བ་ཡིས།།པི་བ་སངས་ཉིད་དག་ང་ཡིན།།དེ་ལྟར་བཟའ་རྣམས་ཐམས་ཅད་ཀྱི།།སྟོབས ་ལྡན་མེ་ལྡན་དྲར་ཤེས་བྱ།།གང་ཆེ་ཞི་བའི་གཟུའ་རྣམས་དང་།།ཞིང་རྣམས་ཞི་བ་དགེ་བ་ཡིན།།དང་པོ་ལྔ་པ་གསུམ་དེ་བཞིན།།ནོར་རྣམས་འཇོམས་པ་སྤང་བར་གྱུ།རྫ།། ་འཐུན་པར་བྱེད་པ་པོས།།སྐད་ཅིག་དེ་ལ་ཡོངས་གྲུབ་ཅིང་།།ཇི་ལྟར་གསུངས་བཞིན་ཀུན་བྱས་ན།།རབ་ཏུ་གནས་པ་མཆོག་འགྱུར་ཞིང་།།འཁོར་ལོས་བསྒྱུར་རྒྱལ་དབང་ཕྱུག་ནི།།ཐོབ་འགྱུར ་འདི་ལ་ཐེ་ཚོམ་མེད།།གཟའ་དང་རྒྱུ་སྐར་འདིར་མེད་དེ།།བགེགས་དང་ལོག་པར་འདྲེན་པའང་མེད།།གཟའ་རྣམས་ཐམས་ཅད་རྗེས་འཐུན་ཕྱིར།།བགེགས་དང་རྒྱུ་སྐར་ལྷ་རྣམས་ཉིད།།དང ་སྒྲུབ་པར་ཀུན་གནས་ཤིང་།།གཟུགས་བརྙན་མཆོད་རྟེན་ལ་སོགས་ཀྱིས།དངོས་གྲུབ་དག་ནི་སྟེར་བར་མཛད།།ཡིད་ཀྱིས་ཅུང་ཟད་གང་བསམས་པ།།སྐྱེ་དང་སྐྱེ་བ་འགྲུབ་པར་འགྱུར།།རྒྱན ་རྣམས་མ་ལས་པ་ཡིས་ནི།ཕྱི་ནས་གཟོ་བོ་རྣམས་ལ་མཆོད།།གང་དག་དེ་ལ་བྲོག་བྱེད་པ།།གཞན་དག་ཀྱང་ནི་མཆོད་པར་བྱ།།དེ་ནས་དེ་དག་ཐམས་ཅད་ལ།།དགའ་བས་འདི་སྐད་བརྗོད་པར ་ཇི་ལྟར་གསུངས་པའི་མཆོད་པ་རྣམས།།བདག་ལ་འཐུན་པའི་ནུས་པ་མེད།།དེ་ཕྱིར་ཁྱོད་ལ་བདག་བཟོད་གསོལ།།སྔགས་ཀྱི་གཙང་སྦྲའི་བཟའ་བྱ་དག།གཟུགས་བརྙན་དག་ལ་བཞིན་བྱ་སྟེ།། ་བདེར་གཤེགས་ལྷག་མ་འདི་དག་ནི།།ཟོས་ཤིང་སྡིག་པ་བྱང་བར་འགྱུར།།ཞེས་བྱ་བས་སོ།།གླང་པོ་རྟ་བླང་ཤིང་རྟ་ནོར།།ཡོན་གྱི་དམ་པ་དབུལ་བར་བྱ།།དེ་ནས་དེ་ལ་ནན་ཏན་གྱིས།།ལོངས ་སྤྱོ་གུས་པ་དབུལ་བར་བྱ།།གལ་ཏེ་སྒྲ་ཉིད་དགྱེས་འདོད་ན།།བླ་མ་གུས་པས་དཿསྨ་ཞིང་།།དེ་ལྟར་རྣམ་པ་ཐམས་ཅད་དུ།།བླ་མ་ཡང་དག་མཉེས་པར་བྱ།།དེ་ནས་གང་དག་བརྟུལ་ཞུགས་ཅ།། ་གི་སློང་དག་བསྙེན་དགེ་སློང་མ།།མཆོག་ཏུ་གྲུབ་པས་མཆོད་བྱས་ལ།།དེ་ལྟར་འོས་པའི་ཡན་ཡང་ད་འོ།།དུང་དུམ་དོལ་མེ་ལ་སོགས།།བཟང་བའི་གླུ་དང་གར་རྣམས་ཀྱིས།།གཉེན་ད་རིགས ་བརྒྱུད་འཁོར་རྣམས་ཀྱིས།།རོལ་མོ་ཆེན་པོ་མཚན་མ་དབུལ།།དེ་ལྟར་ཐམས་ཅད་ཕུལ་ཟིན་ནས།།གྲཝར་རུང་མཆོད་སྦྱིན་དཀྱིལ་འཁོར་ལ།།ཕུལ་ལམ་དངུལ་བར་བྱེད་པ་རྣམས།།སློབ་དཔོན་ལ་ནི ་དབུལ་བྱ་ཡི།།བཟོ་བོ་ལ་ནི་མི་སྦྱིན་ཞིང་།།དགེ་སློང་རྣམས་ལའང་སྦྱིན་མི་བྱ།།སློབ་དཔོན་མཆོག་གི་ལྷ་ཡིན་ཏེ།།ནོར་རྣམས་ཐམས་ཅད་དེ་ལ་དབུལ།།དེ་ནས་དཀྱིལ་འཁོར་བྱུག་བྱས་ཏེ།།བ་ཡི ་ལྕི་བས་བྱུགས་བྱས་ཤིང་།།རྡུལ་ཆེན་ཆུ་བོར་རབ་དོར་རོ།།ང་ཡིས་ཡང་དག་ལེགས་པར་འགྱུར།།རབ་ཏུ་གནས་པ་མདོར་བསྡུས་པའི་རྒྱུད་རྫོགས་སོ།།།།དུར་ཁྲོད་དྲག་དང་ཤན་པ་ཡི།། ་ཁྱིམ་དང་སྲིན་པོའི་གནས་རྣམས་སུ།།མངོན་སྤྱོད་ཀྱི་ནི་ལས་བྱ་བ།།ཐབ་ཁུང་ཐ་མ་བར་མ་མཆོག།ཕྱེད་དང་གསུམ་མམ།།ཁྲུ་དགུ་པ་ནི་བྱས་པ་ལས།།སྟེགས་བུ་དེ་ཡི་ཚད་བརྡེགས་ཏེ།།གྲུ ་གསུམ་པ་འམ་མདུང་རྩེ་འདྲ།།ལུགས་ཕྱེ་སོལ་ཕྱ་དུག་གིས་ནི།།བསྐུས་པས་ཐབ་ཁུང་ནག་པོར་བྱ།།དབུས་སུ་རྡོ་རྗེ་རྩེ་དགུ་པ།།ནག་པོ་ཤིན་ཏུ་འབར་བ་བྲི།།མུ་རན་སྟེང་དུ་རྩེ་གསུམ་དང་། ་རྒྱགས་པ་མཛངས་མཚན་དུ་མི་རློལསུ་བྱུད་ལ།།དབྱུག་པ་དང་ནི་དགྲ་སྣ་དང་།།རས་ཧཱུ~ཾ་ཤིན་ཏུ་འབར་བ་གྲོ།།དེ་ལ་གྱུར་ལ་ཀ་ས།།བདག་ཤེགས་ལ་སུགས་རྒྱུག ་རྒྱུས་མཚན།།དུད་སྦྱིན་མདོག་འདྲ་དྲང་སྲོང་མཆོག།རི་ཡི་སྟོང་བཞུགས་ཀྱི་གསུམ་དང་།།གཟར་བུ་ཕྲེང་བ་རིལ་བར་ལྡན།།དེ་ལྷའི་མེ་ལྷ་སྤྱན་དྲངས་ནས།།མྦྷིར་བལྟས་ཁྲོས་པའི་སེམས་ཀྱི ་སྲོག།ཤིན་ཏུ་གདུག་ཅིང་ཆེར་མར་བཅས།།སྲེག་ཤིང་ཡམ་ཤིང་བྱས་ནས་ང་།།ཤདང་ཁྲག་དང་ལྕགས་བྱེ་དང་།།རུས་ཕྱི་དྲུག་དང་ཀ་ཚེ་དང་།།དྲི་ཆེན་དྲི་ཆུ་ལ་སོགས་པའི།།རྫས་རྣམ ་ཀུན་ལ་དུག་གིས་ནི།།བསྒོས་པས་ལན་གྲངས་འཇམ་བསྲེགས་ནོས།།དེ་ཡི་ལོངས་སྤྱོད་འབྱུར་བ་དང་།།གཉེན་དང་འཁྲུར་དང་བླན་རྣམས་དང་།།བུ་དང་ཆུང་མར་བཅས་པ་རྣམས།། ་ཏེ་སྨྱིག་དང་བྲལ་ནས་ནི།།སྡུག་བསྔལ་མོ་བཟད་མྱོང་བར་འགྱུར།།མངོན་སྤྱོད་ཀྱི་ལས་རྫོགས་སོ།།།།རྒྱུ་གར་མི་མཁྱེན་པ་ཤྲཱིཙྪ་བརྦྷ་དང་།ོཾཙྪ་བ་བནྡེ་ཛཱ་ཡང་ཀྵི་ཏས་པ ་བའོ།།།།རྒྱ་གར་སྐད་དུ།ཤྲཱི་བར་མྦྷ་དཱ་ནཱ་མ་མ་ཧཱ་ཡཱ་ན་ཀ་ལ་པ་རཱ་ཛ~ཾ།བོད་སྐད་དུ།དཔལ་མཆོག་དང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་རྟོག་པའི་རྒྱལ་པོ།བཅོམ་ལྡན་འདས་མ ་