| Wylie | e-texts produced with BDRC’s OCR application |
ནོ་ཀཛིན་ལས་ནས་དང་།མ་དེའི་སློང་ག་ནན་ཚུལ་ཁྲིམས་མྦུ་ད་དུ་ས་དེའོ།།བས་དེ་བརྒྱུག་ཉིས་པའོ།།།།རྒྱ་བར་སྨད་དུ། ་ཧྱ་སྱོནཱ་མྱ་ཏནྟ་།བདེ་སྲིད་དུ།ཐམས་ཅད་གསང་བ་ཞེས་བྱ་བ་རྒྱུད་ཀྱི་རྒྱུ་རོ་།།ཇིཅོམ་ལྡན་འདས་མ་ཤེས་སེམས་དཔའ་ལ་ཕྱག་འཚལོ།།དྨོ་ལྔ་ཉིད་ཀྱིས་ལྔ ་ཡོ་བདག་ཉིད་ཅནི།།མི་རྣམས་ལུས་ལ་ངེས་པར་མཐོང་བ་དག།རངས་མོས་རབ་ཏུ་བསྒོམ་པར་གྱུར་ན་ནི།།དངོས་དེར་བསྒོམ་པས་ངེས་པར་སངས་རྒྱས་འགྱུར།།རེང་ཤེས་གས ་པབདམ་པ་ནི།།སངས་རྒྱས་ཡེ་ཤེས་བླ་མེད་དེ།།གཉིས་མེད་གཉིས་ཀྱི་ཚུལ་ཅན་ཏེ།།སངས་རྒྱས་རྟག་པར་རབ་ཏུ་འདུད།།ཡང་དག་བདག་མེད་ལས་བྱུང་ཞིང་།།གཉིས་མེད་ཡེ་ཤེས ་ལས་བྱུང་བ།།སྡུག་དང་མི་སྡུག་རྣམ་སྤངས་པ།།ཅིས་འང་བྱེག་ནི་མི་འཚལ་ཏོ།།མ་སྐྱེས་པ་ནི་ཡང་དག་སྤྱོད།།སྐྱེས་པའི་འོག་ཏུ་རྟག་པར་ནི།།སངས་རྒྱས་སྲུང་ནི་སྒོམ་པ་དེ།། ་གི་ཡེ་ཤེས་མཆོག་ཕྱག་འཚལ།།རྣལ་འབྱར་པ་དང་སེམས་ཅན་ཀུན།།མ་སྐྱེས་པ་ནི་ཡང་དག་སྐྱེ།།སྐྱེས་པའི་འོག་ཏུ་རྟག་པར་ནི།།ཉོན་མོངས་དག་ཆགས་ཀྱིས་སུན་འབྱིན།། ་ལུས་ཅན་རྣམས་ནི་འཁོར་གྱུར་པ།།སྡུག་དང་མི་སྡུག་རྣམ་འབྱེད་ཡིན།།སེམས་གང་དེ་ཉིད་སྡུག་བསྔལ་ཏོ།།སེམས་ཅན་རྣམས་ཀྱི་ལུས་འབྱུང་།།སེམས་དེ་ཡི་ནི་རྒྱུན་ཉིས་ཀྱིས།། ་འགྲོ་བ་སྡུག་བསྔལ་གནོད་པར་འགྱུར།།རྣམ་པར་སྣང་མཛད་རྒྱལ་བ་མགོན།།སངས་རྒྱས་ཐམས་ཅད་བསྡུས་གཅིག་པུ།།སངས་རྒྱས་ཐམས་ཅད་རྟོགས་གྱུར་པ།།སངས་རྒྱས ་འཁོར་བ་སྒྲོལ་བ་བོ།།སེམས་ཅན་ཀུན་ལ་ཕན་པའི་ཕྱིར།།ཐུགས་རྗེའི་ཉམས་དང་ཡང་དག་ལྡན།།རྒྱུ་ཡི་དེ་ཉིད་མཉམ་སྦྱོར་བས།།འབྲས་བུའི་དེ་ཉིད་རྣམས་ཀྱང་སྟོན།།འཕྱས ་བུའི་དེ་ཉིད་ཡང་དག་ཞུགས།།རྒྱུ་ཡི་དེ་ཉིད་མི་འདོད་དོ།།གང་དུ་འདོད་པ་སྐྱེས་གྱུར་པ།།དེ་ཉིད་འཁོར་བའི་བག་ཆགས་ཡིན།།མཁས་པ་ཡི་ནི་ཆོ་ག་ཡིས།།སྒོམ་པ་རུ་ནི་རོང ་སྐུ་བཏགས།།གང་ཞིག་སྐུར་ཡང་གཅིག་གྱུར་པ།།རྣལ་འབྱོར་པ་ཡི་རྣལ་འབྱོར་བྱུང་།།སངས་རྒྱས་རྗེས་དྲན་ལ་དམིགས་ཤིང་།།ཆོས་ནི་རྗེསུ་དམིགས་པར ་ཚོགས་གཉིས་བྱིན་སྦྱོར་བ་ཡིས།།རྐང་གཉིས་དམ་པ་ཉིད་དུ་འགྱུར།།བྱི་གར་ལོ་ག་རབ་བཞག་སྷོ།།སངས་རྒྱས་སྒོར་ནི་རྣམ་པར་བསྒོམ།།སངས་རྒྱས་རྗེས་དྲན་རྣལ་འབྱོར་པ།། ་སངས་རྒྱས་སྤྲིན་ནི་བསྒོམ་པར་བྱ།།བྷ་བར་ལིང་ག་རབ་བཞག་སྟེ།།རྡོ་རྗེ་ཆོས་ནི་རྣམ་པར་སྒོམ།།ཆོས་ནི་རྗེས་དྲན་རྣལ་འབྱོར་པ།།ཆོས་ཀྱི་སྤྲིན་ལས་ཆར་རབ་འབེབས།།མ ་མ་ལིང་བ་ཞེས་བཤད།།ཕྱག་རྒྱལ་མཚན་མ་རྣམ་པ་བཞི།།འཇོམས་པས་བྷ་གེ་ཞེས་བཤད།།ཉོན་མོངས་འཇོམས་པའི་དམ་པྲི་ནུ།།སེམས་ཅན་ཀུན་གྱི་དངོས་ཀུན་གྱི།།། ་རང་སེམས་ཆོས་ནི་བསྡུས་པ་ཡིན།།ཆོས་བདག་མེད་པའི་སྤྱོད་ཡིས།གསང་ན་རང་ཉིད་འཆི་བར་འགྱུར།།རང་གི་སེམས་ཉིད་རྫོགས་སངས་རྒྱས།།རྟོགས་པར་བྱ ་བ་སེམས་ཉིད་ཡིན།།རང་གི་སེམས་ཉིད་བསད་བྱ་བ།།སེམས་ཉིད་ཁོ་ན་བསད་པར་བྱ།།སྦྱོར་བ་ཉིད་དང་ཡང་དག་འབལ།།གང་ཡང་སྲིད་པ་འབྱུང་མ ་ཡིན།།གང་ཆེ་སངས་རྒྱས་ད་ནི།།སྦྱོར་ལྔ་སངས་རྒྱས་བདག་ཅེས་སྒོམ།།ཏིང་འཛིན་ཡེ་ཤེས་ལས་བྱ་ངབ།།སངས་རྒྱས་ཉིད་ཕྱིར་མདོར་བསྡུས་པ།།སང་པ་རྒྱས་རྣལ་འབྱོ ་མེད་པར་ནི།།རྣལ་འབྱོར་པ་ནི་འཚང་མ་ཎྱ།།ཕྲ་མོའི་དངོས་པོ་ཇི་བཞིན་མཐོང་།།སྡུག་པའི་དངོས་པོར་དེ་བཞིན་ཏེ།།དངོས་དང་དངོས་མེད་ཁྱད་པར་ནི།།སྒོམ་པ་ཀུན་ཏུ་བརྟགས་པ་ཡིན། ་དངོས་པོ་སྒོམ་པའི་དངོས་མ་ཡིན།།སྒོམ་པར་བྱ་བ་སྒོམ་མ་ཡིན།།དངོས་པོ་སྒོམ་པར་གྱུར་པ་ཡོས།།རང་གི་སེམས་ནི་ཡོངསུ་སྦྱོང་།།སངས་རྒྱས་སངས་རྒྱས་ཡུལ་མ་ཡིན།།སེམ ་ཅན་ཡུལ་དུ་འདུ་མི་འགྱུར་གྱི།།རང་སེམས་རྟོགས་པས་སངས་རྒྱས་ཏེ།།སངས་རྒྱས་སངས་རྒྱས་རྟོགས་པས་མིན།།གཉིས་མདོ་སྦྱོར་བ་འདི་ལ་ཡང་།།ཏིང་འཛིན་གྱི་ཡོ་ཤེས ་བརྟག།རྒྱུ་ཡི་དེ་ཉིད་ཇི་ལྟར་མཐོང་།།འབྲས་བུའི་དེ་ཉིད་དེ་ཉིད་ཡིན།།རྒྱུ་ཡི་དེ་ཉིད་ཅུང་ཟད་མེད།།འབྲས་བུའི་དེ་ཉིད་དེ་བཞིན་ནོ།།དེ་ཉིད་དེ་ནི་དེ་བཞིན་ཤེས།།དེ་ཉིད་རྣལ་འབྱོར་པ ་ཀུན་སྦེད།།རྒྱུ་ཡིས་རྒྱུ་ནི་དངོས་པོར་མིན།།འབྲས་བུའི་དངོས་པོར་འབྲས་བུས་མིན།།རྒྱུ་དེ་འབྲས་བུའི་དངོས་པོར་རུང་།།རང་གི་སེམས་ནི་སོ་སོར་སྣང་།།ཡེ་ཤེས་དེ་ནི་རྒྱུ་དངོས་ཏེ།།། ་གས་ང་འབྲས་བུའི་དངོས་པོ་ཡིན།།གསང་བ་གཉིས་མེད་སྤྱོད་པ་ཡིས།།དེ་ཡིས་དངོས་པས་མཆོག་ཡིན་ནོ།།དེ་ཉིད་དེ་ཉིད་རྟོགས་གྱུར་པ།།གསང་དེ་གི་སང་བའི་རྣལ་འབྱོར་པོ།།གུས་། ་བདེ་རིག་ཤེས་པ་སྟེ།།མཆོག་ནི་མཆོག་གི་རྣལ་འབྱོར་པ།།སྡུག་པའི་ངོ་བོར་གང་བ་ཤད་པ།།མི་སྡུག་པ་ཡང་དེ་ཡི་དངོས།།སྡུག་དང་མི་སྡུག་གཟུགས་གང་ཡིན།།མི་མཐོང་དེ་ནི་དེ་བཞི། ་གཤོགས།།རྣམ་ཤེས་ཙམ་ནི་མེད་པ་རུ།།རྣལ་འབྱོར་རྣལ་འབྱོར་འབྱུང་མི་འགྱུར།།ཛ་ལྟར་ཡེ་ཤེས་མཆོག་དག་པ།།དེ་ལྟར་དག་པ་དེ་བཞིན་གཤེགས།།རྣ་པཱ་ཤྲཱི་པ ་པ་ནི།ཕྱག་རྒྱ་ནི་ཡི་ཚིག་ཡིས།།གསང་བ་གཉིས་མེད་སྦྱོ་ཡིས།།སྐུ་གསུང་ཐུགས་ནི་ཡང་དག་བྱུང་།།ཐུགས་ནི་ཕྱག་རྒྱ་ཆེན་པོ་སྟེ།།དམ་ཚིག་ཕྱག་རྒྱ་ཀུན་ཏུ་འགྲོ།།ཆོས་ཀྱི་ཕྱག་རྒྱ ་གསུང་གི་སྟེ།།ལས་ཀྱི་ཕྱག་རྒྱ་སྐུ་ཡི་ཡིན།།རྒྱ་ཡིས་རྒྱས་བཏབ་དངོས་པོ་ནི།།གསང་བདག་གསང་བའི་རྣལ་འབྱོར་པོའོ།།རང་རིག་པ་ཡི་ངོ་བོ་ཡིས།།ཏིང་འཛིན་ཡེ་ཤེས་བརྟགས་པ་ཡིན།། ་ལུས་ངག་སེམསུ་རྣམ་བརྟགས་པའི།།བྱ་བ་རྒྱུད་དུ་རྣམ་བརྟགས་པ།།གསང་བ་རྣམ་པ་གསུམ་དུ་བཤད།།རྡོ་རྗེ་ལས་ཅན་སྣ་ཚོགས་བཞིན།།སངས་རྒྱས་ལྔ་ཡི་བདག་ཉིད་ནི།།གས། ་བའི་ཡེ་ཤེས་བླ་མེད་ཡིན།།ཕྱག་རྒྱ་བཞི་པོ་གསང་བ་དོ།།རྣལ་འབྱེར་པ་ཡིས་ལས་གྲུབ་བྱེད།།འབྱུང་བ་ཆེན་པོ་བཞི་པོ་ཡང་།།ཕྱག་རྒྱ་བཞི་ཞེས་བཤོད་པ་ཡིན།།ཕྱག་རྒྱ་བཞི ་ཡིས་མཉམ་སྦར་བ།།ལྷ་མོ་བཞི་དང་ཡང་དག་སྦྱོར།།ས་ནི་སྤྱན་ཞེས་བཤད་པ་ཡིན།།ཆུ་ནི་མཱ་མ་ཀེ་ཞེས་བཤད།།མེ་དང་རླུང་ཞེས་གྲགས་པ་ནི།།གོས་དཀར་མོ་དང་སྒྲོལ་མ ་ཡིན་ཏ་དབང་ཚན་ས་ཡེ་ཁམས་ཡིན་ཏེ།།ཆུ་ཡཾ་ཁམས་ནི་ཆུ་དཀྱིལ་འཁོར།།མེནྟི་མེ་ཡི་ཁམས་ཡིན་ཏེ།།རླུང་ནི་རླུང་གི་དཀྱིལ་འཁོར།།དབང་ཆེན་ཁ་དོག་སེར་པོ་སྟེ།།གྲུ ་བཞི་པ་སྟེ་རྒྱས་པ་ཡིན།།ཆུ་ལ་དཀྱིལ་འཁོར་རྣམ་པ་སྐྱེ།།དཀར་པོའི་མདོག་ཅན་ཞིངའི་ཡིན།།མེ་ཡི་དཀྱིལ་འཁོར་ཁྭ་དོག་དམར།།གྲུ་གསུམ་དབང་གིས་ལས་རྣམས་ལང།།རླུང ་དཀྱིལ་འཁོར་གཞུ་ཡི་དབྱིངས།།ནག་པོའི་གདུག་པའི་ལས་རྣམས་ལ།།འབྱུང་བ་ཆེའི་བདག་ལས་གྲུབ་པ།།ལས་ཀྱི་དངོས་གྲུབ་ཡོན་ཏན་བཞི།།ལུས་ཀྱི་དངོས་གྲུབ་དངོས་གྲུབ་མཆོགས། ་ལངར་ལོས་བསྒྱུར་བ་རྣམ་པ་བཞི།།ཞི་བ་ལ་ནི་སྤྱན་གྱི་ཆུལ།།རྒྱས་པ་པདྨའི་རྡོ་རྗེ་ཅན།།དབང་ལ་རྣམ་པར་སྣང་མཛད་གནས།།རྡོ་རྗེ་ཁྲོ་བ་མངོན་སྤྱོད་ལའོ།།ཞི་བ་དགེངས་ཀྱི་བྱ་བ་ཡིན། ་དེ་བཞིན་རྒྱས་པོ་ལྔ་དྲ་ལ།།གདུག་པའི་ལས་རྣམས་ཉི་མའི་གུང་།།དབང་གི་ལས་ནི་མཚན་ཕྱེད་བྱ།།ཞི་ལ་དཀར་པོ་སྦྱར་བར་བྱ།།སེར་པོར་སྣང་བ་རྒྱས་པ་ལ།།དབང་གི་ལས་ལ ་དམར་པོ་སྟེ།།གདུག་པ་ནག་པོ་རབ་ཏུ་སྦྱར།།ཏིང་འཛིན་ཡེ་ཤེས་ལས་བྱུང་བ།།ལས་ཀྱི་སྒྲུབ་པ་དམྦྷ་པ་ཡིན།།བཅོམོ་ལྡན་དག་པ་བསྒོམ་བྱ་སྟེ།།སངས་རྒྱས་ཀུན་ལས་མི་གཡོ་གྱུར ་བྷ་གའི་དབུསུ་གསང་བའི་བདག།རྡོ་རྗེའི་དབྱིངས་ནི་དེ་བཞིན་གཤེགས།།ལྷ་ཡི་བདག་གྱུར་བདག་ཉི་ནི།།བསྒོམས་ན་གཡོ་བ་མེད་པར་འགྱུར།།སྙིང་ལ་གནས་པའི་ལྷ་མོ་ཆེ།།རྣ ་པ་ཡི་རྣལ་འབྱར་བསྐྱེད།།སངས་རྒྱས་ཐམས་ཅད་བསྐྱེད་མཛད་ཡུམ།།རྡོ་རྗེ་དཔྱིད་ཀྱི་དབང་པོས་བཤད།།འདོད་ཆགས་ཞེ་སྡང་གཏི་མུག་སྟེ།།འདི་དག་འཇིག་རྟེན་དུག་གསུམ་ཡིན།། ་སངས་རྒྱས་བཅོམ་ལྡན་དུག་མི་མངའ།།རྡོ་རྗེ་དབྱིངས་ནི་དེ་བཞིན་གཤེགས།།ཆགས་དང་སྡང་དང་རྨོངས་པ་རྣམས།།བསྒོམས་ནས་ཁམས་གསུམ་པ་ཡི་བདག ་སངས་རྒྱས་བཅོམ་ལྡན་འདས་གྱུར་ཏེ།།སངས་རྒྱས་བདེན་པའི་དུག་བཅོ་མོ།།རང་སེམས་སོ་སོར་རྟོགས་པ་ཡིས།།གཏི་མུག་སེམས་ནི་དེ་བཞིན་གཤེགས།།རྨོངས་པ་ཉིད་ནི་འཇིག། ་རྟེན་གྱུར།།སེམས་ཅན་ཀུན་ལ་བལྟ་བར་བྱ།།ཞེ་སྡང་སེམས་ནི་དེ་བཞིན་གཤེགས།།ཕྲ་མོའི་ཡེ་ཤེས་ཡང་དག་བསྐྱེད།།སྡང་གྱུར་རྡོ་རྗེ་ཉིད་དུ་གྱུར།།སེམས་ཅན་ཐམས། ་ཅང་གཞིག་པར་བྱ།།འདོད་ཆགས་སེམས་ནི་དེ་བཞིན་གཤེགས།།བྱང་ཆུབ་སེམས་ནི་ཡང་དག་བསྐྱེད།།ཆགས་གྱུར་བཟང་པོ་ཉིད་གྱུར་པ།།སངས་རྒྱས་ཐམས་ཅད་ཆགས་པར ་བྱ།།བྱམས་པའི་སེམས་ནི་དེ་བཞིན་གཤེགས།།ང་རྒྱལ་ཡང་དག་བསྐྱེད་ནས་ནི།།མཛའ་བོར་གྱུར་ཅིང་ཀུན་ཉིད་གྱུར།།སངས་རྒྱས་ཀུན་ལ་འཁྱུད་པར་བྱ།།ཆགས་པའི་ལྟ་བུ།། ་བྱམས་པ་སྟེ།།ཐུགས་རྗེའི་ཆོས་ནི་སྨྲ་བ་དང་།།ཀུན་ལ་མི་འཇིགས་སྦྱིན་པ་དང་།།སངས་རྒྱས་ཐམས་ཅད་མི་ཉེས་བྱའོ།།རྣལ་འབྱོར་སྦྱིན་ལས་རབ་དགའ་སྟེ།།ཚུལ་ཁྲིམ། ་ལྡན་ལས་དྲི་མེད་འགྱུར།།བཟོད་པ་ལས་ནི་འོད་བྱེད་པ།།བརྩོན་ལ་སོ་འང་འཕྲོ་ཅན་དང་ལྡན།།བསམ་གཏན་ལས་ནི་སྦྱངས་དཀའ་བོ།།ཤེས་རབ་ཀྱིས་ནི་མངོན་གྱུར་མཐོང་།། ་ཐངས་ཚན་ལས་ནི་རིང་དུ་སོང་།།སྟོབས་དང་ལྡན་ལས་མི་གཡོ་འགྱུར།།སྨོན་ལམ་གྱིས་ནི་ལེགས་བློ་ལྡན།།ཡེ་ཤེས་ལྡན་ལས་ཆོས་ཀྱི་སྤྲིན།།རྒྱལ་བ་དེ་བཞིན་གཤེགས་པ་ནི།།རང་རི ་བདག་ཉིད་བཅུ་གཅིག་འགྱུར།།ཕ་རོལ་ཕྱིན་པ་བཅུ་རྣམས་དང་།།སྟོབས་དང་དབང་ནི་རྫོགས་གྱུར་ཅིང་།།ས་བཅུ་ལས་ནི་འདས་གྱུར་པ།།མཚན་མ་བརྟན་གྱུར་དེ་ལས་ནི།།རྡོ་རྗེ་ཆུ་ནི ་རྫོགས་སངས་རྒྱས།།ཆོས་ཀྱི་བདུད་རྩི་བཅུད་ལེན་ཡིན།།སངས་རྒྱས་ཀུན་གྱི་མཐའ་ཡས་པ།།གཟུང་དང་འཛིན་པ་སྤངས་པ་ཡིན།།ཆོས་ཀྱི་བདུད་རྩི་བཅུད་ཀྱིས་ལེན།།རྡོ་རྗེའི་ཆུ ་ནི་དག་འཐུངས་པས།།རྡོ་རྗེ་སློབ་དཔོན་རྣལ་འབྱོར་པ།།འདོད་ནས་དག་པར་དེ་ཚེ་འགྱུར།།འདོད་ནས་དག་པར་གནས་གྱུར་པ།།དེ་ནས་བྱང་ཆུབ་སེམསུ་འགྱུར།།བྱང་ཆུབ་སེམས་ཀྱི ་བདག་ཅན་འགྱུར།།བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས།།རྣམ་པར་གྲོལ་བའི་རས་ཀྱིས་གཡོགས།།བྱང་ཆུབ་སེམས་ནི་བློ་ན་མེད།།ཡང་དག་བསྐྱེད་གྱུར་རྣལ་འབྱོར་པ།། ་རྡོ་རྗེ་སེམས་དཔའ་སྙིང་ལ་འདུག།སེམས་ཅན་ཁམས་ནི་མཐའ་ཡས་པའི།།མར་གྱུར་དམ་ཚིག་འཛིན་བྱེད་པ།།རྡོ་རྗེ་དམ་ཚིག་གིས་སྤང་ན།།རྟག་ཏུ་དམ་ཚིག་གནས་པར་གྱུར།།ཁམ ་གསུམ་ལམ་ནི་ཉམས་དགའ་བར།།བུད་མེད་ཅེས་བཤད་ཇི་སྙེད་པ།།ཆོ་ག་བཞིན་དུ་ཀུན་སྤྱོད་ཅིང་།།ཐུགས་ཀྱི་རྡོ་རྗེ་སྨད་མི་བྱ།།རྡོ་རྗེ་གསུམ་གྱི་སྐུ་ལ་གནས།།དམ་ཚིག་ཕྱག་རྒྱ་ཇི ་སྙེད་པ།།རྡོ་རྗེ་དམཆོག་གསུམ་གྱིས་བྱ།།གསུང་གི་རྡོ་རྗེ་སྨན་མི་བྱ།།རྡོ་རྗེ་སེམས་དཔའ་ལས་བྱུང་བའི།།ཕྱག་རྒྱ་ཀུན་ནི་བུད་མེད་བཟང་།།དེ་རྣམས་བསྟན་པའི་རྣ ་འབྱོར་པ།།ཕྱག་རྒྱ་ཐམས་ཅད་དབང་དུ་འགྱུར།།འཇིག་རྟེན་ཁམས་ནི་ཐམས་ཅད་ནོ།།བུད་མེད་ཅེས་བྱ་ཇི་སྙེད་པ།།ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡིས།།དེ་དག་ཀུན་ལ་ཉེ་བར་སྤྱོད།།གསང། ་བ་མཆོག་གི་རྣལ་འབྱོར་པ།།ཏིང་འཛིན་ཡེ་ཤེས་དམ་པ་ཡིན།།གལ་ཏེ་དངོས་གྲུབ་མཆོག་འདོད་ན།།ང་རྒྱལ་མ་ཡིན་ཧཱུཾ་མ་ཡིན།།རིག་པོ་མ་ཡིན་སྔགས་རིག་མིན།།ལགོ་པའི་ཕྱག ་རྒྱའང་མ་བཅའོ།།མཆོད་རྟེན་གྱི་ནི་ལས་མི་བྱ།།གླེགས་བམ་དག་ཀྱང་བཀླག་མི་བྱ།།དཀྱིལ་འཁོར་དག་ནི་མི་བྱ་ཞིང་།།རྡོ་རྗེ་མཆོག་གསུམ་ཕྱག་མི་འཚལ།།སློབ་དཔོ་ནོ་སླ ་པར་མི་བྱ་སྟེ།།བྷྲ་མ་སངས་རྒྱས་ཀུན་དང་མཉམ།།ཁྱོད་ཀྱི་སྲོག་ཆགས་བསད་པར་བྱ།།བརྫུན་གྱི་ཚིག་ཀྱང་སྤྲོ་བར་བྱ།།ཁྱེད་ཀྱི་སྔ་མ་བྱིན་བླང་བྱོ་ཞིང་།།གཞན་གྱི་བུད་མེད ་བསྟན་པོར་བྱ།།སྦྱིན་སྲེག་ཡང་ན་བསམ་གཏན་མིན།།ལུས་ངག་ཡིད་ནི་མི་བྱེད་པ།།གཞན་མིན་སེམས་ཀྱིས་བྱ་བ་སྟེ།།འདི་ནི་བསོད་པའོ་མཆོག་ཡིན་ནོ།།སྔགས་རྣམས ་ཐམས་ཅད་རབ་ཏུ་འགྲུབ།།རྣལ་འབྱོར་ཀུན་ཀྱང་རྣམ་ཀུན་ཏུ།།དེ་བས་འབད་པ་ཐམས་ཅད་ཀྱང་།།སངས་རྒྱས་ཆོས་ཉིད་སྒོམ་པར་བྱ།།མ་འདྲེས་ཆོས་ནི་བཅོ་བརྒྱད་པ།།ས ་རྒྱས་ཆོས་ཞེས་བཤད་པ་ཡིན།།དེ་རྣམས་རྟག་ཏུ་སྒོམ་པ་ནི།།སངས་རྒྱས་ཆེས་ནི་སྒྲུབ་བྱེད་ཡིན།།བསམ་གཏན་བཞི་དུ་གཟུགས་མེད་བཞི།།རྟག་ཏུ་ཐོབ་པར་བྱས་པ་དང་།།འགོག་པའོ་སྙོམས ་འཇུག་དེ་ཡིས་ན།།སངས་རྒྱས་བྱང་ཆུབ་ས་སྒྲུབ།།བྱང་ཆུབ་ཕྱོགས་ནི་སུམ་ཅུ་འདྲེན།།ཆོ་སུ་ཡང་དག་བཤད་པ་གང་།།དེ་རྣམས་སྒོམ་པས་དག་པ་དང་།།བྱང་ཆུབ་སེམས་དཔའ་འགྲོ་ཕན། ་ཡིན།།འགྲོ་བ་རྣམས་ལ་སྤྲོ་བའི་སེམས།།བརྟན་ཞིང་སྙིང་པོ་རབ་བསྒོམས་པ།།སྟོང་པ་དེ་ཉིད་ལས་བྱུང་བ།།རྡོ་རྗེ་ཡེ་ཤེས་ཞེས་བྱ་བཤད།།ཆོས་བདག་མེ་ལུས་ཡང་དག་བྱུང་།། ་གཉིས་མེད་ཡེ་ཤེས་དམ་པ་སྟེ།།ཆོས་ཉིད་མཆོག་གི་ཡེ་ཤེས་ནི།།ཆོས་ཀྱི་དབྱིངས་ཞེས་ཡང་དག་བཤད།།འདི་ནི་ཆོས་དབྱིངས་ཡེ་ཤེས་ཏེ།།རྡོ་རྗེ་ལྟ་བུའི་ཏིང་འཛིན་སྐྱེས།།རྡོ་རྗེ་ཡེ ་ཤེས་རང་བཞིན་སེམས།།རྡོ་རྗེ་དབྱིངས་ཞེས་བྱ་བར་བཤད།།སེམས་ཀྱི་སྤྲོ་བའི་སྤྲོར་བ་ཡིས།།ཕྲ་མོའི་ཡེ་ཤེས་སོགས་སྦྱོར་བ།།དེ་བཞིན་གཤོགས་ཀུན་ཡེ་ཤེས་ནོ།།རྣམ་པར་སྣང་མཛད ་ཅེས་བྱར་བཤད།།བྱམས་པ་སྤྲོ་བའི་སྦྱོར་བ་ཡིས།།སྦྱོར་བ་སྤྱོད་པར་བྱེད་པའི་མཆོག།ཟག་མེང་བརྟན་པར་གྱུར་པ་ཡི།།ཐུགས་ནི་མི་སྐྱོད་པ་ཞེས་བཤད།།ཐུགས་རྗེ་སྤྲོ་བའི་ཚུལ ་གྱིས་ནོ།།སེམས་ཅན་ཕན་འདོགས་མཛད་པ་པོ།།ཐུགས་ནི་འགྲོ་དོན་ཡང་ངག་ལྡན།།རིན་ཆེན་འབྱུང་ལྡན་ཞེས་བཤད་དོ།།དགའ་བསོ་སྤྲོ་བའི་སྦྱོར་བ་ཡིས།།ཐེག་ཆེན་མཆོག་ནི ་དྲི་མ་མེད།།ཐུགས་ནི་འོད་གསལ་དག་པ་ནི།།འོད་དཔག་མེད་ཅེས་དེ་བཤད་དོ།།གཏང་སྙོམས་སྤྲོ་བར་མཛད་པའི་ཤུགས།།སེམས་ཅན་ཐམས་ཅད་རྟོགས་མན ་པ།།དོན་ཡོད་བླ་མེད་བྱ་བ་ནི།།དོན་ཡོད་གྲུབ་པར་དེ་བཤད་དོ།།བྱང་ཆུབ་རང་བཞིན་ཡེ་ཤེས་མཆོག།དེ་འདིར་རྡོ་རྗེ་ཞེས་བཤད་དོ།།རྡོ་རྗེ་ཡེ་ཤེས་ལས་བྱུང་བ།།རྡོ་རྗེ་སེམས་དཔར་དེ ་ཤད་དེ།།སངས་རྒྱས་ཐམས་ཅད་སྤྱན་འདྲེན་པ།།རྡོ་རྗེ་ལྕགས་ཀྱུ་ཞེས་བཤད་དེ།།རྡོ་རྗེའི་རིགས་རྣམས་ཀུན་གྱི་རྒྱལ།།རྡོ་རྗེ་རྒྱལ་པོར་དེ་བཤད།།སངས་རྒྱས་ཐམས་ཅད་ཆགས ་བྱེད་པས།།མཉེས་པར་བྱེད་པ་ཞེས་བཤད་དོ།།བདུད་ཀྱི་སྦྱོར་བ་ཆགས་པ་ཆེ།།རྡོ་རྗེ་ཆགས་པར་དེ་བཤད།།སྲུངས་རྒྱས་ཐམས་ཅད་མཉེས་བྱེད་ཅིང་།།ལོག་སོ་ཞེས་པར ་སོགས་པ།།བྱང་ཆུབ་སེམས་དཔའ་དགའ་བྱེད་པས།།རྡོ་རྗེ་ལེགས་པར་དེ་བཤད་དོ།།བྱང་ཆུབ་སེམས་དཔའི་སྦྱིན་པ་གང་།།མཁའ་མཉམ་རྡོ་རྗེ་ལས་བྱུང་བ།།དོན་ཡོད་རིན ་ཆེན་ཆེན་པོ་དེ།།རྡོ་རྗེ་རིན་ཆེན་དེ་བཤད།།མ་རིག་བྲལ་བའི་ཡེ་ཤེས་ནི།།ཚོགས་དག་ལས་ནི་ངེས་པར་བྱུང་།།ཐར་པའི་སྣང་བ་གཟི་བརྗིད་ཆེ།།རྡོ་རྗེ་ཉི་མར་དེ་བཤད།།རྣམ་པ ་ཀུན་གྱི་དངོས་ཡེ་ཤེས།།ཐར་པའི་ལམ་འཇུག་ཐོབ་མཛད་དང་།།ཆོས་ཀྱི་རྒྱལ་མཚན་ཏོག་ཆེན་པོ།།རྡོ་རྗེ་དཔལ་དུ་དེ་བཤིད་དོ།།རྡོ་རྗེ་བཞད་པ་རྣལ་འབྱོར་ཆེ།།སངས་རྒྱས ་ཀུན་འབྱུང་རྨད་བྱུང་བ།།འདི་ནི་བྱང་ཆུབ་སེམས་དཔའ་ཆེ།།རྡོ་རྗེ་བཞུད་པར་དེ་བཤ།།སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ།།སངས་རྒྱས་ཆོས་ནི་རྟོགས་མཛད་པ།།དེ་བཞིན་བཤེགས་པའི།། ་ཆོས་དག་པ།།རྡོ་རྗེ་ཆོ་སུ་དཾ་བཤད་དོ།།ཤེས་རབ་རྣོན་པོ་ཐེག་པ་ཆེ།།ཉོན་མོངས་ཐམས་ཅད་ངོས་གཅོད་མཛད།།ཤེས་བྱའི་སྒྲིབ་པ་བཅོད་པ་པོ།།རྡོ་རྗེ་རྣོན་པོར་དེ་བཤད།།སངས་རྒྱས ་རོལ་མོའི་འཁོར་ལོ་ནི།།ཆོས་ཀྱི་འཁོར་ལོ་རབ་བསྐོར་བས།།སེམས་དཔའ་ཆེན་པོ་ཐེག་པ་ཆེ།།རྡོ་རྗེ་རྒྱུ་ཞེས་དེ་བཤད།།ཤེས་རབ་ཡེ་ཤེས་རང་བཞིན་དག།གསུང་གི་སྒྲ་ནི་རྣམ ་པར་སྤང་།།འཇམ་པའི་གསུང་གི་བདག་ཉིད་གྱུར།།རྡོ་རྗེ་སྨྲ་བར་དེ་བཤད།།ཕ་རོལ་ཕྱིན་པ་ཀུན་གྱི་ཞབས།།རྣོ་རྣམས་ཐམས་ཅད་རྟོགས་མཛད་པ།།སེམས་ཅན་ཀུན་དོན་སྤྲུལ་པ་པོ།།། ་རྡོ་རྗེ་ལས་ཞེས་བྱ་བར་བཤད།།སངས་རྒྱས་རྗེས་དྲན་ཡང་དག་གྲུབ།།ཐེག་པ་དམན་པ་རྣམ་སྤངས་ཤིང་།།བྱང་ཆུབ་སེམས་ལ་རབ་ཞུགས་པ།།རྡོ་རྗེ་སྲུང་བར་དེ་བཤད།།སྡིག་པ ་ཐམས་ཅད་ཟད་བྱེད་ཅིང་།།དེ་བཞིན་ཉོན་མོངས་རྣམས་སྲེག་ལ།།ཉོན་མོངས་ཟད་པ་ཉེར་ལེན་པས།།རྡོ་རྗེའི་གནོད་སྦྱིན་དུ་བཤད་དོ།།སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས།།བཅིང་བ ་རུ་ནི་ཡང་དག་གྱུར།།དེ་ཉིད་དེ་ཉིད་ཡེ་ཤེས་ཏེ།།རྡོ་རྗེ་ཁུ་ཚུར་ཞེས་བཤད།།དམ་ཚིག་ཕྱག་རྒྱ་ཐམས་ཅད་ནི།།རྡོ་རྗེ་བསྡམས་ལ་ས་ཡང་དག་བྱུང་།།རྡོ་རྗེ་ཁུ་ཚུར་གཉིས ་གྱུར་པ།།ལས་ཀྱི་ཕྱག་རྒྱ་ཞེས་བཤད།།ང་རྒྱལ་མེད་ཅིང་སྣང་བ་མེད།།མཚན་མ་མེད་ཅིང་ཞེན་པ་མེད།།བདག་མེད་མཉམ་ཉིད་ཡེ་ཤེས་ནི།།རྡོ་རྗེ་སེམས ་དཔར་ཞེས་བྱར་བཤད།།གསང་བའི་མཉམ་པར་འབྱོར་པ་འདིར།།ཡེ་ཤེས་ཕ་རོལ་ཕྱིན་དགེ་བ།།རྣམ་པ་བཅུ་གཉིས་ཡང་དག་བྱུང་།།རྡོ་རྗེ་ཕ་རོལ་ཕྱིན་པའི་འོད།།བྱང་ཆུབ་སེམ ་ནི་རབ་བསྒོམ་པས།།ཕ་རོལ་སངས་རྒྱས་ཉིད་སོན་པའི།།ཕ་རོལ་ཕྱིན་ཐོབ་ཡེ་ཤེས་ནི།།རྡོ་རྗེ་སེམས་མར་བཤད་པ་ཡིན།།བསྡུ་བའི་དངོས་པོ་བཞི་རྣམས་ནི།།ཤེས ་རབ་ཕ་རོལ་ཕྱིན་རྡོ་རྗེ།།ཆོས་བཞི་གཅིག་ཏུ་གྱུར་པ་ནི།།རྡོ་རྗེ་རིན་ཆེན་མར་བཤད་དོ།།གསང་བའི་ཡེ་ཤེས་ཡེ་ཤེས་ཆེ།།དེ་ཉིད་ཕ་རོལ་ཕྱིན་དགེ་བ།།ཕ་རོལ་ཕྱིན་པ་ཆེ ་ལས་བྱུང་།།རྡོ་རྗེ་ཆོས་མར་ཤེས་པར་བྱ།།ཕ་རོལ་ཕྱིན་པའི་དགེ་བ་ནི།།སྦྱོར་བའི་ཐངསུ་རབ་བསྟན་པ།།རྡོ་རྗེ་ལས་མར་ཤེས་པར་བྱ།།གང་ཕྱིར་དེ་ནི་རོལ་པ་དགེ།སྒེག་མོ་སྦྱིན ་པའི་ཕ་རོལ་ཕྱིན།།ཚུལ་ཁྲིམས་ཕ་རོལ་ཕྱིན་དགེ་བས།།རྒྱན་པའི་ཡན་ལོག་ཡིད་འོང་ཡིན།།གླུ་མ་བཟོད་པའི་ཕ་རོལ་ཕྱིན།།ཆེད་དུ་བརྗོད་པའི་ཆོས་བརྗོད་པའོ།།གར་མ ་བརྩོན་འགྲུས་ཕ་རོལ་ཕྱིན།།མྱུར་དུ་སངས་རྒྱས་ཉིད་སྟེར་བའོ།།གདུག་པ་ཤེས་རབ་ཕ་རོལ་ཕྱིན།།ཀུན་ཏུ་ཁྱབ་པར་སྤྲོས་ཕྱིརརེ།།མེ་ཏོག་བསམ་གཏན་ཕ་རོལ་ཕྱིན།།འདོད ་པའི་འདམ་གྱིས་མ་གོས་པའོ།།མར་མེ་སྨོན་ལམ་ཕ་རོལ་ཕྱིན།།ཕྱོགས་ཀུན་སྣང་བར་བྱེད་པ་ཡིན།།དྲི་ནི་ཐབས་ཀྱི་ཕ་རོལ་ཕྱིན།།དྲི་ངན་ཐུར་སེལ་དགེ་བ་ཡིན།།སངས་རྒྱས་ཀུན་གྱི ་ཐབས་ཆེན་པོ།།དབྱེ་བ་རྣམ་པ་བཞི་ཡིས་གནས།།ཐམས་ཅད་འདོད་པའི་ཐབས་ཆེན་པོ།།རྡོ་རྗེ་ལྕགས་ཀྱུ་ཞེས་བཤད་དོ།།བྱང་ཆུབ་སྤྱད་པ་སྤྱོད་བྱེད་པ།།རྡོ་རྗེ་ཞགས་པ་ཞེས་བཤད ་དོ།།ཐེག་པ་འདི་ལ་བརྟེན་གྱུར་གང་།།རྡོ་རྗེ་ལྕགས་སྒྲོག་ཅེས་བཤད་དོ།།ཆོས་རྣམས་ཐམས་ཅད་མ་སྐྱེས་ཤིང་།།གདོད་ནས་ཞི་བ་མཁའོ་དང་མོཉམ།།དེ་ལྟའི་ཚིག་ནི་རབ་འཇུག་པས།། ་རྡོ་རྗེ་དྲིལ་བུ་ཞེས་བཤད་དོ།།ཚོགས་གཉིས་ཀྱི་ནི་སྦྱོར་བ་ཡིས།།སེམས་ཅན་ཀུན་གྱི་དོན་སྟོན་པའི།།སེམས་ནི་རང་བཞིན་གྱིས་འོད་གསལ།།ཟླ་བའི་དཀྱིལ་འཁོར་ཡིན་པར ་བཤད།།ཡང་དག་རྡོ་རྗེ་རྟོགས་པ་སྟེ།།འཛིན་པའི་སྦྱོར་ཉིད་ལྕགས་ཀྱུ་ཡིན།།ཕྲ་རབ་འབིགས་པ་མདའ་ཞེས་བྱ།།དགྱེས་པས་ལག་སོ་ཞེས་བྱ་བ།།སྤྲས་པས་རིན་པོ་ཆེ་རུ ་བཤད།།གཟི་བརྗིད་ཅེས་བྱ་ཉི་མ་ཡིན།།སྒྲེང་བས་ཏོག་ཏུ་བཤད་པ་སྟེ།།རྣམ་པར་འབྱེད་པས་གཞེད་པར་བཤད།།འདོད་ཆགས་དག་པ་པདྨ་ཡིན།།ཉོན་མོངས་དགྲ་བཅོམ་རལ ་གྲི་སྟེ།།དཀྱིལ་འཁོར་སྦྱོར་བས་འཁོར་ལོ་ཡིན།།གང་གི་བརྗོད་པས་སྨྲ་བར་བཤད།།ཀུན་ཉིད་སྣ་ཚོགས་རྡོ་རྗེ་ཡིན།།གཞིག་དཀའི་སྦྱོར་བ་གོ་ཆ་ཡིན།།འཇིགས་པའི་སྤྱོད་པས་མཆེ།། ་བ་སྟེ།ཕྱག་རྒྱའི་སྦྱོར་ཉིད་བཅིང་བ་ཡིན།།དཀྱིལ་འཁོར་དུ་ནི་གང་བཤད་པ།།ཡིད་ཀྱི་དཀྱིལ་འཁོར་དམ་པ་ཡིན།།གཞལ་ཡས་ཁང་ནི་ཡེ་ཤེས་ཏེ།།སེམས ་ཀྱི་བརྩེགས་པ་སྒྲེང་བ་ཡིན།།ཕྱི་ཡི་གྲུ་བཞི་པ་གང་ཡིན།།ཚད་ཀྱིས་མཉམ་པ་ཉིད་གྱུར་པ།།བྱམས་པ་ལ་སོགས་སེམས་གང་ཡིན།།ཐིག་བཞི་ཞེས་ནི་བཤད་པ་ཡིན།།ཆོས་ཀྱི ་སྦྱོར་བ་རྗེས་དྲན་ཉིད།།གང་དེ་རྡོ་རྗེ་ཐིག་དུ་བཤད།།ལྟ་བ་ཀུན་ལས་རྣམ་གྲོལ་བ།།ཡེ་ཤེས་ཐིག་ཏུ་བཤད་པ་ཡིན།།ཚུལ་ཁྲིམས་ཚོགས་ཀྱི་དམ་པ་ནི།།གང་ཞིག་རྒྱན་དུ་བཤད་པ ་ཡིན།།དད་དབང་ལ་སོགས་སེམས་གང་ཡིན།།ར་བ་ལྔར་ནི་ཡང་དག་བྱུང་།།རྣམ་པར་ཐར་པ་བཞི་པོ་ནི།།སྒོ་རྣམས་ནི་ཡང་དག་བཤད།།ཡང་དགེ་སྤོང་བ་བཞི་པོ་ནི།།རྟ་བབས ་རྣམས་དང་ཀ་བར་བྱུང་།།དྲན་པ་ཉེར་བཞག་བཞི་པོ་ནི།།ཁྱམས་རྣམས་བཞི་པོར་ཤེས་པར་བྱ།།རྫུ་འཕྲུལ་རྐང་པ་བཞི་པོ་ནི།།ད་ནི་སྒོ་ཁྱུད་རྣམ་བཞི་ཡིན།།བྱང་ཆུབ་ཡན་ལག ་བདུན་པོ་ནི།།ཕྲེང་བ་མེ་ཏོག་ཆུན་རྒྱན་པ།།འཕགས་ལམ་ཡན་ལག་བརྒྱད་པོ་ནི།།ཀ་བ་བརྒྱད་ཅེས་བྱ་བར་བཤད།།སྒྲིབ་པ་གཉིས་ལས་རྣམ་གྲོལ་ཞིང་།།ཏིང་འཛིན་ཡེ་ཤེས་ཀྱིས ་བརྟགས་པ།།ལམ་གྱི་ཡེ་ཤེས་ཁྱད་པར་རྣམས།།རྔ་ཡབ་ཅེས་ནི་ཡང་དག་བཤད།།ཉོན་མོངས་ཐམས་ཅད་ངེས་གཅོད་ཅིང་།།ཉོན་མོངས་འཕྲོག་པས་དྲ་བ་སྟེ།།ཡང་དག ་གཅད་ཅིང་སྤོང་བ་ཉིད།།སེལ་བའི་སྤོང་བ་ལ་གནས་པ།།ཚོགས་གཉིས་ཀྱི་ནི་སྦྱོར་བ་ཉིད།།སྣརོན་མོངས་པ་ཡི་ཕྱེད་འཕྲོབ་པ།།དྲད་ཕྱེད་ཅེས་བྱ་བར་བཤད།།རང་བཞིན་འོད་གསལ ་གང་ཡིན་དེ།།བྱང་ཆུབ་སེམས་ནི་ཟླ་མེད་ཡིན།།སེམས་ནི་དོན་ཀུན་བསྐྱེད་བྱེད་པ།།ཟླ་བའི་དཀྱིལ་འཁོར་ཡིན་པར་བཤད།།ཤེས་རབ་ཡེ་ཤེས་རང་བཞིན་དག།རྡོ་རྗེ་ལྟ་བུའི་ཏིང ་འཛིན་སྐྱེས།།ཐར་པའི་སྣང་བ་གཟི་བརྗིད་ཆེ།།ཉི་མའི་དཀྱིལ་འཁོར་ཡིན་པོ་བཤང་།།ཚེན་ནི་ལྔར་ནི་ཡང་དག་ཞེས།།ལྟ་བ་ལྔ་ཡི་མེ་ཏོག་ཡིན།།ཡེ་ཤེས་ལྔ་ཡི་ངེས་སྦྱོར ་ཉིད།།སངས་རྒྱས་ལྔ་ཞེས་ཡང་དག་བཤད།།ན་མཁའ་བཞིན་དུ་བདག་མེད་པའི།།རྣམ་ཤེས་ཡེ་ཤེས་དམ་པ་ཡིན།།ཡེ་ཤེས་དེ་ཡི་རྒྱན་བཤད་པ།།ཆགས་པའི་སེམས ་ཞེས་བྱ་བར་བཤད།།ཆགས་བྲལ་ལས་ནི་བྱང་ཆུབ་འབྱུང་།།ཆགས་པའི་སེམས་ལས་གཞན་ཡིན།།དེ་བས་ཆགས་དང་ཆགས་བྲལ་བ།།བྱང་ཆུབ་སེམས་ཞེས་ཡང་དག་བཤད།། ་འཇིག་རྟེན་ཆགས་དང་བྲལ་བས་འདུལ།།ཕྱག་རྒྱའི་དངོས་གྲུབ་ཆགས་ལས་བྱུང་།།དེར་ནི་ཐབས་ཀྱི་སྒོམ་པ་དག།དངོས་གྲུབ་ཐམས་ཅད་སྟེར་བ་ཡིན།།ཇི་ལྟར་འཇིག་རྟེན་འདུལ་འགྱུར། ་བ།།དེ་ལྟར་རྣལ་འབྱོར་པ་ཡིས་སྤྱད།།ཇི་ལྟར་འདུལ་བྱ་དག་གྱུར་པ།།ཞེན་པ་ཀུན་ཏུ་མཆོད་པར་འགྱུར།།མཚན་ཉིད་གང་ཞིག་ཡང་དག་བཤད།།མཚན་ཉིད་དེས་ནི་མཚན་པ ་འགྱུར།།སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིས།།རྒྱས་བཏབ་ཡེ་ཤེས་ཡིན་པར་བཤད།།ཕྱག་རྒྱ་བསྒོམས་པས་རྣལ་འབྱོར་པ།།རྟག་ཏུ་ཕྱག་རྒྱའི་བདག་ཅན་འགྱུར།། ་རྒྱས་བཏབ་དངོས་པོ་ཤེས་ནས་ནི།།བསྒོམས་ན་ཕྱག་རྒྱས་བཏབ་པར་འགྱུར།།མཚན་དང་མཚན་ཉིད་འབྲལ་བ་ནི།།ཤེས་ནས་རྣལ་འབྱོར་ཡང་དག་སྦྱོང་།།ཇི་ལྟར་མཚན་ཉིད་ཡང ་དག་གྲུབ།།དེ་བཞིན་དག་པ་མྱུར་དུ་གྲུབ།།གཡས་པའི་ཆ་ཡི་མཚན་མ་ནི།།ཤེས་རབ་ཅན་ནི་རབ་ཏུ་བསྟན།།གཡོན་གྱི་མཚན་མ་ཇི་ལྟར་མཐོང་།།དེ་ཡིས་ཐུགས་རྗེ་མཚན་པ་ཡིན།། ་ཕྱག་ནི་གཉིས་ཀའི་མཉམ་སྔར་ལས།།ཏིང་འཛིན་གཉིསུ་བཤད་པ་ཡིན།།ཞབས་གཉིས་ཀྱི་ནི་མཚན་མ་ཡིས།།ཚོགས་གཉིས་དག་ནི་བསྟན་པ་ཡིན།།སོར་མོ་ལྔ་ཡི་མཉམ ་སྦྱོར་ལས།།དཀྱིལ་འཁོར་ལྔ་ཡིས་རྒྱན་པ་ཡིན།།སངས་རྒྱས་ལྔ་ཡིས་མངོན་བྱང་ཆུབ།།རིམ་པ་བཞིན་དུ་བསྟན་བྱ་སྟེ།།གང་ཞིག་བུད་མོ་སྟོན་པ་ནི།།ན་མཁའ་ལས་ནི་བྱུང་བ ་མོཚན།།གང་ཞིག་མཛུབ་མོ་སྟོན་པ་ནི།།དེས་ནི་དབང་ཆེན་དཀྱིལ་འཁོར་ཡིན།།སྲིན་ལག་ཏུ་ནི་ཡང་དག་བཤེད།།ཆུ་ཡི་དཀྱིལ་འཁོར་ཞེས་བཤོད།།གང་ཞིག་མཐེ་བོ་སྟོན་པ ་ནི།དེ་ཡིས་མེ་ནི་མཚོན་པ་ཡིན།།གང་ཞིག་མཐའུ་ཆུང་སྟོན་པ་ནི།།རླུང་གི་དཀྱིལ་འཁོར་ཉིད་དུ་འགྱུར།།གང་ཞིག་ལྟེ་བ་སྟོན་པ་ནི།།རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་བཤད།།ག ་ཞིག་སྙིང་ཀ་སྟོན་པ་ནི།།རྡོ་རྗེ་སེམས་མར་རྗེསུ་དཔག།གང་ཞིག་སྨིན་མཚམས་སྟོན་པ་ནི།།རྡོ་རྗེ་རིན་ཆེན་མ་ཞེས་བྱ།།གང་ཞིག་ལྐོག་མ་སྟོན་པ་ནི།།རྡོ་རྗེ་ཆོས་མར་ཤེས་པར་བྱ།།གང་ཞིག་སྤྱི་བོ ་སྟེན་པ་ནི།།རྡོ་རྗེ་ལས་མར་ཤེས་པར་བྱ།།བྱང་ཆུབ་ལྔ་མངོན་བྱང་ཆུབ་པ་འམ།།ཡང་ན་ཡེ་ཤེས་ལྔ་རྣམས་སམ།།སངས་རྒྱས་ལྔ་དང་ཡང་དག་ལྡན།།དཀྱིལ་འཁོར་བྱང་ཆུབ་ཡིན་པར ་བསྟན།།སྔོན་གྱི་སྒྲར་ནི་ཇི་སྐད་བཤད།།མདུན་དུ་དེ་ནི་རབ་ཏུ་བསྟན།།རྒྱབ་ཀྱི་སྒྲར་ནི་ཇི་ལྟར་བཤད།།ཕྱི་མར་དེ་ནི་ཡང་དག་བསྟན།།གང་དུ་ཐོག་མའི་སྒྲར་གྱུར་པ།།དེ་ནི་རྒྱུ་ཡི་སྒྲ་རུ་བསྟན།། ་གང་ཞིག་ཐ་མའི་སྒྲར་གྱུར་པ།།འདི་ནི་འབྲས་བུར་ཡང་དག་བསྟན།།སངས་རྒྱས་བཅོམ་ལྡན་གཉིས་མི་མངའ།།རྒྱུ་དང་འབྲས་བུར་ལྡན་འགྱུར་མིན།།གང་ཕྱིར་ཐོག་མ་ཐ་མ་མོད།།དེ་ཕྱིར།། ་རྟག་པ་ཞེས་བཤད་དོ།།རང་སེམས་རྟོགས་པས་སངས་རྒྱས་ཏེ།།རྟོགས་པར་བྱ་བའང་སེམས་ཉིད་ཡིན།།སངས་རྒྱས་ཞིང་ཞེས་བཤད་པ་དང་།།བྱང་ཆུབ་སེམསུ་ཤེས་པར་བྱ།། ་རང་བཞིན་དག་པའི་སེམས་ཅན་ནི།།ཀུན་ཏུ་རེག་པར་ཡང་དག་བཤད།།སེམས་ཅན་རང་བཞིན་དག་པ་ནི།།བྱང་ཆུབ་སེམསུ་ཤེས་པར་བྱ།།དང་པོར་གྱུར་པ་སྙིང་ཀར་རྡེབས།།བརྟན་པ ་ཉིད་དུའང་རང་ཉིད་འགྱུར།།སྒྲ་འཛིན་པ་ནི་རལ་པའི་དབུས།།འོད་དཔག་མེད་དུ་མཉམ་བཞག་ཡིན།།ཙུམ་པ་ནར་ནི་རྗེས་བཤད་པ།།དེ་བཞིན་གཤེགས་པ་རྡོ་རྗེ་གསུང་།།དབང་པོ་གཉིས ་ནི་མཉམ་སྦྱོར་བ་རྣམ་པར་སྣང་མཛད་ཅེས་བཤ་།།བུ་མོ་ལོ་གྲངས་བཅུ་གཉིས་པར།།སྐྱེས་མཆོག་ཐུབ་པས་གང་གསུངས་པ།།ཕ་རོལ་ཕྱིན་པ་བཅུ་གཉིས།།གསུ ་ཀྱི་གཞན་དུ་མི་གཏའོ།།བུ་མོ་ལོ་གྲངས་བཅུ་དྲུག་པར།།དེ་བཞིན་གཤེགས་པས་བྲང་གསུངས་པ།།རྡོ་རྗེ་སེམས་སོགས་སེམས་དཔའ་ཡི།།སྒོམ་པའི་དོན་གྱི་སྒྲ་ཡིན་ནོ།།ལྷ་མོ་ལ ་གྲངས་ཉི་ཤུ་བར།།འཁོར་ལོས་བསྒྱུར་བས་ཇི་སྐད་གསུངས།།མཆོད་པ་ཉི་ཤུའི་བདག་ཉིད་ཅན།།ཉི་ཤུ་པོ་དང་རིམས་བཞིན་ནོ།།རང་གི་ཆུང་མ་རང་རིག་ལས།།བྱུང་བའི་རང་རིག ་ཡིན་པར་བཤད།།གཞན་གྱི་ཆུང་མར་གང་བསྟན་པ།།གཞན་སྡུག་གཞན་གྱི་རིག་པ་ཡིན།།གཅི་དང་རྡོ་རྗེ་ཞེས་བཤད་པ།།རྡོ་རྗེ་ཡེ་ཤེས་བླ་མེད་ཡིན།།བཤང་དང་པདྨ་ཞེས་བཤད་པ།། ་ཆོས་ཀྱི་ཡེ་ཤེས་སྙོམས་མེད་ཡིན།།ཡོངསུ་གསལ་བ་རྣམ་ཤེས་པ།།དཀྱིལ་འཁོར་ཐུགས་ཀྱི་དམ་པ་ཡིནི།།སྐུ་གསུང་ཐུགས་ཀྱི་སྤྱོད་པ་ཡིས།།འབད་པ་ཡིས་ནི་མཆོང་བྱེད་པ།།རང་གི ་རྡོ་རྗེ་པདྨར་ལྡན།།དབང་པོ་གཉིས་ལས་བྱུང་བ་ཡི།།རང་གི་ཁུ་བ་ཐིག་ལེ་ཡིས།།རྡོ་རྗེ་སེམས་དཔའ་མཆོད་པར་བྱ།།ཚོགས་གཉིས་ཀྱི་ནི་སྦྱོར་བ་ཡིས།།སངས་རྒྱས་ཐམས་ཅད་གཅིག ་བསྡུས་པ།།གཉིས་མེད་གཉིས་ཉིད་ལ་བསྟན་པ།།ཐུགས་རྗེ་ཉམས་དང་ཡང་དག་ལྡན།།དབང་པོ་གཉིས་ཀྱིས་མཉམ་སྦྱོར་བས།།རང་གི་ཁུ་བ་མཁས་པ་ཡིས།།རྣལ་འབྱོར་ཆེན་པོ། ་བྱུང་ནས་ནི།།དཀྱིལ་འཁོར་ཡང་དག་བྱིན་གྱིས་བརླབ།།དགོད་དམ་རབ་ཏུ་སྨྲ་བ་འམ།།སངས་རྒྱས་རོལ་མོའི་གར་བྱེད་པ།།ལྷ་མོ་བཞི་ཡིས་མཉམ་སྦྱོར་བས།།རྒྱུ་དང་མི་རྒྱུ་རྣམས་ཀྱིས་རོལ།།བླས ་ཞིང་ལེགས་པར་བསྒྲིལ་བ་དང་།།ཚོད་དང་ལྡན་ཞིང་མཛེས་པ་ཡིས།།ཤེས་རབ་ཅན་གྱི་ཐིག་གདབ་པ།།སྐུ་གསུང་ཐུགས་ནི་བསྒོམ་པསོ།།ཟུར་བཞི་པ་ལ་སྒྲོ་བཞི་པ།།རྟ་བབས་བཞིས ་ནཱི་མཛེས་བྱས་ལ།།ཐིག་བཞི་དང་ནི་ཡང་དགེ་ལྡན།།དར་དང་མེ་ཏོག་ཕྲེང་བས་བརྒྱན།།པྲ་ཡི་མཚམས་ནི་ཐམས་ཅད་དང་།།སྒོ་ཁྱུད་ཀྱིས་ནི་ནང་རྣམས།།རྡོ་རྗེ་རིན་ཆེན་སྤྲས་པས་ནི། ་ཡི་དཀྱིལ་འཁོར་ཐིག་དང་ག།རྡོ་རྗེའི་ཐིག་གིས་ཡོངས་བསྐོར་ཅིང་།།ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས།།ཀ་བ་བརྒྱད་ཀྱི་ནང་གནས་པའོ།།དཀྱིལ་འཁོར་བརྒྱད་པར་བརྟན་པ་དང་།།གྲཝ་ཡི ་འཁོར་དོར་བར་ནི།།རྡོ་རྗེ་ལྷ་མོའི་ཚོགས་ཀྱིས་མཆོད།།འཁོར་ལོ་ལྔ་དང་ཡང་དག་ལྡན།།དཀྱིལ་འཁོར་ལྔ་ཡིས་རྣམ་པར་རྒྱུན།།དྲ་བདྲ་ཕྱེད་ཀྱིས་རྒྱུན་ཅིང་།།རྔ་ཡབ་ཀྱིས་ནི་ཉེར་སྤྲས་པ། ་ཁྲུ་ནི་བཅུ་གཉིས་བྱ་བ་འམ།།ཁྲུ་བཅུ་དྲུག་ཏུ་རབ་ཏུ་བརྟག།ཡང་ནེ་ཁྲུ་ནི་ཉི་ཤུ་ཙ་མེ།།ཉི་ཤུ་ལྔ་དང་ལྡན་པ་ཡིས།།ཁྲུ་ན་ཉི་ཤུ་ལྔ་པ་ཡིས།།དཀྱིལ་འཁོར་ཡང་དག་བྱིན་གྱིས་བརླབ།། ་རྒ་རྣམས་ཀྱི་ནི་དབུས་མའི་ཆ།།ཆ་དགུ་རུ་ནི་རྣམ་དབྱེ་བ།།དཀྱིལ་འཁོར་སྒོ་རུ་བསམས་ནས་ནི།།སྒོ་ཁྱུད་དེར་ནི་བྱ་བ་ཡིན།།སྒོ་ཁྱུད་དཀྱིལ་འཁོར་རྣམ་པ་ནི།།སྙིང་པོའི་དཀྱིལ་ལ ་དང་མཉམ་པར།།དགུ་ཆ་རུ་ནི་རྣམ་བགོས་ཏེ།།གྲ་ཡི་དཀྱིལ་འཁོར་དོར་བར་བྱ།།ཐ་མར་ཁྱམས་དང་ལྡན་པ་ཡི།།དཀྱིལ་འཁོར་ལྔས་ནི་རྒྱན་པ་དང་།།ཁ་དག ་ལྔ་དང་ཡང་དག་ལྡན།།གྲུ་བཞི་པར་ནི་བརྟག་པར་བྱ།།ལྟ་བ་ལྔ་པོ་བགོད་དཀའ་ཆེ།།ཁ་དོག་ལྔ་ཡི་དེ་བཞིན་གཤེགས།།སངས་རྒྱས་ལྔ་དང་མཉམ་སྦྱོར་བས།།ས་ནི་ཚུན་གྱིས ་རབ་ཏུ་བསྒྱུར།།དཀྱིལ་འཁོར་ལྔ་ཡི་དབུ་མུ་ནི།།སངས་རྒྱས་ལྔ་ནི་དགོད་པར་བྱ།།ཁ་དོག་ལྔ་དེང་ཏིང་འཛིན་གྱིས།།འདོད་པའི་ཡོན་ཏན་ལྡེ་ཡིས་ཁྱད།།ཤེལ་དང་ཟླ་བའི་འོད་འདྲ་ཞིང།། ་སངས་རྒྱས་ཐམས་ཅད་གཅིག་བསྡུས་པ།།དེ་བཞིན་གཤེགས་པ་རྣམ་སྣང་མཛད།།དཔའ་བོའི་ལྟ་བ་དེ་བཞིན་གཤེགས།།ིན་དྲ་ནཱི་ལའི་འོད་འདྲ་ཞིང་།།རྡོ་རྗེ་ཐམས་ཅད ་གཅིག་བསྡུས་པ།།མི་བསྐྱོད་ཡེ་ཤེས་ལས་བྱུང་བ།།རྡོ་རྗེའི་ལྟ་བ་དེ་བཞིན་གཤེགས།།འཛམ་བུའི་གསེར་གྱི་འོད་འདྲ་ཞིང་།།སངས་རྒྱས་ཐམས་ཅད་གཅིག་བསྡུས་པ།། ་ཅན་ཀུན་གྱི་ངན་དུབྱུང་།།འབར་བའི་ལྟ་བ་དེ་བཞིན་གཤེགས།།དཔའ་བོ་ཆེན་པོ་པདྨ་འདྲ།།པདྨ་རཱ་གའི་ནོར་བུའི་འོད་།།ཆོས་ཀྱི་ཡེ་ཤེས་ལས་བྱུང་བ།།ཆགས་པའི་ལྟ་བ་དེ།། ་བཞིན་གཤེགས།།མརྒད་ཀྱི་ནི་འོད་འདྲ་ཞིང་།།སངས་རྒྱས་ཐམས་ཅད་གཅིག་བསྡུས་པ།།སངས་རྒྱས་ཀུན་གཅིག་ལས་བྱུང་བ།།བྱམས་པའི་བལྟ་བ་དེ་བཞིན་གཤེགས།། ་དབུས་མའི་ས་ཡིག་ཞི་དག་པ།ནོར་བུ་ཆུ་ཤེལ་མདོག་འདྲ་བ།།ཤར་ཕྱོགས་ཉིད་སྔོན་པོ་ཆེ།།ལྷོ་རུ་སེར་པོ་ཡང་དག་ལྡན།།ནུབ་ཕྱོགས་དོར་ནི་དམར་པོ་སྟེ།།བྱང་དུ་ལྗོངས་དང་ཡང ་དག་ལྡན།།ཀུན་ཏུ་ཁྱམས་དང་ལྡན་པ་ལ།།སྒོར་ནི་ཁྱམས་དང་བྲལ་བའོ།།གང་ཞིག་དབུས་མས་ཡང་དག་བཤད།།སངས་རྒྱས་ཡེ་ཤེས་བླ་མེད་ཡན།།གཞན་དག་དོན་ཀུན་ཡང་དག ་ལྡན།།ཏིང་འཛིན་ཡེ་ཤེས་དམ་པ་ཡིན།།ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།།ཟླ་བའི་དཀྱིལ་འཁོར་དམ་པ་བསམ།།སངས་རྒྱས་ཀུས་ནི་རྣམ་བསྒོམས་ལ།།སྤྱན་ནི་དབུ་སུ་བསམ ་པར་བྱ།།བཞིན་བཟང་སྤྱན་ནི་ཡངས་པ་དང་།།ནོར་བུ་ཚུ་ཤེལ་མདོག་འདྲ་ལ།།མཚན་རྣམས་ཐམས་ཅད་ཡོངསུ་རྫོགས།།བུད་མེད་སྒྱུ་མའི་མཆོག་འཛིན་པ།།ཕྱག་ཏུ་འཁོར་ལ ་བསྒོམ་བྱ་སྟེ།།ཁམསོ་གསུམ་པ་ནི་དབང་བྱེད་པ།།དངོས་ཀུན་གྲུབ་བྱེད་ཡེ་ཤེས་ནི།།འཁོར་ལོ་ཡིད་བཞིན་ནོར་བུའི་མདོག།ན་མཁའི་རྡོ་རྗེ་དབུས་ཆུད་པར།།ཟླ་བའི་དཀྱིལ་འཁོར ་དམ་པ་བསམ།།སངས་རྒྱས་སྐུ་ནི་རྣམ་བསྒོམས་ལ།།ནམ་མཁའི་རྡོ་རྗེ་མཆོག་སྒོམ།།ཞལ་མཛེས་སྤྱན་ནི་ཡངས་པ་དང་།།ུད་དཔལ་སྔོན་པོའི་འདབ་མའི་མདོག།མཚན་རྣམས ་ཐམས་ཅད་ཡང་དག་རྫོགས།།ནཾ་མཁའི་སྒྱུ་མའི་མཆོག་བསམ།།ཕྱག་ཏུ་ཨུད་པ་ལ་སྔོན་དམར་སྟེ།།ཁམས་གསུམ་པས་ནི་ཕྱག་བྱས་པ།།སངས་རྒྱས་བྱང་ཆུབ་བྱེད་པའི ་མཆོག།གསང་བའི་དངོས་གྲུབ་རྡོ་རྗེ་ཅན།།ན་མཁའི་རྡོ་རྗེའི་དབུས་ཆུད་པར།།ཟླ་བའི་དཀྱིལ་འ་བར་དམ་པ་བསམ།།སངས་རྒྱས་སྐུ་ནི་རྣམས་བསྒོམས་ལ།། ་རྡོ་རྗེ་ཚེས་མར་རྣམ་པར་བསམ།།མཛེས་པའི་ཞལ་ལ་སྤྱན་ཡངས་མ།།པདྨ་རཱ་ག་ལྟ་བུའི་མདོག།སྐུ་མདོག་དམར་བ་ཡང་དག་བྱུང་།།ཆགས་པའི་པདྨ་འཛིན་སྡུག་པ། ་མཚན་རྣམས་ཐམས་ཅད་ཡང་དག་རྫོགས།།རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།།ཕྱག་ཏུ་ཨུད་པལ་དམར་པོ་ནི།།སངས་རྒྱས་ཐམས་ཅད་རབ་བསྒོམས་པའོ།།ཆས ་ཀྱི་ཡེ་ཤེས་བྱེད་པ་མཆོག།གསང་བ་དམ་ཚིག་རྡོ་རྗེ་ཅན།།མཁའ་དབྱིངས་རྡོ་རྗེའི་དབུས་ཆུད་པར།།ཟླ་བའི་དཀྱིལ་འཁོར་དམ་པ་བསམ།།སངས་རྒྱས་གཟུགས་ནི་རྣམ ་བསྒོམས་ལ།།སྒྲལ་མ་མཆོག་ནི་བསམ་པར་བྱ།།ཞལ་མཛེས་སྤྱན་ནི་ཡོངས་པ་དང་།།སྣ་ཚོགས་རྒྱན་གྱིས་རབ་ཏུ་བརྒྱན།།ཁ་དོག་སེར་པ་ཉིད་བསམ་ཞིང་།།བུད་མེད་སྒྱུ་མའི་དྲེགས་བང ་བ།ཕྱག་ཏུ་ཨུད་པལ་དམ་པ་ནི།།སེར་པོ་སྣང་བ་སྐམ་པར་བྱ།།རྡོ་རྗེ་ཉིད་འཛིན་ལས་བྱུང་བ།།སེམས་ཅན་ཀུན་གྱིས་ཕྱག་བྱས་པའོ།།ོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྷ་ལོ་ཙ་ནེ་སརྦ་ཨཏྨ་སཱ་དྷ། ་ནི་སྭཱ་ཧཱ།།ོཾ་ཤཾ་ཀ་རེ་ཤཱནྟི་ཀ་རེ་གྷུནྣ་གྷུཊྚི་ནི་གྷཱ་ཏ་ཡ་གྷུཊྚི་ན་སྭཱ་ཧཱ།།ོཾ་ཀ་ཊེ་བི་ཀ་ཊེ་ནི་ཀི་ཊེ་ཀ་ཊཾ་ཀ་ཊེ་སྭཱ་ཧཱ།།ོཾ་ཏཱ་རེ་ཏུཏྟཱ་རེ་དྷ་རེ་སྭཱ་ཧཱ།།རིག་པའི་ལྷ་མོ་བཞིའོ།།སྐུ་ནི་ལུས་ཀྱི་ང་བ་ཡིས། ་རྨུགས་ན་སེམས་ཀྱི་རྣམ་པ་ཉིད།།གསུང་ནོ་ངག་པོ་རྣམ་པ་ཡིས།།མཚད་ན་མཛད་པའི་བདག་ཉིད་འགྱུར།།སྐུ་གསུང་ཐུགས་ཀྱི་གསང་བན།།མཁས་པ་ཡས་ན་བསྲུང་བྱ་སྟེ།།བསླངས་ན་མཚན ་དྷཱུ་གསང་བ་ནི།།རྟག་པར་ཀུན་ཏུ་འབྱུང་བར་འགྱུར།།དངས་པ་ཡོང་སུ་དག་པ་ནི།།མེད་པས་ཀུན་ཏུ་བརྟག་མ་འབྱུང་།།རྣལ་འབྱོར་པ་ཡིས་རྣལ་འབྱོར་ཐོབ།།ཚོགས་མདོ་ཡང་དག་མི་མཐོང་ངོ་།། ་དེབས་གསང་བའི་ཡེ་ཤེས་འབྱུང་།།རྣལ་འབྱོར་ཀུན་བྱུང་བར་འགྱུར།།ཤེས་རབ་ཕ་རོལ་ཕྱིན་པའི་ཐབས།།ཏིང་འཛིན་ཡེ་ཤེས་བརྟགས་པ་ཡིན།།ཆོས་རྣམས་ཐམས་ཅད་རྣམ་དག་པ།།ངག། ་པ་ཉིད་དུ་གྱུར་པ་ནི།།ཇི་ལྟར་ལྷ་ཡི་ན་བུ་ནོ།།རང་གི་འོད་ཀྱིས་རྟག་ཏུ་སྣང་།།སྲིད་པ་ཡོངསུ་དག་པ་ཡང་།།རྣལ་འབྱོར་རྣལ་འབྱོར་ཐོབ་བྱང་ཡིན།།རྡོ་རྗེ་དབྱིངས་ནི་གསང་ཆེན་དུ།།གང་ཞིག ་དབང་བསྐུར་མཁས་པ་ལ།།ཐུགས་ཀྱི་གསང་བའི་རྣལ་འབྱོར་མཆོག།མཁས་པས་དེ་ལ་བཤད་པར་བྱ།།ཐམས་ཅད་གསང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་རྫོག་སོ།།།རྒྱ ་གར་གྱི་མི་ཁན་པ་པདྨ་ཀཱ་རཱ་བརྞྞ་དང་།ནུ་ཆེན་གྱི་ལ་ནྟི་བ་དགེ་སློང་རིན་ཆེན་བཟང་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།།།རྒྱུ་གར་སྙེད་དུ། མ་ཁྱ་བ་ཛ་ཡ་མྱ ་