CLOSE WINDOW

N427: las kyi grogs kyi bya ba
Wyliee-texts produced with BDRC’s OCR application

འཇིགས་བྱེད་ལ་ཕྱག་འཚའོ།།དེ་ནས་ཡང་དགེ་བཤད་བྱ་བ།།བཅོམ་ལྡན་ཉིད་ཀྱི་སྐུ་གསུང་ཐུགས།།རྡོ་རྗེ་རྣམས་ལས་བྱུང་བ་ཡཾ།།རྡོ་རྗེ་འཇིགས་བྱེད་ཆེན་པོ་ཡི།།ལྷོ་ཕྱོགས་རྩེ ་མཚོ་ཕ་བསྐོལ་ནས།།དེ་ན་གཤིནྡ་རྗེའི་གྲོང་ཁྱེར་ནི།།ག་ལ་བ་ཡི་གནས་སུ་བྱོན།།མི་བཟད་ཞབས་ནི་བཅུ་དྲུག་གིས།།ལྕགས་མཁར་སྒོ་མེད་བཅུ་དྲུག་བརྫིས།།ཡེ་ཤེས ་གཅིག་མཚན་མ་ཡིས།།དབུས་ཀྱི་ལྕགས་མཁར་ཆེན་པོ་བརྫིས།།དེ་ཚེ་བདུད་ཆེན་ལས་རྒྱད་ནས།།ཧ་ཧི་ཧི་ཧི་སྒྲ་སྒྲོགས་པས།།ཆོས་ཀྱི་རྒྱལ་པོ་ལ་སོགས་པ།།གཟིར་བཞིན་དུ ་ནི་ར་སྨྲས་པ།།དཔའ་བོ་ཆེན་པོ་ག་ལ་ཅི།།དཔའ་བོའི་དགོངས་པ་བདག་གིས་བགྱི།།བདག་ཅག་བྲོག་གི་སྙིང་པོ་རྣམས།།ཚུལ་བཞིན་འབུལ་གྱིས་དཔའ་བོ་བེཞེས།།ལྷ་མོ ་ཡིན་སྡེ་བརྒྱད་ཀྱི་སྲོག་གི་ཡང་སྙིང་ཕུལ་བ་ནི།གཤིན་རྗེས་ལྷ་ཕུལ་མ་མོ་སྙ་མ།།སྦྱིན་པོམ+Wཱ་རཱ་ཕུལ་གནོད་སྦྱིན་ཀྵེ།མི་ཡིས་ན་ཕུལ་ས་བདུག་ས།།བཙུན་གྱིས་ཅི ་བུལ་བདུད་ཀྱི་ད།།དེ་རྣམས་ཅིག་ཏུ་དྲལ་བ་ནི།།བྲན་དུ་ཡང་ནི་ཁས་བླངས།།གཏན་ཚིགས་ཆེན་པོ་དེ་ཡི་ཕྱིར།།ཡེ་ཤེས་ལྷ་ཡི་དགོངས་པ་དང་།།བསྙེན་པ་ཉམས་འོག་རབ་ཆུང་།། ་ནས།།ལྷ་ཡི་བསྙེན་པ་རབ་ཆུད་ནས།།སྔོན་གྱི་ཐུགས་དམ་ལས་མི་འདའ།།མི་འགྲུབ་པ་ནི་མི་སྲིད་དོ།།ཡ་མ་རཱ་ཛ་ས་དོ་མེད་ཡ།།ཡ་མེ་དྲོ་རུ་ཎ་ཡ་ད་ཡ།།ཡ་ད་རོ་ནི་ར་ཡཀྵ ་ཡཱ།ཡཀྵ་ཡཙྪ་ནི་རཱ་མ་ཡ།ཧཱུཾ་ཧཱུཾ་ཕཊ་ཕཊ།དེ་སྐད་སྨྲས་པ་དང་།རྡོ་རྗེ་འཇིགས་བྱེད་ཆེན་པོ་ཡིས།།ཆོས་ཀྱི་རྒྱལ་པོ་ལ་སོགས་པ།།གཤིན་རྗེ་ཕོ་ཉ་ལ་སོགས་ཀུན།།རློ་ལ། ་བའི་གིང་དུ་བྱིན་གྱིས་བརླབས།།མེ་དང་སྲིང་མོ་བུ་མོ་དང་།།འཁོར་བཅས་ཀུན་ལ་བཀའ་བསྒོ་བ།།ལྔ་བརྒྱ་དུས་ཀྱི་ཐ་མ་ལ།།ང་ཡི་བསྟན་པ་འབྱུང་བའི་ཚེ།།རྣལ་འབྱོར ་རིགས་འཛིན་ལྡན་པ་ལ།།བཀའ་བསྒོའི་ལས་རྣམས་ཚུལ་བཞིན་གྱིས།།ཞེས་པས་དམ་བཅས་པ་དང་།མནན་བཞིན་དུ་མནའ་བོརརོ།།གཏམ་བརྒྱད་ཀྱི་རྟོག་པ་རྫོགས ་སྷོ།།།།རྒྱ་གར་སྐད་དུ།ཤྲཱི་རཀྵ་ཡ་མཱ་རི་ཏནྟ་རཱ་ཛ་ནཱ་མ།བོད་སྐད་དུ།དཔལ་གཤིན་རྗེ་གཤེད་དམར་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ།དཔལ་གཤིན་རྗེ་གཤེད ་དམར་པོ་ལ་ཕྱག་འཚ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུན ་སོ།།དེར་བཅོམ་ལྡན་འདས་ཀྱིས་གསུངས་པ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་ཀྱི་སྙིང་པོ་གསང་བ་ལས་ཤིན་ཏུ་གསང་བའི་མཆོག།ེ་མ་ཧོ།།ཕྱག ་ན་རྡོ་རྗེ་ལྡེགསོ་ལེགསོ།།སྙིང་རྗེ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆེན་པོའི་རྡོ་རྗེ།ཞེ་སྡང་རྡོ་རྗེ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྙིང་པོ་གཤིན་རྗེ་གཤེད་དམར་པོའི ་སྐུ་ཉོན་ཅིག།ཕྱག་ན་རྡོ་རྗེས་གསོལ་པ།དེ་ཤིན་རྗེ་འཇོམས་པ་པོ་རྣམས་ཇི་སྙེད་ལྤགས་པ་འདི་བཤད་དུ་གསོལ།།གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དང་།།ཕྲ་མ་རྡོ་རྗེ ་གཤིན་རྗེ་གཤེད་དང་།།།འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད་དང་།ཕྲག་དོག་རྡོ་རྗེ་གཤིན་རྗེ་གཤེད་དང་།ཞེས་པ་སྟེ།རྡོ་རྗེ་ཙརྩི་ཀ་དང་།རྡོ་རྗེ་ཕག་མོ་དང་།རྡོ་རྗེ་དབྱ། ་ཅན་མ་དང་།རྡོ་རྗེ་གཽ་རིའི་ཡང་ངོ་།།ཟུར་དུ་བུམ་པ་བཞི་རྣམསོ།།དེ་ལྟར་རབ་ཏུ་བསྐོར་བའི་གཤིན་རྗེ་གཤེད་ཀྱི་ཚོགས་ཆེན་པོ་རྣམསོ།།དེ་ནས་ངེས་པར་བཅོམ་ལྡན་འདས ་ཕྱག་ན་རྡོ་རྗེ།རྡོ་རྗེ་སེམས་དཔའ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བོས་པར་གྱུར་ཏོ།།དེ་ནས་ངེས་པར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད ་