CLOSE WINDOW

N415: bcom ldan 'das phyag na rdo rje gos sngon po can gyi rdo rje gdengs pa'i rgyud las khams gsum rnam par rgyal ba zhes bya ba'i le'u
Wyliee-texts produced with BDRC’s OCR application

རྣམ་དག་པ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགསོ།།ཏི་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་སྲིད་པ་གསུམ་ཡང་རྣམ་པ་གཡོ་སོ།།དེ་ནས་རང་ཉིད་སྐུ ་དང་གསུང་དང་ཐུགས་རྣམ་པར་དག་པའི་རྡོ་རྗེ་ལས་སྔགས་འདི་ཕྱུང་།།ོཾ་ན་མོ།གསང་སྔགས་རྒྱལ་པོ་སྨྲས་ཙམ་གྱིས།།ས་སྟེང་ལྷ་རྣམས་བརྒྱལ་བར་གྱུར།།ཀླུ་རྣམས་ཀུན་ཏུ་སྐྲག ་ནས་ནི།།གསང་བདག་ཉིད་ལ་ཕྱག་འཚལོ།།སྙིང་རྗེ་ལྡན་ཞིང་མོས་པ་བསྟན།།གུས་ཤིང་བྱང་ཆུབ་སེམས་ལྡན་པའི།།ཕྱོགསུ་འགྲོ་བས་ཡིད་གནས་པའི།།ལྷ་དང་བླ་མ་མཉམ ་མཆོད་ཅིང་།།བརྩོན་འགྲུས་ཤེས་རབ་ཆེ་བ་དེས།།རང་ཉིད་དང་ནི་གཞན་དག་ཏུ།།བདེ་ཞིང་ཉམས་དགའི་རཱི་ཕུག་གམ།།ཚོལ་ལམ་མཚོ་འམ་ལྗོངས་རྣམསུ།།ས་ཡི་དཀྱིལ་འཁོར ་རྣམ་དག་པར།།བྱམས་ནས་དྲི་ཆུས་ལེགས་བྱུགས་ནས།།བདེ་བའི་སྟན་ལ་འདུག་བྱས་ཏེ།།གསང་བའི་བདག་པོ་བསྒྲུབ་པར་བྱ།།གཞན་ནི་རོ་ཁྲོད་རྩུབ་པ་འམ།།དུར་ཁྲོད་ཡ ་མའི་ཁང་པ་ཡང་།།འཁྲུག་ཅིང་གི་ཡེང་དང་བཅས་པ་དང་།།རྒྱལ་པོས་བཟུང་ཞིང་གཏུམ་མོ་རྒྱུ།།འཇིགས་པའི་ཕྱོགས་ནས་གང་དག་རྣམས།།རྒྱལ་བ་སྒྲུབ་པའི་གནས་ཡིན།། ་དུས་འདིར་བྱུང་བའི་བློ་ཞན་རྣམས།།འཇིག་རྟེན་འདི་ཡི་གཡེང་བ་དང་།།ཆོ་གས་ཐ~ཾད་བསྐྱེད་པར་བྱེད།།ཆགས་པའི་སྟོབས་ཀྱི་ཆོས་ཉིད་ནི།།ཡང་དག་མི་རྟོག་དེ་ནི་སྐྱེན།།སྤྲུལ་གྱི། ་གླང་པོ་དང་མཚུངསོ།།སྟོང་ཉིད་སྤྲོས་མེད་རང་བཞིན་ལས།།སྒྱུ་མའི་སྐུ་ནི་ཡོངས་འབྱུང་ཞིང་།།དང་པོ་སྟོང་ཉིད་རྡོ་རྗེ་སྟེ།།གཉིས་པ་ལ་ནི་ཡཱཾ་གུ་ཧཱུ~ཾ།།གསུམ་པ་རྡོ་རྗེ་རྩོ་དགུ་པ།།བཞི་པ་བཅོ། ་ལྗིན་གསང་བའི་བདག།ལྔ་པ་ལྷ་ནི་ཡོངསུ་རྫོགས།།མེ་ལོང་དང་ནི་མཉམ་ཉིད་དང་།།ཆོས་དབྱིངས་ཡེ་ཤེས་ལས་གྲུབ་པ་འི།སྐུ་ནི་ཡེ་ཤེས་བདག་ཉིད་དོ།།དེ་རྫོགས་ཡེ་ཤེས ་ཆེན་པོའོ།།ཡེ་ཤེས་སྐུ་ལས་ཡེ་ཤེས་ཀྱིས།།སྤྲུལ་པའང་ཡེ་ཤེས་ཉིད་དུ་གནས།།འཁོར་པོའི་ཉོན་མོངས་ལས་འདས་ནས།།མི་རྟོག་ཡེ་ཤེས་མེ་ཕུང་ལ།།གསང་བའི་བདག ་ཉིད་ལེགས་པར་བཞུགས།།ནམ་གྲོལ་རྣམ་དག་གྲོལ་བའི་རྒྱུ།།སྔགས་དབྱིབས་ཆོས་བདག་དོན་རྣལ་འབྱོར།།སྐད་ཅིག་སྐད་ཅིག་ཡེ་ཤེས་ལས།།སྒྱུ་མ་ལྟ་བུའི་སྒྱུ་མའི་སྐུ། ་སྒྱུ་མ་ཉིད་ལ་རྣམ་གྲོལ་ཚེ།།ཀྱེ་ཀྱེ་ཧ་ཧ་དཔའ་བོ་ཆེ།།ཀླུ་ཡི་སྦྱོར་གྱུར་འཇིགསོ་བྱེད་པོས།།གསང་བའི་བདོག་པོ་རྡོ་རྗེ་ཅན།།ཉོན་མོངས་ལས་རྒྱལ་འཇིག་སུ་རུང་།།དབང་ཕྱུག ་ཁོམས་གསུམ་ལས་རྒྱལ་བའི།།དྲོ་བས་བརྩོན་ལྡན་གང་ཡིན་དེས།།ཤིན་ཏུ་སྒྲུབ་པས་བསྒྲུབ་པར་བྱ།།བསྟན་པའི་ཡིད་སོས་པར་བྱེད་པས།།རྒྱལ་བ་གསང་བའི་བདག་པོའོ།། ་དེ་ནས་གསང་བའི་བདག་པོ་ཉིད།།དངོས་གྲུབ་ངེས་པར་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་འཛིན་ལོ་སྙོམས་པར་ཞུགས་ནས།སྐུ་དང་གསུང་དང་ཐུགས་རྣམ་པར་དག་པའི་རྡོ་རྗེ་ལས ་གྷ་ཥྱ་ཧཱ་མྦུ་མ་ག་སུ་རྒྱུ་སྤྱན་ཐཱ་ཝཱ་ནས་ནུག་ས། མྱུ་ན་ན་ན་། ན། ་སྒྲ་ཕྱོགས་ལ་ག།འཁོར་ཟླ་བནི་སྙམ་པ་ལ།། ནས་ས་པ་། རྒྱལ་བྱའི་སྒྱུ་ནི།ནའི་སེཾནས་ལེགས་ས།། ་དཀྲིས་ལ་བཞག་པར་བྱ།།རྒྱུན་ཏུ་དེ་ལས་བསྒྲུབ་གྱུར་ན།།ཞི་དང་རྒྱས་སོགས་དངོས་གྲུབ་དང་།།གཞན་ཡོང་དངོས་གྲུབ་འགྲུབ་པར་འགྱུར།།དེ་ནས་ཡང་གསང་བའི་བདག་པོ་མི་འགྱུར ་བར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིངེ་འཛིན་ལ་སྙོམས་པར་ཞུགས་ནས་དུག་ཐམས་ཅད་ཞི་བར་བྱེད་པའི་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡང་དག་པ་ལས་ངེས་པར་བྱུང་།། ་ན་ཏཱིད་མ།། པརནཿ།ནི་ང་དུ་ཆུདྷཱ་སནས།།སྔགས་ཀྱིམ་མིན།།ཇི་སྲིད་སྟོང་གི་བ།།ཡོདན་འགྲོ་བའི་དུ་ན ་འོ།།གཞན་ཡང་གས་སྔགས་རྒྱ་སྟོན།། ན་དགསུམས་མ་དུ་ཚང་ཀྱིས་ནས།བ་ཅི་ཡང་འསྒྲུབ་པར་འགྱུར།།ཟླབ་སྤྱང་ག ་།།དཔྲལ་བར་གར་ཅནས་ཐཾག་ལ་རྒྱས་ཏེ།ཤར་ཕྱོག་སུ་གྱུར་ནས་གསང་སྔགས་འ་འཛིན་ཅི་ཡོད་ཀྱི་ད་ད།།ཡང་ན་པ་མཉམ་ག་ས་གཛུས ་མི་ཁྲག་གིས་ལུས་བྱུགས་ཏེ་བསྔགས་འདི་བརྗོད་ན་ཀླུ་ཐམས་ཅད་དབང་དུ་འགྱུརརོ།།འདི་ལ་ཐེ་ཙོམ་མེདོ།།གཞན་ཡང་སྦྱོར་བ་བཤཤཾ་བྱ་བ།།གུར་གུམ་དང་ནི་གྲྀ་ཝང་གིས།།རྩིབས ་བརྒྱད་པའི་འཁོར་ལོ་ལ།།དང་དེའི་སྔགས་བཞི་དགི་དང་ནི།།ཐ་མྲའི་སྔགས་རྣམས་བྲི་བར་བྱ།།མུ་ཁྱུད་གཉིས་ལ་རྩ་བོ་ཡིས།།གསོང་སྔགས་རྒྱལ་པོ་རིམ་གྱིས་བྲི།།རིན་ཆེན་སྣོད།། ་བཞག་མཆོད་བྱས་ནས།།གསང་སྔགས་སྟོང་སོགས་བརྗོད་ནས་ནི།།རྒྱལ་མཚན་རྩེ་ལ་གོདགས་པར་བྱ།།གཞན་གྱི་རིགས་སྔགས་གཅོད་པར་བྱེད།།གལ་ཏེ་ཆར་པ་དབབ་པར་འདི ་ནསའི་དཀྱིལ་འཁོར་གྲུ་བཞི་པར་བྱས་ཏེ།དབུསུ་པདྨ་འདབ་མ་བརྒྱད་པ་བྲིས་ལ་དེའི་སྟེང་དུ་ཀླུའི་རྒྱལ་པོ་བརྒྱད་ཀྱི་གཟུགས་བྱས་ཏེ་བཞག་ལ་རང་ཉིད་ཁྲོ་བོ་གོས་སྔོན་པོ་ཅན་དུ་བྱས་ཏེ།སྨན ་སྣ་ཚོགས་དང་།འོ་མ་དང་།འོབྱས་ཅན་དང་།ཞི་ལྔ་སོགས་པ་རྣམས་དང་།ཀ་རཱ་དང་བུ་རམ་ལ་སོགས་པས་མཆོད་ནས་གོས་དཀར་བགོས་ཏེ་ཧཱུ~ཾ་འབྲུག་གི་སྒྲ་ལྟ་བུ་བརྗོད་པས་མིག ་འདྲེན་པའི་གསང་སྔགས་ཀྱི་རྒྱལ་པོ་བརྗོད་པས་ཆར་འབེབས་པར་བྱེད།།གལ་ཏེ་མི་འབེབས་ན་ཀླུ་རྣམས་བསྡིགས་པའི་ཕྱིར།དཀྱིལ་འཁོར་དེའི་སྟེང་དུ་ཁྲག་སྣ་ཚོགས་དང་།དུབ་ཤིང ་ལ་སོགས་པས་སྦྱིན་བསྲེག་བྱའོ།།དེས་མྱུར་དུ་ཆར་འབེབས་པར་བྱེད།།གལ་ཏེ་ཆར་ཆེས་པ་འམ།སེར་བེ་བཅད་པོར་འདོད་པས་ཉེར་ཤིང་དང་དུག་ཀ་དི་བཱཾ་རྩ་བ་ལ་ཡི་གེ་བྲིས་ཏེ། ་དཀྱིལ་འཁོར་དཀར་པོའི་དབུ་ས་བཙུགས་ལ་ཡུངས་ཀར་དང་ཐལ་བ་ལ་མཱང་དུ་བཟླས་པར་བྱའོ།།གལ་ཏེ་མི་འདོད་ན་བསྔགས་པ་ཙམ་གྱིས་ཀྱང་ཅེས་པར་འབྱུང། ་ཏེ་ཁྲག་དང་དུག་སྣ་ཚོགས་ཀྱིས་བརྒྱལ་བ་སོས་པར་བྱེད།།རླུང་ཞི་བར་འདོད་ན་དབང་ཕྱུག་གི་གོས་ལ་ཙི་ཏ་པོ་ལ་རི་རྩ་བྲས་སྔགས་བྲིས་ཏེ།དཀྱིལ་འཁོར་གྱི་སྟེང་དུ་བཞག་ནས ་སྔགས་ཀྱི་རྒྱལ་པོ་སྟོང་ལ་སོགས་པ་ཅི་ནུས་པ་བརྗོད་ནས་ཁང་པའི་སྟེང་དུ་བཞག་ན་རླུང་ཞི་བར་བྱེདདོ།།གལ་ཏེ་ཡམས་ཞི་བར་འདོད་པས་གུར་གུམ་དང་།གི་ཝང་གི་རྩེ་མོ་བཅུ་གཉིས ་པེར་བྲིས་ནས་དང་པོའི་སྔགས་རྣམས་དང་།ཐ་མའི་སྔགས་རྩིབས་ལ་བྲིས་ཏེ།མུ~ཾ་ཁྱུད་ལ་སྔགས་ལྷག་མ་བྲིས་ཏེ་མེ་ཏོག་དང་འབྲས་བུ་སེར་པོ་ཐ~ཾད་མཆོད་ཅིང་གསོལ་བ་བཏབ ་ནས་གཙུག་ལག་ཁང་གི་རློ་མོ་ལ་དགེ་འདུན་གྱི་འདུ་བའི་སྒོ་གོང་ལ་བཏགས་ན་ཅི་འདོད་པ་འགྲུབ་ཅིང་ན་དེ་ཡམས་ཐམས་ཅད་འཆད་པར་འགྱུར།།གལ་ཏེ་བུ་འདོད་པས་སེའུ་སྐྱ་དམར་པོའི ་གདོང་དུ་བུ་ལ་སྟེང་དུ་སྦྱིན་སྲེག་བྱས་ན་བུ་སྟེར་བར་ངེསོ།།གལ་ཏེ་གཏེར་འདོད་པས་སོ་འམ།རིན་པོ་ཆེ་རྣམ་ཐོས་སྲས་ཀྱི་གཟུགས་ཁྲུ་གང་བ་བྱས་ནས་རིན་པོ་ཆེའམ་སྤོང་ལེབ་ཀྱི ་སྟེང་དུ་བཞག་ནས་མཆོད་པ་རྣམ་པ་སྣ་ཚོགས་ཕུལ་ནས་གསོལ་བ་བཏབ་ན་ཞག་བདུན་ནས་རིན་པོ་ཆེ་སྟེར་བར་བྱེད།།གལ་ཏེ་ཤི་བར་དོགས་པས་དཀྱིལ་འཁོར་ཁྲུ་གང་ཟླུམ་པོ ་ར་པོ་བྱས་ནས་དབུས་བུམ་པ་ལེགས་པར་བཞག་པའི་ནང་དུ་སྨན་སྣ་ཚོགས་བླུགས་ནས་རསུ་དཀ། ངོས་བཀབ་པར་བྱས་ཏེ།གསང་སྔགས་ཀྱི་རྒྱལ་པོ་མང་དུ་བརྗོད་ནས་ཕྱིས ་པབལ་དངོས་གྲུབ་བླངས་ན་ནི་འདོད་པ་འགྲུའོ།།དེ་ལྟར་ཡང་ཡང་བྱས་པས་ཚེའི་དངོས་གྲུབ་ཐོབ་པར་འགྱུ་རོ།།གལ་ཏེ་མཆོག་གྲུབ་པར་འདོད་པས་སོ་འམ་རིན་པོ་ཆེ་ལ་ཕྱག་ནི་རྡོ་རྗེ ་ཞལ་ཅིག་ཕྱག་གཉིས་པ་གདན་པདྨ་དང་ཉི་མ་ལ་གནས་པར་བྱས་ནས་དེ་རིན་པོ་ཆེའི་སྣོད་དུ་བཞག་ལ་མཎྜལ་དཀར་པོ་ཁྲུ་གང་བ་བྱས་པའི་སྟེང་དུ་ཁྲིའུའི་སྟེང་དུ་བཞག་ལྀ་མེ་ཏོག་དང ་གོས་དཀར་པོས་མཆོད་ཅིང་ཅནྡ་ན་དགར་པོའི་ཆུས་ཅི་ནུས་པར་མཆོད་པ་བྱེད་ཅིང་།།ཡང་ཆོས་བརྒྱད་དང་།བཅུ་བཞི་དང་།བཅོ་ལྔ་དང་།གནམ་སྟོང་ལ་དེའི་དུསུ་སྨྱུང་བ་བྱས་ནས། ་ཕྱིས་ནི་བརྒྱད་སྟོང་གི་གྲངསུ་གསང་སྔགས་འདོན་པར་བྱེད་ཅིང་རང་ཉིད་ཀྱི་སྤྱི་བོར་ཡི་གེ་ཨ་དཀར་པོ་འོད་དང་ལྡན་པས་བདུད་རྩིའི་ཆུ་འབེབས་པར་བསམས་པས་ཁམས་གསུམ་པའི ་ནད་ཐམས་ཅད་ཟད་པར་བསམས་ཞིང་སླར་རང་ཉིད་ཀྱི་རིམས་ཀྱིས་ཞུ་བོ་བྱེད་པའི་རྒྱུད་ལས་གྲུབ་པའི་བསམ་གཏན་ཏེ།འདྲ་གོམས་པས་གང་དང་གང་འདོད་པ་ཐ~ཾད་འགྲུབ་ཅིང ་ཁམས་གསུམ་གྱི་དབང་ཕྱུག་ཏུ་འགྱུརརོ།།གསང་བའི་བདག་པོ་ང་ལ་ཉོན།།འཇིག་རྟེན་ཀུན་ལས་རྣམ་རྒྱལ་བའི།།སྐུ་ནི་སངས་རྒྱས་ཀུན་བདག་ཉིད།།གང་གིས་བགོས ་པར་འགྱུར་བ་ལས།།ཅི་འདོད་རྙེད་པར་བྱེད་པ་མཆོག།གལ་ཏེ་རྟོག་མེད་དེ་བྲལ་ན།།ཡེ་ཤེས་ཉིད་ནི་བླ་ན་མེད།།རྒྱལ་བའི་སྟོབས་ཀྱིས་རྟོགས་པར་བྱེད།།ཉོན་མོ ་ཀུན་ལས་རྒྱལ་བྱེད་ཅིང་།།ནད་རྣམས་ཐམས་ཅད་ཟད་བྱེད་ཅིང་།།གལ་ཏོ་ནད་མེད་ནད་བཅས་བྱེད།།དབང་དང་རིངས་དང་དགུག་པ་དང་།།བ་རྒྱལ་དང་བསད་དང་དབང་ཕྱུག་དང་། ་ཞི་དང་སྲུང་དང་དཔོལ་བྱེད་དང་།།ཕྱིར་རྒོལ་བ་རྣམས་བརླག་པ་ཡི།།ཕྲ་མོ་འགྲུབ་པ་སྨོས་ཅི་དགོས།།འཇིག་རྟེན་ལས་གྲོལ་བདེ་བའི་ལུས།།རྒྱལ་བའི་གསུངས་གིས་ལེགས ་ཐོབ་བོ།།སྐུ་ནི་འདིར་བརྗོད་མེད་པས་སྟེ།།སྤྱོད་ཚུལ་རྣམས་ལས་འདས་པའོ།།མཽང་དང་ཚོགས་རྣམས་བླདས་ན།།ཉེར་ཞི་སྤྲོས་ལས་ཤིན་ཏུ་འདས།།ཚིག་གི་ཡུལ་ནི་རྣམ་པར ་བྲལ།།རྡོ་རྗེ་སྒོ་ལྔ་དེ་དག་ནི།།ཅི་བཞིན་དོན་ནི་ཤེས་གྱུར་གྱི།།གཞན་དུ་བསྐལ་པ་སྟོང་དུ་ཡང་།།ཅིས་ཀྱང་ཤེས་པར་ག་ལ་ནུས།།གལ་ཏེ་དམིགས་པ་ཟད་འདོད་པས།།མི་དམིགས ་སྤྲོས་མེད་གང་ཞིག་ལ།།རང་གི་སེམས་ཉིད་གཞག་པར་བྱ།།དེ་ལ་ཐར་པས་གྲོལ་བའོ།།གལ་ཏེ་དགའ་འགྱུར་ཡིད་ཡོད་ན།།དངོས་འདི་ཤེས་པས་ཅི་སྟེ་སྟོང་།།དེ་སྟོང་སྤྲས ་དང་བྲལ་བ་ལ།།ཤེས་པ་ཉིད་ནི་ཅི་ལ་བརྟེན།།གསང་སྔགས་དྲག་པོའི་སྦྱོར་བ་འདི།།དབང་བསྐུར་སྣང་བ་མེད་པ་དང་།།ཚུལ་ངན་ལང་ཚོ་ཕྲ་བ་དང་།།ང་རྒྱལ་དྲེགས་ཤིང ་ཁེངས་པ་དང་།།ཐོག་པ་ཚུན་ལམ་མོས་ལ།།ཡི་གེ་ཙམ་ཡང་བསྟན་པ་མིན།།གལ་ཏེ་བརྒྱ་འམ་རྨོངས་པ་འགས།།བཱསྟན་ན་རང་ཉིད་ཕུང་བར་བྱེད།།དེ་སྐད་ཁྱམས་གསུམ་ལས་རྣམ ་པར་རྒྱལ་བ་ཞེས་བྱ་བའི་འོད་ཟེར་དེ་སླར་རང་གི་ཐུགས་ཁར་བསྡུས་ནས་ཞལ་ཐམས་ཅད་ཕྱོག་ལ་ཐིམ་ནས།ཞལ་གི་ཙོག་ཕྱག་གཉིས་པར་གྱུར་ཏེ།ཧཱུ~ཾ་ཧཱུ~ཾ་ཧཱུཾ་ཞེས་པའི་གླུ་བླངསོ།། ་འདི་ལ་ཅི་ལྟར་དམིགས་བྱས་བཞིན།།ལྷ་རྣམས་ཀུན་ལ་དམིགས་པར་འགྱུར།།གསང་སྔགས་འབུམ་དུ་བརྗོད་བྱས་ནས།།བསྙེན་པའི་དམ་པ་འདི་འགྲུབ་བོ།།འདིས་དང་མ་འདས་འོང ་འགྱུར་བའི།།སངས་རྒྱས་རྣམས་ཀྱིས་སྔགས་འདི་བཤད།།འདི་ནི་སངས་རྒྱས་ཀུན་གྱི་གསང་།།ཡེ་ཤེས་ཆེན་པོ་ཞེས་བརྗིད།།དེ་ནས་འཁོར་དེ་དག་ཐད་ནི་གཙོ་བོའི་ཐུགས་ཁར ་ཐིམ་པར་འགྱུར།།ཀྭ་ཡི་རྡོ་རྗེ་ཆེན་པོ་ནི།།ལག་ན་རྡོ་རྗེ་སྟོབས་པོ་ཆེ།།དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།།གསང་བའི་མཇེད་འཛིན་གྱུར་པའོ།།བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས ་སྔོན་པོ་ཅན་གྱི་རྡོ་རྗེ་གདོངས་པའི་རྒྱུད་ལས་ཁམས་གསུམ་རྣམ་པར་རྒྱལ་བ་ཞེས་བྱ་བའི་ལེའུ་རྫོགསོ།།།།པཎྜི་ཏ་ཨ་ཌ་ཡ་ཤྲཱི་མ་ཏི་ཞེས་བྱ་བ་དང་།བོད་ཀྱི་ལོཙྪ་བ་བ་ནི ་སྡེ་ཆོས་ཀྱི་དབང་ཕྱུག་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།།།རྒྱ་གར་སྐད་དུ།ཤྲཱི་བཛྲ་ཙཎྜ་ཙིཏྟ་གུ་ཧྱ་ཏནྟྲ།བོད་སྐད་དུ།དཔལ་རྡོ་རྗེ་གཏུམ་པ་ཐུགས ་