CLOSE WINDOW

N409: lha mo bzhis yongs su zhus pa
Wyliee-texts produced with BDRC’s OCR application

བབས་ཡེ་ཤེས།།དེ་བཞིན་ཉིད་ཤེས་ལས་བྱུང་པོ།།སངས་རྒྱས་སྐུ་འཛིན་དཔལ་དང་ལྡན།།རྡོ་རྗེ་མི་བྱེད་གསུམ་བསྒོམས་པས།།རྡོ་རྗེ་བྱིན་རླབས་མཛད་པར་འགྱུར།འདྲ་དང་མ་འོ ་སྣངས་རྒྱས་དང་།།གང་ཞིད་ཕྱུགས་བཅུར་བཙུགས་པ་རྣམས།།རྣཾས་སྐུ་མཆོག་ག་རྣལ་འདྨོ་སྷོ།།ས་རྒྱུས་དེ་རྣམས་རྐུན་མོས་རློའོ།།འདས་པ་རྣམཱཿ ་ནི་ཆོས་སྐུ་ཡིས།།བསམ་མི་ཁྱབ་པའི་ཕྱོགས་ནི་བཟུགས།།སྔགས་མཆོག་བས་མེ་གྱིས་མི་ཁྱབ་པས།།མ་འོ་སུན་མ་སྐྱེས་བྱིན་གྱིས་རློག།།སངས་རྒྱས་གསུམ་ལ་དབྱེ་བ་ནི།། ་ཅུང་ཟད་ཙམ་ཡིད་ཡོད་མ་ཡིན།།འོན་ཀྱང་དངོས་མཽད་ལས་བྱུང་བའི།།སྔགས་པ་རྣམས་ལ་བྱིན་གྱིས་རྟོག།ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།།མི་བྱེད་རྡོ་རྗེག ་བསྒོམས་ལ།།སྒྲ་ནི་ཇི་ལྟ་བར་འཚམ་པ།།དེ་ལྟར་བྱིན་གྱིས་རློབ་པར་མཛད།།རླིག་དང་མི་རིག་ཡང་དག་ལྡན།།སྲོག་ལ་སྔགས་ཏེ་བཅུ་གཉིས་བཤད།།དེས་ཀྱི་ཉིས་འགྱུར ་བྷཱ་བ་ལ་ས་འ་གྱུར།ཟླ་བ་ལ་སོག་གྲངས་མི་ཉམ་པས།།ཉི་མ་བཅུ་གཉིས་མིང་ཅན་ཡིན།།ཁྱབ་འཇུག་དེ་ཉིད་དབྱེ་བ་ཡིས།།ལམ་རྩོམ་པའི་ནི་བརྟགས་པ་ཡིས།།དེ་ཉིད་ནི་སྒྲུ་བ ་པ་མཆོག།སྡོམ་པ་ཡུལ་ཞེས་བཤད་པ་ཡིན།།སྔགས་དང་དངོས་མོད་དེ་བྱེད་པ།།མགལ་མི་འཁོར་ལོ་བསྐོར་དང་མཚུངས།།རྟོག་པ་ལས་བྱུང་དེ་འདི་ནི།།དངོས་མེད་པ་ནི ་པས།།མ་འངས་པ་ཡི་སྐྱེ་ཟ་ནི།།ལྷ་མི་གཟུགས་ལེ་འདུད་པར་བྱེད།།མི་གདོང་དེ་བཞིན་རྣ་བ་དང་།།སྐྱེ་དང་དེ་བཞིན་སུས་དག་དང་།ལྤགས་པ་རྐང་པར་ཡང་དག་ལྡམ་ལན ་དེས་ནི་མི་ནུས་པ།།ལྷ་དང་ཉན་དང་དྲི་དང་རོ།།རྙོག་བྱ་རྣམས་ནི་དངོས་མེད་པ།།རང་བཞིན་སེམས་མེད་གྱུར་པ་ཡི།།འཇིམ་གཟུགས་སངས་རྒྱས་སྐུ་ཅན་ཏོ།འོན་ཀྱང་འགྲོ་བའི་བླ་མའི་སྐུ། ་སངས་རྒྱས་བྱིན་གྱིས་བྱིན་རླབས་གྱིས།།དེ་བཞིན་སྔགས་སྦྱོར་བདག་ཉིད་ཅན།།དངོས་མེད་རྡོ་རྗེའི་སྐུ་ཉིད་ཡིན།།ཤིང་དང་ས་དང་རིན་ཆེན་སོགས།།རང་གི་ལྷ་ཡི་གཟུགས་བྱས་ལ།།རང་གི ་ཆོས་ནི་སྤངས་ན་སུ།།ཚིག་གི་ལམ་དེ་སྟོན་པར་བྱེད།།སྐུ་གསུང་ཐུགས་དང་ལྡན་པ་མཆོག།ཚེ་འཕྲལ་དེ་ལག་ལས་བྱུང་།།དེ་ནས་དད་སོགས་ཡང་དག་པས།།སླར་ཡང་དེ་ལ་གསོལ།། ་འདེབས་ཀྱང་།།གསོལ་བ་འདེབས་པ་ཙམ་གྱིས་ནི།།དེ་དང་འདྲ་བར་གཱ་ལ་འགྱུར།།ཕྱི་རོལ་ཆོས་ལ་གང་ཞིག་དགའ།།ལྷ་རྣམས་ཐམས་ཅད་སྦྱོང་བ་ཡིན།།དེ་ལྟར་སྐུ་ལས་སྐུ་བྱུང་བ། ་དཔལ་ལྡན་ཚེས་འདིའང་གསུམ་གྱི་ལམ།།བྱིན་རླབས་པ་དག་ལོངས་སྤྱོད་ན།།གསུང་གི་རྡོ་རྗེ་ཅན་དུ་བྱེད།།འདས་དང་མ་འོངས་སངས་རྒྱས་རྣམས།།ཕྱོགས་བཅུན་ནི་གང་བཞུགས་པ།།བྱུང་དང ་འབྱུང་འགྱུར་དེ་རྣམས་ནི།།མི་ཕྱེད་གསུམ་གྱི་ལམ་དུ་འགྱུར།།ཡིད་རྟོན་བདེ་བ་ཞི་བདག་ཉིད།།དེ་བཞིན་ཉིད་ཤེས་ལས་བྱུང་བ།།ཡི་གེ་གཅིག་ནི་གསུམ་དྲུག་འདི།།རང་ཉིད་འགྲོ་བའི་ཁར ་བརྗོད་དོ།།དེ་ཡི་བྱིན་གྱིས་བརླབ་པའི་གནས།།རྡོ་རྗེ་མི་ཕྱེད་རྡོ་རྗེ་ཅན།།གང་གཞན་སངས་རྒྱས་ཀྱིས་གསུངས་དང་།།འགྲོ་བའི་སྒྲར་ནི་འདི་གྱུར་ཏེ།།དུས་གསུམ་བཞུགས་པའི་སངས་རྒྱས་ན། ་རྒྱུན་ན་ནུ་ན་སུ་ན་ཤཱ་དྷཱ་ཥྚ་དུ་རྫུན་ནན་ན་རྫུ་ན་ན་། ་གྱུར་ཀྱང་སོ་སོར་བསྟན་པ་ཡོན།།སངས་རྒྱས་རྡོ་རྗེ་ཚོས་དག་གམ།།དེ་བཞིན་རྡོ་རྗེ་སེམས་དཔའང་རུང་།།སྐུ་གསུང་ཐུགས་ཀྱི་སངས་རྒྱས་སྩོགས།།རྡོ་རྗེ་གསུམ་པོ་མི་ཕྱུང་བརྟག།ངོ་འདུས་རྨོངས་པ ་བདག་ཉིད་ཅན།།སྲི་སེར་རྟོགས་པ་འགས་པར་འགྱུར།།སྐུ་ལ་སོགས་པའི་གྲངས་མཉམ་པར།།སངས་རྒྱས་ཀྱང་ནི་གང་རྟོག་གྱ་བློ།སྟོང་པ་ཤིན་ཏུ་སྦྱོར་བ་ཡང་།།དེ་ནི་གསལ་བར་ནི་ནམ་མེད།། ་སྣ་ཚོགས་སྦྱོར་གྱུར་སྔགས་རྣམས་ནི།།གང་ཞིག་སྟོང་པར་མངོན་སུམ་བྱེད།།འདས་པ་དག་ནི་དྲི་ཐམས་ཅད།།རྨོངས་པའི་བདག་ཉིད་དེ་འགས་འགྱུར།།ཉན་ཐོས་རང་སངས་རྒྱས་རྣམས་ཀྱི།།བྱ ་ཆུབ་བསྡུས་ནོས་བཤད་པ་ཡིས།།འཇིག་རྟེན་པ་ཡི་གང་བཤད་པ།།མདོར་བསྡུས་པ་ནི་འདི་ཡིན།།སངས་རྒྱས་ཡང་ན་རྡོ་རྗེ་ཆོས།།ཡང་ན་རྡོ་རྗེ་སེམས་དཔའང་རུང་།།རྨོངས་པས་འདི་ལས་འདས ་ན་ནི།།དེ་ནི་འགས་པར་བེ་ཙོམ་མེད།།དགོངས་པ་ལུང་བསྟན་ལ་གནས་ནས།།གསང་བ་དམ་པ་ཡང་དག་སྲུང་།།ལྷུན་གྱིས་གྲུབ་པའི་སྦྱོར་བ་ཡིས།།དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ།། ་སྐུ་ལ་སོགས་པའི་གསང་བ་མཆོག།རྡོ་རྗེ་སྦྱོར་བ་ཞེས་བྱ་བའི།།དམ་ཚིག་སྒྲུབ་པའི་མཆོག་བསྟན་པའི།།ལེའུ་བཅུ་གཉིས་གསུངས་པ་ཡིན།།དགོངས་པ་ལུང་བསྟན་པ་ཞེས་བྱ་བའི་རྒྱུད་རྫོགསོ།། ་རྒྱ་གར་གྱིས་ཁན་པོ་དྷརྨཱ་ཤྲཱི་བྷ་དྲ་དང་།ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།།།རྒྱ་གར་སྐད་དུ།བཛྲ་ཛྙཱ་ན་ས་མུཙྪཱ་ཡ་ནཱ~ཾ་མ་ཏནྟྲ། ་གྱུར་ཀྱང་སོ་སོར་བསྟན་པ་ཡིན།།སངས་རྒྱས་རྡོ་རྗེ་ཚོས་དག་གམ།།དེ་བཞིན་རྡོ་རྗེ་སེམས་དཔའང་རུང་།།སྐུ་གསུང་ཐུགས་ཀྱི་སངས་རྒྱས་སྩོགས།རྡོ་རྗེ་གསུམ་པོ་མི་ཕྱེད་བརྟག།ངོ་འདས་རྨོངས་ཏེ། ་བདག་ཉིད་ཅན།།དྲི་སེར་རྟོགས་པ་འགས་པར་འགྱུར།།སྐུ་ལ་སོགས་པའི་གྲངས་མཉམ་པར།།སངས་རྒྱས་ཀྱང་ནི་གང་རྟོག་གྱུའོ།།སྟོང་པ་ཤིན་ཏུ་སྦྱོར་བ་ཡང་།།དེ་ནི་གསལ་བར་ཇི་ཙམ་མེད།། ་སྣ་ཚོགས་སྦྱོར་བྱར་སྔགས་རྣམས་ནི།།གང་ཞིག་སྟོང་པར་མངོན་སུམ་བྱེད།།འདས་པ་དག་ནི་དེ་ཐམས་ཅད།།རྨོངས་པའི་བདག་ཉིད་དེ་འགས་འགྱུར།།ཉན་ཐོས་རང་སངས་རྒྱས་རྣམས་ཀྱི།།བྱང་།། ་ཆུབ་བསྡུས་ནོས་བཤད་པ་ཡིས།།འཇིག་རྟེན་པ་ཡི་གང་བཤད་པ།།མདོར་བསྡུས་པ་ནི་འདི་ཡིན།།སངས་རྒྱས་ཡང་ན་རྡོ་རྗེ་ཆོས།།ཡང་ན་རྡོ་རྗེ་སེམས་དཔའང་རུང་།།རྨོངས་པས་འདི་ལས་འདས།། ་ན་ནི།།དེ་ནི་འགས་པར་ཐེ་ཙོམ་མེད།།དགོངས་པ་ལུང་བསྟན་ལ་གནས་ནས།།གསང་བ་དམ་པ་ཡང་དག་སྲུང་།།ལྷུན་གྱིས་གྲུབ་པའི་སྦྱོར་བ་ཡིས།།དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ།། ་སྐུ་ལ་སོགས་པའི་གསང་བ་མཆོག།རྡོ་རྗེ་སྦྱོར་བ་ཞེས་བྱ་བའི།།དམ་ཚིག་སྒྲུབ་པའི་མཆོག་བསྟན་པའི།།ལོའུ་བཅུ་གཉིས་གསུངས་པ་ཡིན།།དགོངས་པ་ལུང་བསྟན་པ་ཞེས་བྱ་བའི་རྒྱུད་རྫོགསོ།། ་རྒྱ་གར་གྱིས་ཁན་པོ་དྷརྨཱ་ཤྲཱི་བྷ་དྲ་དང་།ཞུ་ཆེན་གྱི་ལོ་ཙྪ་བཾ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།།།རྒྱ་གར་སྐད་དུ།བཛྲ་ཛྙཱ་ན་ས་མུཙྪ་ཡ་ནཱི་མ་ཏནྟྲ། ་།བྱེ་སྐད་དུ།ཡེ་ཤེས་རྡོ་རྗེ་ཀུན་ལས་ལ་ཨུ་པ་ཞེས་བྱ་བའི་རྒྱུད།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཅད་ལ་ཕྱག་འཚའོ།།ཇི་སྐད་དུ་བཅོམ་ལྡན་འདས ་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་ཇི་ལྟ་བ་བཞིན་དུ་གསུངས་པའོ།།བྱམས་པ་མོ་སོགས་པ་བྱང་ཆུབ་སེམས་དཔའ་དྲུག་སྟོང་གིས་བཅོམ་ལྡན་འདས་ལ་ཞུས་པ།བཅོམ་ལྡན་འདས་མ་རིག ་བྱ་དང་།སེམས་ལས་བྱུང་བ་དང་།སེམས་ཞེས་བཀྵི་བཱ་ཅི་ལགས།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་།གསུང་དང་ཐུགས་རྡོ་རྗེས་བཀའ་སྩལ་པ།རིགས་ཀྱི་བུ་ཉོན ་ཅིག།ཡིས་གསུམ་རྡོ་རྗེ་ལས་ཡང་དག་པར་བྱུང་བ་དེའི་ཕྱིར་ཡེ་ཤེས་གསུམ་རྡོ་རྗེའི་རང་བཞི་ནོ།།བྱམས་པས་གསོལ་པ།བཅོམ་ལྡན་འདས་ཡེ་ཤེས་གསུམ་རྡོ་རྗེའི་ངོ་བོ་ཇི་ལྟར་ལགས།བཅྡོཾས་ཀྱིས།། ་བཀའ་སྩལ་པ།།ཡང་དག་པའི་མཐའ་ཟབ་པ།འགག་པ་མེད་པ།སྐྱེ་བ་མེད་པ་དེའི་རྐྱེན་གྱིས་མ་རིག་པ་སྟེ།མ་རིག་པ་ཞེས་བྱ་བ་དང་།སྣ་བ་ཉེ་བར་ཐོབ་པ་དང་།སྟོང་པ་ཆེན་པོའོ།།དེ་ཡང་རྟོགས ་པར་དཀའ་བའོ།།འོན་ཀྱང་སྣང་བ་དང་བཅས་པར་བརྗོད་པར་བྱའོ།།མི་རིག་པའི་རྐྱེན་གྱིས་སེམས་ལས་བྱུང་བ་སྟེ།དེ་ནི་སྣང་བ་མཆོད་པ་དང་།ཤིན་ཏུ་སྟོང་པ་ཞེས་གསུང་སོ།།སེམས་ལས་བྱུང་བའི ་གྱིས་སེམས་ཏེ།དེ་ནི་སྣ་བ་དང་།སྟོང་པ་སྟེ།སེམས་དང་སེམས་ལས་བྱུང་བ་དང་།མ་རིག་པོའི་རང་བཞིན་བདག་མེད་པའོ།།གསུམ་པོ་དེ་དང་དེ་འོད་གསལ་བ་ལས་བྱུང་བའི་རྡོ་རྗེའི་རང་བཞིན།། ་དོ་ནས་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ངོ་མཚར་དུ་གྱུར་པས་ཅ་མི་སྨྲ་བར་གྱུར་ཏོ།།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང ་རྡོ་རྗེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཅད་མི་སྐྱེ་བར་འདུག་པ་མཐོང་ནས་བཀའ་སྩལ་པ།རིགས་ཀྱི་བུ་ཅིའི་ཕྱིར་ཅང་མི་སྨྲ་བར་གྱུར་པས་འདུག།དེ་ནས་བྱང་ཆུབ་སེམས་དཔའ་ཆེན ་པདེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་བཙལ་ཏེ་གདུགས་ནས་གཞན་ཡང་ཞུས་པ།ེ་མའོ་སྟོན་པ་རྟོགས་པར་དཀའ་བ་རྣམ་པར་ཤེས་པ་གསུམ་གྱིས་དབྱེ་བ་མཆོག་ཏུ་ཟབ་པ། ་བཅོམ་ལྡན་འདས་པ་ཤུ་དུ་གསོལ།།བདེ་བར་གཤེགས་པ་བཤད་དུ་གསོལ།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།གང་འོད་གསལ་བ་ལས་བྱུང་བ་རྣམ་པར་ཤེས་པ་དེ་ཉིད་སེམས་དང་།ཡིད ་དྲང་རྣམ་པར་ཤེས་པ་ཞེས་བྱ་ལ།།དེ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ།ཀུན་ནས་ཉོན་མོངས་པ་དང་།རྣམ་པར་བྱང་བའི་བདག་ཉིད་དེ་ལས་རྟོག་པ་གཉིསུ་གྱུར་ཏེ་བདག་དང་།གཞན་དག་ཏུའོ།།རྣཾ་པར། ་ཤེས་པ་དེའི་གཞོན་པ་རླུང་།།རླུང་ལས་མེའོ།།མེ་ལས་ཆུའོ།།ཆུ་ལས་སའོ།།དེ་རྣམས་ལས་ཕུང་པོ་ལྔ་དང་།སྐྱེ་མཆེད་དྲུག་དང་།ཡུལ་ལྔ་སྟེ།དེ་དག་ཐམས་ཅད་ནི་རྣམ་པར་ཤེས་པ་རླུང་དང ་འདྲེས་པའོ།།དེ་ནས་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་གྱི་སྣང་བ་རབ་ཏུ་གསལ་བར་སྤྱོད་པ་རྗེསུ་མྱོང་བར་བྱེད།སྣང་བའི་རྒྱུས་རང་བཞིན་རྣམས་ཡང་དག་པར་འབྱུང་།།དེ་ལས་འོད་གསལ ་བ་གནས་པ་མེད་པ།འགག་པ་མེད་པ།སྐྱེ་བ་མེད་པ།དན་དམ་པའི་བདེན་པ།ཡང་དག་པའི་མཐའ་སྟེ།དེ་ལས་བྱུང་བའི་མུན་པའི་སྣང་བ་ནི་མ་རིག་པའོ།།དེའི་རང་བཞིན ་ལྟ་བ་དང་།འཁྲུལ་པ་དང་།རྣམ་པར་གཡེང་བ་དང་།བརྗེད་ངས་པ་དང་།ལེ་ལོ་དང་།མི་སྨྲ་བ་དང་།མི་གསལ་བའོ།།མ་རིག་པ་ལས་སེམས་ལ་བྱུང་བ་སྟེ།ཉི་མེའི་སྣང་བ་ལྟ་བུ་དང་།ཤིན་ཏུ་གསལ ་བྱའི་སྨིག་རྒྱུ་བ་ལྟ་བུའོ།།དེའི་རང་བཞིན་འདོད་ཆགས་དང་།དགའ་བ་དང་།མཆོག་ཏུ་དགའ་བ་དང་།དྲག་པོ་ལ་སོགས་པ་དང་།ཀུན་རྫོགས་དུ་མངོན་སུམ་དུ་སྐྱེས་པའི་གཟུགས་དང་།ལྷའི ་ཚོགས་དང་།མཚན་མ་དང་།རྡོ་རྗེའི་བརྡའོ།།སེམས་ལས་བྱུང་བ་ལས་སེམས་ཏེ།ཟླ་བའི་སྣང་བ་དང་།ཤིན་ཏུ་གསལ་བའི་ཆུའི་ཟླ་བ་ལྟ་བུའོ།།རང་བཞིན་ནི་འདོད་ཆགས་དང་བྲལ་བ ་ལ་སོགས་པའོ།།ཀུན་རྫོབ་དུ་ནི་མངོན་སུམ་གྱི་བུད་མེད་དང་།བྷ་ག་དང་།པདྨ་དང་།ལྷ་མོའི་ཚིགས་ཀྱི་བརྡའོ།།རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ལས་ཤེས་རབ་ཀྱི་ཡེ་ཤེས་བྱུང་བ་ལས ་རང་གི་རྡོ་རྗེའི་འབད་པ་ལས་མེའོ།།མེ་ལས་ཆུ་སྟེ།ནུར་ནུར་པོའི་རྣམ་པ་དང་།དེ་ལས་མེར་མེར་པོ་དང་།ནར་ནར་པོ་དང་།གོར་གོར་པོ་དག་གོ།།དེ་ནས་འདོད་ཆགས་དང་བྲལ་བའི་སྣང་བ་ལ ་ཁྲག་གི་གོང་བུ་མཁྲང་གྱུར་རྣམསོ།།དེ་ཁུ་བ་དང་ཁྲག་ངག་གིས་བསྐྱེད་པའོ།།དེ་ནས་དབང་པོ་གཉིས་མཉེ་པ་སྦྱོར་བ་ལས་འདོད་ཆག་སོ།།འདོད་ཆགས་ལས་འདོད་ཆགས་དང་དྲིལ་བ ་བ་དང་།བར་མའི་འདོད་ཆགས་རབ་ཏུ་ཤེས་པར་བྱ་སྟེ།དེའི་ཕྱིར་ཡུས་ཏོ།།ལུས་ལས་བྱུང་བའི་སྒྲོལ་བྱུང་བ་ནིང་པ་ལ་སོགས་དང་།གསུང་གོ་ཕྱག་རྦྷའི་ཐབ་སུ་བྷུར་པ། ལི་ཀ་ལི་ལས་ཡང་དག་པར་།། ་བྱུང་བའི་སྔགས་དང་།སེམས་ཀྱི་ཕྱག་རྒྱའི་ཐབ་སུ་གྱུར་པ་ས་བོན་དང་མཚན་མ་ལས་ལྷོར་དམིགས་པའོ།།གཟུགས་ལ་སོགས་པའི་ཡུལ་ནི་དབང་པོ་གཉིས་སྙོམས་པར་ཞུགས་པའི་ཐུབས་གྱུར ་པོའོ།།རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི་སྡེམ་སྟེ་དང་སེམས་ལས་བྱུང་བ་དག་གི་ཐ~ཾད་སུ་གྱུར་པའོ།།སེམས་དང་སེམས་ལས་བྱུང་བ་མཉམ་པར་སྦྱར་བ་ནི་བདེ་བ་ཆེན་པོའི་ཏོ་འཛིན་གྱི ་གྱུར་བའོ།།དེ་རྒྱུ་མའི་དཔེས་ཉེ་བར་མཚོན་པ་སྟེ།དེའི་ཕྱིར་སངས་རྒྱས་ཀྱི་ཞིང་གདྷཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ནི་སྒྱུ་མ་ལྟ་བུ་དང་།ཆུ་ཟླ་དང་།མིག་ཡོར་དང་།སྨིག་རྒྱུ་དང་།། ་རྨི་ལམ་དང་།སྒྲ་བརྙན་དང་།དྲི་ཟའི་གྲོང་ཁྱེར་དང་།མིག་འཕྲུལ་དང་།དབང་པོའི་གཞི་དང་།གློག་དང་།ཆུ་བུར་དང་།མེ་ལོང་གི་གཟུགས་བརྙན་ལྟ་བུ་སྟེ།སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་བ ་བ་ཆེན་པོའི་ཏིང་འཛིན་ཉེ་བར་མཚོན་པར་བྱེད་པ་ཡིན།།ཇི་ལྟར་འོ་མ་བསྒྲུབས་པ་ལས་མེར་དང་།ཇི་ལྟར་ཏིལ་ལས་ཏིལ་མར་ཏེ།དེ་བཞིན་དུ་རྡོ་རྗེས་ནི་ཐབས་ཀྱི་ཡིས་ཉེ་བར་མཚན་པའི་ཕྱིར་དང་། ་པདྨས་ནི་ཤེས་རབ་ཀྱི་ཡེ་ཤེས་ཉེ་བར་མཚོན་པའི་ཕྱིརརོ།།ཇི་ལྟར་འོ་མ་དོང་ཏིལ་ཡང་དག་པར་མངོན་པར་འདུས་བྱས་པ་མེད་པར་མར་དང་ཏིལ་མར་མ་འབྱུང་བ་དེ་བཞིན་དུ་སྔགས་དང་ཕྱག ་རྒྱས་མངོན་པར་འདུས་བྱས་པའི་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བ་མེད་པར་རྣམ་པར་ཤེས་པ་གསུམ་ཉེ་བར་མཚོན་པར་མི་ནུསོ།།གང་གིས་བྷ་ག་དང་ལིང་ག་ཡང་དག ་པར་སྦྱོར་བར་མི་ནུས་པ་དེས་ནི་བདེ་བ་ཆེན་པོའི་ཏིང་འཛིན་མི་རྙེད།།བདེ་བ་ཆེན་པོའི་ཏིང་འཛིན་འབའ་ཞིག་ལ་ལྷག་པར་མོས་པ་ཙམ་གྱིས་ནི་ལུས་དང་པོ་པའི་ས་ལ་གནས་པར་འགྱུར་ཏེ།ཕྱིར ་མི་ལྡོག་པ་ལ་ཡང་སློབ་པར་འགྱུརརོ།།གང་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་བདེ་བས་རང་བཞིན་སྣང་བ་ཡང་དག་པར་ཉེ་བར་མཚོན་པར་བྱེད་པ་དེ་ནི་བདེ་བ་ཆེན་པོའི་གོ་འཕང་ལ་རབ་ཏུ ་གནས་པར་འགྱུརརོ།།འདི་ནི་སྦས་པའི་བཤད་པའོ།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ།བཅོམ་ལྡན་འདས་ཅིའི་དོན་ཇི་ལྟར་ལགས།བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ།ཉན་ཐོས་ལ་སོགས་པ་འདོད་ཆགས་དང་བྲལ་བའི་ཆོས་སྤྱོད་པ་རྣམ་པར་རྟོག་པའི་བག་ཆགས་ལས་མ་གྲོལ་བ་རྣམས་རྣལ་འབྱོར་ཆེན་པོའི་རྒྱུད་དག་ཏུ ་བཙུན་མོའི་བྷ་ག་ལ་བཞུགས་ཞེས་བྱ་བ་ལ་སོགས་པ་འདོད་ཆགས་ཀྱི་ཆོས་གསལ་བར་བྱེད་པ་ངོ་མཚར་ཅན་གྱི་རྡོ་རྗེའི་ཚིག་ཐོས་ནས་སྨོད་པར་བྱེད་པ་དེ་རྣམས་དང་མི་འགལ་བའི་སྒོནྡ། ་བཤད་པ་དེ་ནི་སྤྱིའི་དོན་དུ་བཤད་པོ་གསུངས་པའོ།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ།བཅོམ་ལྡན་འདས་འདོད་ཆགས་ལ་སྤྱོད་པའི་ཆོས་ཀྱི་ཚུལ་དུ ་མཐར་ཐུག་པ་བཤད་པ་ཇི་ལྟར་ལགས།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།བྱང་ཆུབ་སེམས་དཔའ་རྣམས་ལོག་སོ་ལེག་སོ།།བྱང་ཆུབ་སེམས་དཔའ་ཆེན་པོ་སྙིང་རྗེ་མཆོག་དང་ལྡན་པ་རྣམས་ཉོན ་ཅིག་མཐའ་ནི་མུ་སྟེ།འོད་གསལ་བ་ཡང་དག་པའི་ཚུལ་ཞེས་བྱ་བ་མཐར་ཐུག་པའོ།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས།གསོལ་པ།བཅོམ་ལྡན་འདས་ཐབས་གང་གིས་མཐར་ཐུག་པ་ཐོབ་པ་ལ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཕུང་པོ་དང་ཁྲིམས་དང་སྐྱེ་མཆེད་ལ་སོགས་པའི་མཐའ་སྟོང་པ་གསུ་མོ།།སྟོང་པ་གསུམ་གྱི་མཐའ་འོད་གསལ་བའོ།།བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསྷོ།། ་པབཅོམ་ལྡན་འདས་སྟོང་པ་གསུམ་འོད་གསལ་བའི་མཐའ་ཇི་ལྟོར་འགྱུར་བ་ལགས།བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།ཇི་ལྟར་མེས་ཤིང་བསྲེགས་ཏེ་ཐལ་བར་བྱེད་པ་དེ་བཞིན་དུ་འོད་གསལ་བར་ཤེས ་རབ་ཀྱི་ཡིས་ཡུན་རིང་པོས་རྣམ་པར་སྦྱོར་བར་བྱེད།།ཇི་ལྟར་ཏ་ལའི་ལོ་མ་ཐལ་བར་བྱེད་པ་དེ་བཞིན་དུ་ཐབས་ཀྱིས་ཡེ་ཤེས་རྣམ་པར་སྦྱོང་བར་བྱེད།།ཇི་ལྟར་རས་བལ་གྱི་མདབ་མ་བསྲེགས་པ་དེ་བཞིན་དུ་སྣང་བ ་