CLOSE WINDOW

N428: dam rdzas rmad du bsgyur te bsten pa'i cho ga
Wyliee-texts produced with BDRC’s OCR application

ཕྱག་ན་རྡོ་རྗེ།རྡོ་རྗེ་སེམས་དཔའ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བོས་པར་གྱུར་ཏོ།།དེ་ནས་ངེས་པར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་མངའ་བདག།བདུད་ཐམས་ཅད་ངེས་པར་འཇོམས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་འཛིན་གཅིག་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལ་ངེས་པར་ཕྱུང་བར་གྱུར་ཏོ།། ་སྔགས་ཀྱིས་དགུག་དྲུང་དབང་ཆེན་དང་།།དེ་བཞིན་ནུས་པ་རྣམ་མང་པོ།།རལ་གྲི་སྒྲུབ་ཐབས་རྒྱལ་སྲིད་དང་།།ཕ་རོལ་སྔ་ནི་རྣམ་འཇོམས་དང་།།མི་སྣང་མིག་སྨན་བཅུད་དེ་ཉིད ་དང་།ངེས་པར་གྲིབ་ལ་འཕྲོག་པར་མཁས།།རོ་ལངས་གནོད་སྦྱིན་སྒྲུབ་པ་དང་།།སྦྲུལ་དང་གདུག་པའི་ཚོགས་སྲུང་དྲང་།།སྦྱིན་སྲེག་དཀྱིལའི་ཁོར་ལས་རྣམས་དང ་བྱང་ཆུབ་སེམས་ནི་རྣམ་སྤྱོད་དང་།།ཉེར་མཁོ་ཐམས་ཅད་སྤྱོད་པ་དང་།།ཕ་རོལ་གྲོང་དུ་རབ་འཇུག་པའོ།།འོད་ཟེར་ལྔ་ནི་མཉམ་འཁྲིགས་པའི།།རྡོ་རྗེ་སྲུང་བའི་དོན ་བསྒོམ་བྱ།།ས་ཡི་ཆ་ཡིད་རྡོ་རྗེ་ཡིས།།དེ་བཞིན་རབ་དང་ནི་གུར།།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པ་པོ་བདུད་ཐམས་ཅད་རྣམ་པར ་འཇོམས་པའི་རྡོ་རྗེ་ཞེས་བྱ་བའི་ཏི་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་འདི་ཐམས་ཅད་ཀྱི་ས་བོན་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས ་ལ་ངེས་པར་བྱུང་བ།།དབུས་སུ་ཡའོ།།ཀྵི་མ་མེ་དང་ཡཙྪ་ནི་རཱ་ཛ་དོ་རུ་ཎ་ཡ་ནི་ར་ཡ་ཡིག་ལ་སོགས་པ་གཤིན་རྗེ་འཇོམས་པར་འགྱུརརོ།།གཏི་མུག་ཀྵེ་ཡིག་ལ་བརྗིད ་གྷུ།པྲ་མཉྩིངྒ་བརྗོད་མཱ་ཡིག་ལྷའོ།།འདོད་ཆགས་ཉིད་ཀྱང་མོ་ཡིག་ལ།།ད་ཡིག་ལ་ཡང་ཕྱུག་དག་ཡིན།།ལྔ་རྣམས་གཤིན་རྗེ་འཇོམས་པརླུང་སྒྲུབ་།།ཇི་ཡིག་ཙཿཀཱ་། ་བིཛྲོད།།ས་ཡིག་ལ་ནི་ཕག་མོ་སྟེ།།དབྱངས་ཅན་མ་བརྗོད་དོ་ཡིག་ལ།།རུ་ཡིག་ལ་ནི་གཽ་རཱིར་འདོད།།ཎ་ཡ་ནི་ར་ཟུར་བཞི་རུ།།མི་ཡི་ཐོད་པ་བཞི་རྣམས་སོ།།དེ་ནས་ངེས་པར ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངའ་བདག་གཤིན་རྗེ་རྡོ་རྗེ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ།ཞེ་སྡང་ཆེན་པོའི་རིགས་འདི་སྒོམ་པའི་རྣལ་འབྱོར ་